བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་སྐད་ཆ་ལ་བསྐྱར་ཞིབ་ཐེངས་ཤིག Posted on 2011-01-022011-01-03 By ཁ་བརྡ་ 4 Comments on བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་སྐད་ཆ་ལ་བསྐྱར་ཞིབ་ཐེངས་ཤིག གོ་ཕྲུག་རྭ་བུ། འོག་གི་འབྲེལ་ཐག་ལ་བསྣུན་ནས་ཀློགས། tethong སྣ་ཚོགས།
གོ་ཕྲུག་རྭ་བུ་ལགས། སྐུ་ངལ་ཞེ་དྲག་བསྐྱོན་ནས་ཡི་གེ་རིང་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། འོན་ཀྱང་ཡི་གེ་མ་བྲིས་སྔོན་ནས་སེམས་རྣལ་དུ་ཕབ་སྟེ་བསམ་གཞིག་བྱེད་དགོས་པ་དང་།་དེ་ནས་བྲི་དགོས། ཁྱེད་རང་གིས་བཤད་པ་རྣམས་ཕལ་ཆེ་བ་ཕྱོགས་ཞེན་གྱི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་བསྒྲིབས་ཏེ་བྲིས་པ་ཤ་སྟག་ཏུ་སྣང་། རྒྱུམཚན་ལྟར་སྣང་གི་ཕྲེང་བ་སྤེལ་བ་འདིས་བོད་སྤྱི་སྒེར་སུ་ལའང་ཕན་ཐོགས་མེད། ཁྱེད་རང་གིས་བཀྲས་མཐོང་གི་སྐྱོན་ཆུང་ཙག་དམིགས་སུ་བཀར་ཏེ་གླེང་བ་ལས་ཡོན་ཏན་གྱི་ཆ་ནས་རྩ་བ་ནས་བརྗོད་མི་འདུག འོན་ཀྱང་འདི་གང་ཡང་བྱེད་ཀྱི་མ་རེད། ནམ་ལངས་ཉི་ཤར་རེད། བཀྲས་མཐོང་ལགས་མི་དངོས་གནས་བསྒམ་ལྷིང་ཅན་ཞིག་རེད་འདུག དེ་སྔ་ཁོང་བཀའ་ཁྲི་གནང་སྐབས་ལས་འཕྲོ་མ་བསྐྱངས་པར་ཨ་རིར་ཕྱིན་པའི་སྐྱོན་ཆ་ཚང་མ་རང་མི་གཅིག་གིས་ཁྱེར་ཏེ་རང་གི་ཁྱིམ་ཚང་གི་གནས་ཚུལ་ཐོག་ཁ་བསྒྱུར་བ་འདིས་གནས་ཚུལ་ཚང་མ་མཇུག་སྒྲིལ་བ་ལྟ་བུ་རེད། གལ་ཏེ་ཁོང་གིས་ཁོང་རང་ཨ་རིར་ལོག་དགོས་པའི་གནས་ཚུལ་ངོ་མ་སྤྱི་ཚོགས་ཐོག་དྲང་བཤད་གནང་ཚེ་མི་ངན་མང་པོ་ཞིག་གི་ནག་ཉེས་ཆ་ཚང་ཐེར་འདོན་བྱ་དགོས་སྟབས་སྤྱི་ཚོགས་ནང་འཁྲུགསགཞི་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་སྨྲོས་མ་དགོས། ལྐོག་བཤོམ་པ་མང་པོ་དང་དེའི་རྒྱུགས་ཁྱི་ཁྱེད་རང་ལྟ་བུ་ཁྲོང་ཁྲོའི་མེ་དོང་ནང་ལྷུང་སྟེ། ཡང་སྤྱི་ཚོགས་ནང་དབྱེན་སྦྱོར་དཀྲུག་ཤིང་གིས་ལུང་པ་ཕུ་དཀྲུག་མདའ་དཀྲུག་བཟོ་རྒྱུ་ངེས་གཏན་རེད། བཀྲས་མཐོང་ཨ་རིར་ལོག་དགོས་པའི་རྒྱུ་མཚན་ནི་སྐབས་དེར་དབང་ཆའི་འཐབ་རྩོད་ཁྲོད་ལྐོག་བཤོམ་པས་ཁོང་གི་སྲོག་ལ་རྒོལ་བའི་བརྡ་ཐེངས་མང་བཏང་བའི་རྐྱེན་གྱིས་མི་ས་མ་ཆགས་པ་ཟོས་པ་རེད། དེ་འདྲ་སོང་ཙང་ལྐོག་བཤོམ་གྱི་བྱེད་གཏེ་རིགས་གཅིག་ད་ལྟ་གསོན་པོར་གནས་ཡོད་ལ་རིགས་གཅིག་འདས་ཟིན། དེ་མིན་རྩིས་ཁྲ་ཁ་མ་ཐུག་པའི་སྐོར་འདི་ཚོགས་པ་ཆེ་ཕྲ་ཚང་མའི་ནང་ཡོང་བཞིན་པའི་གནས་ཚུལ་ཞིག་རེད་སྙམ། གལ་ཏེ་བཀྲས་མཐོང་གིས་སྤྱི་རྒྱུ་དངོས་གནས་སྒེར་སྤྱོད་བྱས་པའི་དཔང་རྟགས་ཁུངས་བཙན་སྟོན་རྒྱུ་ཡོད་ན། དབང་ཆའི་འཐབ་རྩོད་ཁྲོད་ཀྱི་དཔོན་ངན་ཚོས་མི་དམངས་མདུན་དུ་ཐོན་སྟེ་རྔ་བརྡུངས་དར་འཕྱར་བྱེད་རྒྱུར་གདོན་མི་ཟ་ནའང་། ཁོ་ཚོས་དེ་ལྟར་བྱེད་པར་གཞི་རྩ་མེད་སྟབས་རྒྱབ་ནས་ལྐོག་བཤོམ་དང་། ཐ་ན་རྒྱ་མི་གཉིས་པ་འཁྲབ་སྟེ་རྒྱ་མིའི་སྐད་འབོད་སྤྱི་ཚོགས་རྙིང་པ་རོ་ལངས་ཟེར་བ་དང་། གྲལ་རིམ་དབྱེ་འབྱེད་ཟེར། སྐུ་དྲག་རིང་ལུགས་ལ་ངོ་རྒོལ་ཟེར་བ་སོགས། རིག་གནས་གསར་བརྗེ་གཉིས་པ་ཞིག་རྒྱ་གར་དུའང་ཚུགས་མེད་དམ་སྙམ་པའི་ངན་མཚང་ཐོན་ཡོང་བ་ཀུན་ཤེས་རེད། སྤྱིར་བཏང་བྱེད་སྤྱོད་འདི་ཚོ་ནི་བོད་ཀྱི་གཏམ་དཔེར། མི་རོ་སྐམ་པོ་ཆུར་སྦངས་ཏེ། །ལོ་རྒན་དྲུག་ཅུའི་རྩིས་རྒྱག །ཅེས་པ་དང་གཉིས་སུ་མེད། གང་ལྟར་ང་ཚོ་བོད་མི་དམངས་ཁྱེད་ཚོའི་གཡོ་སྒྱུའི་འོག་མགོ་བོ་ནམ་ཡང་འཁོར་གྱི་མ་རེད། BBC
བཀྲས་མཐོང་ནས་དངུལ་ཟོས་མེད་པར་འཇམ་དབྱངས་ནོར་བུ་སོགས་ཀྱིས་བདེན་མིན་གྱི་ནག་ཉེས་བཀལ་བ་བདེན་ན་ཚད་ལྡན་གྱི་ཁྲིམས་ཁང་ཞིག་ཁྲིམས་ཞུ་གཏུག་བརྒྱག་དགོས་པ་དང་། ཁྲིམས་ལུགས་ཀྱི་བརྒྱུད་རིམ་བརྒྱུད་ནས་དག་འབུལ་ཞུ་དགོས་པ་ལས། དྲི་བ་རེ་སླེབས་སྐབས་ལན་རེ་བརྒྱབ་བསྡད་ན་ཚེ་གང་བོར་གཙང་མ་ཆགས་ཀི་མ་རེད། འདི་ཁྲིམས་ཁང་ལ་འགྲོ་དགོས་པའི་གནས་ཚུལ་ཞིག་ཆགས་འདུག
ངས་དངུལ་ཟོས་མེད་ཟེར་ནས་དྲི་བ་སླེབས་ཚད་ལ་ལེན་རེ་རེ་བརྒྱབ་བསྡད་པ་ཙམ་གྱི་ནམ་ཡང་དཀར་པོ་ཆགས་ཀི་མ་རེད་ལ། ལྷག་པར་དུ་དམིགས་ཡུལ་ཅན་ཚོས་དཀར་པོ་ཆགས་བཅུག་གི་མ་རེད། དེ་ལས་འཇམ་དབྱངས་ནོར་བུ་ཁྲིམས་ཁང་ནང་ལ་བསྐྱལ་དགོས་པ་རེད། མི་ཚེ་ཧྲིལ་བོ་བོད་མི་རིགས་ལ་ཞབས་ཞུ་བྱས་པའི་མཛད་རྗེས་ཆ་ཚང་ནག་གསུབ་བཏང་བའི་མ་ཚད། མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་ཡོད་ཚད་བསྣུབས་པའི་གུན་གསུབ་ལེན་དགོས་པ་རེད། འཇམ་དབྱངས་ནོར་བུས་ཁ་བདེ་བོ་དེ་སྤྱད་ནས་༧གོང་ས་མཆོག་སོགས་དྲན་ཚད་བཤད་ལངས་ཏུ་སོང་ཡོད་རེད། ད་ལམ་བཀྲས་མཐོང་གིས་ངོ་ནས་དངུལ་ཟོས་མེད་ན་འཇམ་ནོར་ལ་ཁྲིམས་ཁང་སྤྱད་ནས་སློབ་གསོ་ཚ་ཐག་ཆོད་ཅིག་བརྒྱག་དགོས་རེད། དངུལ་རྙོག་དེའི་དབང་གིས་ཐེངས་འདིར་བཀྲས་མཐོང་ལ་བཀའ་ཁྲིའི་འོས་ཧ་ཅང་ཐོབ་ཁག་པོ་བཟོས་ཡོད་པ་རེད། གོ་བདེ་བོ་བཤད་ན། ཐེངས་འདིར་འཇམ་དབྱང་ནོར་བུས་བཀྲས་མཐོང་བཀའ་ཁྲིའི་འོས་ཐོབ་མ་བཅུག་པ་རེད།
བཀའ་ཁྲིའི་འོས་མི་གསུམ་ལ་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ཡོང་དུས། བཀྲས་མཐོང་ནི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིར་འཚམས་ཤོས་སུ་མཐོང་། ངས་རོགས་པ་མང་དག་ཅིག་ལའང་། བསམ་ཚུལ་འདི་བྱུང་འདུག
གོ་ཕྲུག་རྭ་བུ་ལགས། སྐུ་ངལ་ཞེ་དྲག་བསྐྱོན་ནས་ཡི་གེ་རིང་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། འོན་ཀྱང་ཡི་གེ་མ་བྲིས་སྔོན་ནས་སེམས་རྣལ་དུ་ཕབ་སྟེ་བསམ་གཞིག་བྱེད་དགོས་པ་དང་།་དེ་ནས་བྲི་དགོས། ཁྱེད་རང་གིས་བཤད་པ་རྣམས་ཕལ་ཆེ་བ་ཕྱོགས་ཞེན་གྱི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་བསྒྲིབས་ཏེ་བྲིས་པ་ཤ་སྟག་ཏུ་སྣང་། རྒྱུམཚན་ལྟར་སྣང་གི་ཕྲེང་བ་སྤེལ་བ་འདིས་བོད་སྤྱི་སྒེར་སུ་ལའང་ཕན་ཐོགས་མེད། ཁྱེད་རང་གིས་བཀྲས་མཐོང་གི་སྐྱོན་ཆུང་ཙག་དམིགས་སུ་བཀར་ཏེ་གླེང་བ་ལས་ཡོན་ཏན་གྱི་ཆ་ནས་རྩ་བ་ནས་བརྗོད་མི་འདུག འོན་ཀྱང་འདི་གང་ཡང་བྱེད་ཀྱི་མ་རེད། ནམ་ལངས་ཉི་ཤར་རེད། བཀྲས་མཐོང་ལགས་མི་དངོས་གནས་བསྒམ་ལྷིང་ཅན་ཞིག་རེད་འདུག དེ་སྔ་ཁོང་བཀའ་ཁྲི་གནང་སྐབས་ལས་འཕྲོ་མ་བསྐྱངས་པར་ཨ་རིར་ཕྱིན་པའི་སྐྱོན་ཆ་ཚང་མ་རང་མི་གཅིག་གིས་ཁྱེར་ཏེ་རང་གི་ཁྱིམ་ཚང་གི་གནས་ཚུལ་ཐོག་ཁ་བསྒྱུར་བ་འདིས་གནས་ཚུལ་ཚང་མ་མཇུག་སྒྲིལ་བ་ལྟ་བུ་རེད། གལ་ཏེ་ཁོང་གིས་ཁོང་རང་ཨ་རིར་ལོག་དགོས་པའི་གནས་ཚུལ་ངོ་མ་སྤྱི་ཚོགས་ཐོག་དྲང་བཤད་གནང་ཚེ་མི་ངན་མང་པོ་ཞིག་གི་ནག་ཉེས་ཆ་ཚང་ཐེར་འདོན་བྱ་དགོས་སྟབས་སྤྱི་ཚོགས་ནང་འཁྲུགསགཞི་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་སྨྲོས་མ་དགོས། ལྐོག་བཤོམ་པ་མང་པོ་དང་དེའི་རྒྱུགས་ཁྱི་ཁྱེད་རང་ལྟ་བུ་ཁྲོང་ཁྲོའི་མེ་དོང་ནང་ལྷུང་སྟེ། ཡང་སྤྱི་ཚོགས་ནང་དབྱེན་སྦྱོར་དཀྲུག་ཤིང་གིས་ལུང་པ་ཕུ་དཀྲུག་མདའ་དཀྲུག་བཟོ་རྒྱུ་ངེས་གཏན་རེད། བཀྲས་མཐོང་ཨ་རིར་ལོག་དགོས་པའི་རྒྱུ་མཚན་ནི་སྐབས་དེར་དབང་ཆའི་འཐབ་རྩོད་ཁྲོད་ལྐོག་བཤོམ་པས་ཁོང་གི་སྲོག་ལ་རྒོལ་བའི་བརྡ་ཐེངས་མང་བཏང་བའི་རྐྱེན་གྱིས་མི་ས་མ་ཆགས་པ་ཟོས་པ་རེད། དེ་འདྲ་སོང་ཙང་ལྐོག་བཤོམ་གྱི་བྱེད་གཏེ་རིགས་གཅིག་ད་ལྟ་གསོན་པོར་གནས་ཡོད་ལ་རིགས་གཅིག་འདས་ཟིན།
དེ་མིན་རྩིས་ཁྲ་ཁ་མ་ཐུག་པའི་སྐོར་འདི་ཚོགས་པ་ཆེ་ཕྲ་ཚང་མའི་ནང་ཡོང་བཞིན་པའི་གནས་ཚུལ་ཞིག་རེད་སྙམ། གལ་ཏེ་བཀྲས་མཐོང་གིས་སྤྱི་རྒྱུ་དངོས་གནས་སྒེར་སྤྱོད་བྱས་པའི་དཔང་རྟགས་ཁུངས་བཙན་སྟོན་རྒྱུ་ཡོད་ན། དབང་ཆའི་འཐབ་རྩོད་ཁྲོད་ཀྱི་དཔོན་ངན་ཚོས་མི་དམངས་མདུན་དུ་ཐོན་སྟེ་རྔ་བརྡུངས་དར་འཕྱར་བྱེད་རྒྱུར་གདོན་མི་ཟ་ནའང་། ཁོ་ཚོས་དེ་ལྟར་བྱེད་པར་གཞི་རྩ་མེད་སྟབས་རྒྱབ་ནས་ལྐོག་བཤོམ་དང་། ཐ་ན་རྒྱ་མི་གཉིས་པ་འཁྲབ་སྟེ་རྒྱ་མིའི་སྐད་འབོད་སྤྱི་ཚོགས་རྙིང་པ་རོ་ལངས་ཟེར་བ་དང་། གྲལ་རིམ་དབྱེ་འབྱེད་ཟེར། སྐུ་དྲག་རིང་ལུགས་ལ་ངོ་རྒོལ་ཟེར་བ་སོགས། རིག་གནས་གསར་བརྗེ་གཉིས་པ་ཞིག་རྒྱ་གར་དུའང་ཚུགས་མེད་དམ་སྙམ་པའི་ངན་མཚང་ཐོན་ཡོང་བ་ཀུན་ཤེས་རེད། སྤྱིར་བཏང་བྱེད་སྤྱོད་འདི་ཚོ་ནི་བོད་ཀྱི་གཏམ་དཔེར། མི་རོ་སྐམ་པོ་ཆུར་སྦངས་ཏེ། །ལོ་རྒན་དྲུག་ཅུའི་རྩིས་རྒྱག །ཅེས་པ་དང་གཉིས་སུ་མེད། གང་ལྟར་ང་ཚོ་བོད་མི་དམངས་ཁྱེད་ཚོའི་གཡོ་སྒྱུའི་འོག་མགོ་བོ་ནམ་ཡང་འཁོར་གྱི་མ་རེད། BBC
བཀྲས་མཐོང་ནས་དངུལ་ཟོས་མེད་པར་འཇམ་དབྱངས་ནོར་བུ་སོགས་ཀྱིས་བདེན་མིན་གྱི་ནག་ཉེས་བཀལ་བ་བདེན་ན་ཚད་ལྡན་གྱི་ཁྲིམས་ཁང་ཞིག་ཁྲིམས་ཞུ་གཏུག་བརྒྱག་དགོས་པ་དང་། ཁྲིམས་ལུགས་ཀྱི་བརྒྱུད་རིམ་བརྒྱུད་ནས་དག་འབུལ་ཞུ་དགོས་པ་ལས། དྲི་བ་རེ་སླེབས་སྐབས་ལན་རེ་བརྒྱབ་བསྡད་ན་ཚེ་གང་བོར་གཙང་མ་ཆགས་ཀི་མ་རེད། འདི་ཁྲིམས་ཁང་ལ་འགྲོ་དགོས་པའི་གནས་ཚུལ་ཞིག་ཆགས་འདུག
ངས་དངུལ་ཟོས་མེད་ཟེར་ནས་དྲི་བ་སླེབས་ཚད་ལ་ལེན་རེ་རེ་བརྒྱབ་བསྡད་པ་ཙམ་གྱི་ནམ་ཡང་དཀར་པོ་ཆགས་ཀི་མ་རེད་ལ། ལྷག་པར་དུ་དམིགས་ཡུལ་ཅན་ཚོས་དཀར་པོ་ཆགས་བཅུག་གི་མ་རེད། དེ་ལས་འཇམ་དབྱངས་ནོར་བུ་ཁྲིམས་ཁང་ནང་ལ་བསྐྱལ་དགོས་པ་རེད། མི་ཚེ་ཧྲིལ་བོ་བོད་མི་རིགས་ལ་ཞབས་ཞུ་བྱས་པའི་མཛད་རྗེས་ཆ་ཚང་ནག་གསུབ་བཏང་བའི་མ་ཚད། མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་ཡོད་ཚད་བསྣུབས་པའི་གུན་གསུབ་ལེན་དགོས་པ་རེད། འཇམ་དབྱངས་ནོར་བུས་ཁ་བདེ་བོ་དེ་སྤྱད་ནས་༧གོང་ས་མཆོག་སོགས་དྲན་ཚད་བཤད་ལངས་ཏུ་སོང་ཡོད་རེད། ད་ལམ་བཀྲས་མཐོང་གིས་ངོ་ནས་དངུལ་ཟོས་མེད་ན་འཇམ་ནོར་ལ་ཁྲིམས་ཁང་སྤྱད་ནས་སློབ་གསོ་ཚ་ཐག་ཆོད་ཅིག་བརྒྱག་དགོས་རེད།
དངུལ་རྙོག་དེའི་དབང་གིས་ཐེངས་འདིར་བཀྲས་མཐོང་ལ་བཀའ་ཁྲིའི་འོས་ཧ་ཅང་ཐོབ་ཁག་པོ་བཟོས་ཡོད་པ་རེད། གོ་བདེ་བོ་བཤད་ན། ཐེངས་འདིར་འཇམ་དབྱང་ནོར་བུས་བཀྲས་མཐོང་བཀའ་ཁྲིའི་འོས་ཐོབ་མ་བཅུག་པ་རེད།
བཀའ་ཁྲིའི་འོས་མི་གསུམ་ལ་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ཡོང་དུས། བཀྲས་མཐོང་ནི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིར་འཚམས་ཤོས་སུ་མཐོང་། ངས་རོགས་པ་མང་དག་ཅིག་ལའང་། བསམ་ཚུལ་འདི་བྱུང་འདུག