དེ་ཉིད་བསོད་རྒྱལ།
འོད་ཀྱིས་ཁེངས་བའི་བར་སྣང་།
སྔོ་སང་སང་།
ཅི་ཡང་མི་མཐོང་།
དེ་ཁྱོད་ཀྱི་བསམ་བློ་ཡིན་ན་།
སྨུག་གིས་གཡོགས་པའི་ནམ་མཁའ་།
ནག་་འཐིབ་བེ་།
སྐར་ཚོགས་ཀྱིས་མཛེས་།
དེ་ཁྱོད་ཀྱི་ཅི་ཞིག་ཡིན་ནམ་།
སྐར་ཚོགས་དང་སྐར་མདའ་།
སྐར་མ་སྨིན་དྲུག།
ད་དུང་།རྒྱང་ལ་སྲེངས་བའི་དགུ་ཚིགས་རིང་མོ་སོགས།
མུན་པ་ནམ་མཁའ་ལ་སླེབས་དུས།
ཁྱོད་ཀྱིས་མཐོང་ཐུབ།
གལ་ཏེ།་ཁྱོད་མུན་པ་ལས་ལངས།
མགོ་བོ་དགྱེས་ཏེ་ནམ་མཁའ་ལ་ལྟ་ཐུབ་ན།
དེ་ཁྱོད་ཀྱི་ཅི་ཞིག་ཡིན་པ་དེ་ཡིན་ནམ །
ཉི་མ་ལ་འཁོར་ན་མུན་པ་མི་མཐོང་བ་བདེན་པ་རེད །
མུན་པ་ལ་གཏད་ན་མུན་པ་ལས་རིག་ཐུབ་པ་ཡང་བདེན་པ་རེད།
ཁྱོད་ལ་སྙིང་ཞིག་ཡོད་ན།
ཁྱོད་ལ་མིག་ཅིག་ཡོད་ན།
ཉི་མ་འདི་ནས་།ད་གཟོད་།
ཞི་བདེ་དང་འདྲ་མཉམ་་གླེང་ཐུབ་ལ།
བདེ་སྐྱིད་དང་མཉམ་གནས་ཀྱང་བརྗོད་ཐུབ།
དེ་ལ་ཞི་བདེ་སྨྲ་བ་ཟེར་ན་ཅི་འདྲ་རེད་།
མུན་པ་ལས་འོད་ཟེར་མི་མཐོང་བ་ལོང་བ་རེད་།
འོད་ཟེར་ལས་མུན་པ་མི་རིག་མཁན་ཡང་ཞ་ར་རེད་།
འོད་ཟེར་ལ་དུངས་ཞན་་གྱིས་མུན་པ་ལ་ཁྱད་དུ་གསོད་པ་་གུ་དོགས་རེད་།
མུན་པ་ལ་འཐོམས་སྦྲིད་ཀྱིས་འོད་ཟེར་ལ་སྒྲོ་སྐུར་བ་ཡང་ཕྱོགས་ཟགས་རེད་།
འཚོ་བ།
ཁེལ་མི་ཐུབ་བའི་གབ་ཚིག་ཅིག།
དབྱར་དགུན་སྟོན་དཔྱིད་དང་འདྲ།