བོད ལྷ་ཀླུ་གཉན་གསུམ།
ཆང་འཁྱེར་ཤོག
དུ་བ་རྐང་གཅིག་དེ་ལ་མེ་སྒྲོན་དང་
ངའི་ལྟག་རྒྱབ་ཏུ
སྔ་མོ་ནས་ཡོང་མཁན་ཞིག་ཡོད
ང་འདི་ནས་བཟུང་
ཁ་སང་གི་གཏམ་རྒྱུད་དང་འབྲལ་དགོས་ན་ཐང་
གཅིག་བྱས་ན དོ་ནུབ་ནི
ཆེས་མཐའ་མཇུག་གི་རོལ་མོ་དེ་ཉན་སྐབས་ཡིན་སྲིད
སྐྱི་མོ་དེ་ཡི་ནང་རོལ་ནས
སྙན་ངག་མེད་པའི་དགུན་གཞུང་འདི་ལ
ཤ་དྲོད་མེད་པའི་སྙིང་གཏམ་མེད་པར
ང་ལ་སྲེད་པ་ཡོད་ཚད་སྤྲོད་ཅིག
ད་ཡིན་ན། སྙན་ངག་གི་དུས་སྟོན་ལ་སླེབས་འདུག སྙན་ངག་ནི་གནོན་ཤུགས་ཀྱི་འོག་ནས་ཡོང་བ་རེད་ཅེས་བཤད་ཀྱི་ཡོད་པ་ལྟར་རེད།
ཀེ་ཏ་ཀ་ལགས། ཉིད་རང་དུས་སྟོན་དུ་ཕེབས་ཤིག་དང་། ང་དང་གྲོགས་པོ་ཚོའི་ཁྱེད་རང་ལ་རྟག་དུ་དགའ་བསུ་ཞུ་ཡ་ ང་ཚོའི་གནམ་འོག་འདི་ནས། ང་ཚོའི་ས་གཞི་འདིའི་སྟེང་ནས། གང་ལྟར་་་