མེ་ཏོག་མ།
བདེ་སྟོང་འོ་མའི་མཚོ་ན།
སྙིང་རྗེ་སྐུ་ཁྲུས་གསོལ་བའི།
ཡབ་གཅིག་པད་དཀར་འཛིན་པ།
འདི་རུ་ཅུང་ཙམ་གསོན་དང་།
ལང་ཚོའི་འཁྲི་ཤིང་རྩེ་ལ།
བྱམས་བརྩེའི་ལྗང་ལོ་བཞད་པའི།
གྲོང་གི་ཁྱིམ་མཚེས་མ་མ།
ལྔ་བའི་ལམ་དུ་བཞུད་པའི།
གཏམ་གྱི་རླུང་བུ་ཉམས་ཆུང་།
མིག་ཆུའི་མཉམ་ཏུ་སླེབས་ནས།
འདུན་མས་ཁྱེད་རང་གཟས་འདུག
རེ་བའི་མིག་འབུར་བཙུགས་ནས།
ནང་དགོང་སྨོན་ལམ་དབྱིངས་ཀྱི།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།
མ་མཇལ་ཁོ་ཐག་ཆོད་ནས།
ལག་པས་བྲང་ཁ་འདྲེད་བཞིན།
ཨམ་ཚུགས་ཟུག་རྔུས་བསྡུས་ནས།
མ་མ་བཞུད་ཚུལ་ཐོས་པས།
གྱོང་བོ་སེམས་པའི་རུམ་ནས།
ཡ་མཚན་མིག་ཆུ་བབས་སོང་།
མ་མའི་དྲིན་གྱི་མྱོས་བུམ།
བུ་རུམ་རོ་ཡིས་མྱངས་ཚུལ།
ཡིད་ལ་གཅིག་ཤར་གཉིས་ཤར།
གཡར་ཡུལ་གནམ་གྱི་འོག་ནས།
རྣམ་རྟོག་གཅིག་གྲང་གཉིས་གྲང་།
མི་ལྡོག་གཤིན་རྗེའི་བཀའ་ལ།
སྲས་གཙང་སྲས་པོས་བརྩི་ན།
འཁྱམ་པོ་སྐྱོ་བའི་རྣམ་འགྱུར།
བྱིས་པའི་གད་མོ་ཡིན་པས།
སྔ་ཕྱིའི་གོམ་པའི་བར་ནས།
དཀར་ངོགས་ཡུད་ཙམ་གནས་ན།
ཆོས་ཉིད་རི་མོའི་མཁའ་ལ།
རྟེན་འབྲེལ་རིག་པས་རྒྱན་གྱིས།
བྱང་སེམས་བག་མར་བསུ་བ།
ཆགས་པས་གཏོང་དུ་མེད་དོ།
གཞན་ཡང་སྲིད་པའི་བཀའ་ལུང་།
སྙིང་ལ་བརྐོས་པ་མིན་ཡང་།
དར་རྒུད་ཨ་མའི་བསླབ་བྱ།
མོས་པས་རྒྱུན་དུ་བླངས་བ།
སྲིད་ནས་སྲིད་པ་གཅོད་པའི།
སྙིང་གི་ཁེན་ས་ཡིན་ནོ།།
དེ་མཐུས་འབྲས་བའི་རོ་ལ།།
མ་མའི་བཞུད་ལམ་རིང་མོར།།
བཏགས་པའི་ར་རི་བཤིག་ནས།།
བདེ་ནས་བདེ་བར་གཟིམ་རོགས།།
སྨྲ་བ་ངག་གི་མི་དེས།།
དགྱེ་ནས་ལམ་དེ་ལྟ་ཞོར།།
སྐུད་པས་ཤུགས་ལ་མྱངས་ན།།
ཡུད་ཙམ་གཟུགས་འདིར་གནས་པས།།
འགྲོ་ལུགས་རིག་པའི་འགྲོས་ལ།།
སྐད་ཡིག་ཚོམས་བུར་བཀོད་ནས།།
མ་མ་ཁྱེད་ཀྱི་ཕྱོགས་ལ།།
མགུར་གླུའི་དབྱངས་སུ་དྲངས་བ།།
༸བློ་དཔལ་ངག་གི་དཔའ་བོའི།།
ལུགས་སུ་ཅུང་ཙམ་དཀྲིས་ཏེ།།
བླུན་པོས་རྒྱངས་གླུ་བླངས་ཡོད།།
ཁྱིམ་མཚེས་མ་མ་བྱམས་སེམས་ཅན། བདག་ལ་རིང་མོ་ཞིག་ནས་བརྩེ་བ་ྐླུ་མ་རྒྱལ་མིང་ཅན་འཇིག་རྟེན་ཕྱི་མར་བཞུད་པ་ཐོས་འཕྲལ།
སྟོང་མོ་ཉིས་སྟོང་བཅུ་གཅིག། །དུས་ཀྱི་རྒྱལ་མོས་བསུས་བྱུང་། །ང་དང་ཆུང་འདྲིས་བྱམས། །མ་མཇལ་སེམས་པ་སྐྱོ་སོང་།
ནོར་བཅོས། སྟོང་ལོ་་་་་་་ ་་་་་་བྱམས་པ།
གྲོགས་པོ་ཚོ་མ་མཇལ་ཡུན་རིང་། ཚང་མ་བདེ་པོ་ཡིན་ཤག
ཡ་ཀིའི་གངས་རི་དཀར་པོ། ང་ཡི་བླ་རི་རེད་ཟེར།
གངས་ལ་ཞུ་དུས་མེད་ནས། ལོ་ཟླ་ཉིན་མཚན་སྦྲེལ་སོང་།
མ་ཀིའི་མ་ཕམ་གཡུ་མཚོ། ང་ཡི་བླ་མཚོ་ཡིན་སྐད།
མཚོ་མོ་འཁྱགས་ཀྱིས་བཟུང་ནས། ལོ་ཟླ་ཉིན་མཚན་སྦྲེལ་སོང་།
དབུས་ཀྱི་ཕོ་བྲང་དམར་པོ། ང་ཡི་བླ་མཁར་རེད་ཟེར
བདུད་རྒན་ཡ་མ་ནག་པོས། མི་འདོད་བཞིན་དུ་འཕྲོག་སོང་།