བོད ལྷ་ཀླུ་གཉན་གསུམ།
ང་དང་ལས་དབང་གི་གདམ་ཀ
བརྩེ་དུང་གི་གཏམ་རྒྱུད་ལས
ངོ་ཤེས་པའི་གཞོན་ནུ་ཕོ་མོ་འགའ
ནང་དུ་བཞག་པའི་བུ་མོ་དང་ཆུང་མ
ཡར་ལ་བཀྱག ལྷན་འཛོམ་རེད
བསིལ་ཆང་འཐུང་མཁན་གྱི་ཁྱེད་ཅག
ངའི་སེམས་པ་ཁྱེད་ཅག་གི་ཆང་ཕོར་ནང་དུ
འཛུམ་མདངས་དེ་སུ་ཡི་ཆེད་དུ
ཁྱེད་ཚོས་གཞན་ཞིག་གི་ཕ་རོལ་ན
ངུ་སྐད་དང་སུན་སྣང་སྐྱུར་ནས
རོལ་དབྱངས་ཀྱི་ཀློང་དུ
ལག་ཁྱེར་ཁ་པར་ལས
ཕྱོགས་ངོས་གཞན་ཞིག་ལ་འདྲུད
ལྷོད་ཀྱིས་བཞེས་ཤིག
སྤྱིན་བདག་གི་རང་དབང་
ལག་ཟུང་གི་དམ་ལྷོད
ང་ཚོའི་མཐའ་སྐོར་ན
དགྲ་བོ་མེད
ངའི་གསང་བ་ཡོད་ཚད
ཁྱེད་ཅག་གི་ཆང་ཕོར་དུ་དྲངས་ཡོད
གཟབ་པར་གྱིས
ཁྱེད་ཅག་ཇི་ལྟར་བཟི་ན
ང་རང་དེ་འདྲའི་ཚོར་བ་རྣོ
ང་རང་འདི་ལྟར་འཁྱེར་འགྲོ་དུས
ངས་རྒྱུ་འབྲས་ཤིག་དྲན་ཡོད
དེ་ནི་ང་རང་གི་བདག་པོ་ཡིན
༼ནེའུ་ཡོག་གཉིས་པར་འབོད་པའི་ཨེས་སུ་རལ་གྱི་གྲོང་ཁྱེར་ཀྲེས་ལ་བེས་ནས། ཆང་ཁང་ནག་པོའི་ནང་དུ་གྲོགས་པོ་ཕོ་མོ་འགའ་དང་ལྷན་དུ་ཡོད་སྐབས། ཐོལ་བྱུང་དུ་རང་གི་ཁ་གཏད་ཀྱི་གྲོགས་པོ་དག་གི་བསིལ་ཆང་གི་དྲི་མ་སྣོམ་གྱིན་དུ་བྲིས། ༧།༡།༡༡༽
ཆང་ཁྱེད་ལ་དམིགས་བསལ་ནུས་པ་གང་ཡོད་པ་ཡིན་ནམ།
ང་ཁྱེད་ལ་དགའ། ཁྱེད་ངའི་ཁ་ནང་དུ་སླེབས་པ་ནས་བཟུང་ང་ལ་འཛད་མཐའ་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་དང་། སེམས་ནང་དུ་བྲལ་ཐབས་མེད་པའི་སྡུག་མངའ་དེ་དག་ཀྱང་ཁྱེད་ཁོ་ནའི་བཀའ་དྲིན་གྱིས་ངའི་སེམས་ནས་རྒྱང་རིང་དུ་བཏང་། ད་ལྟ་ང་ལ་སྡུག་མངལ་མེད་ལ་གྲོགས་བཟང་ཁྱེད་རང་ང་མཉམ་དུ་ཡོད། གྲོགས་པོ་ཚོ་ཁྱེད་ལ་སྡུག་མངལ་ཡོད་ན་བསིལ་ཆང་མངར་མོ་མཆོད་དང་། ཁྱེད་ལ་སྡུག་མངལ་མེད།
ཨ་རག་ནི་མེ་ལོང་ལ་ལྟ་ཐུབ་མཁན་ནི་སྙན་ངག་པ་མཆོག་གྲོས་ཡིན།
འཐུང་ཤེས་ན་། ཨ་རག་འཐུང་རྗེས་ཁྱོད་ལ་རང་དབང་ཆ་ཚང་ཐོབ་ངེས་།