འཇམ་དཔལ་ཚུལ་ཁྲིམས།
“ཁ་ བརྡས་སྨྲ་བརྗོད་རང་དབང་དང་གང་ཟག་སྒེར་ལ་དམོད་མོ་བྱེད་པ་གཉིས་ཀྱི་བར་ན་གནས་ པའི་རྣོ་སྐུད་ཀྱི་སྐུད་ལམ་ཕྲ་མོ་དེའི་སྟེང་གོམ་པའི་འདེགས་འཇོག་འཁྱོར་ཞོར་ དང་འགྲོ་ཞོར་བྱས་ནས་ད་བར་དུ་སླེབས་པ་རེད།”་ཁ་བརྡ་དྲ་ཚིགས་ལས་དྲངས།
ཉེ་ཆར་དོན་དག་ཅིག་གི་བྱུང་རབས་ལ་བརྟེན་ནས་སྨྲ་བརྗོད་རང་དབང་དང་གང་བྱུང་མཚང་འབྲུ་གཉིས་ཀྱི་ས་མཚམས་སྐྲ་ཉག་ལས་ཕྲ་བས་སུས་ཀྱང་སོ་སོར་འབྱེད་མི་ཐུབ་པར་བཤད་པ་དེའི་ས་མཚམས་ཤིག་ཁོ་བོས་ལྟས་དབང་གིས་རྙེད་པའི་སྣང་བ་བྱུང་། གལ་སྲིད་ངོ་མ་དེ་ལྟར་ཡིན་ན་འདི་ནི་ཚགས་པར་ལས་ཁུང་ཁག་དང་། ཟིན་བྲིས་པ། དཔྱད་བརྗོད་པ་སོགས་མང་པོ་ཞིག་ལ་ཕན་ཐོགས་འབྱུང་བར་ཐེ་ཚོམ་མེད་པས་དེ་ཁོ་བོས་ཅུང་ཟད་ཞུ་བར་འདོད།
དམངས་གཙོའི་སྲིད་གཞུང་གི་སྟོབས་ཤུགས་ནི་སྨྲ་བརྗོད་རང་དབང་ཡིན། སྨྲ་ བརྗོད་རང་དབང་མེད་ན་དམངས་གཙོའི་སྲིད་གཞུང་གནས་མི་ཐུབ་པས་དམངས་གཙོའི་སྲིད་ གཞུང་ནི་སྨྲ་བརྗོད་རང་དབང་གི་རྨང་གཞི་ཁོ་ན་ལ་རྟེན་ནས་གནས་ཡོད། སྨྲ་བརྗོད་རང་དབང་ལ་ཚད་མཐོ་དམན་ཡོད་པ་ལས་ཐ་ཤལ་གྱི་སྨྲ་བརྗོད་རང་དབང་ཞིག་མེད་པར་འདོད།
སྨྲ་བརྗོད། སྨྲ་བརྗོད་ནི་འགྲོ་བ་མི་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པར་བྱེད་པའི་ཡོན་ཏན་གཅིག་བུ་དེ་ཡིན། སྨྲ་བརྗོད་ཀྱི་ནུས་པ་ལ་བརྟེན་ནས་མི་བུ་རྣམས་སེམས་ཅན་གཞན་དང་ལྷག་པར་དུ་རང་རིགས་སྤྲ་སྤྲེལ་རྣམས་ལས་སྔོན་ཐོན་དུ་གྱུར་ཡོད། སྨྲ་བརྗོད་ཀྱི་ནུས་པ་ལ་བརྟེན་ནས་མེ་ལས་མེ་མཆེད་པ་བཞིན་མི་བུ་དག་གི་ཤེས་རིག་གི་རྒྱ་དང་དཔངས་ཆེ་བ་ནས་ཆེ་བར་སོང་ཡོད། དེས་ན་སྨྲ་བརྗོད་ལ་ཚད་བཀག་བྱེད་པ་ནི་མི་བུའི་གཞི་རྩའི་ནུས་བ་པ་ཕོགས་ཐུག་གཏོང་བ་ཡིན་ཞིང་། ཆོས་ ལུགས་གསར་གཏོད་པ་དག་གིས་གནད་དོན་འདི་བསམ་བློར་མ་འཁོར་བ་མ་གཏོགས་གལ་སྲིད་ འཁོར་ཡོད་ན་སྨྲ་བརྗོད་ལ་ཚད་བཀག་བྱེད་པ་ནི་དམྱལ་བ་རྡོར་གདན་དུ་ལན་སྟོང་ལ་ སྐྱེ་བྱེད་ཀྱི་སྡིག་པ་རླབས་པོ་ཆེར་བགྲང་ཡོད་ངེས།
རང་དབང་། རང་དབང་ནི་སྒྲིག་ཁྲིམས་ཀྱི་ཆེས་མཐོའི་ཚད་གཞི་དེ་ཡིན་པར་འགྲེལ་མཁན་ཡོད། སྒྲིག་ཁྲིམས་དང་རང་དབང་འགལ་འདུར་མཐོར་བ་ནི་ཁྲིམས་དང་རང་དབང་གཉིས་ཀའི་གོ་བ་མ་ལོན་པའི་རྟགས་ཡིན་འདུག ཁྲིམས་ནི་རང་དབང་དང་རང་དབང་ནི་ཁྲིམས་ཡིན། རང་དབང་དང་ར་ལང་ཆ་ལང་ཕྱོགས་འདྲ་བ་འམ་ས་འབྲེལ་དུ་མཐོང་བ་ནི་རང་དབང་གི་གོ་བ་མ་ལོན་པ་ཡིན། རང་དབང་གི་དོན་བྱེད་འདོད་པ་གང་ཡོད་དེ་བྱེད་པ་ལ་གོ་བ་ལོས་ཡིན་ཀྱང་། བྱེད་འདོད་པ་ཞེས་པ་ཉིད་བྱེད་པའི་དགོས་པ་ཡོད་ལ་གོ་དགོས་པ་ལས་དགོས་པ་མེད་པར་གང་ཐོན་བྱེད་པ་ལ་གོ་རྒྱུ་མིན། དེས་ན་དགོས་པ་ཡོད་པའི་བྱ་ཞིག་འགོག་པ་ནི་གོང་བཞིན་སྲིད་ཀྱིས་བལྟས་ན་ཉེས་ཅན་དང་། ཆོས་ཀྱིས་བལྟས་ན་སྡིག་ཅན་དུ་ལོས་འགྱུར་། དེ་གཉིས་ནི་སྨྲ་བརྗོད་དང་རང་དབང་གཉིས་ཀྱི་རང་གི་གོ་བ་ལོན་ཚོད་དེ་ཡིན།
སྨྲ་བརྗོད་རང་དབང་གི་གོ་བ། ད་ནི་སྐབས་དོན་སྨྲ་བརྗོད་རང་དབང་གི་སྐོར་ལ་བསམ་ཚུལ་དེ་ཞུ། གོང་དུ་བཤད་པ་དང་ཕྱོགས་མཐུན་པར་སྨྲ་བརྗོད་རང་དབང་གི་གོ་དོན་དང་ཚད་བཀག་གི་ སྐོར་ལ་ཅུང་ཟད་ཞུ། སྤྱིར་སྨྲ་བརྗོད་རང་དབང་ལ་སྒྲ་ཡངས་དོག་གི་འཇུག་པ་གཉིས་སམ་ཚད་མཐོ་དམན་གཉིས་ སུ་ཡོད་པར་སྣང་ན་ཡང་ངས་གོ་བའི་སྨྲ་བརྗོད་རང་དབང་གི་དོན་ནི་མདོར་བསྡུས་ན་གང་ ཡང་བཤད་ཆོག་པ་དེ་ཡིན། དེ་ནི་ཚད་མཐོ་བའི་དབང་དུ་བྱས་པ་ཡིན། སྨྲ་བརྗོད་རང་དབང་ལ་བཤད་རུང་མ་རུང་གི་ས་མཚམས་ཡེ་ནས་མེད་པར་གང་བཤད་འདོད་པ་ བཤད་ཆོག་པ་ལ་གོ་བ་ཡིན་ན་ཡང་སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྨྲ་བརྗོད་རང་དབང་ ལ་ཚད་བཀག་ཅུང་ཟད་ཀྱང་མེད་པ་འང་མིན། ངས་བཤད་དོན་ནི་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཡོད་པ་ནི་སྨྲ་པོ་རང་ཉིད་ལས་གཞན་ མེད་པ་དང་། ཚད་བཀག་མེད་པ་ནི་རང་ཉིད་ལས་གཞན་པའི་གང་ཟག་གཉིས་པའམ་གསུམ་པ་སུ་གང་ཞིག་གིས་ ཀྱང་ཚད་བཀག་ཡེ་ནས་ཡོད་མི་ཆོག་པ་དེ་ཡིན།
ཡང་ བསྐྱར་བཤད་ན་ཅི་སྟེ་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་ན་སྨྲ་པ་པོ་རང་ངོས་ནས་ དཔྱད་རིག་དང་འགན་ཁུར་གྱི་བསམ་བློས་ཚད་བཀག་བྱེད་དགོས་པ་ཡིན། དེ་ལས་གཞན་པའི་ཚད་བཀག་ག་འདྲ་ཞིག་ཡིན་རུང་སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་བཏང་ བ་རང་ཡིན། རྒྱུ་མཚན་ནི་ནམ་ཞིག་གང་ཟག་ཀ་བས་གང་ཟག་ཁ་བ་ལ་འདི་བཤད་ཆོག་དང་འདི་བཤད་མི་ཆོག་ གི་བཀའ་བཏང་བ་དེའི་ཚེ་གང་ཟག་ཁ་བའི་ཆེ་མཐོང་དང་རིན་ཐང་ལ་བརྩིས་མེད་བཏང་བ་ ཡིན། དེ་ལྟར་བཤད་ཆོག་ན་གང་ཟག་ཁ་བ་ལ་སྨྲ་བརྗོད་རང་དབང་དགོས་དོན་མེད་དེ། གང་ཟག་ཀ་བས་ཐག་གིས་གཅོད་ཆོག་པས་སོ། རྒྱལ་ཁབ་ཕན་ཚུན་གཅིག་གི་ནང་སྲིད་ལ་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག་པ་བཞིན་ གང་ཟག་ཕན་ཚུན་གཅིག་གི་སྒེར་གྱི་རྣམ་འགྱུར་ལ་གཞན་གྱིས་ཐེ་གཏོགས་བྱེད་འོས་པ་ ཡེ་ནས་མེད། དེའི་ཕྱིར་སྨྲ་བརྗོད་རང་དབང་གི་ཚད་མཐོ་བའི་དབང་དུ་བྱས་ན་སྨྲ་བརྗོད་ལ་ཚད་ བཀག་བྱེད་མཁན་ནི་སྨྲ་པ་པོ་རང་ཉིད་ལས་གཞན་སུ་ཡང་ཡོད་མི་ཆོག ས་གང་ཡང་བཤད་ཆོག་པ་དེ་རེད།
ཚད་བཀག སྒྲ་ དོག་འཇུག་གི་དབང་དུ་བྱས་ན་ད་སྐབས་སྨྲ་བརྗོད་རང་དབང་གི་ཁོངས་མི་འགྲོ་བའི་ རིགས་འགའ་ཞིག་ཡོད། འདི་དག་ནི་ཉན་པ་པོའི་གནས་ཚད་ལ་བལྟོས་ནས་ཚད་བཀག་ཆེད་དུ་བཟོས་པ་ཞིག་ཡིན་པ་ལས་ གཞི་རྩའི་སྨྲ་བརྗོད་རང་གི་མཚན་ཉིད་ངོ་མར་ཁོ་བོས་ནམ་ཡང་མི་འདོད། འོན་ཀྱང་དགོས་དབང་གིས་བཞག་པའི་ཚད་བཀག་འདི་དག་ནི་སྨྲ་པ་པོ་དག་གིས་ངེས་པར་དུ་ ཉམས་འཇོག་བྱེད་དགོས། དེ་དག་ནི་སྨྲ་བརྗོད་གང་ཞིག་ལ་“མངོན་གསལ་གྱི་ཉེན་ཁ་ཡོད་པ།”་ ཞེས་གང་ཟག་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་ཚབ་ཆེན་ཡོད་པ་ཡིན་ན་བཀག་ འགོགས་བྱེད་ཆོག་པ་ཡིན། བཀག་འགོགས་ཞེས་པ་ནི་ཉེ་ཆར་རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་བྱེད་སྟངས་ཏེ་སྡིག་ར་ སྐུལ་བའི་ལས་དེ་འདྲ་མིན་པར་དཔར་སྐྲུན་མི་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱོད་ རྒྱུ་ཡིན། སྨྲ་བརྗོད་རང་དབང་སྒྲ་དོག་འཇུག་གི་དབང་དུ་བྱས་པ་ཚད་བཀག་ཅན་འདིའི་ནང་དུ་མཚང་ འབྲུ་དང་ཆགས་སྲེད་ཀྱི་གཏམ་ཀྱང་ཚུད་ཡོད།
སྟབས་མ་ལེགས་པ། སྨྲ་བ་པོ་ལ་འགན་ཁུར་གྱི་བསམ་བློ་མེད་ན་སྟབས་མ་ལེགས་པ་ཡིན་པ་ལས་ཐབས་ཤེས་གང་ ཡང་མེད། སྨྲ་བརྗོད་རང་དབང་ནི་ཁྲིམས་ལ་སྦྱོར་བའི་འཇིགས་སྣང་མེད་པར་བརྗོད་ཆོག་པ་ལ་ ཟེར་བ་ཡིན་པས་སྨྲ་པ་པོས་རང་ཉིད་ཁྲིམས་ལ་སྦྱོར་མི་འོང་བའི་གདེངས་ཚོད་ཀྱིས་ བཤད་མི་འོས་པ་ལ་བཤད་ལུང་བཤད་བརྒྱ་བཤད་རུང་ཁྲིམས་ཐོག་ནས་འགན་སྲུང་ཡོད་དགོས། གལ་སྲིད་ཁྱེད་ལ་སྨྲ་བ་པོ་དེའི་སེམས་སུ་འགན་འཁུར་གྱི་བསམ་བློ་དེ་བཙན་ཐབས་ ཀྱིས་སྐྲུན་ཐུབ་ཀྱི་ནུས་པ་ཡོད་ན་ཁྱེད་ཀྱིས་ཁོའི་སེམས་སུ་དེ་སྐྲུན་དགོས་པ་ ནི་ཁྱེད་ཀྱི་འོས་འགན་ཡིན། སྨྲ་བརྗོད་རང་དབང་ཡོངས་སུ་ལོངས་སྤྱོད་པ་ལ་དེའི་སྤྱོད་ཡུལ་དུ་རུང་བའི་སྤྱི་ ཚོགས་ཤིག་འགྲུབ་དགོས་པ་ལས། དམངས་གཙོའི་ལམ་ལུགས་འགྲོ་བཞིན་པའི་སྤྱི་ཚོགས་ཡིན་པས་སྨྲ་བརྗོད་རང་དབང་ཡོད་ དགོས་ཞེས་གང་བྱུང་བཤད་ན་མི་འགྲིག འོན་ཀྱང་དེ་ནི་སྨྲ་བརྗོད་རང་དབང་གི་ལོངས་སྤྱོད་པ་པོའི་མཚན་ཉིད་མ་ཚང་བའི་ སྐྱོན་ཞིག་ལས་སྨྲ་བརྗོད་རང་དབང་གི་ངོ་བོ་ག་ལ་ཡིན། འདིར་མི་འགྲིག་ཅེས་པ་ཡང་སྨྲ་བརྗོད་རང་དབང་གི་མཚན་ཉིད་དང་འགལ་བས་མི་འགྲིག་ ཅེས་པ་མིན་པར་གནས་སྐབས་གནས་སྟངས་ཀྱི་དབང་གིས་སྨྲ་བ་པོའི་དོན་དག་སྨྲས་པའི་ དགོས་པ་མ་འགྲུབ་པ་སོགས་དོན་དག་མི་དགོས་པ་གཞན་འབྱུང་སྲིད་པས་མི་འགྲིག་ཅེས་ བཤད་པ་ཡིན། གོང་དུ་སྨྲ་བརྗོད་རང་དབང་ཚད་མཐོ་དམན་བཤད་དགོས་པ་དེ་ཡང་འདིའི་རྐྱེན་གྱིས་ ཡིན། མི་རྣམས་གོ་རྟོགས་ཇེ་མཐོར་སོང་ན་ཚད་དམའ་བའི་སྨྲ་བརྗོད་རང་དབང་འདི་དགོས་དོན་ མེད། ཉན་པ་པོས་རང་རང་གི་རྣམ་རིག་བེད་སྤྱད་ནས་གཏམ་གང་ཞིག་བདག་པོ་རྒྱག་རིན་ཡོད་ མེད་ཀྱི་བླང་དོར་འབྱེད་ཐུབ།
དམིགས་བསལ། སྨྲ་ བརྗོད་རང་དབང་ནི་སྐྱེ་བོ་སུ་ཡང་གི་སྐྱེས་ཐོབ་ཀྱི་ཐོབ་ཐང་ཡིན་པས་སུ་གང་གིས་ འཕྲོག་དབང་མེད། འོན་ཀྱང་སྨྲ་བརྗོད་རང་དབང་ཆ་ཚང་བར་ལོངས་སུ་སྤྱོད་དབང་མེད་པའི་སྐྱེ་བོ་རེ་ འགའ་ནི་ངེས་པར་དུ་ཡོད། དེ་དག་ནི་གཞན་གྱིས་བཙན་བསྐུལ་གྱིས་བཞག་པ་མིན་པར་རང་མོས་དངས་བླངས་ཀྱིས་འཛུལ་ བ་ཡིན། དེ་དག་ནི་སྐྱེ་བོ་གང་ཞིག་གི་ངག་ལས་བྱུང་བའི་གཏམ་ལ་ཁྲིམས་ཐོག་ནས་ཕན་གནོད་ འདྲེན་ཐུབ་པའི་རིགས་ལ་བཤད་པ་ཡིན། སྐྱེ་བོ་གང་ཞིག་ཡུལ་གྱི་གོ་གནས་གལ་ཆེན་དུ་བསྡད་ཡོད་མཁན་དང་། ཚོགས་པ་བྱེ་བྲག་ཅིག་གི་ནང་དུ་ཞུགས་ཡོད་པ། རང་བཞིན་གྱིས་ཁོའི་སྐད་ཆ་ལ་གནད་འགག་ཅན་དུ་གྱུར་བའི་མི་སྣ་རྣམས་ལ་སྨྲ་བརྗོད་ རང་གི་ཐོབ་ཐང་ཆ་ཚང་བ་ཞིག་ལོངས་སུ་སྦྱོད་རྒྱུ་མེད། དང་པོ་ནི་དཔེར་ན་དཔལ་ལྡན་བཀའ་བློན་ཁྲི་བ་སོགས་བོད་གཞུང་གི་གནད་ཡོད་མི་སྣ་ དང་། གཉིས་པ་ནི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་སོགས། གསུམ་པ་ནི་ཆབ་སྲིད་བཙོན་པ་མིང་གྲགས་ཅན་རྟ་ནག་འཇིགས་མེད་བཟང་པོ་ལྟ་བུ་སོགས་ ཡིན། འོན་ཀྱང་འདི་དག་ལ་ཡང་རང་རང་གི་འབྲེལ་ཡོད་ཀྱི་གནད་དོན་ལ་ཁྲིམས་ཐོག་ནས་ཤུགས་ རྐྱེན་སྤྲོད་པའི་གནད་དོན་གྱི་སྐོར་ལ་གང་དྲན་བཤད་མི་འོས་པ་ལས་གནད་དོན་གཞན་ གྱི་སྐོར་ལ་གང་བཤད་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོས་ཡོད།
ཅི་ སྟེ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཆ་ཚང་བར་ལོངས་སུ་སྦྱོད་འདོད་ན་རང་ཉིད་གང་ ཟག་དཀྱུས་མའི་གོ་བབས་ངེས་པར་དུ་ལེན་དགོས། དེས་ན་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོངས་སུ་རྫོགས་པ་ལོངས་སུ་སྤྱོད་རྒྱུ་ཡོད་ མཁན་ནི་མང་ཚོགས་དཀྱུས་མ་ལ་གོ་བ་ཡིན། ཁྲིམས་ཐོག་ནས་གནད་འགག་ཅན་གྱི་སྐད་ཆ་ནི་སྐྱེ་བོ་ཀུན་ལ་ཡོད། འོན་ཀྱང་དེ་ལ་ཕན་གནོད་གང་དུ་འགྱུར་བ་སྐྱེ་བོ་རང་རང་གིས་འགན་འཁུར་དགོས། རང་ཉིད་ལ་ཁྲིམས་ཐོག་ནས་གནོད་པ་འབྱུང་བའི་སེམས་ཁྲལ་མེད་ན་གང་བཤད་འདོད་པ་ཆོག་ པ་ཡིན།
མཚང་འབྲུ། མི་ གཞི་ལ་མཚང་འབྲུ་དང་སྨྲ་བརྗོད་རང་དབང་གཉིས་ལ་འབྲེལ་བ་ཧ་ལམ་མེད། རྒྱུ་མཚན་མེད་པར་མི་གཞི་ལ་མཚང་འབྲུ་བྱེད་པ་ནི་སྨྲ་བརྗོད་རང་དབང་གི་ནང་ཚུད་ དུ་མེད་ངེས། རྒྱུ་མཚན་ནི་དེའི་དམིགས་ཡུལ་ནིི་སྤྱི་ཚོགས་དབྱེན་སྦྱོར་རམ་མི་གཞི་དམའ་ འབེབས་བྱེད་རྒྱུ་ཙམ་ཡིན་པའི་དབང་གིས་ཡིན། འོན་ན་གང་ཞིག་གི་དམིགས་ཡུལ་དེ་མི་གཞི་ལ་དམའ་འབེབས་ཡིན་པ་དང་མིན་གྱི་ཁྱད་པར་ འབྱེད་རྒྱུ་དེ་གནད་འགག་ཏུ་གྱུར་བ་ཡིན། སྨྲ་བརྗོད་གང་ཞིག་གི་དམིགས་ཡུལ་དེ་ཙམ་ཡིན་ན་སྨྲ་བརྗོད་རང་དབང་དུ་མི་འགྲོ་བ་ དང་དེ་མིན་པར་ལས་བརྒལ་བའི་དོན་དག་སྨྲ་བ་པོས་ལེགས་ཕྱོགས་ལ་དམིགས་པ་ཞིག་ཡིན་ ན་སྨྲ་བརྗོད་རང་དབང་གི་ནང་དུ་ཚུད་དགོས་པ་ཡིན། དེས་ན་སླར་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་དེ་བཤད་ཆོག་པར་ བབས་པ་ཡིན།
མི་ གཞི་ལ་མཚང་འབྲུ་བྱེད་པ་ཙམ་ལ་དམིགས་ནས་གང་བཤད་པ་ནི་མི་འོས་པར་བརྩི་ཆོག འོན་ཀྱང་དེ་ཡང་སྨྲ་བ་པོ་རང་ངོས་ཐག་གཅོད་དགོས་པ་ལས་གང་ཟག་གཞན་ཞིག་གིས་ཁྱོད་ ཀྱིས་འདི་ལ་དམིགས་ཡུལ་འདི་གཅིག་ལས་མི་འདུག་ཅེས་བརྗོད་དུ་མི་སྲིད་མིན་ཡང་ བརྗོད་དཀའ་བ་ཡིན། རྒྱུ་མཚན་འདི་གཞིགས་པའི་ཚེ་ན་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་ འདོད་པ་དེ་བཤད་ཆོག་པར་བབས་པ་ཡིན།
གཞན་ ཡང་སྨྲ་བ་པོས་དོན་དག་དང་གནད་དོན་གཞན་ཞིག་བརྗོད་ཆེད་དུ་དམིགས་ནས་བརྗོད་བྱེད་ ཀྱི་ཚིག་ལ་སྐྱེ་བོ་བྱེ་བྲག་ཅི་ལ་མཚང་འབྲུ་བའི་ཚིག་བེད་སྤྱོད་བྱེད་པ་ཡོང་ཆོག མ་གཞི་བརྗོད་ཐབས་དེ་འདྲ་སྨྲ་བ་པོ་བརྗོད་མི་མཁས་པར་བརྩི་ལོས་ཆོག་མོད་དོན་དག་ གཞན་ཞིག་བརྗོད་པའི་ཆེད་དུ་སྐྱེ་བོ་བྱེ་བྲག་པ་ཞིག་ལ་མཚང་འབྲུའི་ཚིག་བྱུང་བ་ ཡང་སྨྲ་བརྗོད་རང་དབང་གི་ཁོངས་སུ་གཏོགས་དགོས། ལར་ན་སྨྲ་བ་པོས་རང་གིས་གང་བཤད་པའི་མཇག་འབྲས་རང་གི་འགན་ཁུར་དགོས་པ་ལས་སུ་ གཅིག་གི་ཁུར་མི་ཐུབ་ཅིང་། ལྷག་པར་དུ་གནས་སྐབས་འདི་འདྲའི་སྐབས་སུ་ལྷག་པར་འགན་ཡོངས་རྫོིགས་སྨྲ་པ་པོ་རང་ ཉིད་ཀྱིས་ཁུར་དགོས། དེས་ན་འདི་ལ་བསམ་ན་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་དེ་བཤད་ ཆོག་པར་བབས་པ་ཡིན།
ཐབས་ལམ། མི་ གཞི་ལ་མཚང་འབྲུ་རུ་འགྲོ་མི་འགྲོ་ནི་དེ་ལྟར་གང་ཟག་གི་འདུ་ཤེས་འཛིན་སྟངས་ལ་ གྱུར་ཡོད་པས་གཞན་ཞིག་གིས་ཁ་ཚོན་གཅོད་དཀའ་བ་ཡིན། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་དེ་ལ་དབྱེ་མཚམས་འབྱེད་བྱེད་ཀྱི་ཐབས་ཤེས་ཤིག་ཡེ་ ནས་མེད་པ་མིན། དེ་ནི་སྐྱེ་བོ་ཞིག་གི་བྱ་བ་ལ་སྐྱོན་བརྗོད་བྱས་པ་དང་སྐྱེ་བོ་དེའི་མི་གཞི་ལ་ སྐྱོན་བརྗོད་བྱེད་པ་གཉིས་ཀྱི་ཁྱད་པར་འབྱེད་པ་དེ་ཡིན། དེ་ནི་འདིའི་སྐབས་སུ་ཕན་ཐོགས་ཧ་ཅང་ཆེ་བར་མཐོང་། དཔེར་ནཿ “ཁྱོད་ཀྱིས་འདི་ལྟར་བྱེད་པ་ནི་ཁྱོད་བླུན་པོ་ཡིན་པའི་རྟགས་རེད།” ཅེས་ན་མི་གཞི་ལ་མཚང་འབྲུ་རུ་འགྱུར་བས་སྨྲ་རང་དབང་གིས་སྲུང་སྐྱོབ་ཏུ་ཚུད་མེད་པ་དང་། “ཁྱོད་ཀྱིས་འདི་ལྟར་བྱེད་པ་ནི་བླུན་པོའི་བྱེད་སྟངས་སུ་འགྲོ།” ཞེས་ བརྗོད་ན་མི་གཞི་ལ་མཚང་འབྲུར་མི་འགྱུར་བས་སྨྲ་བརྗོད་རང་དབང་གི་ལྕགས་རིའི་ནང་ དུ་ཚུད་ཡོད། འདི་ཡང་བཤད་མི་ཆོག་པར་བརྗོད་ན་སྨྲ་བརྗོད་རང་དབང་ལ་ཐོ་འཚམས་པ་ཡིན། ད་དུང་འདིར་གོ་བརྡ་འཕྲོད་ཆེད་དངོས་བྱུང་གི་དཔེར་མཚོན་གྱིས་ཞུ་རྒྱུར་། ཉེ་ཆར་རྡ་ས་མདོ་སྨད་ལས་ཁུངས་ཀྱིས་ཞུ་ཡིག་ཅེས་པ་དེ་ལས་དུམ་བུ་འགའ་ཞིག་དྲངས་ ནས་ཞུ་ནཿ “སྤྱིར་ན་ཀླུ་མཁར་བྱམས་འདི་བ་བོད་ནང་གཞི་རིམ་སློབ་གྲྭའི་ཤེས་ཚད་ལས་མེད་པའི་མི་ཞིག་ཡིན་པ་དང་་་ཞེས་པ་ནས་་་་བརྡ་མི་འཕྲོད་པ་ཞིག་ཡིན་རབས་ཀུན་ལ་གྲགས་ཤིང་།” ཞེས་པ་ནི་སྐབས་དོན་འབྲེལ་མེད་མི་གཞི་ལ་མཚང་འབྲུ་ཁོ་ན་ཡིན། དེ་ནས་“འོ་ན་ཀླུ་མཁར་བྱམས་ཀྱིས་ཉི་མ་ཁ་དཀར་ངོ་དཀར་ལ་འདི་ལྟར་་་་ཞེས་པ་ནས་་་ཡོང་མིན་དོགས་པ་ངང་གིས་འཆར་ཞིང་།”ཞེས་པའི་བར་ནི་སྐྱོན་རྗོད་ལས་མཚང་འདྲུ་མིན། དེའི་མཇུག་དེ་མ་ཐག་ཏུ་ “མཚམས་ཚིགས་མེད་པར་ཕུ་དཀྲུགས་མདའ་དཀྲོགས་དང་། དགྲ་དགའ་གཉེན་སྡུག་གི་བྱ་བར་ཡ་ང་བག་ཚ་གཏན་ནས་མེད་པའི་མི་འདི་རིགས་”་ཞེས་པ་ནི་མི་གཞི་ལ་དམའ་འབེབས་ཡིན།
གནད་འགག གནད་ འགག་བཤད་འོས་པ་གཞན་ཞིག་ནི་སྨྲ་བརྗོད་གང་ཞིག་གི་ཚིག་ཟིན་ལ་མི་གཞི་ལ་མཚང་ འབྲུ་བྱས་མེད་ན་སྨྲ་བརྗོད་རང་དབང་གི་སྲུང་སྐྱོབ་འོག་ཏུ་ཚུད་ཡོད། གལ་སྲིད་རྩོམ་པ་པོ་ཞིག་གིས་སྐྱེ་བོ་གང་ཞིག་ལ་མཚང་འབྲུ་བྱེད་འདོད་ན་ཤུགས་ བསྟན་དང་། མཉམ་ཉིད་ཀྱི་རྒྱན། ཏིང་འཛིན་གྱི་རྒྱན་སོགས་ཀྱི་སྙན་ངག་གི་ངག་རྩལ་སྤྱད་ནས་བྱོས་དང་ཁྱོད་ལ་མི་ གཞི་ལ་མཚང་འབྲུ་བྱས་པའི་སྐྱོན་མི་ཚུགས་པ་ཡིན།
དེས་ ན་སྤྱི་ཚོགས་གང་ཞིག་ལ་སྨྲ་བརྗོད་རང་དབང་ཡོད་ན་སྨྲ་བརྗོད་རང་དབང་དང་འགལ་བ་ ཡང་མང་དུ་འབྱུང་ངེས་ཡིན་པར་རང་བཞིན་གྱིས་གྲུབ། ཡིན་ན་ཡང་དེ་ནི་སྨྲ་བརྗོད་རང་དབང་འགོགས་ཆོག་པའི་ཆ་རྐྱེན་དུ་གཏན་ནས་མི་འགྲོ། གཞུང་ལམ་གྱི་ཐོག་ཏུ་འཁོར་ལོ་བརྡབ་སྐྱོན་དེ་ཙམ་འབྱུང་ཡང་དེ་གཞུང་ལམ་བཟོ་མི་ འོས་པའི་རྒྱུ་མཚན་དུ་འགྲོ་འམ། དེས་ན་སྨྲ་བརྗོད་རང་དབང་ཡོད་པ་དང་སྨྲ་བརྗོད་རང་དབང་ལ་འགལ་རྒྱུ་ཡོད་པ་གཉིས་ ནི་སྒོར་གཅིག་གི་ངོས་གཉིས་དང་མཚུངས་པས་གཅིག་ཤོས་བླང་ནས་གཅིག་ཤོས་དོར་བའི་ ཐབས་ཤེས་ཤིག་མེད། དེས་ན་སྨྲ་བརྗོད་རང་དབང་དང་འགལ་རྒྱུ་ཡོད་པ་དེ་དགེ་རྟགས་ཤིག་གམ་སྤོབས་པ་བྱ་ འོས་པ་ཞིག་ལས་སེམས་ངལ་བྱེད་དགོས་མེད། དེ་དག་ནི་བདག་གིས་གོ་བའི་སྨྲ་བརྗོད་རང་དབང་གི་གོ་དོན་དང་དེའི་ཁྱབ་ཚད་རྣམས་ ཡིན།
འདྲ་མཉམ། སྨྲ་བརྗོད་རང་དབང་ཞེས་བརྒྱ་བཤད་སྟོང་གི་མཐའ་མར་གོ་རྟོགས་རང་དབང་ཞེས་པ་ཞིག་ ཀྱང་ལོས་ཡོད། རིག་ལམ་གྱི་རིགས་སྒྲེ་བཏང་ན་སྨྲ་བ་པོས་གང་བཤད་འདོད་པ་བཤད་ཆོག་ན་ཉན་པ་པོས་ ཀྱང་གང་ལྟར་གོ་བ་ལེན་ན་ལེན་ཆོག་པའི་ཐོབ་ཐང་འདྲ་མཉམ་དུ་ཡོད་དགོས་པར་འདོད། དེ་བཞིན་སྨྲ་བ་པོས་ཁ་ནས་གང་བཤད་ན་ཆོག་པ་བཞིན་ཉན་པ་པོས་ཚིག་གང་ཞིག་ཁུར་ནས་ སྨྲ་པ་བོ་ཁྲིམས་ལ་གཏུགས་རུང་ཆོག་པ་རེད། དེའི་ཕྱིར་སྨྲ་བ་པོ་ཚོས་རང་ཉིད་ཀྱི་སྐད་ཆའི་ཚིག་སྣ་གང་ཞིག་ལ་འཇུས་ནས་སྐྱེ་ བོ་སུ་ཞིག་གིས་རང་ཉིད་ཁྲིམས་ལ་སྦྱར་རུང་དེའི་སྐབས་སུ་དེ་ལ་ལན་དོན་མཐུན་ འདེབས་རྒྱུ་ཡོད་པའམ་ཡང་ན་ཁྲིམས་ཐོག་ནས་རང་ཉིད་ལ་ནག་ཅན་དུ་ཐག་བཅད་རུང་འགྱོད་ པ་མེད་པའི་གྲ་སྒྲིག་གཉིས་ཀ་སྔོན་ནས་བྱས་ཡོད་ངེས་ལ་དེ་བྱེད་དགོས་པའང་ཡིན། སྨྲ་བ་པོས་ “ཚེ་རིང་གིས་མི་འཇོན།”་ ཞེས་སྨྲ་ན་ཉན་པ་པོ་རྡོ་རྗེས་ཁོ་ལ་བརྙེས་དམོད་བྱས་སོང་བར་གོ་ལེན་ཀྱང་ཆོག འདི་ནས་གོ་བ་བླངས་པ་དེ་དོན་ལ་གནས་མིན་གྱི་རྩོད་པ་དེ་གཞི་ནས་མགོ་ཚུགས་པ་ཡིན། དེའི་རྗེས་སུ་བདེན་དང་ལུང་པ་ཕུ་ཐག་རིང་། །བརྫུན་དང་ཨ་བྲ་རྔ་མ་ཐུང་། ཞེས་ཟེར་བའི་གཏམ་དཔེ་དེའི་གནས་ལུགས་མངོན་པར་འགྱུར། བདེན་བརྫུན་ཤན་འབྱེད་ཀྱིས་གྲོས་གླེང་གི་མཐར་གོ་བ་བླངས་ནོར་བའམ་སྨྲ་མཁན་ནོར་ བ་ལྷང་ལ་འབུད་ངེས་རེད།
སྐྱོན་བརྗོད། ད་ ནི་དོན་དག་གལ་ཆེན་གཞན་ཞིག་ནི་སྐྱོན་བརྗོད་བྱེད་པ་དེ་རེད། དམངས་གཙོའི་སྤྱི་ཚོགས་ཀྱི་ནང་དུ་སྤྱིར་བཏང་དང་ལྷག་པར་དུ་སྲིད་གཞུང་ལ་སྐྱོན་ བརྗོད་བྱེད་པ་ནི་ཐོབ་ཐང་ཡིན། གཞུང་ ལ་སྐྱོན་བྱེད་པ་དེ་གཞུང་ལ་བརྩི་བཀུར་མི་བྱེད་པར་བརྩི་བ་ནི་སྐྱོན་བརྗོད་ཀྱི་ གོ་དོན་དང་དམངས་གཙོའི་གོ་རྟོགས་ན་མ་སྨིན་པའི་རྟགས་མཚན་ཡིན། སྐྱོན་བརྗོད་བྱེད་པ་ནི་རེ་བ་ཞིག་བཟུང་ནས་བྱེད་པ་ཡིན། བརྩི་བཀུར་བྱེད་མི་དགོས་པའི་གཞུང་ལ་སུས་སྐྱོན་བརྗོད་བྱེད། ང་ཚོའི་སྲོལ་རྒྱུན་དང་ལྷག་པར་དབུས་ཕྱོགས་སུ་གཞན་ལ་སྐྱོན་བརྗོད་བྱེད་པ་ནི་མི་ལེགས་པའི་ཕྱོགས་སུ་བརྩི་བ་ཡིན། འདི་ནི་སྐྱོན་བརྗོད་དང་མཚང་འབྲུ་གཉིས་སོ་སོར་མ་ཁོལ་བ་ཙམ་དུ་སྣང་། གཉིས་ནས་གཞན་ལ་སྐྱོན་གང་བཙུགས་པ་དེ་རང་ལ་སྐྱོན་དེ་ཡོད་པའི་ཚོར་སྣང་ཡོད་སྟབས་མིའི་མདུན་དུ་རང་ཉིད་སྐྱོན་ཅན་དུ་བཟོ་བར་སུས་འདོད། དེ་འདྲའི་གནས་བབས་ཀྱི་འོག་ཏུ་ལུགས་སྲོལ་དེ་འདྲ་ཞིག་དར་བ་ཡིན་ན་ཡང་ད་ནི་ལུགས་སྲོལ་དེ་དུས་རབས་དང་བསྟུན་ནས་སྒྱུར་དགོས་པར་སྣང་།
སྐྱོན་བརྗོད་ནི་ལེགས་ཉེས་གཉིས་ལས་ལེགས་པ། དཀར་ནག་གཉིས་སུ་ཕྱེ་བའི་དཀར་པོ། བཟང་ངན་གཉིས་སུ་ཕྱེ་བའི་བཟང་པོ། ཕན་ གནོད་གཉིས་སུ་ཕྱེ་བའི་ཕན་པ་བཅས་ཡིན། དེ་ལས་ལྡོག་སྟེ་སྐྱོན་ལ་སྐྱོན་དུ་མ་བརྗོད་ན་འགན་མ་ཁུར་བའི་ཇོ་བཟང་གི་བྱ་བར་ གྱུར་བ་ཡང་ཡིན། མི་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པ་ལྟར་རང་གི་གདོང་པ་ནི་མེ་ལོང་ལ་མ་བརྟེན་པར་མི་མཐོང་བ་བཞིན་རང་གི་ སྐྱོན་ནི་གཞན་གྱིས་མ་བརྗོད་པར་མི་མཐོང་། དེས་ན་སུ་ཞིག་གིས་རང་གི་སྐྱོན་བཏོན་པ་ནི་རང་ལ་གནོད་པའི་ལས་བྱས་པ་མིན་པར་ཕན་ པའི་ལས་བྱས་པ་ཡིན། དེས་ན་སྐྱོན་བརྗོད་ནི་རང་གི་དྲི་མ་དག་པའི་དག་རྫས་ལྟར་དུ་མཐོང་དགོས། སྐྱོན་བརྗོད་ནི་རང་གི་ཉེས་བྱས་ངོས་འཕྲོད་པའི་ལམ་སྟོན་དུ་མཐོང་དགོས། སྐྱོན་བརྗོད་ནི་ཡོན་ཏན་ལ་འདེད་པའི་སྐུལ་ལྕགས་སུ་མཐོང་དགོས།
བསམ་དགོས་པ། བསམ་དགོས་པ་གཞན་ཞིག་ཡོད་པ་ནིཿ དམངས་གཙོའི་སྤྱི་ཚོགས་ཀྱི་ནང་དུ་སྤྱི་དོན་གྱི་ཆེད་དུ་སྐྱོན་བརྗོད་བྱེད་པ་འོས་བབས་ཡོད་ཚུལ་བཤད་པ་གོ་བ་ལོན་ཆོག་ཆོག་ཡོད་ན་ཡང་། རང་དོན་གྱི་ཆེད་དུ་སྐྱོན་བརྗོད་བྱེད་ན་འོས་བབས་ཡོད་དམ། ངས་ནི་དྲི་བ་འདི་ལ་ཡང་ལན་ཐད་དཀར་མི་ཕོགས། གང་ལགས་ཤེ་ན་རང་ཞེས་པ་དེ་ཡང་སྲིད་གཞུང་དེའི་འབངས་མི་ཡིན་ཞིང་། འབངས་མི་ཡོངས་ཀྱི་འདོད་པ་སྒྲུབ་ཐུབ་པ་ནི་སྲིད་གཞུང་གི་ལས་འགན་ཁོ་ན་དེ་རེད། འདིར་ཟམ་གདོང་རིན་པོ་ཆེའི་བཞེད་པ་སྟེ། དམངས་གཙོ་ལས་མང་གཙོར་བཅོས་པའི་གོ་བ་དེ་བླངས་ན་ནི་མི་གཅིག་ཕར་ཞོགས། གྲངས་མང་ན་ཡང་ཉུང་བའི་ཕྱོགས་ཡིན་ན་དེ་དག་གི་འདོད་པ་རྡོག་རོལ་དུ་གཏོང་ཆོག་པའི་གོ་བ་ཡིན། འོན་ཀྱང་དམངས་གཙོའི་གོ་བ་དངོས་ཀྱི་ནང་དུ་དེ་འདྲ་གང་ཡང་མེད། རང་དོན་ཁོ་ན་ཁོག་ཏུ་བཅུག་པའི་སྐྱོན་བརྗོད་ཡིན་ན་མི་འོས་པར་བཤད་གཏུབ་རུང་། གྲངས་གཅིག་ལས་མེད་པས་དེའི་འདོད་པར་བསྟུན་མི་དགོས་པའི་བཤད་ཚུལ་དེ་ནི་དམངས་གཙོའི་གོ་བ་དང་འགལ་བར་ཡེ་ནས་བརྗོད་མི་ཐུབ། མཚང་ འབྱིན་དང་སྐྱོན་འབྱིན་ལོགས་སུ་ཁོལ་ན་སྨྲ་བརྗོད་རང་དབང་ངོས་ཟིན་པའི་རྟགས་ དང་། གྲངས་མང་ཉུང་མི་གཙོ་བར་གནད་ཆེ་ཆུང་གཙོ་བ་ངོས་ཟིན་ན་གཞི་ནས་དམངས་གཙོ་ཡང་དག་ པར་ངོས་འཕྲོད་པའི་རྟགས་སུ་ཁོ་བོས་བསམ།
མདོར་ན། མདོར་ན་སྨྲ་བརྗོད་གང་ཞིག་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་འགྲོ་མི་འགྲོའི་ རྩོད་པ་འདི་ནི་སྨྲ་བརྗོད་གང་དེས་གཞན་ལ་ཕོགས་ཐུག་འགྲོ་མི་འགྲོ་ལ་ཐུག་ཡོད། དེས་ན་ཕོགས་ཐུག་འགྲོ་མི་འགྲོ་ནི་ཉན་པ་པོའི་སྐྱོན་ཡོན་ལ་ཐུག་ཡོད་པ་ལས་སྨྲ་པ་ པོ་ལ་ཐུག་པ་ཞིག་ཡེ་ནས་མིན། ཉན་མ་ཤེས་པའི་མི་ལ་དྲང་གཏམ་བཤད་རུང་ཕོགས་རྒྱུ་ཡིན་པ་དང་། དཀྱེལ་ཡངས་པའི་མི་ལ་གདོང་ལ་བལྟས་ནས་མཚང་བྲུས་རུང་ངར་མི་ཁོལ་བ་ཡིན། དེས་ན་སྨྲ་པ་པོས་བཤད་ཆོག་མི་ཆོག་དེ་ཉན་པ་པོས་གོ་བ་ཇི་ལྟར་ལེན་པ་ལ་འཇོག་པ་ ནི་ཧ་ཅང་འུ་ཐུག་གི་བྱ་བ་དང་། སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་ཚད་མེད་བཏང་པ་རང་ཡིན། ད་ལྟ་ཡོད་པའི་སྨྲ་བརྗོད་ཀྱི་ཚད་བཀག་འདི་འདྲ་ཞིག་འབྱུང་དོན་ཡང་སྨྲ་པ་པོ་མི་ གཅིག་ལས་མེད་པ་དང་། ཉན་པ་པོ་མང་པོ་ཡོད་སྟབས་མང་བས་ཉུང་བ་རྡོལ་རོལ་གྱི་གནས་ཚུལ་ལས་བྱུང་བ་ཉག་ ཅིག་ཡིན། དེ་མིན་གལ་སྲིད་སྨྲ་པ་པོ་གཅིག་ལ་ཉན་པ་པོ་གཅིག་ལས་མེད་ན་ཁྱོད་ཀྱིས་བཤད་པ་ དེས་ང་ལ་ཕོགས་སོང་བས་དེ་བཤད་མི་ཆོག་ཅེས་འདོམས་འོས་སམ།
གནའ་ མི་བོད་ཀྱི་གཏམ་དཔེ་ལཿ སྐྱེས་ཕོ་རབས་ཁོག་པ་ནམ་མཁའ་འདྲ། མདའ་རྒྱང་འཕེན་བྱས་ན་ཐུག་ལེ་མིན། ཕོ་འབྲིང་ཁོག་པ་གཞུང་ལམ་འདྲ། མཛོ་ཁྱུང་དཀར་ལྔ་བརྒྱ་ཤོང་ལེ་ཡིན། ཕོ་མཐའ་མའི་ཁོག་པ་ཁབ་མིག་འདྲ། ཤིག་ཅིག་གི་འགུལ་སྐྱོད་བྱེད་ས་མེད། ཅེས་པ་ཟེར་། སྤྱི་ཚོགས་ཧྲིལ་པོ་སྐྱེས་ཕོ་རབས་དེ་འདྲ་མང་ཤོས་སུ་གྱུར་ན་ད་གཟོད་ཚད་མཐོ་ བའི་སྨྲ་བརྗོད་རང་དབང་དེ་འབྱུང་བ་ཡིན་ནོ།
ཁ་བརྡ་དྲ་བདག་ལགས།
བདག་གི་རྩོམ་འདི་བརྒྱུད་འགོད་གནང་བར་ཐུགས་རྗེ་ཆེ་ཞུ།
རྟ་བྱང་མ་ཞིག་གི་རྒྱུགས་ལུགས།། སྐྱེས་ཕོ་རབ་ཅིག་གི་བཤད་ལུགས།། འདི་ལྟར་རྒྱུ་མཚན་དང་གནས་ལུགས་སྦྲགས་ན་བཤད་ན་བཟང་གི། ང་ཚོའི་སྤྱི་ཚོགས་ནང་འདི་ལྟར་བསམ་བློ་གཏོང་ཐུབ་ན་དམངས་གཙོའི་གནས་བབ་ཇེ་མཐོར་འགྲོ་ངེས་རེད། མུ་མཐུད་ནས་འདི་རིགས་བྲིས་དང་སྤྱི་ཚོགས་ཀྱི་མིག་དབང་ཕྱེ་ཐུབ།
སྨྲ་བརྗོད་རང་དབང་དགོས་པ་བདེན་ཡང་། ཁ་རིན་པོ་ཆེ་ལུས་བདེ་རུ་ཆུགས། སྨོན་པ་དེ་ཡང་དྲན་དགོས།
དྲ་གྲོགས་དམིགས་བུ་ལགས།
སྟོད་སྔགས་གནང་བར་དགའ་བྱུང་།
ངས་བཤད་པའི་ཚད་མཐོའི་སྨྲ་བརྗོད་རང་དབང་ནི་ང་ཚོའི་སྤྱི་ཚོགས་ཕར་ཞོགས་དམངས་གཙོ་ལམ་ཐོག་ཏུ་ཞུགས་པའི་རྒྱལ་ཁབ་རྒན་པ་རྒྱ་གར་ལ་དཀའ་ཙམ་འདུག འོན་ཀྱང་ང་ཚོའི་དམིགས་ས་འདི་འདྲ་ཞིག་ཡིན་པ་མི་རྣམས་ཀྱིས་ཤེས་ན་སྨྲ་བརྗོད་ལ་བཀག་རྡོ་ཇེ་ཉུང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད།
དྲ་གྲོགས་རབ་འབྱམས་ལགས།
ཉན་པ་པོ་ན་མ་སྨིན་པས་ལན་པ་ལས་ཐོགས་རེག་མེད་པའི་ཚིག་གིས་ཐོགས་རེག་ལྡན་པའི་ལུས་ལ་ན་ཟུག་ཇི་ལྟར་བཟོ་ཐུབ། ལུས་ལ་མི་བདེ་བ་བཟོ་མཁན་ནི་མཐར་གཏུགས་ན་ཉན་པ་པོ་རང་ཉིད་ཡིན་པ་ལས་སྨྲ་པ་པོ་མིན་ནོ།
དམངས་གཙོའི་འཐབ་རྩོད་ནང་ལ་སྨྲ་བརྗོད་རང་དབང་དགོས་ཀྱང་། དེ་མིན་ན། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་། ཟེར་བ་དེ་ག་འདྲ་ཟེ་འགྲེལ་ལམ།
ཁ་བརྡའི་གསལ་བརྡར་སྐྱེ་བོ་སྒེར་ལ་དམོད་ཚིག་སོགས་བྱ་ན་དགའ་བསུ་མེད་གསུངས་འདུག་མོད། དེའི་ཤུགས་ལ་སྤྱི་པ་ལ་ཁ་བརྡུང་གཏོང་ན་འགྲིག་གསུངས་པ་འདྲ་ཞིག་གོ་གི་མིན་འདུག་གམ།
སྤྱིར་སྤྱི་སྒེར་གཉིས་ལ་སྤྱི་པ་གལ་མི་ཆེའམ།
མ་བརྗོད་རང་དབང་ཞེས་པའི་སྐོར་ལ་བསམ་བློ་ཡོག་པོ་གཏོང་དགོས། མི་མཁས་མཁས་མདོག་བྱེད་པ་གྱོད་ཀྱི་གཞི་ཞེས་པ་ལྟར་རེད། སྨྲ་བརྗོད་རང་དབང་ཞེས་པ་འདི་ཚད་འཇོག་ཏུ་དཀའ། མ་ཟད་བསམ་ཚད་ཁ་ནས་སྨྲ་ཆོག་པ་ལའང་གོ་རྒྱུ་མེད། དེ་ལྟར་ཡིན་ན་ང་སྨྲ་བརྗོད་རང་ཡིན་ཞེས་ངན་པ་ལ་བཟང་པོ་དང་། བཟང་པོ་ལ་ངན་པ། ཨ་མ་ལ་མནའ་མ་དང་། མནའ་མ་རྨོ་བོ་ལགས་ཞེས་འབོད་ཚེ་ད་གཟོད་སྨྲ་བརྗོད་རང་དབང་ཡོངས་སུ་རྫོགས་པར་ལོངས་སུ་སྤྱད་པར་འགྱུར་གྲང།
Jamphel Tseltrum La,
It is well written essay, appreciated. United Nations has published “Human Rights Articles” with the attachment “Fundamental Rights of People” We came to know the very significance of some articles, which are included in both books. “Freedom of Expression” is one of them.
But the problem is, both books will not give you the exact boundary of “Freedom of Expression” Some intellectuals are reasoning, it is not possible to draw the boundary on “Freedom of Expression”if you did, then it will not be the freedom of expression. the trick is , it will be different while it comes into the constitution of one’s country.
Indian Constitution is one example of that.let me write on it later……
དྲ་གྲོགས་ BBC
ཁྱེད་ཧང་སང་དགོས་པའི་དོན་ཞིག་ལ། “ངན་པ་ལ་བཟང་པོ་དང་། བཟང་པོ་ལ་ངན་པ། ཨ་མ་ལ་མནའ་མ་དང་། མནའ་མ་རྨོ་བོ་ལགས་ཞེས”་ བརྗོད་ན་ཡང་སྨྲ་བརྗོད་རང་དབང་རེད་ཞུ་རྒྱུ་ཡིན། འོན་ཀྱང་སྐྱེ་བོ་སུ་ཞིག་གིས་འདི་ལྟར་ཅིའི་ཕྱིར་སྨྲ། ཁྱེད་ཀྱིས་གསུང་སྟངས་ལ་བལྟས་ན་སྨྲ་བརྗོད་རང་དབང་གི་གོ་དོན་ཡེ་ནས་ཤེས་མེད་པར་སྣང་། དེ་མིན་འདི་ལྟར་ཡེ་ནས་མི་གསུང་ངེས།
Net friend Daring Thokmay la
Appreciated for appreciation. Yea, it because the law makers have to think the mentality of the mass so, it comes always with some limitations. That is unfortunate any way.
རྣམ་པ་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས།
སྨྲ་བརྗོད་ལ་རང་དབང་ཡོད་དང་ཡོད། རང་དབང་དེ་རང་ཉིད་ལ་ཡོད་འོས་པ་ཞིག་ཡིན་ན། རང་ཉིད་ཀྱི་བཤད་པའི་སྐད་ཆ་དེའི་བྱས་འབྲས་ཅི་བྱུང་གི་འོས་འགན་ཡང་རང་ཉིད་ལ་ཡོད་དང་ཡོད། ང་ཚོས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་ལ་བདག་པོ་རྒྱག་དགོས་ཀྱི་འདུག་ལ། ང་ཚོས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་ལ་འགན་ཡང་འཁུར་དགོས་ཀྱི་འདུག
སྨྲ་བརྗོད་རང་དབང་ནི་རྒྱུན་གཏན་གྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན། དེ་ལ་ས་མཚམས་ཤིག་ངེས་པར་དགོས་དེ་ཡང་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རང་འགན་དེ་དང་མ་འགལ་བ་ཞིག་དགོས། སྨྲ་བརྗོད་རང་དབང་རེད་ཅེས་ཁ་ནས་གང་ཐོན་ལབ་ན་དེ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རྒྱ་ལས་འགལ་བ་ཡིན།
ཁ་རིན་པོ་ཆེ་ལུས་དལ་བར་ཞོགས། །རྐུབ་རིན་པོ་ཆེ་ང་བཞུགས་གྲལ་དུ་ཞོགས།
ཨ་ཙི། ད་ཅི་བྱེད། ཁྱེད་ཚོས་རང་དབང་ཟེར་བ་དེ་ཤེས་ཀྱི་མི་འདུག རང་དབང་ཟེར་བའི་ཚིག་འདིར་རང་དབང་རང་གི་སྟེང་ནས་གོ་བ་ལེན་རྒྱུ་གེ་གེ་ཡོད་མ་རེད། རང་དབང་ཟེར་བའི་ཚིག་འདིར་གོ་བ་ལེན་དགོས་ན། གཞན་དབང་། བཙན་དབང་ཟེར་བའི་ཚིག་ལ་གོ་བ་ལེན་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན། རང་དབང་གི་དོན་རང་ཁྲོལ་རེད།
དེ་མིན་ཁྱེད་ཚོས་ཚིག་རྩུབ། དམོད་མོ། བརྙས་བཅོས། ཟུར་ཟ། མཐོང་ཆུང་། ད་རུང་དགོད་ཤོར་བ་ཞིག་ལ་སྒྲིག་གཞི་སོགས་ཁྱེར་ཡོང་ནས་གཏམ་བརྗོད་རང་དབང་ལ་འགྲེལ་རྒྱག་དགོས་བྱུང་ན་རྙོག་དྲ་ཚ་རོགས་རེད། གཏམ་བརྗོད་རང་དབང་དང་བར་ཐག་རིང་དུ་ཕྱིན་པ་རེད། ཁྱེད་ཚོ་མཉམ་སྦྲེལ་རྒྱལ་ཚོགས་ཡང་ན་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་སྒྲི་ཁོངས་སམ་མགོ་སྐོར།ཡང་ན་ཆོས་གང་ཞིག་གི་མི་ཆོས་ཀྱི་བསླབ་བྱ་གང་རུང་ཞིག་གི་འོག་ཏུ། དམྱལ་བར་སྐྱེས་འགྲོ་གི་རེད། དམྱལ་བར་སྐྱེས་པ་ཡིན་ན་རང་དབང་ཟེར་བའི་མིང་ཙམ་ཡང་གོ་རྒྱུ་ཡོད་མ་རེད།
གཏམ་བརྗོད་རང་དབང་ཟེར་ན་ག་རེ་རེད་ཟེར་ན། དཔེ་བཞག་ན། གཞུང་སྒེར་སུ་ཞིག་ནས། ཁྱོད་ལ་མི་ཞིག་གི་མཐོང་མ་བཞག་པར་མཐོང་ཆུང་བརྙས་བཅོས་བྱེད་སྐབས། ཁྱོད་དེ་ལ་ཁོང་ཁྲོ་ཟ་བ་དང་མི་འདོད་པའི་བློ་སྐྱེས་ཏེ། ཕ་རོ་མ་རོ། ཁྱོས་སྐྱག་པ་ཟོས་ཟེར་བ་དེ་རེད། ད་ཧ་གོ་སོང་ངེ་།
འཇམ་ཚུལ་ལགས་སུ་ཆེད་ཞུ། ངས་བྱས་ན་སྨྲ་བརྗོད་རང་དབང་གི་དོན་ངོ་མ་མི་ཤེས་མཁན་དེ་ཁྱེད་རང་རེད་འདུག ཁྱེད་རང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་གི་ནང་ཚན་བཅུ་དགུ་པ་རྒྱས་སུ་བཏང་སྟེ་འགྲེལ་བའི་ཁུལ་ཡིན་ཀྱང་། དོན་ལ་ནང་འགལ་གྱི་ཕུང་པོ་ཤ་སྟག་འདུ་བྱས་འདུག ཁྱེད་ལྟར་ན་ཁ་ནས་གང་ཐོན་བཤད་ཆོག་པའི་སྐོར་ལ་བསམས་འདུག འདི་ནི་ཆེས་བཞད་གད་ཀྱི་གནས་རེད། ཁྱེད་རང་གིས་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ཏེ་ཀླུ་འབྱམས་ཀྱིས་༸གོང་ས་ཆོག་ལ་མཚན་སྨད་ཞུས་པ་དེར་དོན་ལ་རྒྱབ་སྐྱོར་བྱས་འདུག ཕྱོགས་གཞན་ཞིག་ནས་མདོ་སྨད་ས་རྒྱུན་ནས་ཀླུ་འབྱམས་དགག་པ་དེར་སྐྱོན་་བརྗོད་འདུག དེ་འདྲ་ཡིན་ན་ཁྱེད་ཀྱིས་བཤད་པའི་སྨྲ་བརྗོད་རང་དབང་དེ་ཐོག་མ་ཉིད་ནས་ཕྱོགས་སུ་ལྷུངས་འདུག ཀླུ་འབྱམས་ལ་སྨྲ་བརྗོད་རང་དབང་ཡོད་ཆོག་པ་དང་མདོ་སྨད་ས་རྒྱུན་ལ་སྨྲ་བརྗོད་རང་དབང་མེད་པ་གང་ཡིན། དེ་ལྟར་ན་ཁྱེད་རང་ལ་སོགས་ཀླུ་འབྱམས་ཀྱི་རྒྱབ་རྩ་རྣམས་ཀྱིས་མདོ་སྨད་ས་རྒྱུན་གྱི་སྨྲ་བརྗོད་རང་དབང་འཕྲོག་འདུག དེ་འདྲ་ཡིན་དུས་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅུ་དགུ་པའི་ནང་བསམ་བློ་དང་བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་། ས་མཚམས་ཀྱི་དབེྱ་འགོག་མེད་ཅེས་པའི་དོན་རྣམས་གཞི་མེད་དང་། ཁྲིམས་དང་འགལ་བ་། སྐྱེ་བོ་སྒེར་གྱི་མཚན་མཐོང་ལ་གནོད་གཞིའི་གཞི་མེད་མཚང་འབྲུ་སོགས་ཚང་མ་སྨྲ་ཆོག་པར་གོ་རྒྱུ་མེད། གལ་ཏེ་ཁྱེད་ལྟར་ན་ཡིན་ན། འཇམ་དཔལ་ཚུལ་ཁྲིམས་ཀྱིས་མི་བསད་སོང་། འཇམ་དཔལ་ཚུལ་ཁྲིམས་ཀྱིས་སློབ་གྲྭའི་རྒྱུ་དངོས་ཞར་དང་ཞོར་ལ་རྐུ་བརྒྱབ་སོང་། འཇམ་དཔལ་ཚུལ་གྱིས་མི་གཞན་གྱི་ཆུང་མར་བཙན་གཡེམས་བྱས་སོང་ཞེས་ཤུགས་ཆེར་བརྗོད་པ་མ་ཟད། ཚགས་ཤོག་སྟེང་དུ་བཀོད་པ་ཡིན་ན། ཁྱེད་རང་གིས་ཁྱེད་རང་གི་སྨྲ་བརྗོད་རང་དབང་གི་རྣམ་བཤད་ཅེས་པ་ལག་ཏུ་ཁྱེར་ཏེ། འདི་ནི་ཁོའི་སྨྲ་བརྗོད་ཀྱི་རང་དབང་རེད་ཅེས་དང་ལེན་བྱེད་པར་འདོད་དམ། གལ་ཏེ་ཁྱེད་ཀྱིས་ངས་དེ་ལྟར་བྱས་མེད། ཁོ་གང་མིན་ཚད་རེད། ང་ལ་ནག་མེད་ཉེས་འཛུགས་བྱས་བྱུང་ཞེས་ཁྲིམས་གཏུགས་བྱས་ཏེ་ཁྲིམས་ཁང་ནས་ཁྱེད་ཀྱིས་བཤད་པ་དེར་དཔང་རྟགས་མི་འདུག ཁྱེད་ཀྱིས་འཇམ་ཚུལ་ལ་དེ་ལྟར་བཤད་མི་ཆོག་ཟེར་དུས། ཁོས་ང་ལ་སྨྲ་བརྗོད་རང་དབང་ཡོད། བཤད་མ་ཆོག་པ་གང་ཡིན་ནམ། ཞེས་བཤད་ཀྱང་ཁྲིམས་ཁང་ནས་ཁྲིམས་ལྟར་ལག་ལེན་བསྟར་ཏེ་ཁྱེད་རང་དཀར་སར་ཐོན་ན། ཁྱེད་ལ་གཞི་མེད་ཉེས་འཛུགས་བྱེད་མཁན་དེར་ཁྲིམས་ཀྱི་ཆད་པ་ཕོག་རྒྱུ་རེད། ད་གཟོད་ཁྱེད་རང་དང་ཁྲིམས་ཁང་གཉིས་ཀ་སྐྱེ་བོ་སྒེར་གྱི་སྨྲ་བརྗོད་རང་དབང་འཕྲོགས་མཁན་ཞིག་ཏུ་མི་འགྱུར་གྲང། བྱས་ཙང་སྨྲ་བརྗོད་རང་དབང་ཞེས་པ་རྒྱུ་མཚན་ཡོད་པ་དང་། ཁྲིམས་དང་མཐུན་པ། རང་གི་སྲུང་སྐྱོབ་སོགས་དང་འབྲེལ་བའི་གཞི་འཛིན་ས་ཡོད་པའི་དོན་ཁྲིམས་ཀྱི་མདུན་ས་སོགས་སུ་སྨྲ་བའི་རང་དབང་དགྲ་མཉམ་ཡོད་ཅེས་འགྲེལ་རྒྱུ་ལས། ཁྱེད་ལྟར་གཞི་རྩ་ཡོད་མེད། བདེན་མི་བདེན་དང་། འཇིག་རྟེན་གྱི་ཆོས་ཉིད་དང་ཐ་སྙད་དང་མི་མཐུན་པ། སྤྱི་ཚོགས་དཀྲུག་གཞཚིའི་སྐྱད་ཆ་སོགས་དོན་དངོས་དང་མི་མཐུན་པའི་བྱུང་རྒྱལ་གྱི་གཏམ་འཆལ་ཚང་མ་སྨྲ་ཆོག་པའི་དོན་མིན་ནོ། །
དྲ་གྲོགས་BBC་ལགས།
ངའི་རྩོམ་དེ་སྨྲ་བརྗོད་རང་དབང་གི་གཞི་རྩའི་གོ་དོན་ལ་རང་སྟོབས་ཀྱིས་གོ་བ་བླངས་པའི་ཁུལ་ལས་གང་ཞིག་གི་འགྲེལ་བཤད་གང་ཡང་མིན། སྨྲ་བརྗོད་རང་དབང་ལ་ཚད་མཐོ་དམན་མང་པོ་ཡོད་པར་བཤད་ཡོད་ལ་ཚད་བཀག་མེད་པར་ཡང་བཤད་མེད། འོན་ཀྱང་ཕྱི་ལོགས་ནས་མིན་པར་སྨྲ་པ་པོས་བྱེད་དགོས་པར་བཤད་ཡོད་པས་གང་བྱུང་བཤད་ན་འགྲིག་གི་རེད་ཀྱང་བཤད་མེད། སྨྲ་བརྗོད་རང་དབང་ལ་ལུགས་དང་མི་མཐུན་པ་ཞིག་ཡོད་ཆོག་པ་ལས་ཁྲིམས་དང་མི་མཐུན་པ་ཞིག་ཡོང་མི་འོས།
ཁྱེད་ཀྱིས་གཞི་མེད་སྙོན་འཛུགས་བྱེད་པའི་དཔེ་དེ་ལཿ ཁོས་གང་བཤད་པ་ཁོའི་སྨྲ་བརྗོད་རང་དབང་རེད་ཅེས་ད་དུང་ཞུ་རྒྱུ་ཡིན། ལར་ནས་དེ་ལྟར་བཤད་མཁན་ལ་རིགས་གཉིས་ཡོད། གཅིག་ནི་རིག་འཚོ་མ་ཟིན་པ་རྣམས་ཡིན་པས་ཁོ་བོས་དེ་ལ་ཡ་ལན་མི་སྤྲོད། གཞན་དེ་ནི་ཁོ་བོ་ལ་ཆེད་དུ་དམོད་པར་འདོད་མཁན་རྣམས་ཡིན། ངོ་མ་བཤད་ན་འདི་རིགས་ནི་སྨྲ་བརྗོད་རང་དབང་གི་ཚད་བཀག་བྱེད་མཁན་གྱི་འབྱུང་རྩ་ལྟེ་བ་དེ་ཡིན། འདི་རིགས་ལ་བརྟེན་ནས་ཡུལ་སོ་སོའི་ཁྲིམས་ནང་དུ་སྨྲ་བརྗོད་རང་དབང་ལ་ཚད་བཀག་མང་པོ་ཞིག་བཟོ་དགོས་པར་འགྱུར་གྱི་ཡོད། འདི་རིགས་ལ་བརྟེན་ནས་ཚད་དམའ་བའི་སྨྲ་བརྗོད་རང་དབང་ཟེར་དེ་ཚོ་ཡོང་གི་ཡོད། དེས་ན་འདི་དག་ནི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་མིན་པར་སྨྲ་བརྗོད་རང་དབང་ལ་གནོད་པ་སྐྱེལ་མཁན་ཡིན། ཉེས་པ་ཐམས་ཅད་འདི་རིགས་ཀྱིས་ཁུར་དགོས།
ཁྱེད་ཀྱིས་སྦྲ་རིགས་ཐོགས་མེད་ཀྱི་མཆན་ལ་གཟིགས་པར་ཞུ། ངས་གང་བཤད་པ་ཁོང་གིས་ཏག་ཏག་བཤད་འདུག འདི་ནི་བལྟས་དབང་ཙམ་ལས་འདི་ལྟར་མཐུན་ཕྱོགས་ཤིག་ཡོང་རྒྱུ་ཡོད་པའི་ཡིད་ཆས་བྱས་མེད། གང་ལགས་ཤེ་ན་ངས་བཤད་པ་ནི་རང་ངོས་ཀྱི་གོ་བ་ཙམ་ལས་གཞི་འཇོག་ས་གཅིག་ཀྱང་མེད།
དྲ་གྲོགས་ཚོ།
ངའི་རྩོམ་གྱི་ནང་དུ་”ཁྲིམས་ནི་རང་དབང་དང་རང་དབང་ནི་ཁྲིམས་ཡིན།”་ཞེས་པ་ཞིག་བྲིད་ཡོད། འདིའི་གོ་དོན་ལ་ཐུགས་གཞིགས་རྒྱུན་རིང་གནང་བར་མཁྱེན། གོ་རྒྱུ་ཞིག་ཡོད།
“ཉེས་ཆད། སྨྲ་པ་པོས་སྐྱེས་བོ་ཞིག་ལ་གཞི་མེད་ཀྱི་སྙོན་འཛུགས་བྱེད་ན་སྨྲ་བརྗོད་རང་དབང་གི་ནང་དུ་ཚུད་ཡོད་ལ་ཉན་པ་པོ་ལ་ཡང་ཁུངས་འཚོལ་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། གཞི་མེད་ཀྱི་སྙོན་འཛུགས་ཤིག་གིས་སྐྱེ་བོ་ཞིག་གི་མིང་མཐོང་ལ་གནོད་པ་བྱུང་ཡོད་ན་ཁོ་ལ་སྨྲ་བ་པོས་བཤད་པའི་སྐད་ཆ་ལ་ཁུངས་སྐྱེལ་དགོས་པ་པའི་དགོས་འདུན་འདོན་པའི་ཐོབ་ཐང་ཡོད་པ་མ་ཟད། ཁུངས་མེད་ན་ཇི་ལྟར་མཚན་དམད་བྱས་པ་དེ་ལྟར་དུ་དག་འབུད་བྱེད་དགོས་པའི་འགན་ཡོངས་རྫོགས་སྨྲ་པ་པོ་ལ་ཡོད། སྨྲ་བ་པོ་ཞིག་གིས་ཁུངས་མེད་པའི་གཏམ་འཆལ་གང་བྱུང་སྨྲ་བ་ལ་ཉན་པ་པོས་ཁུངས་སྐྱེལ་དགོས་པར་བརྗོད་ན་ངེས་པར་དུ་ཡང་ན་ཁུངས་སྐྱེལ་དགོས་ཤིང་། དེ་མེད་ན་མེད་པའི་ཁྱབ་བསྒྲགས་ཉན་པ་པོའི་བློ་མ་ཚིམས་པར་དུ་བྱེད་དགོས། དེ་ནི་སྨྲ་བརྗོད་རང་དབང་བེད་ལོག་ཏུ་བཏང་བའི་ཉེས་ཆད་གཅིག་རང་འགེལ་རྒྱུ་ཡོད་པ་དེ་རེད།”
གོང་གི་དུམ་ཚན་འདི་ངའི་མ་བྱི་ལ་ཡོད་མོད་འདིར་ཆད་འདུག
ངས་གང་སར་བལྟ་བ་ལ་དུས་ཁོམ་རྩ་བ་ནས་མེད། འོན་ཀྱང་ཁྱེད་ཀྱིས་བསམ་ཚུལ་བརྗེ་རེས་གནང་བར་ཐུགས་རྗེ་ཆེ་ཞུ། ཕན་ཐོགས་ཆེན་པོ་འདུག རྗེས་སུ་ཁྱེད་ཀྱིས་དཔྱད་པ་མང་ཙམ་གནང་སྟེ་གཞི་འཛིན་ས་ཡོད་པའི་ཚད་མཐོའི་སྨྲ་བརྗོད་རང་དབང་སྐོར་གྱི་ཁྱེད་ཀྱི་དཔྱད་གཏམ་ཞིག་ཀློག་རྒྱུར་སྒྲུག་ཡོད།
འཇམ་དཔལ་ཚུལ་ཁྲིམས་ཀྱིས་སློབ་གྲྭའི་རྒྱུ་དངོས་ཞར་དང་ཞོར་ལ་རྐུ་བརྒྱབ་སོང་། འཇམ་དཔལ་ཚུལ་གྱིས་མི་གཞན་གྱི་ཆུང་མར་བཙན་གཡེམས་བྱས་སོང་། ཞེས་སྦི་སྦི་སིས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་འདུག
༢༠པ་འདི་སྐུ་རེ་དང་བཅས་བྱས། འོན་ཀྱང་རྒྱུ་མཚན་རྩ་བ་མེད་པ་མིན།
དྲ་གྲོགས་ཚོ།
ཁོ་བོས་རྩོམ་ཡིག་འདི་འབྲི་བའི་དགོས་པ་དེ་མ་བྲིས་པར་ནོར་འདུག དེ་མ་བྲིས་པར་རང་ཅག་གོ་བརྡ་ལེགས་པོ་ཞིག་འཕྲོད་ཀྱི་མེད་པར་སྣང་། དེའི་ཕྱིར་གཤམ་གྱི་དུམ་བུ་འདི་སྣོན་གྱི་ཡིན། བདག་རྩོམ་གྱི་མ་རྩོམ་དེ་བདག་སྒེར་གྱི་ཟིན་བྲིས་ http://njampel.blogspot.com/2011/01/blog-post.html དང་དུས་བབ་ཀྱི་ཟིན་བྲིས་ http://www.tibettimes.net/blogs.php?id=343&post_id=13468 ནང་དུ་ཡོད་པ་དེ་ལ་སྣོན་རྒྱུ་ཡིན་པར་དེར་སྐྱར་དུ་ཕེབས་པར་དགའ་བསུ་ཞུ།
རྩོམ་འདི་བྲིས་པའི་དགོས་པ།
ཁོ་བོའི་རྩོམ་འདི་འབྲི་བའི་དགོས་པ་དེ་མ་བཤད་ན་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་མེད་པ་ལྟར་མཐོང་། ངའི་རྩོམ་དེ་འབྲི་བའི་དགོས་པ་ནི་སྨྲ་བརྗོད་རང་དབང་བརྡལ་བཤིག་མ་བཏང་བའི་སྒོ་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་ལོག་པར་གཏོང་བ་འགོག་ཆེད་དུ་ཡིན། དེ་ཡང་གལ་སྲིད་འདི་དང་འདི་འདི་ལྟར་དང་དེ་ལྟར་བཤད་ཆོག་དང་མི་ཆོག་གི་ཁྲིམས་ལུགས་ཤིག་ནམ་ཞིག་བཅས་པ་ན་དེ་དུས་སྨྲ་བརྗོད་རང་དབང་རྡོག་རོལ་དུ་བཏང་བ་ཡིན། གང་ལགས་ཤེ་ན་སྨྲ་པ་པོ་ལ་ཕྱིའི་དབང་ཤུགས་ཀྱིས་རང་གི་གང་བཤད་འདོད་པ་བཤད་དབང་མེད་པར་བཏང་བ་རེད། དེ་འདྲའི་ཁྲིམས་ལུགས་ཤིག་བཟོས་ཚེ་གང་ཟག་གཉིས་པ་དང་གསུམ་པས་ཁྲིམས་ལུགས་དེ་འཁོར་པའི་ཁྲིམས་ཡིག་དེ་གནམ་ལ་འཕྱར་བཞིན་ཁྱོད་ཀྱིས་འདི་དང་དེ་འདི་ལྟར་དང་དེ་ལྟར་བཤད་མི་ཆོག་སྟེ། ཁྲིམས་ཡིག་འདི་དང་འདི་ལ་འགལ་འགྲོ་སོང་བས་སོ་ཞེས་བཤད་ཀྱི་རེད། དེ་འདྲ་ལ་སྨྲ་བརྗོད་རང་དབང་གི་བརྡལ་བཤིག་མི་ཟེར་ན་སྨྲ་བརྗོད་རང་དབང་གི་ས་མཚམས་ཡེ་ནས་མི་ལོན། དེའི་ཕྱིར་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་བཤད་ཆོག་པར་གོ་དགོས་པར་བཤད་པ་ཡིན། སྨྲ་བརྗོད་ལ་ཚད་བཀག་མེད་ཡེ་ནས་བཤད་མེད་ཅིང་། ཚད་བཀག་ནི་སྨྲ་པ་པོ་ལས་གཞན་པའི་ངོས་ནས་ཡོང་མི་འོས་པར་བཤད་ཡོད།
དེས་ན་སྨྲ་བརྗོད་རང་དབང་ནི་གང་བཤད་བཤད་ལ་ཚད་བཀག་མེད་ཀྱང་ཚད་བཀག་ཡོད་ཅེས་འགལ་འདུའི་ཚིག་ཅིག་བརྗོད་དགོས་པ་འདྲ། དེ་མིན་ཀློག་པ་པོ་དག་གིས་གོ་བརྡ་འཕྲོད་དཀའ་བར་སྣང་། དེ་ཡང་གཞན་ངོས་ནས་གང་བཤད་བཤད་ཡིན་ལ་སྨྲ་པ་པོ་རང་ངོས་ནས་ཚད་བཀག་བྱེད་དགོས་ཞེས་པ་ལ་ཟེར་བ་ཡིན། སྨྲ་པ་པོས་གཞན་ས་ལ་རང་བསྡད་ནས་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་སྨྲ་བརྗོད་རང་དབང་ལ་བརྡལ་མ་སོང་བའི་སྒོ་ནས་ཚད་བཀག་དེ་བྱས་པ་ཡིན། དེ་མིན་ཐབས་ཤེས་མེད། ཅི་སྟེ་སྨྲ་པ་པོས་དེ་ལྟར་རང་ངོས་ནས་ཚད་བཀག་མ་བྱས་ན་ཁོ་སྡུག་པ་ལ་ཨང་ཟེར་བ་ཙམ་ལས་ཐབས་ཤེས་གཞན་མེད། དེའི་ཕྱིར་འབྱུང་འགྱུར་གྱི་སྨྲ་པ་པོ་དག་གི་ཐུགས་རྒྱུད་ལ་སྨྲ་བརྗོད་རང་དབང་གི་ཚད་བཀག་དེ་བསྐྱེད་པའི་ཆེད་དུ་ཁོ་བོས་རྩོམ་དེ་བྲིས་པ་ཡིན། དེ་བྱུང་ན་སྨྲ་བརྗོད་ལ་འདི་དང་དེ་བརྗོད་འོས་དང་མི་འོས་ཀྱི་ཁྲིམས་བཅའ་མི་དགོས་པར་སྨྲ་པ་པོ་རང་ངོས་ནས་འགན་ཁུར་འོང་བའི་ཁོ་བོས་རེ་ལྟོས་འཆང་གི་ཡོད།
རྩོམ་འདི་བྲིས་པའི་དགོས་པ།
ཁོ་བོའི་རྩོམ་འདི་འབྲི་བའི་དགོས་པ་དེ་མ་བཤད་ན་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་མེད་པ་ལྟར་མཐོང་། ངའི་རྩོམ་དེ་འབྲི་བའི་དགོས་པ་ནི་སྨྲ་བརྗོད་རང་དབང་བརྡལ་བཤིག་མ་བཏང་བའི་སྒོ་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་ལོག་པར་གཏོང་བ་འགོགས་ཆེད་དུ་བྲིས་པ་ཡིན། དེ་ཡང་གལ་སྲིད་འདི་དང་འདི་འདི་ལྟར་དང་དེ་ལྟར་བཤད་ཆོག་དང་མི་ཆོག་གི་ཁྲིམས་ལུགས་ཤིག་ནམ་ཞིག་བཅས་པ་ན་དེ་དུས་སྨྲ་བརྗོད་རང་དབང་རྡོག་རོལ་དུ་བཏང་བ་ཡིན། གང་ལགས་ཤེ་ན་སྨྲ་པ་པོ་ལ་ཕྱིའི་དབང་ཤུགས་ཀྱིས་རང་གི་གང་བཤད་འདོད་པ་བཤད་དབང་མེད་པར་བཏང་བ་རེད། དེ་འདྲའི་ཁྲིམས་ལུགས་ཤིག་བཟོས་ཚེ་གང་ཟག་གཉིས་པ་དང་གསུམ་པས་ཁྲིམས་ལུགས་དེ་འཁོར་པའི་ཁྲིམས་ཡིག་དེ་གནམ་ལ་འཕྱར་བཞིན་ཁྱོད་ཀྱིས་འདི་དང་དེ་འདི་ལྟར་དང་དེ་ལྟར་བཤད་མི་ཆོག་སྟེ། ཁྲིམས་ཡིག་འདི་དང་འདི་ལ་འགལ་འགྲོ་སོང་བས་སོ་ཞེས་བཤད་ཀྱི་རེད། དེ་འདྲ་ལ་སྨྲ་བརྗོད་རང་དབང་གི་བརྡལ་བཤིག་མི་ཟེར་ན་སྨྲ་བརྗོད་རང་དབང་གི་ས་མཚམས་ཡེ་ནས་མི་ལོན། དེའི་ཕྱིར་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་བཤད་ཆོག་པར་གོ་དགོས་པར་བཤད་པ་ཡིན། སྨྲ་བརྗོད་ལ་ཚད་བཀག་མེད་ཡེ་ནས་བཤད་མེད་ཅིང་། ཚད་བཀག་ནི་སྨྲ་པ་པོ་ལས་གཞན་པའི་ངོས་ནས་ཡོང་མི་འོས་པར་བཤད་ཡོད།
དེས་ན་སྨྲ་བརྗོད་རང་དབང་ནི་གང་བཤད་བཤད་ལ་ཚད་བཀག་མེད་ཀྱང་ཚད་བཀག་ཡོད་ཅེས་འགལ་འདུའི་ཚིག་ཅིག་བརྗོད་དགོས་པ་འདྲ། དེ་མིན་ཀློག་པ་པོ་དག་གིས་གོ་བརྡ་འཕྲོད་དཀའ་བར་སྣང་། དེ་ཡང་གཞན་ངོས་ནས་གང་བཤད་བཤད་ཡིན་ལ་སྨྲ་པ་པོ་རང་ངོས་ནས་ཚད་བཀག་བྱེད་དགོས་ཞེས་པ་ལ་ཟེར་བ་ཡིན། སྨྲ་པ་པོས་གཞན་ས་ལ་རང་བསྡད་ནས་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་སྨྲ་བརྗོད་རང་དབང་ལ་བརྡལ་མ་སོང་བའི་སྒོ་ནས་ཚད་བཀག་དེ་བྱས་པ་ཡིན། དེ་མིན་ཐབས་ཤེས་མེད། ཅི་སྟེ་སྨྲ་པ་པོས་དེ་ལྟར་རང་ངོས་ནས་ཚད་བཀག་མ་བྱས་ན་ཁོ་སྡུག་པ་ལ་ཨང་ཟེར་བ་ཙམ་ལས་ཐབས་ཤེས་གཞན་མེད། དེའི་ཕྱིར་འབྱུང་འགྱུར་གྱི་སྨྲ་པ་པོ་དག་གི་ཐུགས་རྒྱུད་ལ་སྨྲ་བརྗོད་རང་དབང་གི་ཚད་བཀག་དེ་བསྐྱེད་པའི་ཆེད་དུ་ཁོ་བོས་རྩོམ་དེ་བྲིས་པ་ཡིན། དེ་བྱུང་ན་སྨྲ་བརྗོད་ལ་འདི་དང་དེ་བརྗོད་འོས་དང་མི་འོས་ཀྱི་ཁྲིམས་བཅའ་མི་དགོས་པར་སྨྲ་པ་པོ་རང་ངོས་ནས་འགན་ཁུར་འོང་བའི་ཁོ་བོས་རེ་ལྟོས་འཆང་གི་ཡོད་དོ།
རྡ་ས་མདོ་སྨད་ཚོགས་པ་དང་ཀླུ་འབྱམས་གཉིས་ཀྱི་རྩོད་རྙོག་འདིའི་སྐོར་ད་དུང་ཡང་མཇུག་སྒྲིལ་མི་འདུག ད་ནང་སྒྲིག་ཞིག་བྱོས་དང་། ཁྱིམ་མཚེས་ཆོལ་ཁ་གཉིས་ལའང་ངོ་ཚ།
ཁ་ཤས་དད་པ་ཡིན་ཁུལ་བྱས་ནས་ཉོམས་ཆུང་མི་ལ་མནར་གཅོད་འཕེན།
ཁ་ཤས་ཤ་ཚ་ཡིན་ཁུལ་བྱས་ནས་རང་རིགས་བར་ལ་དཀྲུག་ཤིང་བརྒྱབ།
ཁ་ཤས་མཁས་པ་ཡིན་ཁུལ་བྱས་ནས་རྒྱལ་པཎ་གཉིས་ལ་སྐུར་འདེབས་ཞུས།
ཁ་ཤས་ཞེད་སྣང་ཡིན་ཁུལ་བྱས་ནས་བདེན་པ་བརྡར་སའི་མཆན་སྒོ་བརྒྱབ།
ཁ་ཤས། ཁ་ཤས། ད་དུང་རྙོག་དྲ་ཁ་ཤས་ཡོད་ན་བྱུང་ན་བསམ་ནས་སྒུག་ནས་བསྡད།
ད་ཡིན་མཆན་སྒོ་འདི་ཡང་སྐྱོན་རོགས་གནང་།
མང་ཆེ་བ་ཀླུ་འབྱམས་ཕྱོགས་སུ་འདུག་་་་་་་་
སྨྲ་བརྗོད་རང་དབང་མཐོ་སར་དགོས་ལ་དམའ་སར་ཡང་དགོས།
སྨྲ་བརྗོད་རང་དབང་ཁྱོད་ལ་དགོས་ལ་ང་ལའང་དགོས།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། ཁྱེད་རང་སྤོབས་པ་ག་ཚོད་མཐོ་ཡང་། གསུང་སྟངས་འདི་འདྲ་རང་ད་ཨ་ཡིན།
ཁ་དཔེར། གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན།
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་དེ་ནི་བོད་མདོ་དབུས་ཁམས་གསུམ་ཏུ་དཀའ་དྲིན་བླ་ན་འཕགས་ཤིང་རྒྱལ་བ་དོན་གྱི་བདག་པོས་ཀྱང་བསྔགས་བརྗོད་ཡང་ཡང་གནང་ས་དང་། བོད་མི་རྣམས་ཀྱི་སྐྱབས་ཡུལ་ཞིག་ཡིན་བཞིན། ཁྱེད་ཀྱི་ཁ་བརྡའི་དྲ་མཆན་ནང་བཀོད་པའི་བརྗོད་ཚིག་ཛོར་པོ་དེ་ཚོར་བལྟ་ན་པཎ་ཆེན་ཚང་ལ་དད་པ་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་པ་དེ་ནི་ཁྱེད་ཀྱི་ཆོས་དད་རང་མོས་ཡིན་པས་སུས་ཀྱང་འགོག་མི་ཐུབ། ཁྱོད་ཀྱིས་པཎ་ཆེན་ཚང་ལ་འབོད་སྟངས་དེ་འདྲའི་མ་རབས་ཤིག་རེད་ཨང་།་་འོན་ཀྱང་མ་མཐར་ཡང་ཁྱོད་ལ་བོད་མིའི་བཟང་སྤྱོད་ཅིག་དགོས་ངེས་ཡིན། མ་ཟད་བོད་མི་མང་གིས་སྔར་ནས་ད་བར་རྒྱལ་བ་པཎ་ཆེན་ལ་དད་པ་ཞུ་བཞིན་པ་དེ་བས་སུས་ཀྱང་འགོག་མི་ཐུབ།་་ ད་ལྟ་ཀླུ་འབྱམས་ལ་སྐྱོན་འཛུགས་བྱེད་བཞིན་པ་དེའི་ནང་དུའང་རྒྱལ་བ་རིན་པོ་ཆེར་གུས་ཞབས་མི་བྱེད་པ་སོགས་ཀྱི་མི་ཆོས་ལ་གཞི་འཛིན་བྱེད་ཀྱི་ཡོད་པ་རེད།་་མ་བརྙེས་པ་གནང་རོགས།
མ་ཟད་ཁྱོད་ཀྱི་མཆན་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་ཏུ་ཕེབས་སྐབས་སྐོར་ལ། པཎ་ཆེན་རྒྱ་གཞུང་གི་སྐུ་ཚབ་བྱས་ནས་གཟིགས་སྐོར་ལ་ཡོང་བ་རེད་ཟེར་ཧང་སང་མདོག་བྱས་འདུག་་ དེ་ནི་ཚང་མས་ཤེས་གསལ་རེད། ཁོང་རྒྱ་ནག་ནང་བོད་མི་རིགས་ཀྱི་བདེ་དོན་ཆེད་སྐུ་ལས་སྐྱོན་ནས་བཞུགས་བཞིན་ཡོད་པ་རྒྱ་གཞུང་གི་སྐུ་ཚབ་བྱས་ནས་མ་ཕེབས་ན། ག་རེའི་ཐོག་ནས་ཕེབས་ག་རེད་པས། 《དེ་སྐོར་རྒྱལ་བ་རིན་པོ་ཆེས་ཀུན་གཟིགས་མཆོག་དགོངས་པ་རྫོགས་པ་དེས་ང་ལ་ལག་གཏུགས་ཆེན་པོ་རྒྱག་གི་འདུག་ ཁོང་བཞུགས་ཡོད་ན་བོད་ནང་ཁོང་གིས་གསུང་སྐྱོན། 》་ཞེས་བཀའ་བསྩལ་བ་ཁྱེད་ཀྱིས་ཤེས་མ་བྱུང་ངམ།
ཡང་གལ་ཏེ་རྒྱ་གཞུང་གི་སྐུ་ཚབ་བྱས་ནས་ཡོང་ན་བོད་མི་ཚོས་ངོ་རྒོལ་བྱེད་ངེས་ཡིན་སྐོར་སོགས་སྐབས་དེར་བལ་ཡུལ་དུ་བོད་མིས་ངོ་རྒོལ་བྱས་ཟེར་བ་ཤུགས་ཀྱིས་ཁས་ལེན་འདུག་པ་དེ་ནི། རྡ་ས་ས་གནས་མདོ་སྨད་ཚོགས་པའི་སྒྲག་གཏམ་ནང་ཀུན་གཟིགས་མཆོག་བལ་ཡུལ་དུ་ཕེབས་སྐབས་བོད་མི་སུས་ཀྱང་ངོ་རྒོལ་བྱས་རིགས་རྩ་བ་ནས་བྱུང་མེད་ཟེར་བར་ལན་འདེབས་བྱས་པ་ཞིག་རེད་དམ།
ཡང་ཕྱོགས་གཞན་ཞིག་ནས་ཆོས་ཀྱི་ཐོག་སྐྱབས་རྗེ་དེལ་གོང་མཁྱེན་རྩེ་རིན་པོ་མཆོག་དང་མཇལ་འཕྲད་གནང་སྐོར་སོགས་ཆོས་སྲིད་གཉིས་ཐད་ནས་བླ་མར་བལྟ་སྟངས་གཉིས་འཛིན་ཞིག་ངེས་པར་དགོས་པའི་བཟོ་འདྲ་བསྟན་འདུག་་་་་་ འོན་ཀྱང་བལྟ་སྟངས་གཉིས་འཛིན་བ་དེའི་འོག་ནས་བོད་མིའི་སྤྱི་ཚོགས་ནང་མི་དགོས་པའི་དབྱེན་དཀྲུག་གི་ངན་འབྲས་ག་འདྲ་ཞིག་ཡོང་མིན་ཁྱེད་ཀྱིས་ཀྱང་ཤེས་ཀྱི་མེད་ས་རེད།
རེ་བར།
རྗེས་སོར་ནས་མཆན་བཀོད་གནང་སྐབས་བོད་མིའི་བཟང་སྤྱོད་ལ་བརྩི་རོགས་གནང་།
མི་རབས་གསར་པ་རྒྱལ་གྱུར་ཅིག འོན་ཀྱང་གསར་པའི་ཀླ་ཀློའི་ཀླད་པ། འཇོམས་འགྱུར་ཅིག
ད་ཡིན་ན་དངོས་གནས་ཧ་མི་གོ་ཐལ།
ཁ་བརྡ་ཚང་འདིས་མདོ་སྨད་ས་ཚོགས་དང་ཀླུ་མཁར་གནམ་ཚོགས་དབར་གྱི་མཆན་སྒོ་ཕལ་ཆེར་བརྒྱབ་ཚར་འདུག ངས་བལྟས་ན། སྦྲུལ་བསད་པར་སྦྲུལ་མགོ་སྟོར། ཟེར་བ་ལྟར། མདོ་སྨད་ས་ཚོགས་ཀྱི་སྙན་ཞུ་ཟེར་བའི་རྙོག་ཡིག་དེ་རྩ་མེད་བཟོས་ན་ཁྱེད་ཚང་གཞི་ནས་འཇམ་ཐིང་ངེར་གནས་ཐུབ།
མ་གཞི་ནས་ནས་ཁྱད་མཚར་རེད། མདོ་སྨད་ས་ཚོགས་ནས་གནས་ཚུལ་འདྲི་སར་མ་དྲིས་པར་གང་བྱུང་གཏམ་འཆལ་བཀྲམ་པ་དེ་ཚོ་ནི་རྙོག་མ་གཏིང་ནས་སློང་འདོད་པ་རང་རེད། གནས་ཚུལ་ཕར་ཚུར་ཤོད་རེས་བྱས་པར་མོས་མཐུན་ཡོད། འོན་ཀྱང་ཚོགས་པའི་མིང་འཁྱེར་བླ་མ་དང་མི་མང་དེད་རྩིས་བྱས་ནས་རང་དང་ལྟ་བ་མི་མཐུན་ས་དེ་ཚོ་འབུར་བཅོམ་གཏོང་རྩིས་བྱེད་པ་དེ་ལ་མོས་མཐུན་མེད། རྩ་བ་ནས་མེད།
ཡང་ཕྱོགས་གཞན་ཞིག་ནས་དེ་ནི་མདོ་སྨད་ཚོགས་པའི་མིང་དང་ཞལ་འདེབས་འབུལ་བའི་ཚོགས་པའི་སྤྱི་དངུལ་བེད་སྤྱད་ནས་རང་དོན་འགྲུབ་བཞིན་འདུག་པར་མི་མང་ཕལ་ཆེར་གྱིས་ཤེས་གསལ་རེད། གཅིག་བྱས་ན་ཁྱེད་རྒྱུན་ལས་ཚོ་ཡང་མི་རྒན་ཀླད་སྐམ་དེ་འདྲའི་མགོ་སྐོར་འོག་ཚུད་ཡོད་སྲིད། གང་ལྟར་ནང་འཁྲུག་མ་སློང་རོགས། སུ་ལ་བདེན་པ་ཡོད་མེད་མཆན་ཁག་ལ་བལྟས་ན་ཤེས་ཐུབ། ད་ཁྱེད་ཚོ་ཐང་ཆད་ཚོད་ཡིན།
ད་ཡིན་ན་དངོས་གནས་ཧ་མི་གོ་ཐལ།
ཁ་བརྡ་ཚང་འདིས་མདོ་སྨད་ས་ཚོགས་དང་ཀླུ་མཁར་གནམ་ཚོགས་དབར་གྱི་མཆན་སྒོ་ཕལ་ཆེར་བརྒྱབ་ཚར་འདུག ངས་བལྟས་ན། སྦྲུལ་བསད་པར་སྦྲུལ་མགོ་སྟོར། ཟེར་བ་ལྟར། མདོ་སྨད་ས་ཚོགས་ཀྱི་སྙན་ཞུ་ཟེར་བའི་རྙོག་ཡིག་དེ་རྩ་མེད་བཟོས་ན་ཁྱེད་ཚང་གཞི་ནས་འཇམ་ཐིང་ངེར་གནས་ཐུབ།
མ་གཞི་ནས་ནས་ཁྱད་མཚར་རེད། མདོ་སྨད་ས་ཚོགས་ནས་གནས་ཚུལ་འདྲི་སར་མ་དྲིས་པར་གང་བྱུང་གཏམ་འཆལ་བཀྲམ་པ་དེ་ཚོ་ནི་རྙོག་མ་གཏིང་ནས་སློང་འདོད་པ་རང་རེད། གནས་ཚུལ་ཕར་ཚུར་ཤོད་རེས་བྱས་པར་མོས་མཐུན་ཡོད། འོན་ཀྱང་ཚོགས་པའི་མིང་འཁྱེར་བླ་མ་དང་མི་མང་དེད་རྩིས་བྱས་ནས་རང་དང་ལྟ་བ་མི་མཐུན་ས་དེ་ཚོ་འབུར་བཅོམ་གཏོང་རྩིས་བྱེད་པ་དེ་ལ་མོས་མཐུན་མེད། རྩ་བ་ནས་མེད།
ཡང་ཕྱོགས་གཞན་ཞིག་ནས་དེ་ནི་མདོ་སྨད་ཚོགས་པའི་མིང་དང་ཞལ་འདེབས་འབུལ་བའི་ཚོགས་པའི་སྤྱི་དངུལ་བེད་སྤྱད་ནས་རང་དོན་འགྲུབ་བཞིན་འདུག་པར་མི་མང་ཕལ་ཆེར་གྱིས་ཤེས་གསལ་རེད། གཅིག་བྱས་ན་ཁྱེད་རྒྱུན་ལས་ཚོ་ཡང་མི་རྒན་ཀླད་སྐམ་དེ་འདྲའི་མགོ་སྐོར་འོག་ཚུད་ཡོད་སྲིད། གང་ལྟར་ནང་འཁྲུག་མ་སློང་རོགས། སུ་ལ་བདེན་པ་ཡོད་མེད་མཆན་ཁག་ལ་བལྟས་ན་ཤེས་ཐུབ། ད་ཁྱེད་ཚོ་ཐང་ཆད་ཚོད་ཡིན།
མདོ་སྨད་ས་ཚོགས་ལ་ཞུ་རྒྱུར།
ཁྱེད་ཚོ་རྒྱལ་བ་རིན་པོ་ཆེའི་སྐུ་བདག་ཡིན་མདོག་མདོག་བྱས་པ་དེ་ནི་ཅུང་ཐལ་དྲགས་འདུག་ རྒྱལ་བ་རིན་པོ་ཆེའི་སྐུ་བདག་བོད་མི་ས་ཡ་དྲུག་ཙམ་མ་ཟད་འཛམ་གླིང་རྒྱལ་སྤྱི་ཡང་ཆགས་ཡོད་པ་ཕྱི་གསལ་ནང་གསལ་རེད། སྒེར་དོན་ཐོག་༸གོང་ས་མཆོག་བེད་སྤྱོད་མ་བྱེད་རོགས། དེ་རྩེད་ཆས་མ་རེད།
གལ་ཏེ་གོང་ས་མཆོག་མདོ་སྨད་དུ་འཁྲུངས་པར་གཞི་འཛིན་གྱི་ཡོད་ན།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཡང་མདོ་སྨད་དུ་འཁྲུངས་པ་རེད། འོ་ན་ཁྱེད་ཚོས་ ༡༩༨༦ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པར་བལ་ཡུལ་ནང་ངོ་རྒོལ་བྱེད་མཁན་བྱུང་བ་རྒྱ་གྲགས་བོད་གྲགས་ཙམ་མ་ཟད་དེའི་སྐབས་ཀྱི་གནས་ཚུལ་མཐོང་མཁན་གྱི་མི་སྣ་དང་ངོ་རྒོལ་བྱེད་མཁན་གྱི་མི་ངོ་འཕན་པོ་རྒྱལ་མཚན་ཟེར་བ་སོགས་བལ་ཡུལ་དུ་ད་ལྟ་ཡོད་བཞིན་པ་དང་། དེའི་སྐབས་ཀྱི་གསར་ཤོག་ཡང་ད་ལྟ་ཉམས་ཞིབ་མི་སྣས་བདག་ཉར་བྱས་ནས་སྟོན་རྒྱུ་ཡོད་པ་ཧ་གོ་བཞིན་དུ་དངོས་སུམ་ལ་བསྙོན་ནས་ཧམ་བཤད་ཆེན་པོ་བྱས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་པར་ངོ་རྒོལ་བྱེད་མཁན་ཚོ་དག་ཕུད་བྱེད་ཐབས་ཀྱིས་ངོ་རྒོལ་བའི་རྒྱབ་ཏུ་ལངས་ནས་ཨ་མདོ་མཚོ་སྔོན་བིས་མདོ་དཔོན་ཚང་གི་མི་རྒྱུད་འཁྲུལ་མེད་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་བདག་མི་འདོད་པ་གང་ཡིན་ནམ། དེ་ནི་ཕལ་ཆེར་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་གཤེགས་ཟིན་ནས་མི་ལོ་མང་པོ་ཕྱིན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱའི་བཙོན་ཁང་བཞུགས་ཡོད་པས་ཁྱེད་ཚང་ལ་ཁེ་བཟང་རགས་རྒྱུ་དཀའ་བས་དྲིན་ལན་བརྗེད་པ་ཡིན་གྱི་རེད། ང་ཚོ་ཨ་མདོ་བའི་ཞབས་འདྲེན་མ་ཞུས་རོགས། དྲང་པོ་བཤད་ན་དེའི་སྡུག་གནོངས་ཨ་མདོ་བས་འཁྱེར་དགོས་དོན་མེད། སྐབས་དེར་ངོ་རྒོལ་བྱེད་མཁན་གཙོ་བོ་རྣམས་དབུས་གཙང་གི་མི་རེད། ཁྱེད་ཚོའི་རྙོག་ཡིག་གི་མཆན་བུ་ཁག་ལ་ལྟོས། ཀླུ་འབྱམས་ཀྱིས་བཤད་པ་དེས་ཨ་ལགས་ཚང་ལ་ཐུགས་ཕོག་བྱུང་ཡོད་ཀྱི་རེད། གནོངས་འགྱོད་མེད་ན་གསལ་བཤད་བྱོས། ཨ་ལགས་ཚང་ངོ་མ་པཎ་ཆེན་རིན་པོ་ཆེར་དད་པ་ཡོད་མཁན་གྱི་ཨ་མདོ་སྤྱི་མཚུངས་ཤིག་ཡིན་པར་ཡིད་ཆེས་ཡོད། འོན་ཀྱང་བདེན་པ་རྫུན་བཟོ་མ་བྱེད། ཀླུ་འབྱམས་ཀྱིས་ཁོ་རང་གིས་བཤད་པའི་སྐད་ཆར་འགྲེལ་བཤད་ཡོད་རྒྱུ་རེད། མདོ་སྨད་ས་ཚོགས་ཀྱིས་ཧམ་པ་བཤད་ནས་ངོ་རྒོལ་བའི་རྒྱབ་ལངས་བྱེད་དགོས་དོན་མེད། ཞབས་འདྲེན་མ་ཞུས་རོགས། པཎ་ཆེན་ཚང་དད་པ་ཞུ་མཁན་གཞིས་བྱེས་བོད་མི་རྣམས་ལ་ངོ་རེ་གནོང་ཡོང་། ང་ཚོ་བོད་མིས་སྲིད་དོན་འཁྲབ་ནས་སྐྱག་རྫུན་བཤད་ཀྱང་། བལ་ཡུལ་གཞུང་དང་གསར་ཤོག་བདག་པོས་སྐྱག་རྫུན་བཤད་མི་ཡོང་། དེ་དུས་ལན་སྐྱོན་རོགས་གནང་།
སོ་སོ་ཤེལ་ཁང་གྲུ་བཞིའི་ནང་དུ་བཞུགས་ནས། མིའི་ཁང་པར་རྡོ་མ་བཞུས་རོགས།
ཉིན་གཅིག་ཚུར་རྡོ་འཁེལ་དུས། ཡིབ་ས་དང་བྲོས་ས་མི་ཡོང་།
དྲ་གྲོགས་ཚོ་སྐུ་ཁམས་བཟང་།
འདིར་བཏབ་པའི་མཆན་ནི་རྩོམ་གཞན་ཞིག་མཇུག་ཏུ་ཡིན། གང་ལགས་ཤེ་ན་རྩོམ་དེ་ལ་མཆན་བཀག་ཟིན་པས་ཡིན། འོན་ཀྱང་ང་ལ་ཉེན་ཁ་ཚོ་བོ་དེ་འདྲ་ཞུ་རྒྱུ་མེད།
དྲ་གྲོགས་མང་པོ་ཞིག་དྲང་མོ་མི་འདུག བཀའ་སློབ་ཐབས་རྡུག་དེ་འདྲ་གནང་དགོད་དོན་ཨ་ཡོད། ཅེས་པའི་མཇུག་ཏུ་འགའ་རེས་དེ་ནི་རང་རེ་བོད་པའི་རིག་གནས་ཡིན་པས་སྐྱོན་མེད་ཚུལ། འགའ་རེས་དགོངས་པ་དེ་མིན་པར་གོ་བ་དེ་ལྟར་ལེན་པ་ཀློག་མཁན་དང་འབྲི་མཁན་གྱི་ནོར་འཁྲུལ་ཡིན་པར་ཚུལ་གསུང་གི་འདུག དེས་ན་ཀླུ་མཁར་བྱམས་ཀྱི་གཏམ་ངག་དག་ལ་ཡང་དགོངས་པ་འགྲེལ་རྒྱུ་དང་། ཡང་ན་གོ་བ་ལེན་སྟངས་ནོར་བ་ཡོད་པར་བཤད་མི་ཆོག་གམ། འདི་ལྟར་བསམ་སྐབས་ང་ལམ་ལུགས་ཀྱི་ཐོག་ནས་དམངས་གཙོར་གྱུར་ཟིན་ཡོད་ཀྱང་དངོས་པོའི་ཐོག་ནས་དམངས་གཙོའི་ཚད་ཧ་ཅང་དམའ་བོར་ལུས་ཡོད་པར་སྣང་།
༼སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་བ་ཡིན༽་ཞེས་མཆན་གྱི་ལམ་སྟོན་ནང་ཁ་གསལ་པོས་ཞུས་ཡོད།
རིགས་གཅིག་གི་གནང་སྟངས་དེ་ལམ་སྟོན་འདི་དང་འགལ་འགྲོ་གི་འདུག
རྩོམ་ཡིག་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org