ལམ་ལ་ཆས། ཐག་ཉེ་ན་ཅི་ཞིག་ཡོད་།
ལོ་མ་སེར་ཤགས་སེ་ས་ལ་ཐོར། མིག་ཆུ་ཡི་ལམ་རྒྱགས་དེ་ཞེ་རེ་མུག།
ལམ་ལ་ཆས། ཐག་རིང་ན་ཅི་ཞིག་ཡོད་།
ཆུ་བོའི་བཞུར་ལ་ལྟོས་ན། འབབ་ས་དེ་ཇི་འདྲ་མཛེས་ཨང་།
ནམ་མ་ལངས་གོང་ལ།
ཨ་ཕའི་སྐད་ཆ་དག་དྲན་དུས།
ཁྱོད་གང་ན་ཡོད་། ཅི་ཞིག་ལས་ཀྱིན་ཡོད་།
སྨག་རུབ་རྗེས་སུ།
ཨ་མའི་སྙིང་གཏམ་དག་དྲན་དུས།
ཁྱོད་གང་ལ་འགྲོ་རྒྱུ་ཡིན། ཅི་ཞིག་བྱ་རྒྱུ་ཡིན།
དུས་ཚོད་ཀྱི་ཁ་གདང་ཏེ། མིག་ཀྱང་བགྲད་འདུག།
གལ་ཏེ། ཁྱོད་ཀྱིས་སྙིང་དམར་བོ་དེ།
དུམ་བུ་དུམ་བུ་བཅད་དེ་ཁ་ཆེན་པོ་་དེར་འཇོག་ཐུབ་་ན།
གལ་ཏེ། ཁྱོད་ཀྱི་ཁྲག་དམར་ནག་དེ།
སྐྱོགས་དང་སྣོད་ལ་བཅུ་སྟེ་ཁ་ཆེན་པོ་དེར་ལྡུག་ཐུབ་ན།
དུས་ཚོད་ལ་འོད་ཀྱིས་གཏམས་ཏེ།
འཚོ་བ་ལ་བཀྲག་གིས་མཛེས་འགྲོ།
ཁྱོད་མི་ཡུལ་ལ་ཕེབས་དོན་ཅི།
དུས་ཚོད་ལ་མུ་གེ་ཐེབས་པ་མཐོང་མཁན་ཡང་ཅི།
ཆར་བ་སྐྱོ་ལྷང་ལྷང་འབབ་དུས།
ཆེས་དྲན་སླ་བ་ནི་ཅི་ཞིག།
ཆར་བ་དྲན་ལྷང་ལྷང་འབབ་དུས།
ཁྱོད་ཀྱིས་དྲན་པ་ནི་ཁ་བ་ལས་ཅི་ཞིག།
ཁ་བ་མ་མཐོང་བའི་དུས་ཚོད་དེ།
ཁ་བ་མ་བབས་པའི་དུས་ཚོད་མ་རེད།
ཁྱོད་ཁ་བ་ལས་སྤྱུགས་ཏེ།
ཁ་བ་ཡང་ཡང་དྲན་པའི་དུས་ཚོད་རེད།
དུས་ཚོད་ཀྱི་ ཁ་མིག་གདང་བའི་དུས་ཚོད་ཀྱང་རེད།
དུས་ཚོད ད་དུང་ཁ་གདང མིག་ཀྱང་བགྲད་འདུག།
སྟོད་ཐུང ད་དུང་སྒྲོག་གུ་མི་གདུག
ལྷམ་མགོ ད་དུང་ལྷམ་ཐུག་མི་འདུག
ཨ་མས་གམ་ན་ཡོད་ན་ཨམས་ཅི་ཟེར།
ཨ་ཕས་བརྩིས་ན་ཡོད་ན་ཨ་ཕས་ཀྱང་ཅི་ཟེར།
འདི་ལྟར་ལོ་མ་སེར་བོ་གྱུར་ཏེ།
ཐེངས་ཅི་ཙམ་ལ་ས་ལ་ཟགས།སོང་།
མ་འཇོན་པ་དེ་རང་ཉིད་ཡིན་པས།
ཁག་དཀྲིས་ས་སུ་ཡང་མེད།
ཁྱོད་ཀྱིས་རང་ཉིད་ཀྱི་མ་འཇོན་པ་དེ་ལ་ཁས་ལེན་ན།
ཁྱོད་ཀྱིས་རང་ཉིད་ཀྱི་འཇོན་པ་དེ་ལ་རྟོན་པ་བྱེད་དགོས།
དེན་གྱིས། ཁྱོད་ཀྱིས་ཅི་ཞིག་བྱེད་ཐུབ།
མཆོད་མེ་ལྟ་བའི་ལམ་ཁ་དེ་ནས།
ཁྱོད་ཀྱིས་མིག་ཅི་ཙམ་མཐོང་ཐུབ།
ཁྱོད་ཀྱིས་སྙིང་ཅི་ཙམ་རྙེད་ཐུབ།
ཡོད་ཚད་རང་ཉིད་ལ་རག་ལས་ཡོད་པ་དེ།
ཁྱོད་ཀྱི་རྩ་དོན་ཡིན། མ་བརྗེད་རོགས།
ལྷམ་མགོ་མེད་པའི་ཞོགས་པ་དེ།
ཁྱོད་ཀྱི་སྤ་མི་བཀོང་བའི་མཆོངས་སེམས་དེ་ཡིན་ན།
སེམས་པ་དེ་གཅོང་མི་དགོས ཕམ་དེ་བས་མི་དགོས།
མཆོངས་བསྐྱོད་ཀྱི་གོམ་པ་མངའ་བའི་ངའོ་སྙམ་ན་ཆོག
གན་ངྷི་ཡིས་རང་བཙན་འཐབ་རྩོད་ཇི་ལྟར་བྱས་བ་དེ་།
ཁྱོད་ཀྱིས་དྲན་ནམ། ཤུགས་རྒྱོབ།
ཁྱོད་ལམ་ལ་ཆས་དུས།
ལོ་མ་སེར་བོ ད་དུང་མིག་ཆུ་དག་དྲན་ནམ།
ཁྱོད་ལམ་ལ་ཆས་དུས།
ལོ་མ་ལྗང་གུ རང་དབང་དག བསྟོད་དགོས།
མཆོངས་མདོང་ལ་མཆོངས།
རྒྱབ་ལ་མ་བལྟ།
མཆོངས་མདོང་ལ་མཆོངས།
གསེར་རྟ་ཞེས་པ་དེ་ཕྱོག་གང་ལ་བསྟོགས་ཀྱང་འཁྱེད་པ་སྤུ་ཙམ་མི་འདུག་འཁྱེད་རང་ཚོའི་སྐད་ཆ་མེད་ས་སྐད་ཆ་གཟོ་གི་འདུགས་་་་་མཚངས་མས་གཟབ་གཟབ་གནང་ན་དགའ་།
༄། །སྤྱི་གཏང་གསེར་རྟ་ཞེས་པ་དེ་ཁམས་ཁུངས་དུ་གཏང་ན་མ་འགྲིག་པ་མི་འདུགས་གང་ཡིན་ཟེར་ན་
སྤྱི་ལོ་༡༩༥༩ལོ་ནས་བྱུང་པ་རེད་བཅས་གསུང་འདུག་རྒྱ་དམར་གི་བཙན་གཟོས་བྱེད་སྐབས་ཁམས་པའི་ཁུངས་དུ་འགྱུར་བ་འགྲ་པོ་འདུག་དེ་ཡག་པོ་བྱུང་གཞག་རྒྱ་བའི་རྒྱུད་ལ་མ་འགྱུར་བོད་ཕྱོག་ལ་འགྱུར་མདོ་སྟོད་སྨད་གཉིས་མཚོན་བྱ་མཚོན་བྱེད་ཡིན་པའི་ཕྱིར་ཞེ་ན་གཞི་གྲུབ་བ་ཡིན་པ་ཐལ།