གོ་ཕྲུག་རྭ་བུ།
བློ་གཟུ་བོར་གནས་པའི་ཐོག་ནས་ལབ་བྲང་ཁར་བཞག་ནས་འདང་ཞིག་བརྒྱབ་ན་འདི་དག་མཐོང་ཐུབ། རྩམ་གཟན་ཚོ།
༡༽ཆོལ་གསུམ་གོང་བུ་ཆིག་དྲིལ་ལས་ཆོལ་ཁའི་འཐེན་འཁྱེར་གྱི་དྲི་མས་མ་གོས་པ་ཞིག་མཚོན་གྱི་ཡོད། གལ་སྲིད་ཆོལ་ཁའི་དབང་དུ་སོང་ན་དབུས་གཙང་ཆེས་མང་བས་བཀྲས་མཐོང་ལས་མདོ་སྟོད་སྨད་གཉིས་བསྡོམས་ནའང་ཁོང་ཤོར་ངེས་ཡིན།
༢༽ གང་ཟག་མཁས་དབང་གི་མིང་ཡོད་པ་ཞིག་འདེམས་པ་འདིས་བོད་པའི་སྤྱི་ཚོགས་འདི་ཡར་ངོའི་ཟླ་བ་བཞིན་དུ་ཤེས་ཡོན་ལ་དགའ་ཞིང་ཤེས་ཡོན་ལ་དུང་། མཁས་པ་ལ་བརྩི་ཞིང་རྣམ་དཔྱད་ལྡན་པ་ལ་མོས་པས་ཤེས་བྱ་རིག་པའི་གནས་ཀྱི་ཆུ་ཚད་ཚད་གོང་ནས་གོང་དུ་འཕེལ་དང་རྒྱས་བཞིན་པ་ཞིག་མཚོན་གྱི་ཡོད།
༣༽ བོད་དོན་གྱི་བདེན་མཐའ་གསལ་བའི་ལས་དོན་འདི་རྒན་རབས་ཁ་ཤས་ལ་འགན་བཀལ་ནས་སྒུག་མི་འདུག་པར་ད་དུང་མུ་ནས་མུ་མཐུད་དེ་མི་རབས་རིམ་བརྒྱུད་ཀྱི་རྩོད་ལེན་ཞིག་ཡིན་པའི་ངོས་འཛིན་གཙང་མ་བྱུང་བ་དང་།
༤༽ དེང་དུས་འཛམ་གླིང་སྤྱིའི་འགྲོ་སྟངས་དང་མཐུན་པར་གཙོ་བོར་ཤེས་འཇོན་གཉིས་ལ་རྟོན་དགོས་པ་ལས་སྐུ་དྲག་དང་ཁྱིམ་ཚང་དཔལ་འབྱོར་སོགས་ལ་མི་རྟོན་པར་བོད་པའི་སྤྱི་ཚོགས་འདི་བག་ཆགས་ངན་པའི་རྨོང་གཉིད་ལས་སད་ཚར་བའི་མངོན་རྟགས་གསལ་པོར་བྱུང་པ་དང་།
༥༽ རང་ཉིད་ལ་ཤེས་འཇོན་ཡོད་ན་མི་མང་དཀྱུས་མའང་བོད་པའི་འགོ་ཁྲིད་དམ་བཀའ་བློན་ཁྲི་པར་འགྲོ་ཆོག་པའི་གོ་སྐབས་ཡོད་པས་ཆེས་ཕུལ་བྱུང་གི་ཐོབ་ཐང་ཕོ་མོ་དང་རྒན་གཞོན་དབྱེ་བར་མེད་པའི་ཐོབ་རང་ལ་ནུས་པ་ཡོད་ན་གོ་སྐབས་དེ་ལེན་ཆོག་པའི་མང་གཙོ་མཚན་ཉིད་པ་ཞིག་ཏུ་གྱུར་ཟིན་པ་དང་།
༦༽ ད་ལན་འོས་ཤོག་བླུགས་མཁན་གཞོན་སྐྱེས་ཙམ་ཁོ་ནས་ཁོང་ལ་འོས་བླུགས་པ་མ་ཡིན་པར་ཉུང་མཐར་ཡང་རྒན་རབས་ཁྲི་ཚོ་གཅིག་ཙམ་ཞིག་གི་ཁོང་ལ་འོས་འཕང་ཡོད་པས་རྒན་རབས་ཚོས་ཀྱང་གཞོན་སྐྱེས་ཚོས་མུ་ནས་མུ་མཐུད་དེ་བོད་པའི་སྤྱི་ཚོགས་འཛིན་སྐྱོང་ཐུབ་པ་དང་བོད་དོན་བདེན་མཐའ་གསལ་ཐུབ་པའི་ཡིད་ཆེས་བློས་འགེལ་ཡོད་པ་དང་།
༧༽ ད་ལྟའི་བར་རྒན་རབས་ཚོས་སྐུ་ལས་ཚད་མེད་བསྐྱོན་པའི་གྲུབ་འབྲས་ཡང་དག་པ་འདི་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་མི་རབས་གསར་པ་ལ་རྩིས་སྤྲོད་གནང་སྟེ། འཛིན་སྐྱོང་སོགས་གང་ཅིའི་ཐད་ཉམས་མྱོང་ཅན་གྱི་རྒན་རབས་ཚོས་ལས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་བའི་དུས་ལ་བབས་ཡོད་པར་བོད་མི་མང་ཚོགས་ལ་གོ་བ་གཏིང་ཟབ་སླེབས་ཡོད་དང་།
༨༽ བོད་པའི་གནས་དོན་འདི་མི་ཐོག་གཅིག་དང་གང་ཟག་འགའ་ཞིག་གི་རྩོད་གླེང་མིན་པར་མི་རབས་ཞིག་དང་རྒྱལ་ཁབ་བམ་མང་ཚོགས་ཤིག་གི་རྩོད་གླེང་ཡིན་པའི་གནས་དོན་གསལ་པོ་བྱུང་བ་ཞིག་ཡིན།
གོང་གསལ་དོན་ཚན་བརྒྱད་པོ་འདི་དག་ཁོང་གལ་ཏེ་བཀའ་བློན་ཁྲི་པའི་སྐུབ་སྟེགས་སྟེང་ཕེབས་པ་ཡིན་ན་དེའི་སྐབས་ཀྱི་ཕྱག་ལས་དང་། དེ་བཞིན་དུ་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ལ་མ་ལྟོས་པར་ཁོང་ལ་སྔོན་འགྲོ་འོས་ཐོབ་པ་ཙམ་གྱིས་ཡོན་ཏན་འདི་དག་མཐོང་ཐུབ།
ཁ་བརྡ་ཚང་ལ་བརྡ་འདེད་ཡང་འདེད་བྱེད་སྟངས་དེས། ཧ་ལས་པའི་ཡ་མཚན་ཞིག་བྲིས་ཡོད་ཤག་གིས་སྒུག་བསྡད་ཡིན། ཡིན་རྒྱུ་ནི་འདི་རེད་འདུག བཀླགས་ཟིན། མཐོང་སྟངས་གཟིགས་སྟངས་མ་འདྲ་བ་ཞིག་འདུག
བཀའ་བློན་ཁྲི་པ་དེ་ཡོན་ཏན་ལ་མཐོང་འཇོག་མིན་གྱི་ངོས་ཐད་ནས་སྤྱི་ཚོགས་ཀྱིས་བལྟས་ཡོད་པར་བཤད་འདུག་ཀྱང་། ངས་དེ་ལ་ངོས་འཛིན་ཞུ་གི་མེད། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས།་དར་སྤེལ་གཏོང་དགོས་པ་ལས་འགན་གལ་ཆེ་ཤོས་ཤིག་ཡིན་པ་དེ་སུས་ཀྱང་ཁ་ནས་བཤད་ན་ལས་སླ་གི་རེད། ཡིན་ནའང་། སྲུང་སྐྱོབ་དར་སྤེལ་གྱི་དབུ་ཁྲིད་མཁན་དེས་གང་སྲུང་སྐྱོབ་དར་སྤེལ་དགོས་པའི་ཆོས་དང་རིག་གཞུང་དེ་ངོས་འཛིན་གསལ་པོ་ཞིག་ཡོང་བ་ལ། དེ་ཤེས་པའི་ངོས་འཛིན་ཅིག་སླེབས་དགོས་པ་རེད་འདོད། དེ་ལྟར་ན། བློ་སེང་དང་བཀྲས་མཐོང་གཉིས་ཀར་དམའ་མཐའ་མཐའ་ལ། བོད་ཡིག་འབྲི་ཀློག་རང་མགོ་ཐོན་པ་ཞིག་ཀྱང་ཡོད་པ་མ་རེད། གཞུང་ཞབས་དམའ་རིམ་པ་ཞིག་བསྡུ་བར་ཡང་། བོད་ཡིག་གི་ཡིག་ཚད་ཅིག་གཏོང་གི་ཡོད་པ་འདྲ། བཀའ་ཁྲི་བོད་ཡིག་མི་ཤེས་མཁན་རེ་སླེབས་དུས། དེ་ནས་རིག་གཞུང་གི་ཕྱོགས་ལ་རེ་བ་རྒྱག་ས་ཆེར་མཐོང་གི་མེད། ཆབ་སྲིད་འཁྲབ་པ་དང་སྒྲུབ་པ་གཉིས་ལ་མཉམ་དུ་མཉམ་དུ་འོ་ཙམ་ཡོང་འདོག་ཁ།
ཡང་ང་ཚོའི་སྒྱུ་མའི་ཨོ་བྷ་མ་བློ་བཟང་སེང་གེས་བཀའ་ཁྲིའི་རྐུབ་སྟེགས་ཁོ་ནའི་ཆེད་ཀ་རྡོ་སྒང་གསུམ་ཕྱིན་སྟེ་བོད་མི་དང་རྡ་སའི་བོད་མིར་དབར་ལ་ཕན་ཚུན་དཀྲུག་ཤིང་སྐད་ཆ་འགའ་བཤད་ཀྱི་འདུག དཔེར་ན་རྡ་རམ་ས་ལའི་བོད་མིས་ཀ་རྡོ་སྒང་གསུམ་གྱི་བོད་མིར་༼ཏ་རེ་ཏོ་རེ་༽ཆོ་མེད་རེད་ཞེས་བཤད་ཀྱི་ཡོད་ད་རེས་ཏ་རེ་ཏོ་རེ་བཤད་མཁན་ཞིག་བཀའ་ཁྲི་ལངས་ཡོད་ཅེས་བཤད་སོང་། གུས་པ་རྡ་སར་ལོ་ངོ་བཅོ་ལྔ་ལྷག་ཙམ་མི་ཚེ་བསྐྱལ་བ་ཡིན་ཡིན་ནའང་ཀ་རྡོ་སྒང་གསུམ་གྱི་བོད་མི་དེ་ཚོ་ཏ་རེ་ཏོ་རེ་རེད་ཞེས་པའི་སྐད་ཆ་ཞིག་རྣ་བར་རྩ་བ་ནས་ཐོས་མྱོང་མེད།
ང་ལ་དེ་སྔོན་སྐྱེ་མྱོང་ཚོར་བ་གསར་པ་ཞིག་བྱུང་། དེ་ནི་མི་ནག་མདུང་ཐུང་གི་རྩོམ་དེས་རྐྱེན་བྱས་པ་རེད། བཙན་བྱོལ་བའི་སྲིད་འཛིན་གྱི་འོས་འདྲན་ནང་དུ་འཛུལ་བའི་བློ་བཟང་དང་བཀྲས་མཐོང་གཉིས་ཀྱིས་བོད་ཡིག་སྦྱོར་ཀློག་རང་མགོ་ཐོན་པ་ཞིག་མི་ཤེས་ཞེས་བྲིས་འདུག དེ་དངོས་གནས་རེད་དམ། དེ་བདེན་པ་རེད་དམ། བོད་ཡིག་གི་ཚེ་སྲོག་གླེང་ལ་དགའ་ཞིང་། བོད་ཡིག་གི་ཚེ་སྲོག་སྐྱོབ་མཁན་དུ་རློམ་པའི་བཙན་བྱོལ་གཞུང་གི་གནས་བབས་མཐོ་ཤོས་དེ་བོད་ཡིག་ལ་མི་ལྟོས་པ་རེད་དམ། དེ་ལྟར་ན་བོད་ཡིག་ལ་འཁོར་ཡུག་མེད་ཅིང་ནུས་ཤུགས་མེད་པ་རེད། དེས་ན་བོད་ཡིག་སྦྱངས་ན་ཕན་ཐོགས་ཆེན་པོ་མེད་པ་དེ་བཙན་བྱོལ་གཞུང་གི་འགྲོ་སྟངས་ཤིག་ཏུ་ཆགས་པ་རེད། དྲྭ་གྲོགས་ཚོ་འདི་ནི་གླེང་དགོས་པའི་གནད་དོན་ཞིག་ཡིན་ལ། གླེང་ན་ཕན་ཐོགས་ཡོད་པའི་གནད་དོན་ཞིག་ཡིན། བོད་ཡིག་ལ་གནས་བབས་དགོས་ལ། འཁོར་ཡུག་དགོས། གཞུང་ངོས་ནས་བོད་ཡིག་ལ་མཐོང་ཆེན་དགོས་ལ་ཐོབ་ཐང་དགོས། དེ་ནི་བོད་ཡིག་གི་ཚེ་སྲོག་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་རེད། བོད་ཡིག་ལ་རིན་ཐང་དང་གོ་དབང་སྤྲད་ན་མི་དམངས་རང་ཤུགས་ཀྱིས་བོད་ཡིག་དགའ་ངེས་ཡིན། མི་དམངས་བོད་ཡིག་ལ་དགའ་ན་བོད་ཡིག་གིི་ཚེ་སྲོག་དང་གཟི་བརྗིད་དར་ངེས་ཡིན། བོད་ཡིག་ལ་རིན་ཐང་མེད་ལ་དེ་སྦྱང་ཀྱང་ཕན་ཐོགས་མེད་ན་རང་བཞིན་གྱིས་ནུབ་འགྲོ་བ་ཆོས་ཉིད་རེད། སྲུང་སྐྱོབ་དགོས་ཞེས་ཇི་ལྟར་བཤད་ཀྱང་ཞེ་འདོད་དང་ལག་ལེན་ཕྱི་ཅི་ལོག་ཏུ་སོང་ན་གནད་དོན་ངོས་དེ་སྟོང་དབྱིངས་སུ་ཡལ་རྒྱུ་ཉག་ཅིག་རེད། དེས་ན་བཙན་བྱོལ་གཞུང་གི་གནས་བབས་མཐོང་ཤོས་དེ་ཚོར་བོད་ཡིག་གི་ཤེས་ཡོན་མཐོན་པོ་ཡོད་པ་གཞིར་བཞག་པའི་སྟེང་ནས་དེང་དུས་ཀྱི་སྐད་ཡིག་སོགས་བྱང་ཆ་ཡོད་པ་ཞིག་དགོས་པ་རེད། དེ་ལྟར་མིན་པར་བཙན་བྱོལ་གཞུང་གི་གནས་བབས་མཐོ་ཤོས་དེར་སྙེག་ཐུབ་མིན་ཕྱི་རྒྱལ་གྱི་མཐོ་སློབ་དུ་སོང་མིན་དང་། སྐད་ཡིག་གཞན་ལ་མཁས་མིན་ཙམ་ལ་བལྟས་ན་བོད་ཡིག་གི་སྲོག་རྩ་ས་མཚམས་དེ་ནས་བཅད་པ་རེད། བོད་ཡིག་གི་ཚེ་སྲོག་སྤྲང་པོ་དང་ཕ་མ་རྒས་འཁོགས་མཉམ་དུ་ལྷག་པ་རེད། སྤྲང་པོ་དང་ཕ་མ་རྒན་འཁོགས་ལྷན་དུ་སྡོད་པའི་བཅའ་ངོས་དེ་གང་མགྱོགས་ཡལ་ངེས་ཡིན། དེས་ན་བཙན་བྱོལ་གཞུང་གི་ངོས་ནས་ངེས་པར་ལག་བསྟར་ཐུབ་དགོས་པ་ཞིག་ནི། མི་དམངས་ཀྱིས་དོ་སྣང་སྤྲོད་ཡུལ་དང་མི་དམངས་དང་ཞེན་ཆེ་བའི་ཡུལ་ཚང་མར་བོད་ཡིག་གི་ལམ་བུ་བརྒྱུད་ནས་འགྲོ་དགོས་པ་བཟོ་དགོས། མ་མཐའ་བོད་པའི་སློབ་ཕྲུག་ཚོ་ཕྱི་རྒྱལ་ལམ་ཡང་ན་རྒྱ་གར་ནང་གི་མཐོ་སློབ་ཆེ་ཁག་ཏུ་གཞུང་འབྲེལ་བརྒྱུད་ནས་འགྲོ་བཞིན་ཡོད་པ་དེ་ལའང་། བོད་ཡིག་ཤེས་ཡོན་ཆེན་པོ་ཡོད་པ་གཞིར་བཞག་ནས་རྒྱུགས་སྤྲོད་གཞན་ལ་ཨང་ཐོབ་ལེགས་པའི་སློབ་ཕྲུག་ཅིག་བདམ་དགོས་པ་རེད། དེ་ནི་མཚོན་ཙམ་རེད། མདོར་ན་བོད་ཡིག་གི་ཚེ་སྲོག་སྐྱོབ་དགོས་ན་བོད་ཡིག་ལ་རིན་ཐང་སྤྲད་དགོས། དེ་ནི་ཁོ་བོའི་བསམ་ཚུལ་གྱི་མཐའ་སྡོམ་ཡིན།
ངས་བཙན་བྱོལ་བོད་མི་དམངས་ཀྱིས་སྔོན་འགྲོའི་འོས་འདེམས་ནང་འདམས་ཐོན་བྱུང་བའིབཀའ་ཁྲིའི་འོས་མི་གསུམ་ལ་སྤྱི་ལོ་གསར་ཚེས་ལ་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཡིན་ན་འང་ད་བར་བཀའ་ཟུར་བཀྲས་མཐོང་གི་ངས་ཞབས་ཕྱི་ཞུས་པ་ཡིན་ང་ལ་ཉམས་མྱོང་ཡོད་གསུང་པ་མ་ཏོག་ངས་འདི་བྱེད་གི་ཡིན་ཟེར་ནས་ཚིག་ཅིག་གསུང་གི་མི་འདུག་། ངས་རི་ཟ་གི་ཡིན ངས་རྒྱ་མཚོ་ཐུང་གི་ཡིན་ཟེར་དགོས་དོན་ཡོད་པ་མ་རེད་། བཙན་བྱོལ་ནང་ཤེས་ཡོན་ཡར་རྒྱས་འདི་ནས་གཏོང་གི་ཡིན་ གཞི་ཆག་གཙོས་པའི་བོད་མི་དཀའ་ངལ་ཡོད་པ་དེ་་སེལ་གི་ཡིན རྩ་དོན་འཐབ་རྩོད་འདི་ནས་ཐུས་ཤོར་སོང་འདུག་ད་འདུག་སེ་བྱས་ནས་ཡར་རྒྱས་གཏོང་གི་ཡིན་ཟེར་ཡས་ཡོད་པ་རེད་། ང་ཚོ་བཙན་བྱོལ་བ་རེད་མཁས་ལེན་བྱས་ན་སྒྲུབ་ཐུབ་གི་མ་རེད་ཟེར་ནས་བསྡད་ན་བཙན་བྱོལ་གཞུང་བཙུགས་དགོས་ཡས་གི་རྒྱུ་ཚན་ཡོད་པ་མ་རེད་། ཐུབ་རུང་མ་ཐུབ་རུང་བོད་མི་ཚོས་བདེན་མཐའ་མ་སེལ་བར་བོད་མི་ཚོས་འཐབ་རྩོད་བྱེད་གི་ཡིན་ཟེར་གི་ཡོད་པ་རེད་དེ་ནང་བཞིན་རེད་།
བློ་བཟང་སེང་གེའི་སྐད་ཆ་དང་ཆ་གཞིར་གང་ཡིན་ཟུར་ཙམ་བཤད་ཡོང་དུས་བློ་ཕམ་དགོས་པའི་གནས་ཚུལ་ཐོན་ཡོང་གི་འདུག བཀའ་བློན་འབྲོང་ཆུང་དངོས་གྲུབ་ཟེར་བ་དེ་བདེ་སྲུང་བཀའ་བློན་ཡིན་པར་འདྲ། བདེ་སྲུང་ལས་ཁུངས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དུས་རྟག་ཏུ་ཚོགས་སྤྱི་ཁག་དང་མི་སྒེར་སྡོད་ཁང་བཅས་ཀྱི་ཐོག་ཏུ་དུས་ཆེན་མ་གཏོགས་དུས་རྟག་ཏུ་བོད་ཀྱི་རྒྱལ་དར་མ་འཛུགས་ཞེས་ལམ་སྟོན་གནང་ཡོད་རེད།
ཡིན་ནའང་བློ་བཟང་སེང་གེས་འབྲོང་ཆུང་དངོས་གྲུབ་ལྟ་བུ་བཀའ་བློན་སྐོས་བཞག་བྱེད་ཀྱི་ཡིན་ཞེས་དམིགས་སུ་བཀལ་ནས་ཀུན་གླེང་ལན་ཚན་ནང་དུ་གསུངས་ཡོད་རེད། བོད་རྒྱལ་ཁབ་ཀྱི་རྒྱལ་དར་མིག་ལ་སྡང་བའི་མི་ཞིག་ཨ་དང་པོར་སྡོམ་ཁ་བྱས་སྟངས་འདིར་བལྟས་ན་བློ་སེང་ཁོ་རང་ཡང་རྒྱལ་དར་གངས་སེང་ཁ་སྤྲོད་མིག་ལ་སྡང་བའི་མི་བུ་ཚོ་དང་བློ་ཁ་མཐུན་པའི་སྐྱེ་བོ་ཞིག་ཡིན་པར་འདྲ།
བློ་བཟང་སེང་གེའི་སྐད་ཆ་ནང་དུ་རྒྱ་མཁས་དབང་སྟོང་ཕྲག་ལྷག་ཐུག་འཕྲད་བྱས་མྱོང་ཡོད་རབས་དང་རྒྱ་ནག་དམར་པོའི་སྲིད་གཞུང་གི་ཚོགས་འདུས་ནང་དུ་གཏམ་བཤད་ཤུགས་ཆེན་བཤད་པས་རྐྱེན་གྱིས་བོད་ནང་དུ་ཕེབས་མ་ཐུབ་པར་ཁོ་རང་རང་གིས་གསུངས་བཞིན་འདུག བདེ་སྲུང་ལས་ཁུངས་ཀྱིས་རྒྱ་འཁྱོམ་༣༠༠ལྷག་གི་རྩོམ་ཡིག་ཡག་རབས་དང་རྒྱུན་རབས་བཤད་ནས་གཅེས་སྤྲོད་བྱས་བསྡད་ཡོད་རེད། གནད་དོན་འདི་ཚོ་སྤྱི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྟ་བ་དང་མཐུན་གྱི་མེད་ལ་མདོ་ཁམས་སྒང་དྲུག་ཡུལ་གྱི་མི་དམངས་ཀྱི་དམིགས་ཡུལ་དང་བསྒྲུབ་བྱ་བཅས་སུ་མཐུན་གྱི་མེད་པ་གསལ་པོ་རེད།
རྒྱ་གོང་ཁྲན་མཁས་རབས་དང་ཡག་རབས་རྩིས་ནས་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོའི་རྐུབ་ལ་རྒྱུགས་བསྡད་མཁན་དང་མིག་ནས་མཆི་མ་ཤོར་བསྡད་མཁན་མང་པོ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཡོང་མྱོང་ཡོད་པས་མཁས་དབང་བློ་སེང་ལགས་གསར་གཏོད་པ་དང་གསར་རྒྱུགས་པ་མ་རེད། རྒྱ་རྐུབ་རྒྱུགས་མཁན་མི་ཞིག་ལ་མདོ་ཁམས་སྒང་དྲུག་ཡུལ་གྱི་ཤི་གསོན་གཉིས་ཀྱིས་དགའ་གུས་མི་བྱེད་ལ་འོས་ཀྱང་སུ་གང་གི་སྤྲོད་མི་སྲིད།
ད་ལན་བཀའ་ཁྲིའི་འོས་བསྡུ་འདིར་ཕ་ཡུལ་གཅིག་མིན་དང་ལུང་ཚན་གཅིག་མིན་ཆོལ་ཁ་གཅིག་མིན་བཅས་ཀྱིས་ཕྱོགས་ཞེན་དོར་ནས་དྲང་བདེན་གྱིས་བོད་རྒྱལ་ཁབ་དང་བོད་ཀྱི་རྒྱལ་དར་བོད་མི་རིགས་ལ་ཕན་པའི་འོས་སྤྲད་དགོས་པའི་དུས་ཚོད་རེད། བློ་སེང་ཁམས་པ་རེད། ངས་ཤེས་ཀྱི་ཡོད།
ཡིན་ནའང་བློ་སེང་ལ་ཁམས་པའི་མི་བུའི་ཁྱད་ཆོས་སྤུ་ཙམ་མི་འདུག མ་ཟད་ཁམས་སྐད་ཚིག་གཅིག་ཀྱང་བརྒྱབ་ཤེས་ཀྱི་མེད་པར་འདྲ། དབུས་ཀྱི་སྐུ་དྲག་ཚོའི་དབུས་སྐད་ནང་བཞིན་པག་ལགས་ཀྱི་བཀའ་དང་ཨ་མ་ལགས་ཀྱི་གསུངས་རྡ་རམ་ས་ལའི་སྐུ་ཞེས་པ་ལྟར་བཞེས་ས་ཡག་པོ་བློ་སེང་མཆོག་བརྒྱབ་ཀྱི་འདུག གཏན་དཔེར། ཁམས་པ་དབུས་སྐད་བདེ་མོ་དེ། དབུས་པ་ལས་ཀྱང་སྡུག་པ་ཡོད། ཞེས་པ་ལྟར་མྱོང་བའི་ཐོག་ནས་གྲུབ། དྲ་གྲོགས་ཚོས་དཔྱོད་རོགས་ཞུ།
བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ནི་མོའོ་འི་དམར་ཤོག་བལྟ་བ་ཤུགས་ཆེན་པོ་འདུག་ ངས་མི་རབས་གསར་པ་ཞིག་བྱུང་ན་བསམ་ནས་ ང་རང་གི་སྔོན་འགྲོའི་འོས་ཀྱང་ཁོང་ལ་བླུགས་པ་ཡིན ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་གྲལ་རིམ་འཐབ་རྩོད་གཙོ་བོ་བྱེད་ཀྱི་འདུག་པས དེ་ནི་མང་གཙོའི་རྒྱལ་ཁབ་ནང་ཁྲིམས་འགལ་ཡིན་ རིགས་རྒྱུད་དབྱེ་ཆེད་དང་མཐོང་ཆུང་བྱས་པ་ནི་ང་རང་རྩ་བ་ནས་དགའ་པོ་མེད་ལ་ ང་རང་མོའོ་ལ་དགའ་པོ་མེད་ དམར་པོའི་བལྟ་བར་དགའ་པོ་མེད་ དེར་བརྟེན་ངའི་འོས་གཅིག་པོ་དེ་དངོས་གཞིའི་འོས་ཕེན་དུས་བསྟན་རྣམས་ལ་བླུགས་ཀྱི་ཡིན་
ངས་སྔོན་འགྲོ་ཡི་འོས་དེ་བསྟན་རྣམས་ལ་འཕུལ་བ་ཡིན་དེ་ནི་ཁོང་ལོ་མང་རིང་གཞུང་ཞབས་དང་བཀའ་ཁྲི་བར་ཕྱིན་ཚུལ་དང་བོད་ཀྱི་རྩ་དོན་གྱི་ལངས་ཕྱོགས་ཡང་རང་ཐག་རང་གཅོད་ཀྱི་ལྟ་ཚུལ་དེས་ཡིན། ད་ཆར་ཁོང་ལ་བོད་མི་སྤྱི་ཚོགས་སུ་རྩོད་
གླེང་ཡོད་པའི་གནས་ཚུལ་མང་དུ་ཐོན་ཡོང་གི་འདུག་ལ་ལྷག་པར་དུ་ཁོང་བཀའ་ཁྲི་སྐབས་སུ་ལྐོག་གསོད་ཀྱི་ཁོང་གི་ཚེ་སྲོག་
ལ་ཉེས་ཁ་ཡོད་ཚུལ་ཞིག་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཞིག་ནས་གསལ་པོ་གསུང་འདུག་པས་དེ་ནི་ཧ་ཀྱང་གི་གནས་ཚུལ་ཚབ་ཆེན་ཞིག་དང་གལ་སྲིད་ཁོང་མ་འོང་བཀའ་ཁྲིར་སླེབ་ན་ཉེས་ཁ་དེ་སླ་ཡང་ཡོང་ངེས་པས་བོད་སྤྱི་ཚོགས་ཆུང་ཆུང་འདིར་
ནང་ཁུལ་རྩོད་གླེང་དང་མི་གསོད་ལག་དམར་གྱི་བྱ་ངན་རིགས་ལ་ང་མི་དགའ། ད་ནས་ངའི་དེ་བློ་བཟང་སེང་གེར་འབུལ་རྒྱུ་
ཡིན།
བསྟན་རྣམ་ལ་དངུལ་གྱི་ནག་ཉེས་བཀལ་བ་ནི་རྩིས་ཀྱི་འགྲོ་ལྟངས་མི་ཤེས་མཁན་ཚོ་རེད། ཁོ་ཚོ་མང་ཆེ་བ་གྲ་བ་དང་གྲ་ལོགས་ཚོ་རེད། ཁོ་ཚོས་ཨང་རྩིས་བསླབས་མྱོང་ཡོད་པ་མ་རེད། བསྟན་རྣམ་ལ་དངུལ་འགྲོ་འོང་ཁ་མ་ཐུག་པ་ནི་བསྟན་རྣམ་གི་གཟི་བརྗེད་རེད། ཁོང་ལ་འཆར་གཞི་ཆེ་དྲག་ནས་ཡོང་དངུལ་གྱིས་མ་འདང་བ་རེད། འདི་བསྟན་རྣམ་གྱི་སྐྱོན་མ་རེད། གྲོས་ཚོགས་ནང་གི་བླ་རྒན་དང་རྒན་པོ་རྒན་མོ་ཚོའི་རྩིས་མ་ཤེས་བའི་སྐྱོན་རེད། དེང་སྐབས་ཡང་གྲོས་ཚོགས་ནང་རྒྱ་རོང་ཟླ་བ་ཚེ་རིང་སོགས་འགའ་ཤས་ཀྱི་མ་གཏོགས་རྩིས་ཁྲའི་འགྲོ་ལྟངས་ཤེས་མཁན་མི་འདུག
རྩིས་ཁྲའི་སྐོར་བཤད་སྐབས་བླ་རྒན་ཚོ་དང་རྒན་པོ་རྒན་མོ་མང་ཆེ་བ་གཉིད་ཁུག་ནས་བསྡད་ཡོད་པ་རེད། འདི་སྐྱོ་གནས་ཆེན་པོ་ཞིག་རེད། གྲ་སའི་ནང་རྩིས་ཀྱི་འགྲོ་ལྟངས་མི་ཤེས་ཙང་གྲ་ས་ན་ཕྱག་མཛོད་ཚོའི་ནང་དངུལ་ཟ་མཁན་མང་པོ་ཡོད་པ་རེད།
ངོ་མ་ཆབ་སྲིད་པ་ཟེར་བ་འདི་ཚོ་དགོད་བྲོ་བ་རེད། ཀུན་གླེང་གི་བགྲོ་གླེང་སྐབས་སུ་བསྟན་རྣམ་གྱིས་བོད་ལྭ་མ་གོན་པར་ནུབ་ཕྱོགས་ཀྱི་ལྭ་བ་གྱོན་་ནས་གསར་གཏོད་བསམ་བློ་ཡོད་མདོག་མདོག་གི་སྐད་ཆ་བཤད་པ་ནི་གཞོན་སྐྱེས་ཚོ་འགུགས་ཐབས་རེད། དེའི་རྗེས་སུ་བློ་སེང་གི་བོད་ལྭ་གོན་ནས་ཞེ་ས་མང་པོ་བརྒྱབས་པ་ནི་རྒན་པོ་ཚོ་འགུགས་ཐབས་དང་བློ་བདེ་ཐབས་རེད་། སང་ཉིན་བཀྲ་ཤེས་དབང་འདུས་ཀྱིས་ཡང་བོད་ལྭ་གོན་མདོག་ཁ་བོ་མ་རེད། གསར་གཏོན་གྱིས་ལས་ཀ་ལས་གི་ཡིན་ཟེར་གི་རེད། འདི་དག་ཚང་མ་མགོ་སྐོར་རེད་ཡ། མགོ་སྐོར་རེད། རྫུན་མ་རེད། མི་མང་ཚོ་སྙིང་རྗེ།
སྐུ་དྲག་གི་རྒྱུད་པ་བཀའ་ཁྲིར་བསྡད་མི་ཆོག་ཅེས་པ་ནི་གུང་ཁྲན་ཏང་གི་སྐད་ཆ་ཞིག་རེད། ང་སྐུ་དྲག་གི་རྒྱུད་མིན་ཀྱང་གྲོང་དྲག་གི་རྒྱུད་པ་ཡིན་པར་བརྟེན་ཆུང་ངུའི་དུས་སུ་ཕྲུ་གུ་འདྲ་འདྲའི་ནང་ནས་ཉེས་གདུང་མང་པོ་འཁེལ་མྱོང་། ངའི་ཕ་མ་གཉིས་ལ་ཉིན་ལྟར་འཐབ་འཛིངས་གཏོང་གི་རེད། ང་ཚོར་གྲོང་པ་གཞན་དང་འདྲ་བའི་ཐོབ་སྟངས་མེད། གྲལ་རིམ་འཐབ་རྩོད་དེའི་འོག་ལ་དངོས་གནས་སྡུག་པོ་མྱང་བ་ཡིན། ད་ཆ་ཡང་བསྐྱར་མང་གཙོའི་ལུང་པའི་ནང་དུ་་གནས་ཚུལ་དེ་ཚོ་བསྐྱར་གླེང་བྱེད་ཀྱི་འདུག་པར་མི་དེ་ཚོའི་ལུས་པོ་མང་གཙོའི་ལུང་པར་གནས་ཀྱང་སེམས་པ་མའོ་ལྟ་བ་བློས་མ་མཐོང་བ་དེ་འདྲ་གང་རེད།
རང་སྲིད་རང་སྐྱོང་རྩོད་མཁན་ཚོར་རྒྱལ་དར་ཞིག་དང་རྒྱལ་གླུ་ཞིག་དགོས་ཀི་འདུག་གེ རྒྱལ་དར་དང་རྒྱལ་གླུས་རང་བཙན་མཚོན་པ་མ་གཏོགས་རང་སྲིད་རང་སྐྱོང་མཚོན་ཨེ་ཐུབ། ཨ་རི་ཡིན་ན་མངའ་སྡེ་རེ་རེར་དར་ཆ་རེ་ཡོད་ཀྱང་དེ་ལ་རྒྱལ་དར་མི་ཟེར་བར་ཞིང་ཆེན་གྱི་དར་ཆའམ་མངའ་སྡེའི་དར་ཆ་ཟེར་བ་རེད། ངས་ནི་རང་སྲིད་རང་སྐྱོང་རྩོད་མཁན་ཚོས་རྒྱལ་དར་འཕྱར་རྒྱལ་གླུ་བཏང་བ་དེ་ལས་དགོད་བྲོ་བ་ཞིག་མཐོང་མི་འདུག ཤ་ཟ་གི་ཡིན་ཟེར་ནས་རྩམ་པ་སློང་བ་འདྲ་བོ་མི་འདུག་གེ རང་བཙན་རྩོད་མཁན་ཡིན་ན་གནས་ཚུལ་རྦད་དེ་ལོགས་ཀ་རེད། རྒྱ་ནག་གིས་བོད་པ་ཚོར་རྒྱལ་དར་འཕྱར་སོང་རྒྱལ་གླུ་བཏང་སོང་ཟེར་ནས་ཉེས་ཆད་གཅོད་པ་དེ་ཡང་རང་སྲིད་རང་སྐྱོང་ལ་སྐྲག་པ་མིན་པར་རང་བཙན་ལ་སྐྲག་པ་མ་རེད་པས། ང་ངོ་མ་མགོ་འཐོམས་སོང་།
རང་སྲིད་རང་སྐྱོང་རྩོད་བཞིན་རྒྱལ་གླུ་ལེན། །
རང་སྲིད་རང་སྐྱོང་རྩོད་བཞིན་རྒྱལ་དར་འཕྱར། །
རྒྱ་ནག་གཞུང་ཡང་འདི་ལ་མགོ་འཐོམས་ནས། །
ག་དུས་ཡིན་ཡང་སྒོ་མོ་བརྒྱབ་ནས་སྡོད། །
དགའ་བོ་དང་བརྩེ་གདུང་ཞེས་པ་དེ་ནང་བཞིན་རེད་ བུ་མོ་སྙིང་རྗེ་པོ་འདུག་ཅེས་ཡིད་དབང་འཕྲོག་པ་དེ་གཅིག་རེད་ ཆང་ས་རྒྱབ་ཚར་རྗེས་དཀའ་ངལ་གདོང་ལེན་བྱེད་ཡག་དེ་ལོགས་ཀ་རེད་ ད་ལྟ་བོད་ཀྱི་གནས་སྟངས་འདི་ལ་ཨ་མ་རྒན་ཞིག་དགོས་གལ་ཆེ་བ་ལས་གནའ་མ་གསར་བ་ཞིག་མི་དགོས་ གནའ་མ་གསར་བ་དེས་ཕོ་གསར་གཞན་དང་འཁྲུག་པ་ཡིན་ན་རྙོག་ཁྲ་ཆེན་པོ་རེད་
བོད་མི་ཚོ། ངས་ནི་བློ་སེང་ལ་སྔོན་འགྲོའི་འོས་བླུགས་པ་ཡིན་ལ་དངོས་གཞིའི་འོས་ཡང་ཁོང་ལ་བླུགས་ཀྱི་ཡིན་ གང་ཡིན་ཟེར་ན་ཁོང་ནི་རང་བཞིན་གྱི་རང་ཚུགས་བརྟན་ལ་སྤྱི་སེམས་ཆེ་བ། དེང་རབས་ཀྱི་ཤེས་ཡོན་ལྡན་པ་མ་ཟད་ ཁྲིམས་ལ་སློབ་སྦྱོང་ཆེ་བ་སོགས་ཀྱི་ཆ་རྐྱེན་ལྡན་པས་ཡིན་ མང་གཙོའི་ཀ་བ་གསུམ་ཡང་དེའི་ནང་ཚུད་ཡོད་པས་དེང་རབས་ཀྱི་ཤེས་ཡོན་ནི་ཉམས་མྱོང་ལས་གལ་ཆེ་བར་ཐོངས། བཀྲས་ཐོངས་ནི་གཞུང་དངུལ་ལྐོག་་ཟ་གང་ལྟར་ཡང་ནང་མིའི་དོན་གནད་ཞིག་གི་ཆེད་བོད་མི་ས་ཡ་དྲུག་གི་བདེ་སྡུག་སྐྱུར་ནས་ཨ་རིར་བྲོས་བྱོལ་དུ་ཕྱིན་པ་ཁོ་རང་སྒེར་གྱི་ཁས་ལེན་བྱས་པ་རེད་ དེ་ནི་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བ་རེད་ དེ་སོང་ཙང་མ་འོངས་པར་གལ་སྲིད་བཀའ་ཁྲིར་སླེབས་ཚེ་དེ་ལྟ་བུའི་བྱེད་སྟངས་མི་བྱེད་པ་སུས་ཀྱང་ཁས་ལེན་དཀའ།
ནའ་ལོངས་ཚང་ཕུན་ཚོགས་ཕའ་རན་སི་ལ་ཆེད་དོན། ཁྱེད་རང་རི་བོང་གནམ་བརྡིབ་ཀྱི་སེམས་ཁྲལ་མ་བྱེད། བོད་ཀྱི་གཏམ་དཔེར། ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་ཨ། །རྡོ་ཆུང་ཆུང་ལྷག་པས་ཁྱེར་དོགས་མེད། །ཅེས་པ་ལྟར་བཀྲས་མཐོང་ལ་ཁྱེད་ཀྱི་འོས་ཤོག་ནག་ནོག་ཅན་དེ་དགོས་ཡས་ཡོད་པ་མ་རེད། ཁྱེད་རང་གིས་ཡིད་ཆེས་མེད་ཀྱང་རྒྱ་ཆེའི་བོད་མི་དམངས་ཀྱིས་ཡིད་ཆེས་བྱེད་ཀྱི་རེད།
སྐུ་མཁྱེན་གསུང་མཁྱེན། བོད་ཡིག་ཐོག་ནས་བོད་མིང་ཞིག་འབྲི་གནང་རོགས། BBC ལགས།
ད་དུང་དེས་མི་ཚད་པའི་བཀྲས་མཐོང་ལ་འོས་བླུགས་འདོད་དང་རྒྱབ་སྐྱོར་བྱེད་འདོད་འདུག་ནས་བོད་ཀྱི་མང་ཚོགས་ངོས་ནས་ཁོང་ལ་དོགས་གཞི་ཡོད་པ་དེ་དག་ལ་ལུང་རིགས་རྣམ་དག་ཐོག་ནས་ཕྱི་གསལ་ནང་གསལ་གྱི་གསལ་བཤད་སྤུས་དག་དེ་འདྲ་ཁྱེར་ཤོག དེ་ལས་གཞན་ཚིག་ངན་ཇི་ཙམ་བརྡུང་ཡང་ཕན་པ་ཏིལ་འབྲུ་ཙམ་མེད་གོ་ཨེ་བྱུང་།
ང་ཡང་ཁོང་ལ་གུས་ཞབས་ཡོད་གང་ཡིན་ཞེ་ནས་འདས་པའི་ཆར་གཞུང་གི་ཕྱག་ལས་མ་པོ་གནས་ཡོད་པས་སོ།
ཁྲི་སྲོང་ལྡེའུ་བཙན་ཉག་ཕྲན་མདའ་མོས་བཀྲོངས།།
བཻ་རོ་ཙཱ་ན་རྒྱལ་མོ་ཚ་རོང་བསྐྱུགས།།
དགེ་འདུན་ཆོས་འཕེལ་བཙོན་ཁང་སྦུག་ཏུ་བསད།།
བོད་མིའི་ཕྲག་དོག་བཤད་ན་ཟད་མཐའ་མེད།།
ཨ་འབྲུག་མགོན་པོ་བསམ་འགྲུབ་ལི་ཐང་རེད།།
དཔའ་བོ་རོང་ཆེན་ཨ་གྲགས་ལི་ཐང་རེད།།
མཁས་དབང་བློ་བཟང་སེང་གེ་ལི་ཐང་རེད།།
དུས་ཀྱི་ཁུག་སོ་རེ་ན་ལི་ཐང་རེ།།
གོ་ཕྲུག་ལགས་ མཁས་དབང་དགེ་འདུན་ཆོས་འཕེལ་བཙོན་ཁང་ནང་ལ་བསད་པ་མ་རེད་ད་
ཕྲག་དོག་མེད་པའི་མི་རིགས་གང་དུ་ཡོད་
རོང་ཆེན་ཨ་གྲགས་དངོས་གནས་དཔའ་བོ་རེད
དགོན་པོ་བཀྲིས་བྲོས་པའི་དཔའ་བོ་རེད་
བློ་བཟང་སེང་གེ་ད་ལྟ་མི་ཤེས་སོ་
xxxxxxxxxxxxx་
བློ་བཟང་སེང་གེར་དམིགས་བསལ་གཉིས་ཡོད་རེད། སློབ་གྲྭར་གྲགས་ཅན་དུ་སློབ་མཐར་ལེགས་པར་ཕྱིན་པ་དང་གཅིག སྨྲ་ལྕེ་མཁས་པོ་ཡོད་པ་དང་གཉིས་རེད། དེ་ལྷག་དམིགས་བསལ་མང་པོ་མི་འདུག རྒྱུ་མཚན་འདི་གཉིས་གཙོ་བོ་རེད། གང་ལྟར་འདིར་ཁོང་ལ་འོས་བླུགས་ཐུབ་མིན་གྱི་དོགས་པ་བྱེད་དོན་གཙོ་བོ། ཁོ་ཡང་འཇུ་ཆེན་དང་ཨ་ཐར་ནང་བཞིན་བོད་གཞུང་འབངས་གཉིས་ཀྱི་གློ་སྙིང་ཀ་གཏད་ནས་། གནད་ཡོད་ཀྱི་ལས་སྣེ་མང་པོར་བསྐོས་པའི་མཐའ་མར་རྒྱ་དགའ་བོད་སྡུག་ལས་ཀ་བྱས་ཏེ། ཡིད་ཆེས་ཁྲེལ་མེད་བྱས་ཏེ་ཡིད་ཆེས་རྩ་རླག་ཏུ་བཏང་ཡོད་ཙང་། བློ་བཟང་སེང་གེས་ཀྱང་དེ་ལྟར་བོད་གཞུང་དམངས་གཉིས་བསླུ་མི་སྲིད་པའི་ཡིད་ཆེས་བྱེད་ཐུབ་ཀི་མེད་རེད། སྤྱིར་བློ་བཟང་ལ་གོང་གི་མི་སྣ་དེ་དག་ལ་ལྟོས་ན་དེང་རབས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པོ་ཡོད་པ་བདེན་པ་རེད། འདི་ཙམ་གྱིས་ཐོག་ནས་ཁོང་གི་ནང་རོལ་གྱི་མི་གཤིས་དེ་ཤེས་ཁག་པོ་རེད།
གོ་ཕྲུག་ར་བུ་མ་རེད་ར་འབུ་རེད།།
ཁྲི་སྲོང་ལྡེའུ་བཙན་བཀྲོངས་བ་རྫུན་པ་རེད།།
དགེ་འདུན་ཆོས་འཕེལ་བསད་པ་དེ་ལས་རྫུན།།
བོད་པའི་མ་ཤེས་ཤེས་ཁུལ་ཟད་མཐའ་མེད།།
འབའ་ལི་ཐང་ཇག་པ་རྐུན་མ་རེད།།
ཟེར་མི་ཉན་སྐྱབས་མགོན་ཁྲུངས་ས་རེད།།
ཕོ་བློ་སེང་རྫུན་གྱི་རྐྱལ་བ་རེད།།
ཟེར་མི་ཉན་ཧར་ཝར་སློབ་ཆེན་རེད།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱངས་ལ་མི་འགྲོ།
ལི་ཐང་སྐོར་ནས་སླེབས་ཡོང་།།
རྒྱལ་དབང་སྐུ་ཕྲེང་དྲུག་པའི་གསུང་།
ཁོ་བའི་མིང་ལ་གོ་ཕྲུག་ལབ་ན་མངི་དོན་མཚུངས་པ་ཞིག་ཡོང་གི་མི་འདུག མིང་དོན་མཚུངས་པའི་མིང་ནི་ཁྱི་ཕྲུག་ཞེས་བརྗོད་ན་འཚམས་པོ་འདུག ངས་ཁོང་ལ་ཁྱི་ཕྲུག་འཁྲམ་པ་ཞེས་འབོད་རྒྱུ་ཡིན། ཁོ་རེ་ཁྱི་ཕྲུག་འཁྲམ་པར་ཁྱེད་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ལྐོག་ཟ་བྱས་པའི་དོགས་པ་ད་དུང་ཡོད་ན་ བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ ཉིན་གསར་ཤོག་འདི་ཀློགས་དང་དེའི་རྩིས་ཁྲ་གཙང་བྱུང་ཞེས་གསལ་པོ་བྲིས་འདུག ཨ་རོགས་ད་སྤྲང་ཁྱི་ལྟོ་སྐད་མི་བརྒྱབ་རོགས།
གོ་ཕྲུག་རྭ་བུས་ཟི་ཟིར་གཏམ་འཆལ་གླེང། །
ཁྲི་སྲོང་མདའ་ཡིས་བཀྲོངས་པའི་ལོ་རྒྱུས་མེད། །
དགེ་ཆོས་བཙོན་སྦུག་བསད་པའི་བྱུང་བ་མེད། །
བཻ་རོ་ཚ་རོང་སྤྱུགས་ལ་བདེན་ཆ་ཙམ །
རོང་ཆེན་ཨ་གྲགས་དོན་ལ་དཔའ་བོ་རེད། །
ཨ་འབྲུག་མགོན་བཀྲ་ས་བཏང་བྲོས་བྱྲོལ་བའི། །
ྭཝ་བྲོས་མཁན་གྱི་ཤིང་རྟའི་སྲོལ་འབྱེད་རེད། །
བློ་སེང་སྒྱུ་མའི་རྒྱ་ནག་ཨོ་བྷ་རེད། །
ལི་ཐང་ཨ་ཐར་རྒྱལ་འཚོང་བསྟན་དགྲ་རེད། །
གོ་ཕྲུག་རྭ་བུ་རྒྱ་རབས་དགག་གཞི་རེད། །
གོ་ཕྲུག་རྭ་བུ་ལོ་རྒྱུས་སྟོང་གཞི་རེད། །
གོ་ཕྲུག་རྭ་བུ་མ་ཤེས་ཀུན་འཛོམས་རེད། །
མ་ཤེས་ཤེས་ཁུལ་གླེན་པའི་ཁྱད་ཆོས་དང་། །
ཤེས་ནས་ཁེངས་སྐྱུང་མཁས་པའི་ཆེ་རྟགས་རེད། །
ད་ནས་བཟུང་སྟེ་གླེན་རྟགས་མ་སྟོན་ཞིག །
ང་བློ་སེང་ལ་ཞུ་རྒྱུ་ ༡ རང་ཡིན། ཁྱེད་ཕྲན་བུའི་སྔ་དྲག་མ་སོང་ངམ། དཔེ་ན་རྒྱ་གར་རྒྱལ་ཁབ་འགྲོ་སྟངས་ལ་བལྟས་་ཁོང་ཚོའི་མི་སེར་ནང་མཁས་པ་ཁྱེད་ལས་ལྷག་མང་པོ་ཡོད་ཀྱང་མཐའ་མ་སྲིད་འཛིན་མི་རྒན་པ་ཞིག་འདེམས་དགོས་དོན་གང་ཡིན་ནམ།
རྣམ་པ་ཚོའི་་གོང་དུ་བསྟོད་མི་ཤེས་པར་བསྟོད་པ་ཕུལ་མཁན་དང་འགའ་ཞིག་གིས་སྨད་མི་ཤེས་པར་སྨད་ར་བཏང་ཚོའི་སེམས་ལ་བཞག་དགོས་པ་ནི།
བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་གི་མི་སྣ་གལ་ཆེན་མཁས་དབང་དགེ་ཆོས་ལྟ་བུ་དང་།
ཨ་འབྲུག་མགོན་པོ་བཀྲ་ཤིས།
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་སོགས་ལ་སྨད་འབོད་བྱས་པ་ནི་མིག་ལྡན་བོད་མི་སུས་ཀྱང་དགའ་བསུ་མི་ཞུ།
ཐུགས་རྗེ་གཟིགས།
BBCལགས་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་ཝྭ་བྲོས་མཁན་གྱི་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཝྭ་མོ་དེ་སུ་རེད་དམ།
ཅོ་རི་ཉི་མ་ལགས་སུ་ཆེད་ཞུ། ཝ་བྲོས་ཞེས་པ་རང་ས་བཏང་ནས་བྲོས་བྱོལ་ལ་ཕྱིན་པའི་དམག་མི་ལ་ཟེར་སྲོལ་གྱི་གཏམ་ཞིག་རེད། དམག་དཔོན་གྱིས་དམག་ཕམ་ཏེ་བྲོས་བྱོལ་ཕྱིན་ན་དེ་ལྟར་འབོད་སྲོལ་ཡོད། ཨ་འབྲུག་སོགས་ཀྱིས་སྤྱི་ལོ་1957 ལོ་མཇུག་ཡས་མས་ནས་རང་གི་ཕ་ཡུལ་གྱི་ས་བཏང་ནས་ལྷ་སར་མི་སེར་ཁྱོན་ཆེ་བྲོས་བྱོལ་བ་སླེབས་པར་གོ །
BBCལགས་མཐོ་༧གོང་ས་མཆོག་ནས་དམའ་བོད་མི་བཙན་བྱོལ་བ་ཚང་མ་བྲོས་ནས་རྒྱ་གར་བསླེབས་པར་ཝ་བྲོས་མི་ཟེར་ཞིང་ཆུ་སྒང་གི་དམག་མི་རྣམས་ལབ་ཀྱི་ཡིན་པས། ཝ་བྲོས་སྲོལ་འབྱེད་ཨ་འབྲུག་མགོན་བཀྲ་རེད་གསུངས་མཁན་ཁྱོད་རང་རེད། ངའི་དྲི་བ། བྲོས་འགྲོ་མཁན་ཝ་མོ་དེ་སུ་རེད་དམ།།།།།།།།།།།།།།།།།།།།།།།།།
ལན་འཁྲམ་པ་དེ་འདྲ་རྒྱབ་ཡོང་ཨ།
བྲོས་པ་ཐམས་ཅད་ཝ་བྲོས་མ་ེརད། དམག་ཁས་བླངས། མདུང་སྐེད་པར་གཟེར་ཏེ་བྲོས་པའི་དམག་མི་ལ་ཝ་བྲོས་ཟེར།
ཨ་མདོ་དགེ་ཆོས་ལགས་ཀྱིས་སྤོམ་མདའ་རབས་སྒས་མངགས་པ་ལྟར་རྒྱ་གར་ནས་འབྲུག་རྒྱུད་མོན་རྟ་དབང་
ལ་ཕེབས་ཏེ་རྒྱ་བོད་བར་གྱི་ས་ཁྲ་བྲིས དེ་ནས་ལྷ་སར་ཕེབས་ནས་ས་ཁྲ་རྒྱ་གར་ཀ་ལོན་སྦུག་དུ་སྤོམ་མདའ་རབས་སྒར་བཀུར་ ཀ་ལོན་སྦུག་དུ་ཡོད་
པའི་སྤོམ་མདའ་རབས་སྒའི་ཚོགས་པ་དེའི་འགྲོ་སོང་ནན་ཅིང་གོ་མིང་ཏང་ནས་གཏང་གི་ཡོད་པ་སོགས་
དབྱིན་ཇིས་ཤེས་ཏེ་སྤོམ་མདའ་རབས་སྒ་རྒྱ་གར་ནས་ཕྱེར་བུད་བྱས་ དགེ་ཆོས་ལགས་ཀྱང་ཚོགས་པ་དེའི་ཚོགས་མི་རེད་ དུས་མཚུངས་ཨ་མདོ་དགེ་ཆོས་ལགས་ལྷ་སར་བོད་གཞུང་ནས་ྲརྒྱ་ལོར་འཛུན་བཟོ་བྱས་པ་ཟེར་ནས་འཛིན་་བཟུང་བྱས་པ་སོགས་་ལོ་རྒྱུས་ཀྱི་ནང་ནས་ཐུང་ཐུང་དེ་ཞིབ་འཇུག་ཡོང་བ་ཞུ དེ་དངོས་གནས་ཡིན་ན་
ང་རང་བརྒྱ་ཆ་བརྒྱ་བོད་པ་ཡིན་པའི་ཆ་ནས་རྒྱ་མ་བོད་ཀྱི་གནང་གཏང་དེ་ལ་རྩ་བ་ནས་མི་དགའ
དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ། ཚང་མས་བོད་ཀྱི་བདེན་དོན་ཆེད་བོད་ཀྱི་སྲིད་དོན་བསྐྱར་ཞིབ་པའི་དཔྱད་གཏམ་ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་པའི་དབྱིན་ཡིག་ངོ་མ་ལ་གཟིགས་དང། དེ་མིན་གོང་གི་བསྒྱུར་ཡིག་ལ་གཟིགས་ཀྱང་འཐུས། ཡག་པོ་བྱས་ཏེ་ཐེངས་འགའ་ཀློགས་དང་། ལྟད་མོ་ཆེན་པོ་འདིའི་ནང་འདུག་ལ་གནད་འགག་ཀྱང་ཤིན་ཏུ་ཆེན་པོ་འདུག འདི་ཆབ་སྲིད་ཀྱ་ིལྟ་ཚུལ་གཙོར་བཟུང་གི་ཡིག་ཆ་ཞིག་ཡིན་སྟབས་གོ་ཅུང་དཀའ་བ་དང་སྙན་པོ་མེད་ཀྱང་སྲིད། འོན་ཀྱང་གནད་དགག་འདུག བགྲོ་བགླེང་མང་ཙམ་གནང་རོགས། མཁྱེན་ལྡན་རྣམ་པ་ཚོ། རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གདོན་མི་ཟ། ལྷག་དོན་འགྱུར་གྱི་ཆུ་ཚད་ལའང་དཔྱད་དགོས་པ་གལ་ཆེ། འགྱུར་འདི་རིགས་མང་ཙམ་ཐོན་དགོས་པར་སྙམ། འགྱུར་གྱི་མཇུག་ཏུ་སྒྱུར་མཁན་གྱིས་ཁེངས་སྐྱུངས་གནང་འདུག་པས་དཔྱད་པ་གཏོང་རྒྱུ་གལ་ཆེ།
བསྟན་སྲུང་དང་བླང་དམག་ཚོ་ཝ་བྲོས་རྒྱག་མཁན་དང་པོ་རེད། ངའི་ཕ་ཡུལ་གྱི་མི་དེ་ཚོ་ལྐུགས་པ་ལྐུགས་ནག་རེད།
BBC མཆན་ཨང་ ༣༠ དེ་བདེན་པར་མཐོང་། ངའི་ཕ་ཡུལ་གྱི་མིའི་བསམ་བློ་གཏོང་སྟངས་ལྟར་བྱས་ན། རྒྱ་གར་ལ་སྐྱབས་བཅོལ་ཏུ་ཕྱིན་པ་རྣམས་ཝ་བྲོས་བརྒྱབ་པ་ཡིན་ད་ཡིན། དགྲ་འཇིགས་ཆེན་གྱིས་དེད་ཡོང་ན་བོའུ་ཁ་རེ་ཁེ་རུ་རེ་མ་བརྒྱབ་རང་བརྒྱབ་རེད། དམག་ཆ་ངེ་ཆུང་ངེ་རེ་མ་བརྒྱབ་ན་བྲོས་ལམ་ག་ནས་རྙེད།
༧རྒྱལ་བ་རིན་པོ་ཆེ་སྐུ་འཁོར་བསྟན་སྲིད་ཀྱི་ཆེད་དུ་གནས་སྐབས་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། དེ་ཡང་གཙོ་བོ་གཞུང་གི་མི་སྣ་གལ་ཆེན་ཁག་དང་གཞུང་དམག་གིས་གདན་འདྲེན་ཞུས་པ་རེད། བསྟན་སྲུང་དྭངས་བླང་དམག་གིས་ཀྱང་གནད་ས་རྣམས་བསྲུང་ནས་གཅིག་བྱས་ན་ཕན་ཏན་ཏན་ཐོགས་ཡོད་རྒྱུ་རེད་འདོད། ཡིན་ནའང་། དམག་ཁག་འགའ་རེ་༧རྒྱལ་བའི་སྐུ་འཁྲིས་ལ་བཅར་བར་བརྩོན་ནས་ཐུགས་བསུན་ཡང་ཅུང་བཟོས་ཡོད་པ་འདྲ།
ད་བསམ་ཞིང་བསམས་ན་སྐྱོ་བ་སྐྱེ་ཞིང་ངོ་ཚ་དགོས་པ་ཞིག་ནི། བསྟན་སྲུང་དྭངས་བླང་དམག་ཟེར་བ་དེ་ཚོས་མི་མང་བསྲུང་ནས་རྗེས་སུ་སྡོད་དགོས་པ་དེ་ལྟར་ཡང་། དེ་ལས་ལྡོག་སྟེ་སྐུ་མདུན་གྱི་སྐུ་རྗེས་ལ་སྔ་བ་གསུམ་གྱི་སྔོན་མ་བྱས་ནས་ཝ་བྲོས་བརྒྱབ་ཕྱིན་པ་རེད། གཞུང་དམག་ལ་མཚོན་ན་དེ་ལས་དྲག་ཙམ་འདུག ཁོ་ཚོ་བསྟན་སྲུང་དྭངས་བླང་དམག་གི་རྗེས་ཙམ་ལ་ཝ་བྲོས་བརྒྱབ་འདུག
དེ་ནས་རྒྱ་དམར་ལ་འཇིགས་སྣང་དང་། བསྟན་སྲུང་དང་བླང་དམག་དང་དམག་བརྫུས་རྣམས་ཀྱི་འཕྲོག་བཅོམ་དང་བརྙས་བཅོས། མཐོང་ཆུང་གཟེད་ཚར་བའི་མི་མང་དཀྱུས་མ་རྣམས་ཨ་ཆད་འུ་ཐུག་གིས་ཤོར་མའམ་བྲོས་མ་སྔུན་མ་རྣམས་ཀྱི་རྟ་ཡི་རྟུ་ལུ་སྒྲུག་བཞིན་དཀའ་བ་བརྒྱ་ཕྲག་གིས་སྐྱབས་བཅོལ་ལ་ཡོང་དགོས་ཐུག་པ་རེད།
བསྟན་སྲུང་དྭངས་བླང་དམག་ཟེར་བ་དེ་ཚོ་དེ་སྔོན་ལྷ་སར་ཡོད་པ་འགའ་རེ་མ་གཏོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟས་ནའང་ཡག་རྒྱུ་ཅང་མི་འདུག ཕ་ཡུལ་དང་། ཕ་མ་སྤུན་མཆེད། མཁར་དབང་། རྒྱུ་ནོར་ལོངས་སྤྱོད་ཚང་མ་ཙུ་གུ་ཙུག་ཚང་ནས་བྲོས་པ་བཞིན་ཤུལ་དུ་བཞག་ནས། དམག་རྒྱག་བཞིན། ཝ་བྲོས་རྒྱག་བཞིན་ལྷ་སར་འབྱོར་བ་རྐྱང་རེད་མི་འདུག་གམ། བསམ་ཡོད་ཞིག་གིས་བལྟས་ན། ལྷོ་ཁ་ནས་དམག་རྒྱག་སྐབས་ཀྱང་འུ་ཐུག་ན་ཝ་བྲོས་རྒྱག་རྒྱུ་ཡིན་པ་དེ་སྔོན་མའི་ལོ་རྒྱུས་ཀྱིས་ལུང་བསྟན་བརྒྱབ་ཚར་ཡོད་པ་རེད་དེ་སུ་གང་གིས་དེ་དོན་རྟོགས་མི་འདུག མཐའ་མཇུག་བསམ་བློ་རེ་བཏང་ན་ཝ་བྲོས་བརྒྱབ་ཤེས་པ་དེ་ཡག་པོ་རེད་བསམས། སྤྱང་པོ་རེད་བསམས། རང་གཞན་མང་པོ་ཞིག་སྲོག་མགོ་ཐོན་པ་རེད།
ངའི་ཕ་ཡུལ་ན། མི་སྤྱང་པོ་དང་ཝ་བྲོས་རྒྱག་ཤེས་མཁན་མ་བྱུང་བས་ཕོ་སྐྱེ་ཕལ་ཆེ་བ་དགྲ་བོའི་མཚོན་འོག་ཤི་རེད། དེ་ཡང་མཐར་དེད་ན་འོག་གི་གཏམ་དཔེ་འདི་དག་ལ་ཐུག་འདུག་པས་སྐྱོ་བ་ལ་སྐྱོ་ཚོད་མི་འདུག
གཏམ་དཔེར། ཝ་རྔ་མ་ཤ་ལེར་འབྲོ་བ་ལས་སྟག་འཛུམ་དྲུག་ཤ་ལེར་ཤི་བ་དགའ་ཟེར་དཔེ། དམག་འཁྲུག་སྐབས་རང་ས་དཀར་མོ་བཞག་ནས་འབྲོ་ས་ཡོད་པ་མ་རེད་ཟེར་དཔེ། རང་ས་དཀར་མོ་དེ་སྐྱེ་ས་ཡིན་ར་ཤི་ས་ར་ཡིན་ཟེར་དཔེ། རང་ས་དཀར་མོའི་ཆེད་དུ་ཕོ་ཤུལ་བཅད་ནས་མོ་ཤུལ་ལ་ཐུག་འཇུག་ཟེར་དཔེ། གཏམ་དཔེ་འདི་དག་གིས་བཞག་པའི་བག་ཆགས་འཐུག་པོ་ཞིག་ལ་བརྟེན་ནས་ངའི་ཕ་ཡུལ་གྱི་ཕོ་སྐྱེས་ཕལ་ཆེ་བ་རྒྱ་ལ་དམག་བརྒྱབ་ནས་ཤི་བ་རེད། དམག་མ་བརྒྱབ་སྔོན། རང་གི་རྩག་པ་ཕུད། གཅེར་རུར་ཕྱུང་འཆི་ཐག་བཅད་དེ། འགའ་རེ་དགྲ་བོའི་བོའུ་མགོར་རྒྱུགས་པ་སོགས་རེ་རེ་བཞིན་བྱས་ནས་ལྐུགས་རྟགས་སྟོན་བཞིན་ཤི་བ་རེད། གཅིག་གི་ལོ་རྒྱུས་གོ་བ་ལྟར་ན། རྟ་ཞོན་ནས་ཀི་རིང་ཞིག་བཏང་སྟེ་དགྲ་བོས་བོའུ་རྡང་སྒྲིག་བསྡད་ཡོད་པའི་མགོར་བརྒྱུགས་ཅིང། བོའུ་རྡང་གཏོར་ནས་རྟས་ཁུར་ཏེ་ཕར་ཕྱོགས་སུ་བརྒལ་ནས་ཕྱིན་འདུག་པར། རྟ་ཁ་ཕྱིར་སློག་སྟེ་ཡང་སྐྱར་དགྲ་བོའི་བོའུ་རྡང་སྒྲིག་པའི་མགོར་རྒྱུགས་ཀྱང་ཤི་མ་ཐུབ། དེ་ནས་རང་གི་ལུས་ཐོག་གི་མཚོན་སྲུང་ལ་བརྟེན་ནས་ཤི་མ་ཐུབ་པ་རེད་བསམས་ནས་མཚོན་སྲུང་བླངས་ཏེ་ཕར་རྒྱང་གིས་གཡུགས་ཏེ་སྐྱར་དུ་དགྲ་མགོར་རྒྱུགས་ཏེ་མཐར་ཤི་བ་རེད། ད་ལྐུགས་པ་རེད་དམ་མ་རེད། ཁག་ཀྱང་ཡོད་མ་རེད། ཤི་ས་རུ་ཤི་མ་ཐུབ་པར་བུད་མེད་ཚོ་དང་མཉམ་ལྷག་པ་ཡིན་ན་ངོ་ཚ་བརྩི་གི་རེད། ཤི་མ་ཐུབ་པ་ཚོར་ཡོག་ཐོད་ཟེར་ནས་མིང་སྡུག་ག་འདོགས། དེ་བས། ལྷ་སར་བྲོས་ཡོང་མཁན་བྱུང་མི་འདུག་ན་རྒྱ་གར་ལ་བྲོས་ཡོང་མཁན་གང་ང་ཡོད་ནི།
ང་ཡང་གཏམ་དཔེ་འདི་དག་གི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཙང་། དང་པོ་རྒྱ་གར་ལ་སླེབས་དུས། སྔོན་མའི་བྲོས་པོ་འགའ་རེས་དཔའ་བཤད་བྱས་པའི་དེབ་མཐོང་ན་ཁོང་ཁྲོ་ཟ་གི་འདུག་ཀྱང་རིམ་པས་དེ་ལ་གོམས་སོང་། ད་ལྟ་དེ་སྤྱང་པོ་དང་མཁས་པའི་ལས་སུ་མཐོང་། གལ་སྲིད། ང་རང་ཡང་དམག་འཁྲུག་ཅིག་ནང་ལྷུང་ན་འཆི་བ་དང་ཝ་བྲོས་གཉིས་ལས་ཝ་བྲོས་འདེམས་ཀྱི་ཡིན།
ཡ རྒྱ་བ་རེན་པོ་ཆེ་བཙན་བྱོལ་ལ་ཕེབས་དུས་ལམ་བར་དུ་སྐུ་དཔར་འགྲོན་རྩིས་ག་དུས་བྱས་ཀྱང་
ར་ཕྲུག་ངག་དབང་རྟ་བཏང་ནས་དཔར་ཆས་ཀྱི་མདུན་ལ་ཡོང་གྱིས་ཟེར་གྱི་འདུག་ དེ་དངོས་གནས་འདྲ་པོ་འདུག