ཀརྨ་པ།
མུན་ནག་གི་ནམ་མཁའ་འདིའི་ཆེས་གཏིང་རུམ་ཞིག་ནས།
རྒྱུ་སྐར་ཁྲི་ཕྲག་ཟིལ་གྱིས་གནོན་པའི་ཤེས་རབ་ཀྱི་མེ་ཟླུམ་ཞིག
འཇིག་རྟེན་བྱེ་བ་ཕྲག་བརྒྱ་འོད་ཟེར་གྱིས་འགེང་བཞིན།
སྐྱེ་འགྲོ་ས་ཡ་དུ་མ་སྡུག་བསྔལ་ལས་སྐྱོབ་བཞིན།
འཛམ་གླིང་གི་ཆེས་མཐོ་བའི་རི་ཚོགས་ཞབས་ཀྱིས་བརྒལ་བ་འདིས།
ཉིད་ཀྱི་རྣམ་དཔྱོད་དང་ཉིད་ཀྱི་ཤེས་རབ། ད་དུང་ཉིད་ཀྱི་སྙིང་རྗེ་བཅས་ཀྱི་རང་གཟུགས་ངོ་མ་དེ།
ཉི་འོད་བཞིན་དུ། སྦྲང་ཆར་ཇི་བཞིན། རླུང་བུ་ལྟ་བུར། རྒྱ་མཚོའི་གཟུགས་སུ།
དུས་ཚོད་དང་བར་སྣང་ལས་བརྒལ་བའི་རང་གི་རྟོགས་བརྗོད་རིང་མོ་ཞིག་བསྐྲུན་སོང་།
རྩོམ་ཐུང་འདི་ནི་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འཕྲེད་དར་ཞིག་གི་ཆེད་དུ་བྲིས།