དགུང་ལོ་བགྲེས་པའི་ཨ་མ་ལགས།
ས་མཐའ་ན་སྦྲང་དཀར་རྩམ་པ་ཡོད་རུང་།
ས་མཐའ་ན་འོ་ཞོ་ཇི་འདྲས་མོད་ཀྱང་།
ཨ་མ་ལགས། ང་ཡུལ་ཡོང་ན་འདོད་ཀི
ཨ་མ་ལགས། ཁ་ཐག་རིང་བའི་ཨ་མ་ལགས།
ཁྱེད་ཀྱིས་ལན་མང་གསུངས་པ་ཇི་བཞིན།
ས་མཐའ་མི་སྐྱིད་ཀི
མཛོ་འཕོང་མི་བདེ་ཀི
ཨ་མ་ལགས།
ང་ངོ་མ་ཕྱིར་ཡོང་ན་འདོད་ཀི
འུ་ཚང་གི་སྦྲ་འདབས་ན།
ཨ་མ་ཁྱོད་ཀྱིས་མིག་མཆི་མ་ཤ་ལེར་ང་ལ་སྒུག་བཞིན་ཡོད་པ་དྲན་ན།
ང་ངོ་མ་ས་མཐའ་ནས་ཇི་ལྟར་སྡོད་ཐུབ།
ཨ་མ་ལགས།
མཚམས་འདི་ནས་ངའི་མིག་མཐའ་འཆི་མས་བརླན་བྱུང་ལ།
ངའི་ཡ་ཆུང་དྲོན་མོར་ཡང་ཅི་ཞིག་འཚང་བྱུང་།
ས་མཐའི་གྲོགས་པོ་གང་མང་ཞིག་གི་ཨ་མ་ཚོ་རེ་རེ་བཞིན་འཇིག་རྟེན་ཕྱི་མར་ཆས་པའི་སྐད་ཆ་གོ་ཐེངས་རེ་རེ་བཞིན།
ངའི་སེམས་པ་བདེ་ལ་འབབ་ཐབས་ཤིག་ཡེ་ནས་བྲལ་ཅིང་།
ངས་སྙིང་ནས་དྲན་པའི་ཨ་མ་ཁྱོད་ཀྱིས་ས་མཐའི་བུ་སྡུག་ང་ལ་སྒུགས་རོགས་ཞུ།
དཔྱིད་ཀ་ཤར་ཐེངས་རེ་རེར།
ས་འདི་རུ་ཕ་ཡུལ་ན་ཡོད་པའི་མེ་ཏོག་མང་པོ་ཞིག་སྐྱེ་གིན་འདུག་པས།
མེ་ཏོག་འདི་དག་གིས་ང་ལ་ཨ་མ་ཁྱེད་རང་དྲན་དུ་འཇུག་གི
གནས་འདི་ན་ཕ་ཡུལ་གྱི་ནམ་མཁའ་སྔོན་པོ་དེ་མཐོང་རྒྱུ་འདུག་པས།
ནམ་མཁའ་འདིའི་གྲུ་ཟུར་ཞིག་ན་ཨ་མ་ཁྱེད་ཡོད་པར་བསམས་ན།
ང་ངོ་མ་ས་མཐའ་འདི་ནས་སྡོད་ཚུགས་པ་ཞིག་མི་འདུག
མི་རེ་རེར་རང་རང་གི་ཨ་མ་རེ་ཡོད་པ་དང་།
མི་རེ་རེར་རང་རང་གི་ཨ་མར་བརྩེ་བ་ལྷད་མེད་རེ་ཡོད་པ་ཇི་བཞིན།
ང་ལ་ཡང་ཨ་མ་ཁྱེད་ལ་རྙིང་རྒྱུ་མེད་པའི་བརྩེ་བ་ཞིག་ཡོད་པས།
ཨ་མ་ལགས།
ས་མཐའ་འདི་ནས་ངས་ཨ་མ་ཁྱེད་རང་མཚན་མོའི་རྨི་ལམ་ནང་དུ་ཡང་ཡང་མཇལ་བྱུང་ལ།
མི་ཡུལ་འདི་ནས་ངས་ཨ་མ་ཁྱེད་རང་ཉིན་མོའི་དྲན་ཤིང་གི་ཁྲོད་ནས་ཡང་ཡང་བཀླགས་པ་ཡིན།
ཨ་མ་ཡ། དྲིན་ཆེན་ཨ་མ།
ངས་ཁྱེད་ཀྱིས་སློབ་གྲྭའི་དབྱར་གནང་གི་སྐབས་སུ་ང་ལ་བཞག་པའི་མར་ལོ་སེར་ཆུང་དེ་དག་དེ་རིང་བཟའ་འདོད་ཅིང་།
ངས་ཁྱེད་ཀྱིས་དགུན་ཁའི་གུང་གསེང་གི་སྐབས་སུ་ང་ལ་བསྐོན་པའི་པགས་ལྭ་དྲོན་པོ་དེ་ཡང་དེ་རིང་གྱོན་ན་འདོད།
ཨ་མ་མེད་པའི་ས་མཐའ་འདི་རུ།
ནོར་ལོངས་སྤྱོད་འཛོམས་ཀྱང་ཅི་ཞིག་མ་ཚང་བར་ཅི་ཞིག་འཚོལ་དགོས་ཀྱི་འདུག་ལ།
ཟས་ཞིམ་པོ་ཟོས་ཀྱང་ཅི་ཞིག་མི་འགྲངས་པར་གང་ཞིག་འཐུང་དགོས་ཀྱི་འདུག
ཁ་པར་ཐེངས་འགར་བཏང་ཡང་མ་འཕྲོད་པས།
ཨ་མ་ཁྱེད་ཐུགས་རྒྱལ་མི་བཞེངས་པར་ཞུ།
སེམས་གོར་མོ་རྡོ་ལྟ་བུའི་ཁྱེད་ཀྱི་བུ་སྡུག་ངས།
ས་མཐའ་གནམ་མཐའ་ཞིག་ན་རང་སེམས་རང་གིས་གསོས་ནས་བསྡད་ཡོད་ལ།
ཨ་མ་ཁྱེད་ཀྱི་སྣང་བརྙན་ཞིག་སྤྱི་གཙུག་ཏུ་སྒོམ་བཞིན་ལུས་ཡོད།
ཁོ་བོ་ས་མཐར་ཆས་དུས་ཨ་མ་ཁྱེད་ཀྱི་ནད་གཞི་ད་དུང་ཡོངས་སུ་དྲགས་མེད་པས།
ང་འུ་ཚང་གི་རུ་འདབས་བརྒྱུད་དེ་འགྲོ་དུས།
ངའི་གོམ་པ་རེ་རེ་བཞིན་ཅི་ཙམ་ཞིག་ལྗིད་ཤུགས་ཆེ་བ་དེ་ངས་ད་དུང་ཡང་བརྗེད་མ་ཐུབ།
ཨ་མ་ལགས།
ཁྱེད་མེད་པའི་ལོ་ཟླ་རེ་རེ་དང་།
ཁྱེད་མེད་པའི་དུས་སྐར་རེ་རེ་བཞིན།
ངས་མིག་ཆུ་བཙན་གྱིས་མིད་བཞིན་ཡོད།
ངས་ཉི་མ་སྐྱོ་བས་སྐྱེལ་བཞིན་ཡོད།
ལོ་རྒས་ཀྱིན་ཨ་མ་ཇེ་དྲན་ཡིན་པ་འདི་ནི་འགྲོ་བ་མིའི་རིགས་སྤྱི་མཚུངས་ལ་ཡོད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་དང་།
ནམ་ཡང་ཨ་མ་བརྗེད་རྒྱུ་མེད་པ་འདི་ནི་མིའི་རིགས་ཡོད་ཚད་ལ་རང་བཞིན་གྱིས་ལྡན་པའི་འོད་དཀར་གྱི་སྙན་ངག་ཅིག་རེད་ཨང་།
ས་མཐའ་མི་སྐྱིད།
མཛོ་འཕོངས་མི་བདེ་ཟེར་བ་ནི་ངོ་མ་རེད།
བུ་ཆུང་ང་ས་མཐར་འཁྱམས་ནས་མི་ལོ་ཉི་ཤུ་འདས་སོང་། ཨ་མ་ཁྱེད་རང་གི་དབུ་སྐྲ་དཀར་པོ་ཆགས་ཡོད་དམ།
དབུ་ཐོད་ལ་གཉེར་མ་མང་པོ་ཡོད་དམ། ཨ་མ་ལོ་ངོ་ཉི་ཤུའི་རིང་ལ་ངས་ཁྱེད་རང་སྙིང་དབུས་སུ་བཞག་ཡོད་ལ་
ངས་ཁྱེད་རང་དྲན། ཨ་མ་ང་ཚོ་ག་དུས་མཇལ་འཛོམས་ཀྱི་དགའ་སྟོན་ཤར་གྱི་རེད། མི་ཡུལ་གྱི་ས་མཐར་ངས་ཁྱེད་རང་དྲན་ནས་ཉིན་ལྟར་ངུས་ནས་སྡོད་ཀྱི་ཡོད།
ལོ་ཟླ་ཞག་གསུམ་གྱི་འཁོར་རིམ་འོག་ནས། ང་ཚོས་བསམ་པའི་དཀྱིལ་འཁོར་ནང་ད་རིང་དང་སང་ཉིང་གི་འཆར་གཞི་མང་དག་ཞིག་འགྲིགས་ནས་བསྐྱོད་ནའང། ཡོད་ཚད་ཀྱི་ཡོད་ཚད་ནི་སྡུག་བསྔལ་དུ་འགྲོ་བའི་རང་གཤིས་ཞིག་ཏུ་སོང་བ་ནི་ཐོད་རིས་ཀྱིས་འདེད་པ་ངོ་མ་རེད། ཀླུ་སྨྱོན་ལགས། ཨ་མ་ནི་ཡོད་ཚད་འབོད་པ་གཏོང་ནུས་པའི་བུ་ཆུང་གི་དྲིན་ཆེན་རེད། བུ་ཇི་ལྟར་ལོ་ལོན་ཡང་ཨ་མའི་སེམས་ནང་ད་དུང་བརྗེད་ཐབས་མེད་པ་ནུ་ཞོ་བསྣུན་བཞིན་པའི་བུ་ཆུང་ཞིག་ལས་མཐོང་བ་མེད། ཨ་མ་ནི་འཇིག་རྟེན་དེའི་གཏིང་བུ་ལ་གཅེས་པའི་སེམས་ཁོངས་ནས་ཤོར་བ་གང་ཡང་མེད་པའི་གཏོང་འཕོད་ཅན་གྱི་མི་སྣ་ཞིག་རེད།
ཨ་མ་ལགས། ང་ཡང་ས་མཐའ་ནས་ཁྱེད་ཁོ་ན་དྲན་བཞིན་འདའ།
ཧ་ཧ་ཧ་ཧ། གྲོགས་པོ་ཚོ། ང་ནི་ཁྱེད་ཚོའི་ལྟ་བ་དང་གཏིང་ནས་ལྡོག་ཕྱོགས་རེད། ས་མཐའ་ཟེར་བ་དེ་ངོ་མ་ཅན་གི་སྐྱིད་པོ་འདུག ང་ཚོའི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ཡོད་པའི་ཞེ་སྡང་འདིས་སེམས་སྐྱིད་དུ་འཇུག་གི་མི་འདུག་མ་གཏོགས། གཞན་ས་མཐའ་ལས་ལྷག་པའི་བདེ་སྐྱིད་ཅིག་མི་འདུག དེ་ནི་མིའི་སེམས་ཚོར་མ་འདྲ་བས་ཡིན་སྲིད།
བློ་གྲོས་མཐའ་ཡས་མཆོག་ལགས།
ཨ་མ་དྲན་དུས་མ་གཏོགས་ས་མཐའ་སྐྱིད་པོ་རེད་འདུག །
ཨ་མའི་བཀའ་དྲིན་བསམས་དུས་ནམ་མཁའི་སྐར་ཚོགས་ཉུང་གི །
ཨ་མའི་བརྩེ་བ་བསམས་དུས་རྒྱ་མཚོའི་གཏིང་ཡང་ཐུང་གི །
ཨ་མའི་མིག་ཆུ་དྲན་ན་གངས་དང་ཆར་བ་ཏོག་ཙམ། །
(ཞོགས་པ་ཟམ་ཟུམ།)
ཁ་ཆར་གྱིས་ཁང་ཀླད་རྡུང་བའི་སྒྲ་སྐད་གཟན་པོས།
ངའི་ཏིང་འཛིན་ལྟ་བུའི་གཟིམ་མལ་བདེ་མོ་དེ་དཀྲོགས་སོང་།
ཕྱི་རོལ་དུ་སྤྲེའུ་དག་འཁུན་སྒྲ་འདོན་པས།
གནས་འདིར་ཕེབས་དང་།
སྤྲེའུ་ཕོ་མོ་དང་སྤྲེལ་ཕྲུག་དག
རི་ཁྲོད་ལྟ་བུའི་ངའི་ཁང་ཁྱིམ་དུ་ཕེབས་དང་།
རླུང་འཚུབ་བརྡབས་པས་བཀོག་ལ་ཁད་པའི་ཤིང་ཁང་ནང་དུ
ཁ་ཆར་གྱིས་གཏོར་ལ་ཁད་པའི་ངའི་ལྕགས་ཁང་ནང་དུ
བཙག་སེར་བུས་ཁངས་ལ་ཁད་པའི་ངའི་འགྱིག་ཤོག་གི་ཁང་ཆུང་ནང་དུ
ཚང་མ་འཚང་ཁ་ཤིག་ཤིག་གིས་ཕེབས།
ངའི་ནང་སེམས་ཀྱི་གུར་ཁང་དུ་དྲོད་ཁོལ་འཁྱིལ་ནས་ཡོད་པས
ང་ཚོ་ལྷན་དུ་དྲོད་ཀྱིས་སྐྱོང་འདོད་ཡ།
༢༠༡༠།༡༢།༣༠ སྔ་དྲོའི་དུས་ཚོད་༡༠།༢༨།རང་ཁྱིམ་དུ།
ཨ་མ་དོ་ནུབ་ངས་ཡང་ཁྱེད་རང་ཤིན་ཏུ་དྲན་གི་རྡ་སའི་ཙག་གིས་ང་ལ་བརྙས་བཅོས་བྱེད་གྱི་འདུག མི་ཡུལ་ནས་རང་དབང་ཆེ་ཡང་སེམས་པ་མི་སྐྱིད་གི
འཇིག་རྟེན་སྐྱིད་སྡུག་སྒང་གཤོངས་མང་པོ་ལ་དང་ཀླུང་གི་རྗེས་སུ་འགྲོ།།
སྐྱིད་པའི་ཕ་ཡུལ་བྱམས་པའི་ཕ་མ་མི་སྣང་ནམ་མཁའི་འཇའ་དང་མཚུངས།།
གཅེས་པའི་ཚེ་སྲོག་མཛེས་པའི་ལང་ཚོ་ལྡུམ་རའི་ནང་གི་རྩྭ་ལྡུམ་བཞིན།།
དགོས་པའི་འདོད་དོན་སྨིན་པའི་འབྲས་བུ་ཐལ་རྡུལ་ཁྲོད་ན་སྤུར་བ་འདྲ།།
Then go back to see your mom,if you are really in such strong sort of emotion,,,,
གདང་དགོང་ངའི་ཨ་མ་ལགས་
རྨི་ལམ་ལ་ཕེབས་སོང་
ཕེབས་ས་དེ་
ངའི་ཨ་མ་ལགས་ཀྱི་
འཁྲུངས་ས་དེ་
རེད་མི་འདུག
གལ་ཏེ་ཁོང་གི་འཁྲུངས་ས་དེ་ཡིན་ན་
དགའ་བ་ལགས་
ཨ་མ་ལགས་ཀྱི་འཁྲུངས་ས་དེ་རང་
ངེད་རང་གི་སྐྱེས་ས་དེ་ཡང་ཡིན་
ངེས་ན་ཡང་་་་་་་་
མདང་དགོང་ལ་བཅོས།
ཨ་རོགས་ཚོ།
ཀླུ་སྨྱོན་གྱི་དུས་ཚོད་དང་ཐོར་རྩོམ་གྱི་མོད་ན་མོད་རྒྱུ་དུ།
ཁོང་ལ་འབྲི་ཁོམ་ཡོད་རུང་ང་ལ་ཀློག་ཁོམ་མེད་ཀི
བྱ་འདི།
ང་ར་ཨ་མའི་རྩར་ཡོད་ཁུ་རིག་ཤེས།
ང་ར་ཨ་མའི་རྩར་ཡོད་ན་ཁུ་རིག་ཤེས།
ཨ་ཕ་་ཨ་མ་གཉིས་ཀ་དྲན་དང་དྲན། །
ཕ་མ་དྲན་ན་དངུལ་བཀུར་ ད་དུང་དྲན་ན་དངུལ་མང་ཙམ་བཀུར་་ ད་དུང་དྲན་ན་ལོག་རྒྱུག
སྐྱག་རྫུན་བཤད་ཀི་མ་འདུག དངོས་གནས་ཕ་མ་དེ་ལྟར་དྲན་ཀི་ཡོད་ན། ལོ་འགའི་སྔོན་ནས་བྱེས་འབྱོར་བ་མང་པོ་ཞིག་རྒྱ་ནག་གི་ལག་འཁྱེར་བརྒྱུད་ནས་ཕ་ཡུལ་དུ་ཕ་མ་དང་སྤུན་མཆེད་ཐུག་འཕྲད་དུ་འགྲོ་དང་འགྲོ་བཞིན་འདུག་ལ། ཁྱེད་ཚོས་ཀྱང་དངོས་གནས་ཕ་མ་དྲན་ཀི་ཡོད་ན་རྒྱུད་ལམ་དེ་ནང་བཞིན་འགྲོ་ན་འགྲིག་གི་རེད། དེ་མིན་ཕ་མ་དྲན་ཀི་ཟེར་ནས་སྙན་ངག་རེ་བྲིས་ནས་ཕན་ཐོག་འདྲ་ཅང་ཡོད་ནི་མ་རེད། ཕལ་ཆེར་ཨ་ཁུ་ཀླུ་སྨྱོན་ལགས་ལ་ཨ་རིའི་མགོ་སེར་བའི་ལག་འཁྱེར་རེག་ཡོད་ཀྱི་རེད། དངུལ་མང་ཙམ་འཁུར་ནས་འཕུར་ན་ཡག་གི དེ་མིན་ཨ་མས་ཁྱེད་ལ་ཡང་བསྐྱར་ཡུན་རིང་པོ་སྒུག་ཐུབ་ཨེ་ཡོང་བཤད་དཀའ་ཀི་རེད།
གཅན་བཟོད་རྒྱམ་ལགས། དྲང་མོ་བཤད་ན་ཁྱེད་རང་ལྕགས་ཁང་ཞིག་གི་ནང་ལ་བསྡད་ཡོད་དམ། ཡང་ན་ཤིང་ཁང་ནང་ལ་བསྡད་ཡོད། ཡང་ན་འགྱིག་ཤོག་གི་ཁང་བའི་ནང་ལ་བསྡད་ཡོད། ཡང་ན ཁྱེད་རང་ཤིང་ལྕགས་འགྱིག་གསུམ་གྱིས་བཟོས་པའི་ཁང་བ་ཡ་མཚར་ཞིག་གི་ནང་ལ་བསྡད་ཡོད། ཁྱོས་འདི་ལྟར་སྙན་ངག་བྲིས་ན་ངས་རང་དགོད་ཁ་རེ་འཆོར་ཀི
ཁྱུང་དཀར་ཁྱོད་ལ་ཁག་མེད་ཡ། སྙན་ངག་གཙོས་རྩོམ་ཡིག་གང་ཞིག་ཡིན་རུང་དེའི་རྒྱལ་ལྗོང་མ་ཤེས་ན་དགོད་བྲོ་བ་དང་རྫུན་དུ་སྙམ་པར་ཁག་མེད།
ངའི་ཁང་པའི་ཀླད་དང་ཟུར་ངོས་གསུམ་ལྕགས་ཤོག་ཡིན། མདུན་ཤིང་ལེབ་རེད། དེ་དག་གང་ས་ནས་ཧྲག་བར་མང་པ་ཡིན་སྟབས་ནང་ངོས་ལ་འགྱིག་ཤོག་འཛེར་ཡོད། ད་ཞིབ་ཏུ་སོམས་དང་། ཚར་བ་བབས་ཚེ་ཀླད་ནས་རྡུང་སྒྲ། རླུང་བུ་གཡུག་དུས་འགྱིག་ཤོག་ལྷབ་ལྷུབ། བཙག་རླུག་ཐོན་དུས་ཤུར་ཤུར་གྲང་ངད།
ཞིབ་ཏུ་ཁྱོད་ཀྱིས་སོམས་དང་ཤེས་ངེས་ཡིན་ལགས།
ཤེས་སོང་ན་དགོད་རྒྱུ་ཡོང་བ་དེ་ཡང་ཆད་འགྲོ་གི་རེད།
བཟོད་རྒྱམ་ལགས། སྐབས་འདིར་ངས་སྙན་ངག་པ་འདས་པོ་ལྗང་བུའི་སྙན་ངག་ཅིག་དྲན་སོང་། ཕ་སའི་སྐྱོ་གདུང་གི་མི་ཆུ་ལས། །ས་མཐའི་བདེ་སྐྱིད་ཀྱི་བཅོས་འཛུམ་སྡུག །
མིག་ཆུ་ལས།
མདང་དགོང་ངའི་སྨིན་ལམ་ན་
ཨ་མ་ཡོད་པའི་ཡུལ་དེ་ནི་
འཕགས་ཡུལ་རེད་འདུག་ལ་
བོད་ཡུལ་མིན་པ་འདིས་
ངའི་བློ་ལ་མི་བདེ་བ་ཞིག་ཤར་བྱུང་
ངའི་ཕ་མ་འཁྲུངས་སའི་ཡུལ་དེ་དང་
ང་རང་སྐྱེས་སའི་ས་ཁུལ་དེར་
ཉིན་གཅིག་མ་སླེབས་ན་
ག་ནས་འགྲིག
ངའི་སྐྱེད་བྱེད་ཨ་མ་དེ་
གར་ཡང་ཡོད་སྲིད་
ངེད་ཚོའི་སྐྱེས་སའི་ས་ཡུམ་དེ་
བོད་ས་གཅིག་ལས་
གཞན་མེད་དོ།
ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ།།
གཏད་མེད་རིག་པའི་བུ་ཆུང་ཕར་ཕར་ལ་འཁྱམས་པས།།
དོན་ཆེན་གནས་ལ་སེམས་པའི་དྲན་འདུན་གྱི་ལམ་སྲོལ།།
ད་ལྟ་རྗེས་མེད་བོར་བའི་སྣང་ཚུལ་འདི་སྐྱོ་བ།།
རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ།།
ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེངས་ནས།།
མདོ་མེད་འཕྱོར་མོའི་ཕྱོགས་ལ་སེམས་ཀྱི་གཤིས་ཤོར་ཏེ།།
དྲེན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ།།
མ་རིག་རྣམ་རྟོག་འདྲེ་མོའི་གར་སྟབས་ཀྱི་རྗེས་སུ།།
མི་བདེན་འཁྲུལ་བའི་ཆོས་འདི་ཡོམ་ཡོམ་དུ་གཡོས་པས།།
དེ་རིང་མཐོང་བའི་སྣང་བ་སང་ཉིན་ནི་བརྗེད་དེ།།
གང་ལ་གཏད་སོ་མེད་པའི་ངང་ཚུལ་འདི་སྐྱོ་བ།།
བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།།
ཐོས་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པ།།
འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།།
ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣ་རེ་འདུག་པ།།
རེ་དོགས་འོག་འགྱུའི་རྣམ་རྟོག་སྡུག་བསྔལ་གྱི་སྐྱུར་རྩི།།
ཤུགས་འབྱུང་དགའ་བའི་ཉམས་ཀྱི་འོ་མ་དང་འདྲེས་པས།།
བཟའ་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིགས་ཀྱང་།།
བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག།
ཨ་རོ། གཅན་བཟོད་རྒྱམ། རྒྱབ་ལྗོངས་ཟེར་ན་ཅང་མི་ཤེས་ཀི ཁྱེད་ཀྱིས་འདི་ལྟར་འགྲེལ་བཤད་བྱས་དུས་ལོ་འགའི་ཡར་སྔོན་གྱི་གསོག་སྒར་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་ཅི་ཡང་ཚོར་གྱི་མི་འདུག ད་བྱས་དུས་ཁྱེད་རང་དེ་འདྲ་སེ་བསྡད་ཡོད་པ་འདྲ། ཡིན་ནའང་། མེག་རྒན་ནས་དེ་འདྲའི་ཁང་བ་རང་མཐོང་མ་སོང་ལོ། ད་ཡིན་ན་ཁང་བ་སྤོར་ན་ག་འདྲ་འདུག དེ་རིང་ཡིན་ན་ཞེ་དྲག་འཁྱག་ག
ནོར་བཅོས། ཉལ་ཁང་ལས་
ཡུམ་དུམ་པ་བཅུས་གཉིས།
སྔོན་མ་མི་ཧྲེང་ཁེར་འགྲོ་ཁེར་འདུག་ཡིན་དུས་ས་མ་མཐའ་ནས་ཨ་མ་གཅིག་དྲན་སོང་ནོ་ད་དྲན་སོང་ནོ།
གཞུག་ནས། བུད་ཉིས་བླངས་རྗེས་ཨ་མ་དྲན་ཡུལ་ནས་གར་སོང་ཆ་མེད་ཉན་སོང་། ངའི་བྱ་འདི་ངོ་རེ་གཅིག་ཚ་ནང་།
བརྩེ་བ་ཡིན་ན་འདི་ཁུར་ཅིག ལ་པ་གཟིག་རེད་ཡ།
ཨ་ར་སྤྲུལ་སྐུ་ཡེ་རྒྱམ།
ང་ཡོད་ས་འདི་ན་སེམས་ཅན་གཉི་ག་ཡུལ་ཐུར་ར་འགྲོ་འོ་གི་གོ།
ཁྱོད་ལའང་མི་སེར་ལག་འཁྱེར་མེད་རུང་། ཨ་རིའི་ཕྱི་མི་གཏན་སྡོད་ལག་འཁྱེར་དེ་ལོས་ཡོད། དེའི་སྒང་ལ་རྒྱ་རྒན་ཚང་གི་ཡུལ་སྐོར་ལག་འཁྱེར་ཡིན་ན་དེ་བླངས་དང་ན་དེ་རེད་མོ།དི་མོ་རྩ་མོ་གཟིག