མདའ་མོ་ཚང་རྨོག་རུ་བསྟན་པ།
ཟླ་ བ་ཁ་ཤས་ཀྱི་གོང་ནས་བཙན་བྱོལ་བོད་མི་ཡོད་དོ་ཅོག་ལ་འུར་ཟིང་ཆེན་པོ་ཞིག་ལངས་ ཡོད་ལ།འུར་ཟིང་འདི་ནི་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ནས་མགོ་བརྩམས་ ཤིང་།བཀའ་ཁྲི་ཐོབ་མིན་གང་ལྟར་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་ མིའི་སྤྱི་ཚོགས་ཀྱི་མང་གཙོའི་མི་མང་ཁྲོད་བསྒྲགས་པའི་ཅོང་བརྡ་ཞིག་དང་།ཁོང་ ཉིད་བཀའ་ཁྲིའི་འོས་མིར་གཞེངས་བའི་དམི གས་ཡུལ་གྱི་ཡ་གྱལ་ཞིག་ཀྱང་རེད།
ད་ རེས་ཀྱི་འོས་བསྡུ་འདིའི་ཁྲོད་ནས་མི་མང་གིས་ཀྱང་མང་གཙོའི་རིན་ཐང་ལ་གོ་བ་ཅིག་ རྙེད་ཡོད་ཚོད་ཡིན་ལ།རང་ཚོད་ལ་རང་དཔོག་ཐུབ་མེད་པའི་མི་བུ་མང་པོ་ཞིག་གིས་རང་ ཉིད་ཀྱི་ངོ་གདོང་དང་མི་མང་གི་རང་ཉིད་ལ་ངོས་འཛིན་བྱེད་སྟངས་ཐད་རྒྱུས་ལོན་མང་ པོ་ཞིག་ཀྱང་བྱུང་ཡོད།ལྷག་པར་རང་ཚུགས་མེད་པའི་སྐུ་ངོ་རེ་ཟུང་གི་ལྗིད་ཁོག་ཏེ་ མི་མང་གིས་ངོས་འཛིན་གསལ་པོ་ཐུ བ་ཡོད།
ད་ ནི་བཀའ་ཁྲིའི་འོས་མི་གསུམ་གྱིས་དངོས་སུ་འགྲན་རྩོད་ཀྱིས་མང་གཙོའི་རིན་ཐང་ ལོངས་སུ་སྤྱོད་ངེས་རེད་མོད།འོས་མི་གསུམ་གྱི་ཐ་མ་བཀྲ་ཤིས་དབང་འདུས་ནི་ཤོག་ བྱ་རླུང་འཁུར་ལྟ་བུར་ངོས་འཛིན་བྱེད་འོས་པ་ལས་བློ་བཟང་སེང་གེ་དང་།བསྟན་འཛིན་ རྣམ་རྒྱལ་གཉིས་ཀྱི་བར་ཏུ་ཧ་ཅང་མི་འཚམ་པ་ཡིན།རྒྱུ་མཚན་ནི་བཀྲ་ཤིས་དབང་འདུས་ ལ་ཉེ་འབྲེལ་ལྟོས་ཕྱོགས་ཁག་ཅིག་གིས་ རྒྱབ་སྐྱོར་བྱེད་ན་ལས་མི་མང་གིས་ཁོ་ལ་རྒྱབ་སྐྱོར་བྱེད་མི་སྲིད་ལ།ཡིད་ཆེས་ ཀྱང་བྱེད་མི་སྲིད།འདི་ནི་ཁོས་ཐོག་མ་མགོ་བཙུགས་སྟངས་ནས་ད་ལྟའི་ཀུན་སློང་ འཁྱེར་སྟངས་ཀྱི་བར་དུ་ཀྱག་ཀྱོག་གི་ཟུར་ཁ་མང་པོ་ཞིག་སྦས་སྐོང་བྱས་པའི་རང་ མདོག་ངོ་མ་དེ་མི་མང་གིས་མཐོང་ཚར་བས་རེད།
བློ་ བཟང་སེང་གེ་ལགས་ཀྱི་རྣམ་དཔྱོད་དང་།སྤོབས་པ།གདེང་ཚོད་བཅས་ཀྱིས་མི་མང་པོ་ཞིག་ ལ་འགུལ་བསྐྱོད་ཐེབས་ཡོད་པ་མ་ཟད།གསར་བུ་དར་མའི་ངར་ཤུགས་དང་།མི་རབས་གསར་བའི་ འབོད་སྒྲ་དེ་ཡིས་ཁོང་ལ་སྔོན་འགྲོའི་འོས་བསྡུའི་སྐབས་བསམ་ཡུལ་ལས་བརྒལ་བའི་ འོས་གྲངས་བྱུང་བ་རེད།མི་མང་གི་ཚོར་བ་དང་།མི་མང་གི་ཡིད་ཆེས་དེ་རླུང་འཚུབ་ བཞིན་ལྡང་ནའང་།རླུང་འཚུབ་གཡུག་ཤུ ལ་གྱི་དེ་རིང་མི་མང་གིས་ཀྱང་བསམ་གཞིགས་བྱེད་བཞིན་པ་དང་།རིག་པ་སྒྲིམ་བཞིན་ པའི་དུས་ཚོད་ཅིག་རེད།སྲང་ལམ་ནས་གཞུང་ཞབས་བར་གྱི་མི་མང་ཚོས་གླེང་བཞིན་པ་དང་ འཚོལ་བཞིན་པ་ནི་བཀའ་ཁྲིའི་འོས་མི་དག་གི་སྐྱོན་ཕྱོགས་ནས་བགྲོ་གླེང་བྱེད་ བཞིན་པ་ཡིན་པས།བློ་བཟང་སེང་གེ་ལགས་ཀྱིས་མི་མང་ཁྲོད་གཏམ་བཤད་གནང་བ་དང་། བརྒྱུད་ལམ་ཁག་ལ་བཀྲམས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་ དངོས་འབྲེལ་ཡིན་མིན་གྱི་དོགས་གཞི་མང་པོ་ཞིག་ཡོད་པ་ནི་མི་མང་གི་དཔྱད་གཞིའི་ གཙོ་བོ་ཆགས་ཡོད།
སྔོན་ འགྲོའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་མི་མང་པོ་ བྱུང་མེད་ལ།བློ་སེང་དང་བསྡུར་ན་ཧེ་བག་ཆེན་པོ་རེད།དེ་ལ་རྒྱུ་མཚན་གཙོ་བོ་བཞི་ ཡོད།གཅིག་ནི་བློ་བཟང་སེང་གེ་ནང་བཞིན་བཀྲས་མཐོང་ལགས་ཀྱིས་ཕྱོགས་བསྐྱོད་ཀྱི་ སྐུ་ལས་བསྐྱོན་མེད་པ་དང་།དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆུང་སོང་བས་རེད།གཉིས་པ་ ནི་བཀྲས་མཐོང་ལགས་ཀྱི་གཏམ་བཤ ད་དང་།དྲི་ལན་ཚང་མ་སྦུག་སྦུག་བྱས་ཏེ་བཀའ་ཁྲིར་གཞེངས་རྗེས་ཀྱི་དམིགས་ཡུལ་དང་ འཆར་གཞི་མང་པོ་ཞིག་ཁ་གསལ་མ་དོད་པས་རེད།གསུམ་པ་ནི་བཀྲས་མཐོང་གི་རྒྱབ་སྐྱོར་ བ་ཚོས་བཏང་སྙོམས་དང་ཚད་ལྡན་གྱི་བྱ་སྤྱོད་དང་ལེན་བྱས་པ་ལས་ཧམ་བཤད་དང་ས་ཁོངས། ཡུལ་ལུང་སོགས་ཀྱི་ཕྱོགས་རིས་བྱས་མེད་པས་རེད།བཞི་བ་ནི་བཀྲས་མཐོང་རང་ལ་རྒྱབ་ སྐྱོར་བྱེད་མཁན་ཚོར་ཡང་ཁོ་བོས་འབྲེལ་བ ་མ་བཟུང་བ་དང་།ཡ་ལན་མ་སྤྲད་པ་སོགས་མང་པོ་ཞིག་ཐང་ཆད་དུ་བཅུག་པས་རེད།ཕམ་ཉེས་ ཀྱི་རྒྱུ་རྐྱེན་འདི་ཚོ་བཀྲས་མཐོང་རང་ངོས་ནས་ཚོད་དཔག་བྱེད་ཐུབ་ཡོད་ཚོད་ཡིན།
བཙན་ བྱོལ་བོད་མིའི་རྒྱལ་ཡོངས་རང་བཞིན་གྱི་འོས་བསྡུ་ཆེན་མོར་ཉིན་གྲངས་བརྒྱད་ཅུ་ ལས་མེད་པས་དེང་ནས་མི་མང་གིས་རིག་པ་སྒྲིམ་དགོས་པའི་དུས་ཚོད་ལ་སླེབས་སོང་། འདི་ནི་དཀོན་མཆོག་གི་བྱིན་རླབས་ལ་རེ་དགོས་པ་ཞིག་དང་།གནས་སྐྱོང་སོགས་ཀྱི་ བཀའ་ལུང་ལ་སྒུག་དགོས་པ་ཞིག་མིན་པར་མི་མང་རང་གིས་བསམ་བློ་དང་གྲོས་བསྡུར།གདམ་ ཀ་མ་ནོར་བའི་སྒོ་ནས་ཐག་གཅོད་བྱེད་ དགོས་པ་ཞིག་ཡིན་པས།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བགྲེས་ཡོལ་མ་ གནང་ཡང་།དགུང་གྲངས་བརྒྱད་ཅུར་སླེབས་ཉེའི་མཚམས་སུ་ཕེབས་ཡོད་པས་བཙན་བྱོལ་བོད་ མའི་སྲིད་གཞུང་གི་ཆབ་སྲིད་ཀྱི་ཐུགས་འགན་ཆེ་ཤོས་དེ་བཀའ་བློན་ཁྲི་པ་རང་ངོས་ ནས་འགན་འཁུར་ཐུབ་དགོས་པའི་དུས་ཚོད་ཀྱི་ཆགས་ཀྱིན་ཡོད།
བློ་ བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན།གལ་སྲིད་བློ་བཟང་སེང་གེ་ ལགས་བཀའ་བློན་ཁྲི་བ་མ་ཐོབ་ན་བཙན་བྱོལ་ནང་ཕྱག་རོགས་བཀའ་བློན་ནམ་གཞན་པའི་ཕྱག་ ལས་གང་ཡང་གནང་གིན་མ་རེད་ཟེར།དེ་ནི་ཧམ་པ་ཙམ་ལས་ཚད་ལྡན་གྱི་སྐད་ཆར་ངོས་འཛིན་ བྱེད་ཐུབ་མ་སོང་།དགུང་གྲངས་བཞི་བཅུ་ལས་མ་སོན་ཞིང་།བོད་མི་རིགས་ཆེད་མི་ཚེར་ དཀའ་ལས་རྒྱག་རྒྱུར་ཁས་འཆེ་གནང ་བའི་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་བསྡུ་ལས་ཕམ་ན་ ཁོང་ཉིད་ཡོངས་སུ་ཕམ་པ་ཞིག་ག་ལ་ཡིན།༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ནས་ཡར་ལ་ བརྩིས་པའི་བཀའ་བློན་ཁྲི་པ་དེ་དེ་ལས་ཀྱང་གལ་ཆེར་ཆགས་ཀྱིན་ཡོད་པས་ཨ་མའི་བུ་ལ་ འབྱོན་ཐང་ཡོད་ན།བཀའ་བློན་ཁྲི་བར་ནམ་ཕེབས་ཡིན་པ་ནི་བོད་མི་རིགས་ཀྱི་རེ་བ་དང་ ལས་སྐལ་གྱི་བསྐོས་ཐང་ཞིག་ཀྱང་རེད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་དོན་གྱིས་ཡིད་ཆེས་དང་བཅས་ཏེ་གླེང་སློང་གནང་ཡོད་པ་ཞིག་རེད། ད་ནི་བཀྲས་མཐོང་ལགས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ལ་སྐོར་བསྐྱོད་གཏམ་བཤད་ལ་ཕེབས་ཀྱི་ཡོད་པའི་སྐད་ཆུ་གོ་རྒྱུ་མང་དུ་ཕྱིན་འདུག ད་ཡིན་ན། བཀའ་ཁྲི་སྐབས་གསུམ་པ་འདི་འགྲན་རྩོད་ངོ་མ་ཞིག་ཆགས་ཀྱི་རེད། འདི་ནི་བོད་ཀྱི་དམངས་གཙོའི་ལས་རིམ་ནང་གི་འཕེལ་རིམ་གསར་པ་ཞྀག་རེད། རྒན་རབས་པ་སླེབས་ན་རྒྱ་མིར་ལན་ཞིག་ཕོག་གི་མེད་ཚུལ་དང་། གཞོན་རབས་པ་ཞྀག་སླེབས་པ་རྒྱ་མིར་ལན་ཞྀག་ཕོག་གི་ཡོད་ཚུལ་བཤད་མཁན་ཚོས་གནས་ལུགས་ཀྱི་གཏིང་མཐོང་མི་འདུག ཡིན་ངོ་མ་ནི། འགྲན་རྩོད་ཀྱི་ངར་ཤུགས་དང་འཕེལ་རིམ་འདིས་འཛམ་གླིང་མི་མང་ལ་བོད་ཀྱི་མང་གཙོའི་འཕེལ་རིམ་སྟོན་གྱི་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ཀྱང་འགྲན་རྩོད་ཀྱི་འཕེལ་རིམ་འདི་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད་མ་གཏོགས། གཞོན་སྐྱེས་ཤིག་སླེབས་པ་ཙམ་ལ་དེ་ཙམ་གྱི་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད། བཀྲས་མཐོང་བ་སྐོར་བསྐྱོད་གཏམ་བཤད་ལ་ཕེབས་དགོས་ཤིང་། འགྲན་རྩོད་ཀྱི་རྣམ་པ་འདི་ད་ལྟ་བས་ཀྱང་འཁྲུག་ཆ་དོད་པོ་ཞིག་བཟོས་པ་ཡིན་ན། དེ་ནི་ང་ཚོས་གཞན་ཚང་མར་བརྡ་ལན་དང་གོ་བརྡ་སྤྲད་པ་ཞིག་ཆགས་ཀྱི་རེད། བཀྲས་མཐོང་དང་བློ་སེང་གཉིས་ཀས་ཁུར་མཉམ་ལེན་ལྟ་བུས་འགྲན་རྩོད་བྱེད་པ་འདིར་གཉིས་ཀར་རྒྱབ་སྐྱོར་ཡོད། བཀའ་བློན་ཁྲི་བ་དངོས་གཞི་ལ་རྣམ་པ་གཉིས་ཀྱི་སུ་སླེབས་པ་ཡིན་ནའང་ཁྱད་པར་མི་འདུག འོས་བསྡུའི་མགོ་འཛཱུགས་ནས་དངོས་གཞིའི་རྒྱལ་ཁའི་བར་གྱི་རྩ་ཆེ་ཤོས་ནི་འགྲན་རྩོད་འདི་རེད།
མི་མང་ནང་ཕེབས་ཏེ་གསུང་བཤད་གནང་བར་ལས་སླ་པོ་ཡོད་པ་མ་རེད། ཡག་པོ་བྱུང་ན་རྒྱལ་མཚན་དགུང་ལ་འཕྱར་རྒྱུ་དང༌། ཉེས་ན་སྔོ་ལོ་ལངས་ནས་འཕྱར་ངེས་རེད། དེ་ནི་རང་གི་ཤེས་ཡོན་ཀྱི་ཚད་འཇལ་བ་ཡིན་པས། མི་མང་གི་དྲི་བར་ལན་མ་ཕོག་པའམ་ལན་བརྒྱབ་མིོ་ཐུབ་པའམ་རྒྱག་མི་ཤེས་པ་ལྟ་བུ་བྱུང་ན་ཆེས་མཐར་ཐུག་པའི་ཕམ་ཉེས་ཁེལ་གྱི་རེད། འདི་བླ་མ་མི་མང་ནང་ཕེབས་ནས་བྱིན་རླབས་གནང་བ་དང་གཅིག་པ་ག་ནས་ཡིན། འོན་ཀྱང་མི་མང་ཕེབས་མ་ཐུབ་ན་ཤེས་ཚད་དང་གདེང་ཚོད་གཉིས་ཀ་མེད་པའི་རྟགས་བསྟན་པ་རེད།
མི་མང་ནང་ཕེབས་ཏེ་གསུང་བཤད་གནང་བར་ལས་སླ་པོ་ཡོད་པ་མ་རེད། ཡག་པོ་བྱུང་ན་རྒྱལ་མཚན་དགུང་ལ་འཕྱར་རྒྱུ་དང༌། ཉེས་ན་སྔོ་ལོ་ལངས་ནས་འཕྱར་ངེས་རེད། དེ་ནི་རང་གི་ཤེས་ཡོན་ཀྱི་ཚད་འཇལ་བ་ཡིན་པས། མི་མང་གི་དྲི་བར་ལན་མ་ཕོག་པའམ་ལན་བརྒྱབ་མིོ་ཐུབ་པའམ་རྒྱག་མི་ཤེས་པ་ལྟ་བུ་བྱུང་ན་ཆེས་མཐར་ཐུག་པའི་ཕམ་ཉེས་ཁེལ་གྱི་རེད། འདི་བླ་མ་མི་མང་ནང་ཕེབས་ནས་བྱིན་རླབས་གནང་བ་དང་གཅིག་པ་ག་ནས་ཡིན། འོན་ཀྱང་མི་མང་ནང་ཕེབས་མ་ཐུབ་ན་ཤེས་ཚད་དང་གདེང་ཚོད་གཉིས་ཀ་མེད་པའི་རྟགས་བསྟན་པ་རེད།
མི་མང་ནང་ཕེབས་ཏེ་གསུང་བཤད་གནང་ན་ཧ་ཅང་ཡག་པོ་ཡིན་པ་མ་ཚད་སི་བཟང་ལྟ་ཆོག་གི་རེད། དེ་ནི་རང་གཞན་གཉིས་ཀྱི་གོ་སྐབས་ཞིག་རེད།
འུ་ཚང་གི་སྐྱོན་ཆེ་ཤོས་སི་ལ་ཡོན་ཏན་ཡོད་པ་གཙོ་བོ་མི་བྱེད་པར་རང་ཕྱོགས་སུ་འཐེན་འཁྱེར་བྱེད་པ་འདི་ངོ་མ་ཐབ་རྡུག་ཞིག་རེད་དེ་མི་ཡོང་བའི་ཆེད་ག་འདྲ་བྱས་ན་བཟང་།
ཨ་མ་རྒྱ་རིའི་རྒྱབ་སྐྱོར་པ་རྨོག་རི་བསྟན་པ་ལགས་ཁྱེད་ཀྱི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ནམ། ངས་ཀྱང་སུ་ལ་རྒྱབ་སྐྱོར་བྱ་དགོས་མིན་མ་ཤེས་ནས་བསྡད་ཡོད།
བཀྲ་ཤིས་དབང་འདུས་ཟེར་མི་རྒན་དེའི་རྫུན་བཤད་ཀྱི་འདུག་པས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་མིན།
བཀྲ་མཐོང་དང་བློ་སེང་གཉིས་གཅིག་ལ་བྱེད་དགོས་ཀྱང་ཁོང་རྣམ་པ་གཉིས་ཀྱི་ལོ་ཚོད་དང་ནང་མི་སྐྱེས་དམན་གང་ཡིན་ཤེས་ཀྱི་མེད། འཇིག་རྟེན་གྱི་གཏམ་དཔེར་། ང་སྡེ་བ་གཞུང་གི་དཔོན་པོ་ཡིན་ཀྱང་ངའི་དཔོན་པོ་ནང་དུ་ཡོད་ཞེས་ཁ་རྒྱུན་ལ་ཡོད་པ་ལྟར་ཁོང་རྣམ་པ་གཉིས་ཀྱི་ནང་གི་དཔོན་པོ་གཉིས་ཀྱི་ལོ་ཚོད་དང་ལུང་ཚན་གང་ནས་ཡིན་མིནགསལ་བཤད་ཤིག་གནང་རོགས་ཞུ།་
བཀའ་ཁྲིའི་སྐོར་དེ་བསམ་བློ་གཏོང་གི་ཡོད། སྔོན་འགྲོའི་འོས་གཞི་ལ་ཇུས་གཏོགས་བྱ་རྒྱུ་མ་བྱུང་བས་དངོས་གཞི་འོས་ཤོག་དེ་ཚོད་ཚོད་བྱེད་ཀྱི་མིན། བཀའ་ཁྲིའི་རྐུབ་སྟེགས་དེར་ལུང་པ་དང་ཆོལ་ཁ་ཆོས་ལུགས་གང་གི་ཡང་མིང་བཀོད་མེད་ལ། ལར་ནས་དེའི་སྟེང་དུ་སྐུ་དྲག་དང་སྤྲང་པོ་དང་རིགས་མཐོ་བ་དང་དམའ་བ་གང་གི་ཡང་མིང་བཀོད་མེད་སྟབས། གཏོན་ཟིན་པའི་མི་དྲུག་ཆར་དམིགས་འཁོར་ནང་བཅུགས་ནས་བརྟག་དཔྱད་ལེགས་པར་བྱས་ན་གཏན་འབེབས་བྱ་རྒྱུ་མཁན་ཡིན།
སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སླེབས་ན་བསམ་ཡོད།འདི་ནི་བོད་ཀྱི་བུད་མེད་ཀྱི་ལོ་རྒྱུས་གསར་པ་ཞིག་ཡིན་པ་མ་ཟད།བོད་ཀྱི་བཀའ་བློན་ཁྲི་བའི་བྱུང་རིམ་ཁྲོད་ཀྱི་ལོ་རྒྱུས་གསར་པ་ཞིག་ཀྱང་རེད།དེ་ཙམ་མ་ཟད་ཁོ་མོར་བོད་མི་ཁ་འཐོར་ཚོའི་ཆེད་དུ་དམིགས་བསལ་འགན་ལེན་དང་སེམས་འཁུར་ཞིག་ཡོད་པའི་རེ་བ་བརྒྱབ་པ་ཡིན།
ད་ནི་བློ་བཟང་སེང་གེ་དང་བཀྲས་མཐོང་རྣམ་པ་གཉིས་ཀར་འདྲ་མཉམ་གྱི་བརྩི་མཐོང་དང་གུས་བཀུར་ཡོད།ཡིན་དང་ཡིན།བོད་ལ་བོད་མི་ཡག་པོ་ཞིག་བྱུང་ན་བོད་པ་ཚང་མས་རྒྱན་རེད་མ་གཏོགས་ཆོས་ལུགས་དང་ལུང་ཚན་ཞིག་གི་སྐད་ཆ་མ་རེད།
ཡིན་ཡང་བློ་བཟང་སེང་གེ་ལགས་ཐེངས་འདིར་ཅུང་ཙམ་སྔ་མེད་འགྲོ་བསམ་པ་དེ་ང་ཙམ་མ་ཟད་མང་པོ་ཞིག་གིས་དོགས་གཞི་དང་གཉིས་རྩེ་རེད།
ད་ལམ་ཁོང་ཉིད་སྡིངས་ཆ་དང་པོར་སྤོས།རྗེས་མར་སྡིངས་ཆ་གཉིས་པར་འཛེགས་པ་ཡིན་ན་ཤེས་འབྱོན་ཉམས་མྱོང་ཕུན་སུམ་ཚོགས་པའི་དབུ་ཁྲིད་ཞིག་ཡིན་པས་འཆར་སྣང་ཡོད།
ཡིན་ཡང་འགྲན་རྩོད་ཀྱི་ལས་གཞི་སྔར་ལས་རྒྱ་བསྐྱེད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐད་ལོ་རྒྱུས་གསར་པ་ཞིག་འབྲི་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་།
རྨོག་རུས་བརྒྱུད་བསྒྲགས་བྱས་པར་གཞིགས་ན། བློ་ བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན། གལ་སྲིད་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་མ་ཐོབ་ན་བཙན་བྱོལ་ནང་ཕྱག་རོགས་བཀའ་བློན་ནམ་གཞན་པའི་ཕྱག་ལས་གང་ཡང་གནང་གིན་མ་རེད་ཟེར། འདི་དངོས་གནས་ཡིན་མིན་མི་ཤེས། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་བློ་བཟང་སེང་གེ་ཁོ་ཧམ་པ་ཚ་ཐག་ཆོད་པ་རེད། སྤྱིར་བོད་པ་ཡིན་ཕྱིན་ཆད་སོ་སོའི་ཕྲག་སྟེང་དུ་ཆེ་ཆུང་ལ་མ་ལྟོས་པར་བོད་སྤྱི་པའི་འགན་རེ་ཡོད། ཁོས་བོད་ཀྱི་ལས་དོན་བྱེད་ཀྱི་མིན་ཟེར་ཡས་གང་ཡིན། ཁོ་ཧམ་ཆེན་ལས་ཀ་བྱས་མ་ཐག་ཏུ་གོ་ས་མཐོ་ཤོས་དེ་དགོས་རྒྱུ་ཧམ་པ་ཚ་ཐག་ཆོད་པ་རེེད། མ་གཞི་ནས་ཁོ་སློབ་གྲྭ་ཐོན་ཏེ་གླ་ཕོགས་མཐོ་སར་ལས་ཀ་བྱས་པ་ལས་བོད་སྤྱི་པའི་དོན་བསམ་སྟེ་རྒྱ་གར་ལ་སླེབས་མེད། ད་དུང་ཁོས་རྫུན་བཤད་དེ་གཞུང་གིས་ཁོ་ཨ་རིར་སྡོད་ཟེར་གྱི་འདུག་ཅེས་མི་དམངས་མགོ་བོ་རྨོངས་སུ་བཅུག་འདུག ད་གཞི་ནས་ཁོ་ཁྲམ་པའི་གདོང་རིས་ངོ་མ་དེ་ཐོན་ཡོང་གི་འདུག ལར་ནས་ཁོ་བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་འདོད་མེད་ན་ང་ཚོར་ཁྱད་གང་ཡང་མི་འདུག ཁོ་ཡོད་དང་མེད་ལ་ཁྱད་རྩ་བ་ནས་མེད། ཁོ་ལ་བོད་པ་གཞན་ལ་མེད་པའི་ཤེས་འཇོན་ལྷག་པོ་གང་ཡང་མེད། ཁྲིམས་ཀྱི་སློབ་སྦྱོང་ཐོན་པའི་བོད་པ་མང་པོ་ཡོད། ཁོ་གཅིག་པོ་མ་རེད། འདི་ཐམས་ཅད་བཟོ་མཁན་སྲང་མདོའི་བསམ་མེད་ཁྱུ་དང་ཁྱུ་བྱས་ཏེ་ཁོར་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་རེད། ཁོས་དེ་ལྟར་བསམ་ཚེ་བོད་མི་སྤྱི་བོ་གནམ་བསྟན་ཚང་མར་བརྙས་གཅོད་ཚད་མེད་རེད། སྤྱིར་བཏང་མི་འདིས་གཏམ་བཤད་སྐབས་ཁོ་རང་བཀའ་བློན་དུ་འོས་པའི་སྒྲུབ་བྱེད་དུ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་པའི་བོད་ཀྱི་གཏམ་དཔེ་ལུང་འདྲེན་བྱེད་ཀྱི་འདུག འདི་བསྟན་གཤིགས་རང་རེད། ༸ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ནས་ད་བར་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་བར་ཕེབས་པ་ཚང་མ་དཀའ་སྤྱད་སྡུག་ཁུར་གྱིས་ས་བརྒྱབ་སར་ས་བརྒྱབ། རྡོ་བརྒྱབ་སར་རྡོ་བརྒྱབ་སྟེ་ཐེམ་པ་རིམ་འཛེགས་ཀྱིས་མཐར་དགའ་ལྡན་གསེར་ཁྲིར་ཕེབས་པ་ཤ་སྟག་ལས། ཁོ་ནང་བཞིན་གསར་འཐོམ་པ་གང་ཡང་བྱེད་མ་མྱོང་མཁན་ཞིག་ཐོད་བརྒལ་གྱིས་མཐོན་པོའི་གོ་ས་ཧམ་བཟུང་བྱེད་ཡས་ལ། དགའ་ལྡན་ཁྲི་པ་རྣམ་པ་དཔེ་མཚོན་དུ་སྦྱོར་བ་ནི་ལྟས་ངན་རེད། དགའ་ཁྲི་བརྒྱ་དང་གཉིས་འོས་བླུགས་སར་གདན་དྲངས་ཟིན། མི་འདིས་ཉི་མ་གཅིག་བཅོམ་ལྡན་འདས་ཀྱི་མཚན་གནས་འདི་ཡང་འོས་བླུགས་སར་གདན་འདྲེན་མི་ཞུ་བའི་ངེས་པ་མི་འདུག xxxxxxxxxxxxxxxx
མཁས་དབང་བློ་ བཟང་སེང་གེ་མཆོག་ལ་ཁྱེ་རང་གའི་རྒྱབ་སྐྱོར་མ་གནངས་ན་དརྨའ་འབེད་མ་བྱེད་རོག་ཞུ་
xxxxxxxxxxxxxxxxxxxxx
བོད་ཀྱི་གཏམ་དཔེ་ལ། བློ་མཐུན་ན་སྦལ་པས་རི་བོང་རྗེས་ལ་སླེབས་ཟེར་བ་ནམ་བཞིན་ང་ཚོ་བོད་མི་རྒན་གཞོན་ཆེ་ཆུང་མེད་པར་བློ་གཅིག་སེམས་གཅིག་བྱུང་ན་གཏན་གཏན་རྒྱ་དམར་གྱི་ཁ་གཏད་དུ་ལོང་ཐུབ། དེ་ལས་ལྡོག་པ་གཅིག་གི་གཅིག་ལ་གཞི་མེད་སྐུར་འདེབས་ཤ་སྟག་བྱེད་བསྡད་པ་ཡིན་ན་ཉིན་རེ་ནས་ཉིན་རེ་རྒུད་པ་ཐམས་ཅད་མཐར་ཐུག་ཏུ་འགྱུར་ཉེན་ཆེ།
བློ་སེང་གིས་བོད་ཁྱོན་ཡོངས་ལ་གྲགས་པའི་ཁ་དཔེ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་པ་དེ་བཤད་མི་ཆོག་ན་
ངས་འདི་ན་གསར་དུ་གཅིག་རང་རྩོམ་བྱེད་པ་འདོད།
དགེ་ལྡན་པ་ལ་ཡོན་ཏན་མེད་ནས། བོད་པའི་རྩ་དོན་རྒྱ་ལ་ཤོར།
ཞེས་ཟེར་ན་ཅི་འདྲ། དེ་འདྲའི་བཙན་གཏམ་བཤད་པའི་དུས་དང་སྐབས་ལ་སླེབས་མེད།
དེས་ན་ངས་བཤད་འདོད་པ་ནི་ང་ཚོ་དྲྭ་རྒྱ་གང་འདྲ་ཞིག་ཏུ་སྐད་ཡིག་གང་གིས་ཐོག་ནས་ཆེད་རྩོམ་ཡིག་དང་མཆན་བུ་སོགས་ཀྱི་ཐོག་ནས་བཀའ་བློན་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་པ་ཡིན་ནའང་དེ་ཉིད་ཀྱི་འོས་པའི་ཆ་རྐྱེན་གྱི་ཕྱོགས་ནས་གླེང་རྒྱུ་གཙོ་བོར་བྱེད་དགོས་པ་ལས། གཞན་དག་ལ་ཐད་ཀར་སྐྱོན་བརྗོད་དང་ཟུར་ཟ་བྱེད་མིན་ཉན།
སྐྱ་རེངས་ལགས།
ཁྱེད་ཀྱི་མཆན་ལེགས་པོ་བྲིས་འདུག ཡིན་ཡང་ཁྱེད་ཀྱི་མཁས་དབང་བློ་སེང་མཆོག་ལ་མི་འོས་པའི་ཐ་སྙད་མང་པོ་་སྤྱད་འདུག མིག་ལ་མི་མཛེས་པའི་ཁར་སྙིང་ལ་ན་ཚ་གཏོང་གིས ཁྱེད་ཀྱི་སྨྱུག་མིང་སྤྱད་ནས་དེ་ལྟར་བྲིས་མི་ཉན། ཤེས་སོང་ངམ། དེས་ཁོང་ལ་རྒྱབ་སྐྱོར་ལྡན་པའི་བོད་འབངས་མང་པོ་ཞིག་གིས་ཁྱེད་ལ་ཁ་ཟུག་ནས་རྨས་ཡོང། ཡོན་ཏན་ཡོད་ལ་ཟུར་ཟ་བྱེད་མི་ཉན། རྒྱུ་མཚན་ཤོད་རོགས། དེ་ཙམ་ཡིན། ཁྱེད་ཀྱི་མིང་ངོ་མ་ཅི་ཡིན།
སྐྱ་རེངས་ལགས་སུ། བཀའ་བློན་ཁྲི་པའི་འོས་མིར་ཕེབས་པ་འདི་དག་ང་ཚོའི་བཙན་བྱོལ་བོད་མིའི་འཐུས་ཚབ་ངོ་མ་དེ་ཡིན་པས། འདི་ལྟར་དམོད་ཚིག་བྱས་པ་ནི་བོད་མིའི་ཁྱད་ནོར་བཟང་པོའི་གོམས་འདྲིས་དང་བྲལ་ཞིང་སྨྱུག་འཛིན་པའི་འགན་འཁུར་གྱི་ས་ཚིགས་ནས་ཀྱང་ཐམས་ཅད་འགལ་ནས་འདུག་པས་འཚམ་འཇོག་གནང་གལ། གལ་ཏེ་ཁྱེད་ཀྱི་མཆན་བུ་འདིའི་ནང་། བློ་སེང་ལ་དམོད་ཚིག་འདི་དག་མེད་ན། གོ་ས་མཐོན་པོར་མ་གཏོགས་མི་ལེན་པའི་རྒལ་རྩོམ་དེ། གང་འདྲ་འོས་ཤིང་འཚམ་པ། ལེགས་པོ་ཞིག་བྲིས་ནས་འདུག་པས་མི་མང་གིས་མོས་མཐུན་ཡང་ཡོང་བ་འདུག
འདིར་དྲ་གྲོགས་མང་པོ་ཞིག་གིས་སྐྱ་རེངས་ཀྱི་རྩོམ་ལ་དཔྱད་པ་ཡག་པོ་གནང་འདུག ཐུགས་རྗེ་ཆེ། ངས་ཀྱང་དཔྱད་པ་བྱ་བར་འདོད། འོན་ཀྱང་ཚང་མས་ཡག་པོ་ཀློག་སྟེ་གཞི་ནས་ལན་རྒྱག་དགོས། སྐྱ་རེངས་ཀྱི་དཔྱད་རྩོམ་གྱི་མགོར། འདི་ལྟར་བྲིས་འདུག རྨོག་རུ་ཚང་གི་བརྒྱུད་བསྒྲགས་བྱས་པར་གཞིགས་ན། བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན། གལ་སྲིད་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་མ་ཐོབ་ན་བཙན་བྱོལ་ནང་ཕྱག་རོགས་བཀའ་བློན་ནམ་གཞན་པའི་ཕྱག་ལས་གང་ཡང་གནང་གིན་མ་རེད་ཟེར། ཞེས་པ་ལུང་དྲངས་པའི་འོག་ཏུ། འདི་དངོས་གནས་ཡིན་མིན་མི་ཤེས། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཞེས་དཔྱད་པ་བྱེད་མགོ་བཙུགས་འདུག འདི་ལ་ལྟོས་ན་ཁོང་གིས་རྨོག་རུ་ཚང་གིས་བརྒྱུད་བསྒྲགས་ཀྱི་དོན་ལ་བརྟག་པ་མཐའ་བཟུང་གིས་དགག་པ་ལས། དོན་མེད་བློ་བཟང་སེང་གེ་ལགས་སུ་སྐྱོན་བརྗོད་བྱས་མི་འདུག ད་དུང་འདི་དངོས་གནས་ཡིན་མིན་མ་ཤེས་ཞེས་ཡིད་ཆེས་མ་བྱས་པར་ཐེ་ཚོམ་གྱི་གཞིར་བཞག་འདུག དེ་འདྲ་སོང་ཙང་བློ་སེང་ལགས་ཀྱིས་དངོས་གནས་གསུངངས་མེད་ན་སྐྱ་རེངས་ཀྱིས་ཀྱང་སྐྱོན་བརྗོད་འདོད་མེད་པ་ཁོང་གི་བརྟག་པ་མཐའ་བཟུང་དེ་ལས་ཤེས་ནུས། ལར་ནས་གོ་ས་མཐོ་ཤོས་དེ་མ་རག་ན་བོད་ཀྱི་ཆེད་ལས་ཀ་རྩ་བ་ནས་བྱ་འདོད་མེད་ཅེས་པའི་སྐད་ཆ་འདི་དོན་དངོས་ཡིན་ཚེ། བོད་ཞེན་ཡོད་པ་ཚང་མའི་སྙིང་ལ་གྲི་བཙུགས་པ་དང་ཁྱད་ཅི་ཡོད། འོ་ན་བོད་དོན་ཆེད་ལས་ཀ་བྱེད་མཁན་ཚང་མས་གོ་ས་མཐོ་ཤོས་དེ་མ་བྱུང་ན་ལས་ཀ་བྱེད་ཀྱི་མིན་ཞེས་བཤད་ན། ད་གཟོད་བོད་དོན་ཆེད་ལས་ཀ་བྱེད་མཁན་མི་གཅིག་མ་གཏོགས་ལྷག་རྒྱུ་མ་རེད། འདི་ནི་གོ་ས་མཐོ་ཤོས་ཅན་གྱི་གང་ཟག་སྟེ་བཀའ་ཁྲི་དེ་གཅིག་པུ་རེད། གོང་གི་སྐད་ཆ་འདི་བློ་སེང་ལགས་ཤེས་ཡོན་ཅན་ཞིག་གིས་བཤད་མི་སྲིད་པ་ཞིག་རེད། སྐད་ཆ་འདི་ཧ་ཅང་གི་ཚབས་ཆེན་པོ་ཞིག་དང་སྤྱི་ཚོགས་ནང་བརྟན་ལྷིང་མེད་པ་བཟོ་བྱེད། མི་སེམས་དཀྲུག་ཡས་ཞིག་རེད། འདི་ཕལ་ཆེར་བློ་སེང་ལགས་སུ་མ་ཉེས་ཁག་གཡོག་བྱས་པར་སེམས། རྡོ་རྗེ་ལགས་ནས་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་འདུག་ན། ད་དུང་མང་ཙམ་ཉལ་ནས་ཕྱོགས་སྔའི་ནམ་ལངས་དུས་དགག་པ་རྒྱོབས།
དེ་མིན་ཚང་མས་བོད་ཀྱི་དོན་ལ་ཐུགས་བསམ་བཞེས་ཏེ་བགྲོ་གླེང་ཡག་པོ་གནང་འདུག ཕན་ཐོགས་ཆེན་པོ་འདུག ཐུགསརྗེ་ཆེ། མུ་མཐུད་དཔྱད་པ་གནང་རོགས།
རྨོག་རུ་ལགས་བཀའ་དྲིན་ཆེ་ཁྱེད་ཀྱིས་གནད་ལུག་ཡོད་པའི་སྐད་ཆ་མང་པོ་བཤད་འདུག
ངོ་མ་བློ་བཟང་སེང་གེ་ད་ལྟ་བཀའ་ཁྲི་བྱ་རྒྱུ་སྔ་དྲགས་པ་རེད།
འདིར་དྲ་གྲོགས་མང་པོ་ཞིག་གིས་སྐྱ་རེངས་ཀྱི་རྩོམ་ལ་དཔྱད་པ་ཡག་པོ་གནང་འདུག ཐུགས་རྗེ་ཆེ། ངས་ཀྱང་དཔྱད་པ་བྱ་བར་འདོད། འོན་ཀྱང་ཚང་མས་ཡག་པོ་ཀློག་སྟེ་གཞི་ནས་ལན་རྒྱག་དགོས། སྐྱ་རེངས་ཀྱི་དཔྱད་རྩོམ་གྱི་མགོར། འདི་ལྟར་བྲིས་འདུག རྨོག་རུ་ཚང་གི་བརྒྱུད་བསྒྲགས་བྱས་པར་གཞིགས་ན། བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་ཞིག་གིས་བཤད་དོན། གལ་སྲིད་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་མ་ཐོབ་ན་བཙན་བྱོལ་ནང་ཕྱག་རོགས་བཀའ་བློན་ནམ་གཞན་པའི་ཕྱག་ལས་གང་ཡང་གནང་གིན་མ་རེད་ཟེར། ཞེས་པ་ལུང་དྲངས་པའི་འོག་ཏུ། འདི་དངོས་གནས་ཡིན་མིན་མི་ཤེས། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཞེས་དཔྱད་པ་བྱེད་མགོ་བཙུགས་འདུག འདི་ལ་ལྟོས་ན་ཁོང་གིས་རྨོག་རུ་ཚང་གིས་བརྒྱུད་བསྒྲགས་ཀྱི་དོན་ལ་བརྟག་པ་མཐའ་བཟུང་གིས་དགག་པ་ལས། དོན་མེད་བློ་བཟང་སེང་གེ་ལགས་སུ་སྐྱོན་བརྗོད་བྱས་མི་འདུག ད་དུང་འདི་དངོས་གནས་ཡིན་མིན་མ་ཤེས་ཞེས་ཡིད་ཆེས་མ་བྱས་པར་ཐེ་ཚོམ་གྱི་གཞིར་བཞག་འདུག དེ་འདྲ་སོང་ཙང་བློ་སེང་ལགས་ཀྱིས་དངོས་གནས་གསུངངས་མེད་ན་སྐྱ་རེངས་ཀྱིས་ཀྱང་སྐྱོན་བརྗོད་འདོད་མེད་པ་ཁོང་གི་བརྟག་པ་མཐའ་བཟུང་དེ་ལས་ཤེས་ནུས། ལར་ནས་གོ་ས་མཐོ་ཤོས་དེ་མ་རག་ན་བོད་ཀྱི་ཆེད་ལས་ཀ་རྩ་བ་ནས་བྱ་འདོད་མེད་ཅེས་པའི་སྐད་ཆ་འདི་དོན་དངོས་ཡིན་ཚེ། བོད་ཞེན་ཡོད་པ་ཚང་མའི་སྙིང་ལ་གྲི་བཙུགས་པ་དང་ཁྱད་ཅི་ཡོད། འོ་ན་བོད་དོན་ཆེད་ལས་ཀ་བྱེད་མཁན་ཚང་མས་གོ་ས་མཐོ་ཤོས་དེ་མ་བྱུང་ན་ལས་ཀ་བྱེད་ཀྱི་མིན་ཞེས་བཤད་ན། ད་གཟོད་བོད་དོན་ཆེད་ལས་ཀ་བྱེད་མཁན་མི་གཅིག་མ་གཏོགས་ལྷག་རྒྱུ་མ་རེད། འདི་ནི་གོ་ས་མཐོ་ཤོས་ཅན་གྱི་གང་ཟག་སྟེ་བཀའ་ཁྲི་དེ་གཅིག་པུ་རེད། གོང་གི་སྐད་ཆ་འདི་བློ་སེང་ལགས་ཤེས་ཡོན་ཅན་ཞིག་གིས་བཤད་མི་སྲིད་པ་ཞིག་རེད། སྐད་ཆ་འདི་ཧ་ཅང་གི་ཚབས་ཆེན་པོ་ཞིག་དང་སྤྱི་ཚོགས་ནང་བརྟན་ལྷིང་མེད་པ་བཟོ་བྱེད། མི་སེམས་དཀྲུག་ཡས་ཞིག་རེད། འདི་ཕལ་ཆེར་བློ་སེང་ལགས་སུ་མ་ཉེས་ཁག་གཡོག་བྱས་པར་སེམས། རྡོ་རྗེ་ལགས་ནས་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་འདུག་ན། ད་དུང་མང་ཙམ་ཉལ་ནས་ཕྱོགས་སྔའི་ནམ་ལངས་དུས་དགག་པ་རྒྱོབས།
དེ་མིན་ཚང་མས་བོད་ཀྱི་དོན་ལ་ཐུགས་བསམ་བཞེས་ཏེ་བགྲོ་གླེང་ཡག་པོ་གནང་འདུག ཕན་ཐོགས་ཆེན་པོ་འདུག ཐུགསརྗེ་ཆེ། མུ་མཐུད་དཔྱད་པ་གནང་རོགས།
བོད་ཀྱི་དུས་བབ་ནང་བསྟན་འཛིན་འཕགས་པས་མཆན་ཞིག་བཏབ་འདུག་པར་ལན་དུ་བཏབ་པ་ཡིན།
བསྟན་འཛིན་འཕགས་པ་ལ།
༸གོང་ས་སྐྱབས་མགོན་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་འདི་རུ་འུ་གཉིས་ལྟ་བུ་སྲང་ལམ་གྱི་བོང་བུ་དང་མ་ཧེར་གྱུར་བ་དེ་ཡང་སྐལ་བ་བཟང་པོ་རེད།
རང་ཉིད་ཀྱིས་ཀྱང་འདི་ལྟར་དགའ་བ་རེ་བསྒོམ་ཐུབ་ན་ས་ཁུག་རི་ཁུག་ཅིག་ནས་སྐྱབས་བཅོལ་བའི་མིང་བྱང་འཁུར་ནས་བསྡད་པའི་དགོས་དོན་ཙམ་རེད།
སྤྱིར་ང་རང་མི་སྒེར་གྱི་ངོས་ནས་བཀའ་ཁྲི་རྣམ་པ་གསུམ་གྱི་སུ་ཐོབ་ནའང་གཅིག་མཚུངས་ཀྱི་འདུ་ཤེས་ཡོད་ལ།ངའི་སེམས་ངོར་ཁོ་ཚོའི་རིན་ཐང་འདྲ་མཉམ་ཡིན།
ཡིན་ནའང་།ད་སྔར་བཞག་པའི་ཕྱིས་རྗེས་དང་དཀའ་ངལ་བརྒྱབ་པའི་ངོས་ནས་མི་རབས་རྒན་པ་གཉིས་ལ་ལྗིད་ཁོག་ཆེ་ཙམ་ཡོད།
ཁྱེད་ཀྱིས་སེམས་ཁྲལ་ཞིག་ལ་བློ་བཟང་སེང་གེ་ལགས་མ་ཐོབ་ན་ནོར་བུ་གཞན་ལ་ནོར་བས་ལྟ་ཚུལ་འཛིན་གྱིན་འདུག རི་བོང་གནམ་བརྡིབས་ཀྱི་སྡུག་བསྔལ་མ་བྱེད།
བློ་བཟང་སེང་གེ་ལགས་ཀྱི་དགོངས་གཞི་ནི་མ་ཤི་བར་བོད་མི་རིགས་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་རེད་མ་གཏོགས།བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན་གཞན་ཞིག་ལ་ཤོར་འགྲོ་བ་ཞིག་རྩ་ནས་མ་རེད།ཁོང་གི་ཁས་ལེན་དམ་བཅའ་རེད།
མི་ལ་རྒྱབ་སྐྱོར་བྱེད་པ་ལ་ཀྱོག་ནས་ཕན་ཐོགས་གང་ཡང་མེད་པ་རེད།དྲང་པོ་དང་།བདེན་པ།འཚེ་བ་མེད་པ་གསུམ་ནི་བཀའ་ཤག་སྲིད་གཞུང་གི་སྲིད་བྱུས་རེད།
རྩལ་འབྱོར་གཞུང་ཟེར་བ་དེ་ས་འོག་ཞིག་ཏུ་ཡོད་ན་ལས་ད་སྔར་མ་གྲགས་པ་ཞིག་ཡིན་མོད།གལ་སྲིད་བཙན་བྱོལ་གཞུང་ཡིན་དབང་དུ་བཏང་ན་ནི་ད་སྔར་བཀའ་ཤག་སྲིད་གཞུང་གི་ནང་ལྐོག་ཟ་རུལ་སུངས་གི་ལོ་རྒྱུས་ཤིག་མེད་པ་མིག་དང་ལྡན་ཚད་དང་།རྣ་ཅོག་ཀྲོང་ཀྲོང་ཡོད་མཁན་ཚང་མར་གསལ་པོ་ཆགས་ཚར་བ་ཡིན་པས་གོ་བ་མེད་པས་གླང་རྒན་ལ།།རྒྱལ་བའི་བཀའ་ལས་དབྱུག་པ་བཙན་ཞེས་པའི་རྗེས་འབྲངས་བ་ཡིན་ན་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པར་མི་བྱའོ།
མི་གཞི་དང་མི་གཤིས་ལས་བརྒལ་བའི་ལུང་རིགས་ཀྱི་བགྲོ་གླེང་བྱེད་འདོད་ཡོད་ན་ཨ་ཁུ་ཚང་ཡོང་ཆོག་ཆོག་ཡིན་ལགས།
རྨོག་རུ་ལགས་ཀྱིས་མཚམས་རེ་ཁོང་རྣམ་པ་གསུམ་སུ་ལ་ཐོབ་ཀྱང་ཁྱད་མེད་པ་འདྲ་གསུངས་ཐལ། ཡང་མཚམས་རེ་བློ་སེང་ད་ལྟ་སྔ་དྲགས་པ་འདྲ་བོ་བཤད་སོང་། ཡང་སྙིང་ག་རེ་སྔ་དྲགས་པ་རེད། ང་ཚོ་ལ་འཇོན་མཁན་གྱི་མི་ཡང་དག་པ་ཞིག་སླེབས་ཐུབ་པ་ཡིན་ན། དེ་ནི་ཉིན་མ་གཅིག་ཐ་ན་ཆུ་ཚོད་གཅིག་ཡིན་ན་སྔ་དགོས་ཀྱི་མ་རེད་དམ།
༼བློ་བཟང་སེང་གེ་ལགས་ཐེངས་འདིར་ཅུང་ཙམ་སྔ་མེད་འགྲོ་བསམ་པ་དེ་ང་ཙམ་མ་ཟད་མང་པོ་ཞིག་གིས་དོགས་གཞི་དང་གཉིས་རྩེ་རེད།༽
འདི་ག་རེ་ཟེར་གྱི་ཡོད་རེད་དྲ་གྲོགས་ཚོ། ང་ཚོར་བོད་མི་དམངས་ཀྱི་ཆེད་དུ་ལས་ཀ་ཡང་དག་པ་བྱེད་ཐུབ་མཁན་ཞིག་བྱུང་ཚེ་སྔ་རྒྱུ་གཏན་ནས་མེད་ཅེས་ངས་ཚིགས་ཐག་ཆོད་པོས་ཁྱོད་དང་བཅས་པར་ཞུ་རྒྱུ་ཡིན།
དངོས་གནས་བློ་བཟང་སེང་གེ་སྔ་གྲགས་པ་རེད།
ང་ནི་བློ་བཟང་སེང་གེ་ བཀའ་ ཁྲིར་བདམས་པ་ཡིན་ན་ཞེས་ནི་རེད། ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་ དགའ་སྙིང་སྡུག་བཟོས་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་འདེམས་པ་ཡིན་ན། ན་ནིངས་ཀྱི་གནས་ཚུལ་ལྟར་ཡོང་རྒྱུར་ངེས་པས། ང་ཚོས་བསམ་བློ་་་་་་་་་་་་་་་་།
http://www.khabdha.org/?p=13559
སྙིང་ཉེ་བའི་ཀློག་པ་ པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་ བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་ སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་ པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་ གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་ བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་ སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་ པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་ བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།
http://www.khabdha.org/?p=13559
བློ་བཟང་སེང་གེ་བཀའ་ཁྲིར་ཕེབས་པར་རྩ་བ་ནས་སྔ་དྲག་ཡོད་མ་རེད། གང་ཡིན་ཞེ་ན་མི་རབས་གསར་པའི་འཛིན་སྐྱོང་ཐད་མི་རབས་རྙིང་པའི་འཛིན་སྐྱོང་བའི་ཉམས་མྱོང་དང་མ་འོངས་པའི་དམིགས་ཡུལ་འཆར་གཞི་བཅས་ལེན་དགོས་པ་ཡིན། དེ་ལེན་ལ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་རྣམ་པ་གཉིས་རེད། ཁོང་རྣམ་པ་གཉིས་དགུང་ལོ་ཆུང་ཆུང་མ་རེད། དེས་ན་ད་ལྟའི་སྐབས་ཁོང་རྣམ་པའི་འཆར་གཞི་དང་དམིགས་ཡུལ་མུ་མཐུད་དགོས་ན་མི་རབས་གསར་པའི་ལག་ཏུ་བཞག་རན་པ་རེད།
xxxxxxxxxxxxxxxxxxxxxxx
བློ་སེང་ལ་དྲི་ལན་གྱི་ཀུན་གླེང་དེ་བརྒྱུད་ཏེ་བསམ་ཡོད་ཅན་གྱི་མི་སྣ་དག་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཤིག་རེད་སྙམ། རྣམ་རྒྱལ་ལགས་ཀྱིས་བློ་སེང་ལ་རྡ་ས་ཆུ་བཞི་སྒང་གི་དྲུང་ཆེ་བྱེད་མྱོང་བའི་ཉམས་མྱོང་སྐོར་དྲིས་དུས་ལན་ག་རི་རྒྱབ་སོང་ཁྱེད་ཚོས་གསལ་པོ་གཟིགས་ཡོད་ཤག་རེད། བློ་སེང་ལྡི་ལི་ཆུ་བཞི་སྒང་དྲུག་དང་འབྲེལ་བ་ཡོད་པ་གསལ་པོ་ཆགས་སོང་སྙམ།
དེ་མིན་དེ་སྐོར་ག་བྱས་ཏེ་གསལ་བོ་མི་ཤོད་པའི་རྒྱུ་མཚན་ཅི།
མི་རྗེ་ཟམ་གདོང་ཚང་གིས་
༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་
སེང་གེ་གསུམ་གྱི་སྐོར་ལ་འབྲེལ་བཤད་རོབ་ཙམ་ཞུས་ན།
སེང་གེ་དང་པོ་ནི།
ཁོ་བར་འོས་ཤོག་ཐོབ་ཆེད་འཛེམབག་སྤུ་ཙམ་མེད་པར་མི་མང་ལ་མགོ་སྐོར་བཏང་བ་། ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཡང་ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་རེ་སྤྲོད་དགོས་རེད་ཞེས་གསུངས་པ་དེ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་རབ་རིམ་པ་ཤོད་ཀྱི་ཡོད་པ་དང་། དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཁོ་བས་དེའི་སྐོར་མི་མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་དང་ཁོ་བའི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་པ་དེའོ།
སེང་གེ་གཉིས་པ་ནི།
ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་པ་ལྟར་སེང་གེ་དེ་བཀའ་ཁྲིར་འོས་ཐོབ་པ་ཡིན་ན་ད་ལོ་ནས་འདི་ངའི་ཕྱོགས་གཏོགས་རེད་བཀའ་བློན་ལ་འདེམས་རྒྱུ་ཡིན་ཁོ་ལ་ཤེས་འཇོན་ག་ཚོད་ཡོད་ན་ཡང་ངའི་ཕྱོགས་མ་རེད་བཀའ་བློན་ལ་འདེམས་མིན་ཞེས་དཔུང་ཁག་བསྒྲིགས་རྒྱུ་ཡིན་པ་གཏན་ཁེལ་རེད། རྒྱུ་མཚན་ནི་ཁོ་བས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན༽མི་མང་དང་གཞུང་གི་ལས་བྱེད་མདུན་དུ་དེ་ལྟར་བརྗོད།
སེང་གེ་གསུམ་པ་ནི།
ལྡི་ལི་ཆུ་བཞི་སྒང་དྲུག་སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ལ་ཕ་རྒོལ་བྱ་རྒྱུ་དེའོ།
སེང་གེ་གསུམ་གྱི་སྐོར་ལ་འབྲེལ་བཤད་རོབ་ཙམ་ཞུས་ན།
སེང་གེ་དང་པོ་ནི།
ཁོ་བར་འོས་ཤོག་ཐོབ་ཆེད་ འཛེམབག་སྤུ་ཙམ་མེད་པར་མི་མང་ལ་མགོ་སྐོར་བཏང་བ་། ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཡང་ ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་ རེ་སྤྲོད་དགོས་རེད་ཞེས་གསུངས་པ་དེ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་རབ་རིམ་པ་ ཤོད་ཀྱི་ཡོད་པ་དང་། དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཁོ་བས་དེའི་སྐོར་མི་ མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་དང་ཁོ་བའི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་ འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་ སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་པ་དེའོ།
སེང་གེ་གཉིས་པ་ནི།
ན་ནིངས་གྲོས་ཚོགས་ནང་ལ་ དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་པ་ལྟར་ སེང་གེ་དེ་བཀའ་ཁྲིར་འོས་ཐོབ་པ་ཡིན་ན་ད་ལོ་ནས་འདི་ངའི་ཕྱོགས་གཏོགས་རེད་བཀའ་ བློན་ལ་འདེམས་རྒྱུ་ཡིན་ཁོ་ལ་ཤེས་འཇོན་ག་ཚོད་ཡོད་ན་ཡང་ངའི་ཕྱོགས་མ་རེད་བཀའ་ བློན་ལ་འདེམས་མིན་ཞེས་དཔུང་ཁག་བསྒྲིགས་རྒྱུ་ཡིན་པ་གཏན་ཁེལ་རེད། རྒྱུ་མཚན་ནི་ཁོ་བས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ ཡིིན༽མི་མང་དང་གཞུང་གི་ལས་བྱེད་མདུན་དུ་དེ་ལྟར་བརྗོད།
སེང་གེ་གསུམ་པ་ནི།
ལྡི་ལི་ཆུ་བཞི་སྒང་དྲུག་ སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་ སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ ལ་ཚུར་རྒོལ་བྱ་རྒྱུ་དེའོ།
བཀྲ་རྡོར་ཟེར་བ་ལགས།
རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་བཏང་ནས་ཁྱེད་རང་གིས་སྤེལ་བའི་ཟིན་བྲིས་ཡོད་ཚད་བཀླག་ས་སྙིང་འདོད་མ་བྱུང་། རྒྱུ་མཚན་ནི་བརྗོད་དོན་དང་། དག་ཆ། རྒྱུ་མཚན། གནད་ལུགས་སོགས་གང་ཡང་མེད་པས་རེད། དཔེར་ན་ཀུན་གླེང་བརྙན་འཕྲིན་ལས་ཁུངས་ནང་དུ་བློ་སེང་ལ་བཅར་འདྲི་སྐབས་དབུས་གཞོན་ནུའི་རྒྱུན་ལས་ཟེར་བ་ལས་ཆུ་སྒང་གི་རྒྱུན་ལས་ཟེར་བ་ཞིག་ཚིག་ཟུར་ཙམ་མེད་པས་དེ་ནི་ཕལ་ཆེར་ཁྱེད་ལ་གདོན་ནད་དྲག་པོ་ཞིག་ཕོག་པས་ཡིན་རྒྱུ་རེད།
བཀྲ་རྡོར་ཟེར་བ་ལགས།
རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་བཏང་ནས་ཁྱེད་རང་གིས་སྤེལ་བའི་ཟིན་བྲིས་ཡོད་ཚད་བཀླག་ས་སྙིང་འདོད་མ་བྱུང་། རྒྱུ་མཚན་ནི་བརྗོད་དོན་དང་། དག་ཆ། རྒྱུ་མཚན། གནད་ལུགས་སོགས་གང་ཡང་མེད་པས་རེད། དཔེར་ན་ཀུན་གླེང་བརྙན་འཕྲིན་ལས་ཁུངས་ནང་དུ་བློ་སེང་ལ་བཅར་འདྲི་སྐབས་དབུས་གཞོན་ནུའི་རྒྱུན་ལས་ཟེར་བ་ལས་ཆུ་སྒང་གི་རྒྱུན་ལས་ཟེར་བ་ཞིག་ཚིག་ཟུར་ཙམ་མེད་པས་དེ་ནི་ཕལ་ཆེར་ཁྱེད་ལ་གདོན་ནད་དྲག་པོ་ཞིག་ཕོག་པས་ཡིན་རྒྱུ་རེད།
ལར་ནས་ཁྱེད་རང་གིས་དགྲ་དགའ་སྙིང་སྡུག་ཟེར་བ་དེ་འབྲི་སྟངས་ལ་བལྟས་ན་ཡིག་འབྲིའི་ཉམས་མྱོང་སྤུ་ཙམ་མེད་པའི་གསར་བུ་ཞིག་ཡིན་ཚོད་དུ་འདུག ཕྲན་གྱིས་ད་བར་བློ་བཟང་སེང་གེ་ཆུ་སྒང་གི་དྲུང་ཆེ་རེད་ཟེར་བ་ཞིག་རྣ་བའི་ཟུར་ལ་ཐོས་མྱོང་མེད། དུས་དང་རྣམ་པ་ཀུན་ཏུ་ང་ཚོས་མི་རིགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཀུན་སློང་གི་ཐོག་ནས་འཆམ་མཐུན་དང་། གཅིག་སྒྲིལ་གྱི་ཕྱོགས་ལ་སྨན་པའི་ཟིན་བྲིས་ཤིག་འབྲི་དགོས་པ་ལས། དཔང་རྟགས་དང་ཁུངས་ལུང་གང་ཡང་མེད་པའི་འཆལ་གཏམ་དང་དཀྲུག་ཤིང་། འཐེན་འཁྱེར་དང་། ཕྱོགས་རིས་ཀྱིས་བསླད་པའི་ཟིན་བྲིས་རྐྱང་བྲིས་ན་ཕན་ལས་གནོད་ཚབ་ཆེ་བ་ཡོད་པ་དེ་ཡང་ཤེས་དགོས།
ཨ་རོགས་རྣམ་དོན་མིག་ཆེ་ཙམ་ལྡང་འདིར་ལྟོས་དང།
ཁོར་མིང་གཉིས་ཡོད་རེད། བློ་བཟང་སེང་གེ་ནི་རྒྱ་གར་མི་སེར་གྱི་སྤ་སེའི་མིང་རེད། lobsang singgye
བློ་བཟང་སངས་རྒྱས་ནི་བོད་པའི་མི་སེར་གྱི་སྤ་སེ་སྟེ་R.Cམིང་རེད། lobsang sanggay
LOBSANG SINGYE (Information Secretary 1992-94):
An alumni of CST Darjeeling, he completed +2 at St. Joseph’s College, Darjeeling. At Delhi, he did his B.A. (English Hons.) and completed LL.B. from Delhi University. In Darjeeling, he served as Vice President (1988-89). In Delhi, he served as General Secretary (1989-90) and the President in 1990-91 of RTYC. Resigned in October 1994 upon his election as General Secretary of the new Chushi Gangdurg, by a special Dhotoe GBM. Gone to USA on USIA scholarship for two years studied and graduated from Havard University.
http://tibetanyouthcongress.org/centrex/1992_1995.html