བོད ལྷ་ཀླུ་གཉན་གསུམ།
ཉིས་སྟོང་ལོ་ཟེར་ནས་ང་ཚོས་ཡུན་རིང་ ཞིག་ལ་སྒུག་པ་རེད། དེ་ནས་ཉིས་སྟོང་སླེབས་སོང་། ཉིས་སྟོང་སླེབས་ནས་ཀྱང་། ང་ཚོ་དོན་དག་གསར་བ་གང་ཡང་བྱུང་མ་སོང་། ཉི་ཟླ་ནི་སྔར་བཞིན་ཤར་ནས་ནུབ་དང་། མི་རྣམས་ཀྱང་སྐྱེ་བ་ནས་འཆི་བ་རེད།
དེ་ནས་ཉིས་སྟོང་གཅིག་ལ་རེ་བ་བྱས། དེ་ནས་གཉིས། དེ་ནས་གསུམ། དེ་ནས་རིམ་བཞིན། དམིགས་བསལ་གྱིས་བརྒྱད་ལ་རེ་བ་བརྒྱབས། དེ་ཡི་ནང་ནས་བོད་མི་དག་གིས་ལོ་དེར་གང་ཐུབ་ཅི་ཐུབ་ཞིག་འཛམ་གླིང་མི་མང་ལ་རང་ ཉིད་བོད་མི་ཡིན་པའི་བདེན་དཔུང་བྱས། འཛམ་གླིང་གི་གསར་འགྱུར་ཆེས་མི་ཉུང་བ་ཞིག་གིས་ཀྱང་། བོད་མི་ཟེར་བའི་མི་རིགས་ཤིག་ས་སྒང་འདིར་འཚོ་ཡོད་པ་ཡིད་ཆེས་བྱེད་འགོ་བཙུགས།
ཉིས་སྟོང་བརྒྱད་ག་ལེར་སྔར་བཞིན་འདས་ སོང་། བོད་མི་དག་གིས་ཀྱང་སྔར་བཞིན་ཉིས་སྟོང་བརྒྱད་ལ་བདེ་མོ་བཞག སླར་ཡང་ཉིས་སྟོང་དགུ་ནས་བཅུ་བསུས་སོང་། དོ་ནུབ་ཀྱང་ང་ཚོས་དུས་རབས་ཉེར་གཅིག་གི་བཅུ་ཕྲག་གཉིས་པའི་འགོ་བསུ་བཞིན་ཡོད་ ལ། ལོ་འདི་ཡང་སྔར་རྒྱུན་བཞིན་དམིགས་བསལ་གྱི་ལོ་ཞིག་ལོས་བརྩི། འདི་ནི་མི་རྣམས་འཚོ་སྟངས་ཤིག་རེད།
མི་རྣམ་རེ་རེ་བཞིན་གནས་ཡུལ་དང་འཚར་ ལོངས་བྱུང་ཡུལ་མི་གཅིག་པ་བདེན་ཡང་། སྤྱི་ལུགས་གསར་ཚེས་འདི་ནི་དེང་དུས་སུ་འཛམ་གླིང་གི་ཚེས་གྲངས་དུ་གྱུར་བ་ནས་ བཟུང་། ང་ཚོས་སྤྱི་ལུགས་ཟེར་ནས་འབོད་ཀྱི་ཡོད། དོན་དངོས་སུ་སྤྱི་ལུགས་མ་ཡིན་པར་ཕྱི་ལུགས་ཀྱི་ཟླ་ཚེས་ཤིག་ནས་མཆེད་པ་ཡིན་པ་ མི་ཉུང་བ་ཞིག་གིས་མཁྱེན་གསལ་རེད་ལ། དེ་ཡང་ཕྱི་ལུགས་ཀྱི་སྟོན་པ་ཞིག་གི་ལོ་ཚིགས་ནས་འགོ་བརྩམས་པ་ཡིན།
གང་ལྟར། ང་ཚོས་འདོད་མིན་དང་ཡིན་མིན་གང་ཞིག་མ་བརྩད་པར་དེང་དུས་ཀྱི་སྤྱི་འགྲོས་ཤིག་ལ་ བསྟུན་ནས་ཉིས་སྟོང་བཅུ་གཅིག་གི་འགོ་འདི་འཛུགས་ཀྱི་ཡོད་ལ། དེ་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། གཏོང་དགོས་དོན་ཡང་མེད། ང་ཚོས་ཟེར་ན་རེད། བོད་མི་ཞིག་གི་དངོས་ནས་ལོ་རེ་བཞིན་རང་ཉིད་བོད་མི་ཡིན་པའི་བདེན་དཔུང་དེ་ཡི་ ཆེད་དུ་བོད་མི་རང་ཉིད་ནས་གང་ཞིག་བྱེད་པའི་ཕྱོགས་སུ་འགྱུར་བ་རེ་གཏོང་དགོས་པ་ དེ་ཡིན།
ཉིས་སྟོང་བཅུ་གཅིག་གི་ཉིན་མ་དང་སྐར་མ། སྐར་ཆ་དང་བོ། ལོ་འདིའི་ནང་དུ་ངས་བོད་མི་ཚོ་ལ་དམིགས་བསལ་གྱི་བྱ་བ་ཞིག་ཡོད་པར་ངེས་འཛིན་ བྱེད་ཀྱི་ཡོད་ལ། དེ་ནི་རང་ཉིད་བོད་ལ་སྐྱེ་བའི་དགོས་དོན་ཡང་ཆགས་ཡོད་པ་རེད་ཅེས་འབོད་སྐུལ་ཞུ་ འདོད་བྱུང་།
རེ་དོགས་འོག་འགྱུའི་རྣམ་རྟོག་སྡུག་བསྔལ་གྱི་སྐྱུར་རྩི།།
ཤུགས་འབྱུང་དགའ་བའི་ཉམས་ཀྱི་འོ་མ་དང་འདྲེས་པས།།
བཟའ་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིགས་ཀྱང་།།
བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག།