(གསལ་བཤད། ཕྱི་ལོ ༢༠༡༡ལོའི་ཟླ ༡ཚེས ༦ནས ༩བར་ཨོ་སི་ཁྲི་ལི་ཡ་སྐུ་ཚབ་དོན་གཅོད་ཁང་གི་བཀོད་སྒྲིག་འོག་ཨོ་སི་ཁྲི་ལི་ཡ་དང་ནིག་ཟི་ལན་ཊིར་མཐོ་སློབ་འགྲིམས་ཀྱིན་པ་དང་སློབ་མཐར་ཕྱིན་ཟིན་པའི་བོད་རིགས་གཞོན་སྐྱེས་ཚོར་ཟབ་སྦྱོང་ཞིག་འགོ་ཚུགས་ཡོད་པ་དང་ཚེས ༨ཉིན་གྱི་ཞོགས་པར་ཕྲན་གྱིས་བརྗོད་གཞི་འདིའི་སྒང་ནས་ཟབ་སྦྱོང་སྤྲད་པའི་ཁུལ་ཡིན།)
ཞོགས་པ་བདེ་ལེགས། གོང་དུ་ང་རང་ངོ་སྤྲོད་བྱས་ཟིན་ཙང་བསྐྱར་ཟློས་མི་བྱེད། ད་རེས་ཀྱི་བརྗོད་གཞི་གཙོ་བོ་བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་ཡིན་ཙང་། ཐོག་མར་ཚང་མ་ལོས་བརྗོད་གཞི་འདི་དང་འབྲེལ་བའི་དོན་དག་འགར་བསམ་བློ་གཏོང་རོགས།
༡ བོད་པ་བཙན་བྱོལ་བ་ཆགས་ནས་ད་ལོ་བར་ལོ་ག་ཚད་སོང་ཟིན་པ་སུས་ཤེས་ཀྱི་ཡོད།
༢ བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་གྱི་ཉིན་མོ་ག་དུས་འཁེལ་ཡོད་པ་ཤེས་མཁན་ཡོད་དམ།
༣ ད་ལོ་བཀའ་སྤྱིའི་འོས་འདེམས་ཀྱི་ཆ་ཤས་བླངས་ཡོད་མཁན་ག་ཚད་ཡོད། ཕྱག་བརྐྱངས་རོགས།
ཐོག་མར་བཙན་བྱོལ་བོད་གཞུང་ངོ་སྤྲོད་དང་། དེ་ནས་དམངས་གཙོའི་འཕེལ་རིམ། གཞན་དྲི་བ་དྲིས་ལན། མཐའ་འཇུག་ལས་འཆར་བཟོ་འགོད་བཅས་ཁག་བཞིར་དབྱེ་ནས་ཟབ་སྦྱོང་འགོ་འཛུགས་ཞུ་རྩིས་ཡིན།
བཙན་བྱོལ་བོད་གཞུང་འཆད་སྐབས། དོན་དག་གཉིས་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཀྱི་ཡོད།
༡ བཙན་བྱོལ་བོད་གཞུང་འདི་བཞིན་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱུན་མཐུད་ཡིན་པའི་ཁར། དེ་ལས་འཕྲོས་པའི་ལོ་རྒྱུས་ཀྱི་གནས་བབ་དྲ་མ་ཉམས་པར་རྒྱུན་མཐུད་བྱས་དང་བྱེད་ཀྱིན་པར་འདོད་མཁན་ཁག་ཅིག་དང་།
༢ ཕྱི་ལོ ༡༩༥༩ལོའི་ཟླ ༣ཚེས ༢༧ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དེའི་སྲིད་བློན་ཀྲའོ་ཨེན་ལེས་མིང་རྟགས་བཀོད་པའི<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བའི་ནང༼ངོ་ལོག་གི་འཁྲུག་ཟིང་མཐར་ཕྱིན་རྩ་མེད་བཟོ་རྒྱུ་དང༌། མེས་རྒྱལ་ལ་ངོ་ལོག་དང་གོང་བུ་གཅིག་གྱུར་གཏོར་བཤིག་གཏོང་མཁན་བོད་ས་གནས་སྲིད་གཞུང་དེ་མེད་པ་བཟོ་རྒྱུ་བཅས་ཀྱི་ལས་འགན་བོད་དམག་ཁུལ་ཁང་གིས་འཁུར་དགོས་པ་དང༌། བོད་ས་གནས་སྲིད་གཞུང་གི་འགན་དབང་རྣམས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ལག་ལེན་བསྟར་རྒྱུ ་་་་་་༽ <<གསར་བརྗེ་དྲན་ཐོ>>( ༡༩༥༩ནས་༡༩༨༩ ཤོག་ལྷེ ༢༠༩ ཕྱི་ལོ ༡༩༨༩ལོའི་ཟླ ༣ བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས།) འ དིར་བརྟེན་ནས་བཙན་བྱོལ་བོད་གཞུང་དེ་བཞིན༼ཏཱ་ལའི་རུ་ཚོགས༽ལས་བོད་གཞུང་གི་ངོ་བོར་བསྡད་མེད་པར་འདོད་མཁན་ཁག་ཅིག་བྱུང་ཡོད་པ་འདི་གཉིས་ཡིན།
འོན་ཀྱང་འདས་པའི་བཙན་བྱོལ་གྱི་མི་ལོ ༥༠ལྷག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། རྒྱ་ནག་འདུ་བའི་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་ལ་ངོས་ལེན་ཡོད་མེད་ལ་མ་བལྟོས་པར་བོད་མི་རང་ངོས་ནས་རང་ཉིད་ཀྱི་གཞུང་ངོ་མ་དེ་ཡིན་པར་ཡིད་ཆེས་བཅངས་ཡོད་པར་མ་ཟད། རིམ་པས་ཆེས་མཐོ་ཁྲིམས་ཞིབ་ཁང་། བཀའ་ཤག སྤྱི་འཐུས་ལྷན་ཚོགས་བཅས་དམངས་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་གཞུང་ཞིག་བསྐྲུན་ཐུབ་ཡོད་པའི་ཁར། འོས་བསྡུ་ལྷན་ཁང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལྷན་ཁང་བཅས་རང་དབང་ལྡན་པའི་སྡེ་ཚན་ཁག་དང་། བཀའ་ཤག་གིས་བདེ་སྲུང་། ཕྱི་སྲིད། ནང་སྲིད། ཤེས་རིག དཔལ་འབྱོར། འཕྲོད་བསྟེན་བཅས་ལྷན་ཁང་ཁག་ཏུ་དབྱེ་ནས་འཛིན་སྐྱོང་གནང་ཡོད་པས། ཕྱི་རྒྱལ་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་དེ་ག་ནང་བཞིན་ངོས་ལེན་གཙང་མ་གནང་ཡོད་ཅིང་། དེ་ནི་བཙན་བྱོལ་བོད་མིའི་ངོས་ནས་བོད་གཞུང་དེ་བཞིན་བོད་ཀྱི་གནད་དོན་གཙང་སེལ་ཡོང་ཐབས་ཀྱི་སྲོག་ཤིང་དང་དར་ཆར་བསྐྲུན་ཐུབ་ཡོད་པ་ཞིག་རེད། སྒོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས ༨༠ནས་བཟུང་། བོད་ནས་ཚེ་སྲོག་རྒྱན་ལ་བཙུགས་ནས་ཧི་མ་ལ་ཡ་བརྒལ་ཏེ་བཙན་བྱོལ་དུ་ཕེབས་མཁན་ལོ་རེ་བཞིན་ཇེ་མང་དང་ཕར་བསྐྱོད་ཚུར་བསྐྱོད་ཀྱི་འགྲོ་འོངས་ཟམ་མ་ཆད་པར་བརྟེན་ནས་བཙན་བྱོལ་བོད་གཞུང་གི་ཤུགས་རྐྱེན་བོད་ནང་སླེབས་ཐུབ་ཡོད་ལ། ལྷག་པར་དུ་ཤེས་ཡོན་པའི་ཁྲོད་དུ<<སྲིད་དོན་རྒྱལ་རབས>> དང<<བོད་ཀྱི་གནས་བབ>>གཙོས་ལོ་རྒྱུས་དཔྱད་བརྗོད་ཁག་དང་། རྒྱལ་བ་རིན་པོ་ཆེ་ཡི་བཀའ་སློབ་གཙོས་སྲིད་དོན་ཁྱབ་བསྒྲགས་ཁག་གིས་གཡོ་ཡོམ་ཞིག་བསླངས་ཐུབ་ཡོད། འདི་ནི་ང་རང་ལོ་རྒྱུས་ཀྱི་བརྒྱུད་རིམ་འདིའི་ཁྲོད་ནས་ཡོང་ཡོད་མཁན་ཞིག་ཡིན་པའི་མྱོང་བ་དང་དངོས་མཐོང་གཉིས་ཀ་གཞི་གཅིག་ཏུ་གྲིལ་བའི་ཕྱོགས་བསྡོམས་ཙམ་ཡིན།
ད་ལྟ་ང་ཚོའི་མདུན་ལ་ལྷགས་ཀྱིན་པའི་དྲི་བ་གཉིས་ནི།
༡ བོད་ཀྱི་གནད་དོན་འདི་བཞིན་གཙང་སེལ་མ་ཡོང་བའི་ཡར་སྔོན་བཙན་བྱོལ་བོད་གཞུང་དེ་བཞིན་བོད་གཞུང་གི་ངོ་བོར་སྲུང་འཛིན་གནང་གི་ཡིན་ནམ། ཡང་ན། གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་ནས་སོ་སོས་ངོས་ནས་བོད་གཞུང་དེ་བཞིན་སྒྲིག་འཛུགས་ཀྱི་ངོ་བོར་འཕོ་འགྱུར་གཏོང་གི་ཡིན།
༢ གལ་སྲིད་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་བཙན་བྱོལ་བོད་གཞུང་དེ་བཞིན་སྒྲིག་འཛུགས་ཀྱི་ངོ་བོར་འཕོ་འགྱུར་བྱུང་ན་གནོད་པ་ག་རེ་འདུག་གམ།
དྲི་བ་འདི་གཉིས་ཕྱོགས་གཅིག་ཏུ་དྲིལ་ནས་བལྟ་སྐབས། པེ་ཅིན་གྱིས་སྔར་བྲེལ་འཚུབ་ཀྱིས་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་པར་དམིགས་པའི<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བ་གཏོང་དོན་གཙོ་བོ་ཁྲིམས་མཐུན་གྱི་དབང་བསྒྱུར་ཡོང་ཐུབ་ལ་རྩོད་ལེན་བྱས་ཡོད་པ་དང༌། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་དཀྱིལ་སྟོད་ཙམ་ལ<<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བའི་ནང་ཁ་གསལ་བཀོད་མེད་བཞིན་དུ༼བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང༽ཟེར་བ་འཛུགས་དོན་ཡང་དེར་ཐུག་ཡོད།
དེ་ནི༼དང་པོ། ཏཱ་ལའི་བླ་མ་དང་བོད་གཞུང་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་བོད་མི་ནང་ཁུལ་སྲིད་དོན་དང་ལུང་ཚན་མི་མཐུན་པའི་འཐེན་འཁྱེར་བེད་སྤྱོད་བྱས་པར་མ་ཟད། བྱེད་ཐབས་དེ་དག་སྒྲིག་འཛུགས་ལྟ་བུར་བཟོས་ཡོད། གཉིས་པ། པེ་ཅིང་དབུས་གཞུང་གི་སྒྲིག་འཛུགས་སྡེ་ཚན་སྣ་ཚོགས་དང༌། དེ་དག་གི་སྟངས་འཛིན་འོག་སྡེ་ཚན་གསར་པ་དེ་དག་ལ་དོན་དམ་གྱི་དབང་ཆ་སྤྲད་དེ། བོད་ནང་ཡོད་བཞིན་པའི་བོད་གཞུང་གི་སྒྲིག་འཛུགས་སྡེ་ཚན་ཁག་དང་མཉམ་གཤིབ་ཏུ་བཙུགས་ཏེ་བོད་གཞུང་གི་དངོས་ཡོད་དབང་ཆ་རྣམས་ནུས་མེད་དུ་བཟོས། གསུམ་པ། སླར་བོད་མིའི་སྲིད་དོན་དང་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཁག་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་ལུགས་ལ་བཅོས་བསྒྱུར་གྱི་ལམ་ནས་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞིར་འགྱུར་བ་གཏོང་ཐབས་བྱས༽<<བོད་ཀྱི་གནས་བབས>>( ཤོག་ལྷེ ༢༦༧)ཡོད་པ་ནང་བཞིན་སྔར་ཡོད་ཁྲིམས་མཐུན་གྱི་གཞུང་ཞིག་གི་ངོ་ཚབ་གཞུང་གཞན་ཞིག་གིས་བྱེད་པར་ག་ལེར་གོམ་པ་རིམ་བགྲོད་བྱེད་ཀྱིན་པ་ཞིག་རེད།
གནད་དོན་འདི་ནི་ལོ་ངོ་སུམ་བརྒྱ་ལྷག་གི་རིང་བོད་མི་ཕལ་ཆེ་བས་ཆོས་སྲིད་གང་རུང་གི་ངོས་ནས་དགའ་ལྡན་ཕོ་བྲང་ལ་བརྩི་འཇོག་དང་མོས་པ་ཐོབ་ཡོད་པའི་རང་བྱུང་ཁྲིམས་མཐུན་གྱི་གནས་བབས་ལ་གཡོ་འགུལ་གཏོང་མ་ཐུབ་པའི་མཚོན་རྟགས་སུ་བལྟ་ཆོག་པར་མ་ཟད། བོད་ལ<<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བ་འཇོག་དགོས་བྱུང་པའི་དམིགས་བསལ་གྱི་ཐོབ་ཐང་ཡང་དགའ་ལྡན་ཕོ་བྲང་ལས་མ་བྱུང་པ་མེད་པས། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་ལྷ་ས་ནས་ལྷུན་རྩེ་རྫོང་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང༌། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་ཐད་ཀྱི་གོམ་སྟབས་གལ་ཆེ་ཤོས་དེ་རྒྱག་ཐུབ་ཡོད་པ་དང་བོད་མིའི་རང་དབང་སླར་གསོ་བྱེད་ཐུབ་རེག་བར་དུ་རང་བྱུང་ཁྲིམས་མཐུན་གྱི་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་པར་བརྟེན་ནས་པེ་ཅིན་གཞུང་གིས་བྲེལ་འཚུབ་ཀྱིས་ཕྱོགས་གཅིག་ཡིན་མིན་ལ་མ་འཛེམས་པར་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་འཆར་བརྩམས་པ་ཞིག་ཡིན་མོད། ཁྲིམས་ལུགས་ཀྱི་སྒང་ནས་ཕྱོགས་གཅིག་ཁོ་ནའི་བྱ་སྤྱོད་ལ་ག་དུས་ཀྱང་ངོས་ལེན་མེད་པ་དང༌། ཁྲིམས་སྟེང་གི་ངོས་ལེན་ཞེས་པ་ཕྱོགས་གཉིས་ཀར་མོས་མཐུན་ཡོད་དགོས་ཀྱི་ཡོད་པས། དེང་སྐབས་མི་ཁ་ཤས་ཀྱིས་ཕྱི་ལོ ༢༠༠༡ལོའི་བཀའ་ཁྲི་ཐད་འདེམས་གནང་བ་ནས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་ཡིན་ཞེས་གསུངས་སོང་ལབ་ཀྱི་འདུག་ལ། དོན་དངོས་སུ་སྐབས་དེར་ང་རང་གིས་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་ཙང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས་ཡོངས་ཁྱབ་ཏུ་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་དགོས་མིན་ལ་བསམ་ཞིབ་བྱེད་རྒྱུ་ཡིན་ཞེས་གསུངས་བ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ནས་མང་ཚོགས་ཁྲོད་དེ་འདྲ་ཞིག་གསུངས་མྱོང་མེད་པས། འདིའི་ཐད་དེང་ཕྱིན་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། རྒྱུ་མཚན་ནི་སྐད་ཆ་འདིའི་རིགས་ལ་པེ་ཅིན་སྲིད་གཞུང་མཉེས་བོ་ཡོད་པའི་ཁར། བོད་པ་རང་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་གོང་དུ་རང་སྲོག་བཅད་པའང་ཡིན་པས། ལེ་བདའ་བྱེད་ས་དང་ཁག་འགེལ་ས་ལྷག་མེད་པ་ནི་བཤད་མ་དགོས་པ་ཞིག་རེད།
ད་ལྟ་དམངས་གཙོའི་འཕེལ་རིམ་གྱི་སྐོར་ནས་ཡིན། སྤྱིར་རྒྱ་ནག་ཆེན་པོའི་བསམ་བློ་ཡོད་མཁན་གྱི་མི་སུ་ཞིག་ཀྱང་གྲངས་ཉུང་མི་རིགས་ལས་ཆེས་ཞེད་སྣང་སྐྱེས་ཡུལ་གཙོ་བོ་སྟེ། མི་རེ་ངོ་རེ་ནས༼རང་ཉིད་ལ་རག་ལས་པའི་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས༽བསྐྱེད་བསྲིངས་ཀྱིས་དོན་འཁྱོངས་བྱེད་ཐུབ་པ་བྱུང་བ་ཡིན་ན། ད་བཟོད་བོད་ཀྱིས་མཚོན་པའི་རང་དབང་སླར་གསོ་བྱེད་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་མི་རིགས་ཁག་ལ་རང་དབང་སླར་གསོ་མི་བྱེད་རང་བྱེད་ཀྱི་ཉིན་མོ་ཞིག་སླེབས་རྒྱུ་ཡོད་པ་དེ་ཡིན། སྟབས་འགྲིག་པ་ཞིག་ལ་དེང་གི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་ཀྱིན་པའི་བཀའ་ཁྲི་ཐད་འདེམས་ཀྱི་དམངས་གཙོའི་གོམ་བགྲོད་འདིས་མ་འོངས་བོད་ཀྱི་གཞི་རྩའི་ཐོབ་ཐང་སླར་གསོར་རྨང་གཞི་འདིང་ཐུབ་ཡོད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བཞུགས་རིང་ལག་ལེན་གྱིས་འཁོར་བསྐྱོད་དོན་འཁྱོངས་ཀྱི་ལམ་ནང་འཇུག་ཐུབ་པ་བྱུང་ཚེ་བོད་པ་མི་རེ་ངོ་རེ་ལ་རང་ཉིད་ལ་རག་ལས་པའི་གནད་དོན་མཐའ་དག་ཐག་གཅོད་ཀྱི་འདུ་ཤེས་ཀྱང་བསྐྲུན་ཐུབ་ཡོད་པ་དེ་ཡིན། དེ་བས། བཙན་བྱོལ་དམངས་གཙོའི་འཕེལ་རིམ་ལ་ཕྱི་མིག་ལྟ་རྒྱུའང་ལོ་རྒྱུས་མེ་ལོང་དང་མ་འོངས་པར་སྐྱ་ཐིག་འགོད་པའི་དོན་དག་རླབས་ཆེན་ཞིག་ཡིན། ངས་གཤམ་དུ་བཙན་བྱོལ་དམངས་གཙོ་འཕེལ་རིམ་ཁག་གསུམ་དུ་དབྱེ་ནས་འཆད་རྩིས་ཡིན།
༡ དབང་འཛིན་དམངས་གཙོའི་དུས་རིམ།
༡༩༦༠ ནས ༡༩༩༠
ཕྱི་ལོ ༡༩༥༩ལོའི་ཟླ ༡༢ནས་ཕྱི་ལོ ༡༩༦༠ལོའི་ཟླ ༡ནང་། རྒྱལ་བ་རིན་པོ་ཆེ་ནས་རྒྱ་གར་རྡོ་རྗེ་གདན་ནས་གསུང་ཆོས་བསྩལ་བ་དང་། ཕྱོགས་མཐའ་ཁག་གི་བོད་མི་བཙན་བྱོལ་བ་མང་ཆེ་བ་འདུ་འཛོམས་གནང་ཐུབ་ཡོད་ལ། སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་ནས་དམངས་གཙོའི་ལམ་སྲོལ་གྱི་གལ་ཆེན་རང་བཞིན་ངོ་སྤྲོད་དང་འབྲེལ་ནས་ཆོལ་ཁ་གསུམ་ནང་ཆོལ་ཁུངས་རེ་ནས་སྤྱི་འཐུས་གསུམ་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཅིག་རེ་གདམ་ཐོན་དགོས་པའི་བཀའ་བསྩལ་དོན་བཞིན་ལོའི་དེའི་ཟླ ༩ཚེས ༢ཉིན་བཙན་བྱོལ་སྤྱི་འཐུས་ལྷན་ཚོགས་ཐོག་མ་དེ་བཞིན་ངྷ་རམ་སཱ་ལ་ནས་དབུ་བརྙེས་ཡོད། ཉིན་འདི་ནི་རྗེས་སུ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དམངས་གཙོའི་ཉིན་མོ་ཡིན་པ་དང་། བཙན་བྱོལ་བོད་མིར་མཚོན་ན། ལམ་ལུགས་འདི་བཞིན་འོག་ནས་བརྩོན་ལེན་གནང་བ་ཞིག་མ་ཡིན་པར་གོང་ནས་མར་ལ་གསོལ་རས་ཀྱི་ལམ་ནས་བསྩལ་བ་ཞིག་ཡིན། འདི་ལ་བཤད་སྟངས་མ་འདྲ་བ་ཁ་ཤས་ཡོད་སྲིད་མོད། དོན་ལ་དོན་དག་གཉིས་ཐུག་འདུག
༡ རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཐག་ཆོད་པོ་དང་དཀྱེལ་ཡངས་ཀྱི་བསམ་བློ་ཐུག་ཡོད་པས། མནའ་བཟའ་མཁན་ཁ་ཤས་ཀྱིས་ཐའེ་ཝན་ནང་སྡོད་པའི་བཀའ་ཤག་ལས་ཁུངས་ཟེར་བ་བཙུགས་ནས་ངོ་རྒོལ་བྱུང་བ་ལས་ར་འཕྲོད་ཐུབ་ཡོད།
༢ དུས་བབ་ཀྱི་དགོས་དབང་དང་སྐྱབས་ཡུལ་རྒྱ་གར་ལུང་བ་དམངས་གཙོའི་སྤྱི་ཚོགས་སུ་གོམ་སྟབས་བསྒྱུར་ཟིན་པའི་ཤུགས་རྐྱེན་ཡང་ཐེབས་ཡོད་ལ། གཙོ་བོ་རྒྱ་གར་གྱི་ཆེད་མཁས་གདན་འདྲེན་གྱིས་རྩ་ཁྲིམས་ཟིན་བྲིས་གཞོག་འདེགས་གནང་ཡོད་པའི་སྒང་ནས་ཀྱང་ཤེས་ཐུབ།
སྐབས་དང་པོའི་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ ༡༩༦༠ལོའི་ཟླ ༩ཚེས ༣ཉིན་ནས་ཕྱག་ལས་གནང་འགོ་ཚུགས་ཡོད་པ་དང་། བཀའ་ཤག་དང་ལྷན་དུ་གྲོས་མོལ་གྱིས་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང་། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་བསྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམས་དང་། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་གནང་རྒྱུ་དང་བཅས་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་མི་གྲངས་ཉི་ཤུ་རྩ་དགུ་སྡེབ་གཅིག་གསར་མཇལ་དམ་འབུལ་ཞུས་པ་དང་། སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང་། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་དང་། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་གྲོས་ཆོད་དང་། འཆར་གཞི་ཁག་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སྒྲོན་འབུལ་ཞུས་ཀྱིས་ཆོག་མཆན་ཕྱག་རྟགས་སྤྱི་སྨིན་སྩལ་བ་དང་། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཐད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་རྙིང་པ་དེ་རིགས་མིན་པར་རང་གི་ལྷག་བསམ་དང་། ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་ཚང་ན་ལུང་ཚན་དང་། ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྒྲིག་འཛུགས་གནང་བ་དང་། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་བའི་གནས་ལུགས་ཁག་བཅས་བོད་མིའི་སྡོད་སྒར་ཡོངས་ལ་དྲིལ་བསྒྲགས་མཛད། དེ་ལྟར་དེང་གི་བར་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་བའི་བར་རིམ་བརྒྱུད་གནང་བ་ཞིག་ཡིན།
ཕྱི་ལོ་ ༡༩༦༣ ཟླ ༣ ཚེས ༡༠ ཉིན། ཕོ་བྲང་ཚོམས་ཆེན་དུ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་བཀའ་བློན་རྣམ་པ་དང་། ཕྱག་རོགས། བོད་མི་མང་སྤྱི་འཐུས། འགན་འཛིན། དྲུང་ཆེ་ཡན་གྱི་མཛད་སྒོའི་སྟེང་༸གོང་ས་མཆོག་ནས་བཀའ་སློབ་དང་སྦྲགས་རྩ་ཁྲིམས་རིན་པོ་ཆེ་ནང་ཁུལ་དུ་གསལ་བསྒྲགས་དང་། དེ་ནས ༡༩༦༣ གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བསྐྱངས་པ་དང་། བོད་མི་ཀུན་ལ་རྩ་ཁྲིམས་དགོངས་དོན་ཞུ་སྒོའི་བཀའ་སློབ་ཕེབས་དགོངས་སུ། ༼ད་རིང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོ་ཞིག་བྱེད་པ་ལ་མང་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། མང་ཞེས་པ་རིགས་རུས་དང་། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་མང་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང་། གྲ་མ་འགྲིགས་མ་གཏོགས་ཡོང་རྒྱུ་མེད་ལུགས་སོགས་ཞིབ་གསལ་ལྷུག་སྩོལ་བཀྲིན་ཆེ་བར་གྱུར།༽ ཕྱི་ལོ་ ༡༩༦༥ ལོར་ལས་བྱེད་ཁོངས་སུ་གཞུང་རྙིང་པའི་ལས་བྱེད་སྔོན་ཡོད་རྣམས་ཀྱི་གོ་མིང་ཛ་ཐའི་ཟེར་བ་སོགས་དེང་དུས་ཀྱི་གནས་ཚུལ་དང་མི་འཚམས་པའི་གོ་མིང་ཇི་ཡོད་རྨང་ནས་ཕྱིར་བསྡུ་བསྐྱངས་པའི་གསལ་བསྒྲགས་གནང་། འདིར་ཞུ་ཡ་གཞན་ཞིག་ནི། བོད་ནང་དུ༼དམངས་གཙོ༽བཀོལ་གྱི་ཡོད་པ་དང་བཙན་བྱོལ་ནང༼མང་གཙོ༽བཀོལ་བཞིན་ཡོད་མོད། གོང་གི་རྒྱལ་བ་རིན་པོ་ཆེ་ཡི་དམངས་གཙོའི་ཚིག་འགྲེལ་ལ་ལྟ་སྐབས༼དམངས་སམ་འབངས་མི༽ལ་གོ་དགོས་པ་གསལ་སྟོན་གནང་འདུག
དེ་སྔོན་བོད་གཞུང་ལྷན་ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་ལས་དོན་ཞིབ་འཇུག་སླད་སྤྱི་འཐུས་རྣམས་དང་། བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་རེ་གནང་མུས་དེ་དག ༡༩༦༩ ལོ་ནས་བཟུང་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང་། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུའི་འཆར་ཕུལ་བཀའ་འཁྲོལ་དགོངས་དོན་ལྟར་གཏན་འབེབས་མཛད་པ་དང་། ༼ཕྱི་ལོ་ ༡༩༧༢ ལོར་ཝ་ར་ཌྷ་སི་ཁུལ་གནས་འཁོད་བོད་མི་རྣམས་ནས་དངས་བས་ཁུར་དུ་བླངས་ཏེ་བོད་རང་བཙན་ལས་དོན་སྒྲུབ་ཕྱོགས་ཐོག་འཆར་གཞི་དོན་ཚན་བཅུ་འཁོད་སྙན་འབུལ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་འབོད་བསྐུལ་བསྐོར་བསྐྱོད་ཆོག་འཐུས་ཞུས་སྩལ་ལྟར་བགྱིས་ཏེ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་གནང་བའི་ཕྱོགས་མཐའི་རང་འགུལ་མི་མང་ཁུངས་སོ་སོའི་མི་འཐུས་རྒྱས་འཛོམས་ཀྱིས་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་། ཚོགས་འདུ་དེ་ཐོག་ནས་འཛམ་གླིང་འཐུས་མིའི་རྒྱལ་ཁབ་ཚོར་བོད་དོན་བདེན་པའི་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ་སྙན་ཞུ་དང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་ལའང་བཙན་བྱོལ་བོད་གཞུང་ངོས་བཞེས་གནང་དགོས་པའི་རྒྱུ་མཚན་སྙན་ཞུ། གཞན་ཡང་བོད་མི་མང་ནས་རང་གི་གཞུང་ལ་རང་ཉིད་ཀྱིས་བརྩི་བཀུར་རྒྱབ་སྐྱོར་གསལ་པོར་ཞུ་ཕྱིར་བོད་མི་རེ་ནས་ཟླ་རེར་གནས་ཡུལ་གང་དེའི་སྒོར་རེ་བཅས་འབུལ་རྒྱུ་ཞུས་ཏེ་བོད་མིའི་རང་དབང་དངས་བླངས་སྤྱི་དངུལ་རྒྱལ་དོན་དཔྱ་ཁྲལ་ཞེས་མིང་བཏགས་པ་བཅས་དོན་ཚན་བརྒྱད་འཁོད་ཀྱི་གྲོས་ཆོད་སྣོན་འཇོག་ཞུས་པ་དང་འབྲེལ་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་བོད་མི་འདུ་སྡོད་ས་གནས་ཁག་ནང་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དགུ་བཅུ་གོ་དྲུག་ཡོད་པ་དང་། ཚོགས་མི་གྲངས ༥༠༢ ཡོད། ༽(བཙན་བྱོལ་བོད་གཞུང་དྲ་བ།)
༡༩༧༣ ཟླ ༨ ཚེས ༢༥ ཉིན་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་གཞི་གཏན་འབེབས་དང་འབྲེལ་གསལ་བསྒྲགས་བསྐྱངས།
༡༩༧༤ ལོར་བཀའ་དགོངས་བཞིན་བྱེས་འཁོད་གཞུང་མང་གི་ད་ལྟའི་གནས་སྟངས་ལ་གཞི་བཅོལ་ཏེ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ཡིག་ཆ་ནས་ལེགས་ཆ་ལེན་འོས་བླངས་ཐོག་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་སྟེ་ལོ་དེའི་ཟླ་ ༡༡ ཚེས ༢༡ ཉིན་གཏན་འབེབས་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་།
༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས ༦ པའི་ཐོག་བཀའ་བསྡུར་བྱུང་བ་ལྟར། ཕྱི་ཟླ ༩ ཚེས ༢ ཉིན་བོད་ཀྱི་རང་དབང་མང་གཙོའི་དུས་ཆེན་བརྩི་སྲུང་མཛད་རྒྱུར་གཏན་འབེབས་ཀྱིས་དབུས་དང་ཕྱོགས་མཐའི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གཞུང་འབྲེལ་གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
སྤྱི་འཐུས་སྐབས་དྲུག་པའི་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས ༡༩༧༧ ཟླ ༡༠ ཚེས ༥ ནས་བཟུང་གསར་བསྐོ་བསྐྱངས་འདུག་ལ།
༡༩༧༤ ལོ་ནས་བཟུང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ཆོལ་གསུམ་སོ་སོ་མ་ཡིན་པར་ཆོལ་གསུམ་འོས་ཤོག་མཉམ་བསྡུ་གནང་རྒྱུར་དགོས་གལ་ཆེ་སྐོར་ཞུ་སྙན་རིམ་ཕུལ་ལ་བརྟེན ༡༩༨༡ ལོར་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་གྱིས་སྐབས་བརྒྱད་པའི་འོས་བསྡུ་གཞོན་ནུའི་ལྷན་ཚོགས་ཀྱི་བསམ་འཆར་ཞུས་པ་ལྟར་གནང་རྒྱུར་མང་མོས་ཐག་གཅོད་བྱུང་སྟེ་ཆོལ་གསུམ་སྤྱི་འཐུས་འོས་བསྡུ་མཉམ་བླུག་བྱ་རྒྱུའི་སྒྱུར་བཅོས་སོང་བའི་གསལ་བསྒྲགས་དབུས་འདེམས་བསྐོ་ལྷན་ཚོགས་ནས་བསྐྱངས་པར། མདོ་སྟོད་མི་དམངས་ཀྱི་ཕྱོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་སྔར་ལམ་ལྟར་ལེགས་པའི་བསམ་ཚུལ་རིམ་བྱུང་ལ་བསྐྱར་དུ་བཀའ་བསྡུར་གནང་སྟེ་སྤྱི་འཐུས་སྐབས་བརྒྱད་པ་འདི་འོས་བསྡུ་ཆེན་མོ་ཐེངས་གཅིག་གིས་འཐུས་རྒྱུར་དེ་ཐོག་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། གྲངས་ཚད་ཀྱང་རྒྱས་བསྡུས་གནང་འོས་གནང་ཡོད།
སྤྱི་འཐུས་སྐབས་བརྒྱད་པ་འདི་ལོ་གཉིས་འཕར་འགྱངས་གནང་སྟེ། དེ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་དོན ༡༩༨༥ ཟླ ༧ ཚེས་ ༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྩལ།
༢ ཕྱེད་དབང་འཛིན་དམངས་གཙོའི་དུས་རིམ།
༡༩༩༡ ནས ༢༠༠༠
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་གཞུང་གི་ལས་དོན་ཞུ་སྒོའི་ཐོག་སྟངས་འཛིན་དབང་བསྒྱུར་བྱེད་པའི་ཁྲིམས་གཞི་བླ་ན་མེད་པ་དེ་རེད་ལ། དེ་ནི་རྩ་ཁྲིམས་བསྐྱར་བསྒྲིགས་ཚོགས་ཆུང་ཆེད་འཛུགས་ཀྱིས་འཆར་ཟིན་བཏབ་པ་བརྒྱུད་ནས་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་དང་འབྲེལ། བཀའ་བསྡུར་ཞུས་མཐར་ཕྱི་ལོ ༡༩༩༡ ཟླ ༥ ཚེས ༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་ཁུར་དམ་འབུལ་མཛད་སྒོའི་མཇུག་ཏུ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོག་མཆན་བསྩལ་ཏེ་རྩ་འཛིན་གསལ་བསྒྲགས་དང་སྦྲགས་ཞུ་སྒོའི་བཀའ་སློབ་ཞིབ་རྒྱས་ཤིག་བསྩལ་ཁོངས་དམིགས་བཀར་ཁྲིམས་བཟོ་དང་འབྲེལ་བའི་ཕེབས་དགོངས་སུ། མ་འོངས་པའི་རྩ་ཁྲིམས་དེ་རྩ་དོན་དེ་དག་བསམ་བློའི་འཁྱེར་སོའམ། སྲིད་བྱུས་ལ་བཟུང་ནས་བཟོ་རྒྱུ་ཡིན། ད་ལྟ་བར་བརྒལ་དུས་སྐབས་ལ་རྩ་འཛིན་བྱེད་རྒྱུའི་བཅའ་ཁྲིམས་འདི་ཡང་དེ་དང་འགྲོས་མཐུན་པའི་གོམ་རིམ་དང་པོའི་ཡིག་ཆ་ཞིག་ཡིན། ཡང་ཟླ་ཚེས་ཐད་ཡིག་ཆ་ཁག་གཞན་ཞིག་ཏུ་ཕྱི་ལོ ༡༩༩༡ལོའི་ཟླ ༦ཚེས ༢༨བཀོད་འདུག
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན། བཙན་བྱོལ་བོད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལ་བརྩི་སྲུང་ཞུ་བ་དང་ཆབས་ཅིག བོད་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་གྱི་བརྩི་མཐོང་། དེ་བཞིན་ཕོ་མོ་དང་རིགས་རུས། ཆོས་ལུགས། སྐད་ཡིག སྤྱི་ཚོགས་ཀྱི་འབྱུང་ཁུངས་སོགས་ཀྱི་དབྱེ་འབྱེད་མེད་པར་ཚང་མར་ཐོབ་ཐང་དང་། རང་དབང་འདྲ་མཉམ་དུ་སྤྱོད་ཆོག་པའི་འགན་ལེན་གནང་ཡོད་པར་མ་ཟད། ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་དམིགས་༸གོང་ས་ཆེན་པོས་བསྩལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་དང་གསལ་བསྒྲགས་དགོས་པ་བཅས་མང་གཙོའི་ཀ་བ་གསུམ་སྟེ་ཁྲིམས་བཟོ་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཛིན་སྐྱོང་བཀའ་ཤག་བཅས་ཀྱི་འགན་དབང་ལྗིད་མཉམ་དབྱེ་གསེས་གསལ་འབྱེད་བཟོ་གནང་དང་། གཞན་ཡང་རང་དབང་ལྡན་པའི་ལས་ཁུངས་གསུམ་སྟེ་འོས་བསྡུ་ལས་ཁང་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་གསུམ་སྒྲིག་འཛུགས་བསྐྱངས་ཡོད།
བཀའ་ཤག་གི་བཀའ་བློན་ཁྲི་པ་དང་། བཀའ་བློན་འོས་འདེམས་བྱ་ཕྱོགས་སྐོར། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པར་དེ་སྔ་ཕྱི་ལོ ༡༩༩༨ ཟླ ༩ ཚེས ༡༦ ཉིན་གསུང་འཕྲིན་ཕེབས་དགོངས་སུ། ༼ཕྱི་ལོ་ ༡༩༩༠ ཕན་བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམས་འདི་ནས་ཐད་བསྐོས་བྱས་པ་དང་། ༡༩༩༡ ཟླ ༦ ཚེས ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་ཚན ༢༡ ནང་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་འོས་ཤོག་ཇི་བྱུང་རྩ་འབོར་གྱི་བརྒྱ་ཆ་བདུན་ཅུ་ལོངས་པ་དགོས་རྒྱུ་གསལ་བ། དངོས་སུ་ལག་བསྟར་སྐབས་བརྒྱ་ཆ་མ་ལོངས་པའི་རྐྱེན་གྱིས ༡༩༩༣ ལོར་བསྐྱར་བཅོས་ཀྱིས་བཀའ་བློན་འོས་གཞི་ངོས་ནས་མིང་འདོན་བྱ་རྒྱུ་གསལ་བ་ལྟར་ད་བར་ལག་བསྟར་བགྱིས་པ་དེ་ལྟར་ཡང་། ཕྱོགས་གཅིག་ནས་འོས་གཞིའི་མི་འགྲོ་འདོད་པ་ཁེངས་པ་ཞིག་རྙེད་སོན་ཡོང་མིན་དང་། གཉིས་ནས་སྤྱི་མཚུངས་མང་གཙོའི་འགྲོ་སྟངས་ཀྱི་ཆ་ནས་ཀྱང་བདེ་མིན་བཅས་ལ་བརྟེན། སླད་མང་གཙོའི་རྒྱལ་ཁབ་ཁག་ནང་ཡོད་མུས་ཡོངས་གྲགས་ཀྱི་འགྲོ་སྟངས་དང་ཉེ་བ་བཀའ་བློན་ཁྲི་པའི་འོས་དམིགས་གསུམ་ངོས་ནས་དམིགས་འཛུགས་བགྱིས་པར་སྤྱི་འཐུས་རྣམས་ནས་གསང་བའི་འོས་བསྡུའི་ཐོག་ནས་མི་གཅིག་འདེམས་སྒྲུག་གིས་མང་མོས་འོས་ཐོན་བྱུང་བ་དེས་བཀའ་བློན་ཁྲི་པ་བྱ་རྒྱུ་དང་། ཁྲི་པ་དེས་རང་ཉིད་ཀྱི་ལས་རོགས་བཀའ་བློན་འོས་དམིགས ༡༤ ལས་མི་ཉུང་བ་ཞིག་མིང་བཏོན་གྱིས་དེར་སྤྱི་འཐུས་ནས་འོས་ཤོག་འཕངས་ཏེ་མང་མོས་འོས་ཐོན་རྩེ་བཏོག་གིས་བདུན་ལ་གཏན་འབེབས་བྱ་འོས་སྙམ༽ཞེས་གསལ་བ་ལྟར་རེད།
༣ ཐད་འདེམས་དམངས་གཙོའི་དུས་རིམ།
༢༠༠༡ནས་དེང་གི་བར།
༸གོང་ས༸རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ ༢༠༠༡ ཟླ ༣ ཚེས ༡༥ ཉིན་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དུས་བཅུ་གཅིག་པར་གྲོས་ཚོགས་སུ་ཆིབས་སྒྱུར་གྱིས་བཀའ་སློབ་བསྩལ་ཁོངས། བཀའ་བློན་ཁྲི་བ་དེ་བཞིན་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པའི་བསྒྱུར་བཅོས་བཏང་བ་རེད། འདི་ནི་ཐོལ་བརྒལ་རང་བཞིན་གྱི་དམངས་གཙོའི་གོམ་བགྲོད་ཆེན་པོ་ཞིག་ཡིན་པར་མ་ཟད། ཉུང་མཐར་དམིགས་བསལ་ཁྱད་ཆོད་གསུམ་ལྡན་པ་གཤམ་གསལ།
༡ ༼ ༧རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུའི་བསམ་བློ་བཏང་དགོས་ཀྱི་ཡོད་པ་དང་། ལས་ཀ་བྱེད་དགོས་ཀྱི་འདུག༽ཅེས་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ནས་གསུངས་ཀྱི་ཡོད་པ་སྤྱི་དང་སྒོས་སུ་བོད་པ་མི་རེ་ངོ་རེ་ནས་འགན་རང་ལེན་དང་སྤྱི་འགན་ཁུར་ལེན་གྱི་ལམ་ནང་བསྐུལ་འདེད་གནང་ཡོད་ཅིང་། ནང་ཆོས་ཀྱི་བསྟན་དོན་ལྟར་རང་ཉིད་རང་གི་མགོན་ཡིན་ཞེས་པའི་དགེ་བསྐུལ་རང་བརྟེན་གྱི་ལམ་སྟོན་བླ་ན་མེད་པར་གྱུར་ཡོད།
༢ དེང་དུས་དམངས་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པར་མ་ཟད། མི་སྒེར་བའི་ནུས་པ་སྒྲིག་འཛུགས་ཀྱི་ནུས་པ་ལས་ཆུང་བ་ཡོད་པས། བཙན་བྱོལ་བོད་གཞུང་འདི་བཞིན་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་སྲ་ཐག་ཐག་ཅིག་བསྡོད་ཐུབ་པའི་གཞི་རྟེན་བསྐྲུན་ཟིན་པ་དང་། ༼ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད༽ཅེས་པའི་བོད་རང་ལུགས་ཀྱང་འབུར་དུ་ཐོན་ཐུབ་ཡོད།
༣ ཐད་འདེམས་བཀའ་ཁྲི་ལོ་ལྔ་ཚན་རེ་ནང་དུ་བསྐྱར་དུ་གདམ་གྱི་ཡོད་པས། མང་ཚོགས་ཀྱི་འདོད་པ་མ་ཁེངས་ཚེ་སླར་ཡང་འདོད་བློ་བསྐྲུན་ཐུབ་མཁན་ཞིག་གདམ་ག་བྱེད་ཆོག་གི་ཡོད་པས། མི་ནུས་པ་ཅན་མང་བོ་ཞིག་ལ་ལམ་ཁ་བསྐྲུན་ཡོད་ལ། དེ་དག་གིས་རྒྱལ་བ་རིན་པོ་ཆེ་ནང་བཞིན་གྱི་ནུས་པ་ཐོན་ཁག་པོ་ཡིན་ནའང་། ལྟོས་ས་བལྟོས་འཇོག་གིས་མང་མོས་རྩེ་བཏོག་ཡིན་པས། གནད་དོན་ཆེ་ཕྲ་གང་ཅིའི་ཐད་ཐག་གཅོད་ཀྱི་དབང་ཤུགས་ཡོངས་སུ་འཛོམས་ཡོད།
མཇུག་བསྡུ་བའི་ལས་འཆར་བཟོ་འགོད།
གོང་ནས་བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་རོབ་ཙམ་ངོ་སྤྲོད་བྱས་ཟིན་པའི་ཁུལ་ཡིན། ད་ལྟ་དྲི་བ་དྲིས་ལན་འགོ་འཛུགས་བྱེད་ཆོག དེ་ནས་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་སློབ་གསོ། ནང་སྲིད་གསུམ་གྱི་མ་འོངས་ལས་འཆར་ཐད་ཚན་ཆུང་བགོས་ནས་ལས་འཆར་བཟོ་འགོད་བྱེད་རྩིས་ཡིན་ལ། ལྷན་རྒྱས་རྒྱ་མཚོ་ཆེན་པོའི་གླིང་དུ་སློབ་གཉེར་གནང་བཞིན་པའི་མཐོ་སློབ་དང་མཐོ་འབྲིང་གི་སློབ་ཕྲུག་ཤ་སྟག་ཡིན་ཙང་། གོ་སྐབས་འདི་བཟུང་ནས་རང་ཉིད་ཀྱི་རྣམ་དཔྱོད་འདོན་འོས་པར་མ་ཟད། ལས་འཆར་དེ་བཞིན་སྐུ་ངོ་དོན་གཅོད་མཆོག་ལ་ཐད་ཀར་འབུལ་བའི་གོ་སྐབས་ཀྱང་ལྷགས་ཟིན་པས། གཅིག་བྱས་ན་མ་འོངས་བཀའ་ཤག་གསར་བར་ཐུགས་ཕན་གསོ་བའི་རྒྱུ་རུ་མི་འགྱུར་བའི་ངེས་པའང་མེད་སྙམ། དེ་བས། ཚན་ཆུང་གསུམ་དུ་བགོ་རྒྱུ་ཡིན་ལ། གཅིག་གཉིས་གསུམ། གཅིག་གཉིས་གསུམ་རིམ་བརྒྱུད་ཀྱིས་གཅིག་གི་རིགས་ཚན་ཆུང་གཅིག་དང་། གཉིས་ཀྱི་རིགས་ཚན་ཆུང་གཅིག གསུམ་གྱི་རིགས་ཚན་ཆུང་གཅིག་བཅས་སུ་དབྱེ་རོགས། དེ་ནས་ཚན་ཆུང་རེ་ནས་ཚན་གཙོ་རེ་གདམ་ནས་སྙན་བསྒྲོན་ཞུ་རོགས། ཚན་གཙོའང་ཆུང་ཆུང་ཞིག་རེད་མ་འདོད་ཨ། ཚན་གཙོ་རེ་རེའང་མ་འོངས་པའི་བཀའ་ཁྲི་རེ་རེར་སླེབས་སྲིད་པ་དང་། དེའི་ཐད་སོ་སོའི་ངོས་ནས་ཀྱང་ང་རང་གིས་ཅིག་ལས་ཀི་ཡིན་བསམ་པའི་ཨུ་ཚུགས་དང་ཤེས་ཡོན། དྲང་ཚུགས་ལྡན་དགོས་པ་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།
ལས་འཆར་བཟོ་འགོད།
དང་པོ། ཕྱི་སྲིད་ཐད་ཀྱི་ལས་འཆར་བཟོ་འགོད།
དེང་སྐབས་བོད་ཀྱི་གནད་དོན་དཀའ་ངལ་ཆེན་པོ་གཉིས་ལ་འཕྲད་ཡོད།
༡ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་ཐག་གཅོད་ཡོང་ཐབས་ལ་ལམ་འགྲོ་བྱུང་མེད་པ།
༢ རྒྱ་ནག་དེ་བཞིན་དཔལ་འབྱོར་ཐད་ལོ་རེ་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཙང་དཔལ་འབྱོར་ལ་གྱོང་གུད་ཐེབས་ཀྱིན་པའི་དེ་རིང་རྒྱའི་ཤུགས་རྐྱེན་རྒྱལ་ཁབ་ཡོངས་ལ་ཐེབས་བཞིན་པ་དང་། དེ་དང་མཉམ་དུ་སྲིད་དོན་གྱི་དགོས་འདུན་ཡང་མཉམ་བསྲེས་བྱས་ཡོད་པས། བོད་དོན་དྲིལ་བསྒྲགས་དང་ཐག་གཅོད་ཡོང་བར་ཚད་ངེས་ཅན་ཞིག་ནས་བཀག་རྒྱ་བྱེད་ཐུབ་ཡོད།
གནས་སྟངས་འདིའི་འོག་ནས་ང་ཚོས་བོད་ཀྱི་གནད་དོན་དེ་བཞིན་ཐག་གཅོད་ཡོང་ཐབས་ཀྱིས་མཚོན་པའི་འཛམ་གླིང་ནང་དྲིལ་བསྒྲགས་ཇི་ལྟར་བྱེད་འོས་པའི་ཐད་ལྷན་རྒྱས་ནས་ལས་འཆར་ཞིག་བཟོ་རོགས་གནང་།
གཉིས་པ། ཤེས་ཡོན་ཐད་ཀྱི་ལས་འཆར་བཟོ་འགོད།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་བརྒྱ་ཆའི་བདུན་ཅུའམ་བརྒྱད་ཅུའི་ཡིག་རྨོངས་སེལ་ཟིན་ནའང་ཆེད་ལས་པ་ཐོན་པ་ཧ་ཅང་གི་ཉུང་ཤས་ཤིག་ཡིན་པ་དང་། བོད་ནང་སྲིད་ཇུས་རྐྱེན་བྱས་ཆེད་ལས་མི་སྣ་ཡོང་བའང་ཁ་ཤས་ཤིག་ཡིན། འདི་ལ་འཕྲལ་ཕུགས་གཉིས་སུ་དབྱེ་འོས་པར་སྙམ།
༡ ཕུགས་ཀྱི་ཆ་ནས་བལྟ་སྐབས། གལ་སྲིད་མ་འོངས་པར་བོད་མིར་རང་དབང་ཐོབ་པའི་ཉིན་མོའང་ང་ཚོར་རང་ཁ་རང་གསོའམ་ལས་རིགས་སྣ་ཚོགས་ཁྲོད་ཆ་ཤས་ལེན་པའི་ནུས་པ་ལྡང་ངེས་ཤིག་མེད་སྟབས། འདིའི་ཐད་ཆེད་ལས་པ་ཇི་ལྟར་གསོ་སྐྱོང་བྱེད་འོས་པ་དང་།
༢ འཕྲལ་གྱི་ཆ་ནས་བོད་དོན་སེལ་ཐབས་གལ་འགེངས་ཤིན་ཏུ་ཆེ་བས། ཁྲིམས་ལུགས་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ཆེད་ལས་པ་ཇི་ལྟར་གསོ་སྐྱོང་གནང་རྒྱུའང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།
གོང་གསལ་འཕྲལ་ཕུགས་གཉིས་ཐད་བཙན་བྱོལ་བོད་གཞུང་གིས་ཇི་ལྟར་གཞོག་འདེགས་གནང་དགོས་པར་ལས་འཆར་ཞིག་བཟོ་རོགས་གནང་།
གསུམ། ནང་སྲིད་ཐད་ཀྱི་ལས་འཆར་བཟོ་འགོད།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་གཞིས་སྒར་ཆེ་ཁག་ཚང་མ་རྒྱ་གར་དང་བལ་ཡུལ། འབྲུག་རྒྱལ་ཁབ་ནང་ཡོད་ཅིང་། འཚོ་རྟེན་གཙོ་བོ་ཚོང་ལས། རྨོ་འདེབས་ཙག་ཙིག སྦྱིན་བདག་གསུམ་ལ་བརྟེན་ཡོད་མོད། དབུལ་ཕྱུག་གི་ཧེ་བག་ཆེ་བ་དང་ཉམས་ཐག་མང་ཆེ་བར་སྦྱིན་བདག་ཕར་ཞོག་ཚོང་ལས་ཀྱང་མ་རྩ་མ་འདང་བའི་དཀའ་ངལ་འཕྲད་མུས་སུ་ཡོད་པར་མ་ཟད། སློབ་གྲྭ་ཆེན་མོ་སློབ་མཐར་ཕྱིན་རྗེས་ལས་མེད་ཆགས་ཟིན་པའི་ན་གཞོན་ཡང་ཉུང་ཉུང་ཞིག་མིན། དེའི་ཁར་གསར་འབྱོར་བ་ལས་མེད་ཀྱང་མང་ནས་མང་དུ་འགྲོ་བཞིན་པས། ལྷན་རྒྱས་ནས་གནས་སྟངས་འདི་གཞིར་བཟུང་སྟེ། ཁྱོད་རང་ཚོས་སློབ་སྦྱོང་གནང་ཡུལ་རྒྱལ་ཁབ་ཁག་གི་ཉམས་མྱོང་དང་སྦྲགས་ནས་གནད་དོན་ཐག་གཅོད་ཡོང་ཐབས་ཀྱི་ལས་འཆར་ཞིག་བཟོ་རོགས།
ཀློག་མཁན་སྤྱི་ནས་ལས་འཆར་ཁག་གསུམ་འདིའི་ཐད་བསམ་ཚུལ་ལྷུག་སྩོལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད། བརྗོད་གཞི་རང་སྟེང་གི་མ་འདུ་བ་སོགས་ལ་ཡོ་བསྲང་གནང་བར་རེ་བ་བྱེད་ཀྱི་ཡོད།
ལྷ་སྡེ་གནམ་ལོ་ཡག་གིས་བོད་ཀྱི་འདས་པ་དང་ད་ལྟ་དང་མ་འོངས་པའི་དུས་གསུམ་གྱི་བརྗོད་གཞི་དང་ལྡན་པའི་སྒོ་ནས་དེ་གའི་གཞོན་སྐྱེས་སློབ་ཕྲུག་ཚོ་ལ་དམངས་གཙོའི་འཕེལ་རིམ་གྱི་ཟབ་སྦྱོང་གནང་བའི་ནང་དོན་དག་ནི་དེང་གི་དུས་སུ་རིག་གསར་ལ་དགའ་བའི་ན་གཞོན་སློབ་ཕྲུག་ཤེས་ཡོན་པ་རྣམས་ཀྱིས་ངེས་པར་དུ་བསམ་གཞིགས་དང་ཤེས་རྟོགས་འབྱུང་དགོས་པའི་དོན་གནད་ཅིག་ཏུ་འཁུམས་སོ།
གཤམ་དུ་ ༢༠༠༦ ལོར་ཚོགས་དྲུང་ལས་ཁུངས་ནས་ཁུར་བབས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཕྱོགས་བསྒྲིགས་གནང་འདུག་པ་ཞིག་བཀོད་ཡོད་ལ། དེས་སྐད་ཆ་འདིར་ལམ་སྟོན་བྱས་མེད་འགྲོ་བསམ་ནས་ཤེས་རྟོགས་ཆེད་བཀོད་པ་ཡིན།
༼སྤྱི་འཐུས་ལྷན་ཚོགས།༽
རང་དབང་མང་གཙོའི་ལམ་སྟོན་བཀྲིན་ཆེ་བ།
མང་གཙོའི་རྩ་ཁྲིམས་ཀྱི་སྙིང་དོན་འགྲེམས་སྤེལ་དང་།བསམ་ཚུལ་བསྡུ་བཞེས་བསྐྱངས་པ།
བོད་ཀྱི་མང་གཙོའི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ།
མང་གཙོའི་བསྒྱུར་བཅོས་བཀོད་སྒྲིག་གསར་དུ་བསྐྱངས་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་།
མང་གཙོའི་གཞུང་གི་ངོ་བོ་དང་། ཁྱད་ཆོས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་ནས་བཅུ་བཞི་བར་ལས་དོན་གལ་ཆེ་ཁག
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་སྙིང་བསྡུས།
རང་དབང་མང་གཙོའི་ལམ་སྟོན་བཀྲིན་ཆེ་བ། ༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དུ་ཞབས་སོར་འཁོད་ མ་ཐག་སྔོན་ནས་དགོངས་བཞེད་ཡོད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་གཞི་རྩར་བཟུང་སྟེ་དེང་དུས་ འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཐོག་སྒྱུར་བཅོས་ གནང་ཕྱོགས་ཐུགས་གཏན་འཁེལ་བ་བཞིན་ ༡༩༥༩ ཟླ་བ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་ སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་ མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས་དེར་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་ གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་ འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་ འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་སོགས་གང་ཅིའི་དགོངས་གཞི་ བཀའ་སློབ་ཟབ་མོ་སྤྱི་བོར་སྨིན་སྩོལ་གནང་བ་བཞིན་བཀའ་དགོངས་ལྟར་རང་ཁུངས་སོ་ སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་ འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཕྱག་དམ་འབུལ་དང་འབྲེལ་ ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ བསྐྱངས་པའི་སར། སྤྱི་འཐུས་ཚོའི་བླང་དོར་ཞུ་སྒོའི་སྐོར་བཀའ་སློབ་ཞིབ་ལྷུག་ཏུ་བསྩལ།
༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་བཀའ་དགོངས་ལྟར་བོད་མི་མང་སྤྱི་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང་། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་བསྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམས་ དང་། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་ གནང་རྒྱུ་དང་བཅས་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་ བོད་མི་མང་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་མི་གྲངས་ ཉི་ཤུ་རྩ་དགུ་སྡེབ་གཅིག་གསར་མཇལ་དམ་འབུལ་ཞུས་པ་དང་། བོད་མི་མང་སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང་། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་དང་། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་ རྒྱུ་སོགས་ཀྱི་གྲོས་ཆོད་དང་། འཆར་གཞི་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོར་གསེར་༧སྙན་སྒྲོན་འབུལ་ཞུས་པར་ཆོག་ མཆན་ཕྱག་རྟགས་སྤྱི་སྨིན་སྩལ་བ་དང་། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཐད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་ སྲོལ་རྙིང་པ་དེ་རིགས་མིན་པར་རང་གི་ལྷག་བསམ་དང་། ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་ཚང་ན་ལུང་ཚན་དང་། ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྒྲིག་འཛུགས་ གནང་བ་དང་། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་བའི་གནས་ལུགས་ཁག་བཅས་བོད་མིའི་སྡོད་སྒར་ ཡོངས་ལ་དྲིལ་བསྒྲགས་མཛད།
ཐོག་མ།
མང་གཙོའི་རྩ་ཁྲིམས་ཀྱི་སྙིང་དོན་འགྲེམས་སྤེལ་དང་།བསམ་ཚུལ་བསྡུ་བཞེས་བསྐྱངས་པ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་གཉིས་པའི་ ཐོག་ང་ཚོས་མ་འོངས་པའི་བོད་རྒྱལ་ཁབ་གཞུང་དང་། མི་མང་བཅས་པའི་འཕྲལ་ཕུགས་ཕྱི་ནང་འགྲོ་ལུགས་ཀྱི་རྩ་ཁྲིམས་གསར་པ་ཞིག་ངེས་པར་ གཏན་འབེབས་བྱེད་དགོས་པ་ལྟར་རྩ་དོན་གྱི་ལེའུ་ཕྱོགས་སྒྲིག་ཟིན་པ་རིམ་པས་འདིར་ ཡོད་མི་མང་སེར་སྐྱའི་སྤྱི་འཐུས་དང་། བོད་མི་ཡོངས་རྫོགས་ལ་གྲོས་བསྡུར་བརྟག་ཞིབ་བྱ་རྒྱུར་འགྲེམས་སྤེལ་བྱ་རྩིས་ ཡིན། དེ་སྐབས་ཚང་མས་རང་དབང་བེད་སྤྱོད་མ་འཕྱུཌ་པ་ཞིག་བྱེད་དགོས་པ་དང་། སྤྱི་དོན་རླབས་ཆེར་སྨན་པའི་རང་གི་འདོད་ཚུལ་གསལ་པོར་བཏོན་ཏེ་ལེཌ་ཆ་ཕྱོཌ་ བསྡུས་ཀྱིས་རང་རེའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཀྱི་ཚིག་དོན་ལ་བཟོ་བཅོས་གང་ ཡང་རྒྱབ་ཆོག་པ་ཡིན། ང་ཚོ་རང་གི་རྒྱལ་ཁབ་དང་། རང་ཡུལ་མི་མང་བཅས་ཀྱི་འཕྲལ་ཕུགས་འགྲོ་ལུགས་སྐོར་ཐམས་ཅད་བསམ་གྲོས་མོས་མཐུན་ གྱི་ཐོག་ནས་གཏན་འབེབས་བྱེད་པའི་རང་དབང་དང་འགན་ཡོད་པ་ཞིག་བྱེད་དགོས་ཞེས་བཀའ་ སློབ་ཕེབས་པ་ལྟར། བོད་ཀྱི་མང་གཙོའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ ༡༩༦༡ ཟླ ༡༠ ཚེས་ ༡༠ ཉིན་བོད་མི་ཡོངས་ལ་འགྲེམས་སྤེལ་བསྐྱངས་པར། བོད་མི་མང་སྤྱི་འཐུས་དང་། གཞུང་ཞབས་ལས་བྱེད་ཆེ་ཕྲ། བོད་མི་འདུས་སྡོད་ཡོངས་ནས་འཐུས་མི་ཆེད་གཉེར་བཅས་བོད་མི་མང་སྤྱི་མགྲིན་ནས་མ་ འོངས་པའི་ཁེ་ཕན་མདུན་ལམ་གྱི་རྩ་ཁྲིམས་ས་བོན་འགྲེམས་སྤེལ་བཀྲིན་ཆེ་བའི་ དགོངས་དོན་ལ་བསམ་ཞིབ་ནན་ཏན་ཞུས་པར། བོད་ནང་སྔར་ནས་དར་བའི་དམ་པའི་ཆོས་ཀྱི་དགོངས་དོན་དང་། དེང་རབས་འཛམ་གླིང་གི་གནས་ཚུལ་དང་ཡོངས་སུ་མཐུན་པ་འདི་ལྟ་བུ་ནི་ཕྱོགས་གང་ ཅིའི་ཐད་ནས་བདག་ཅག་རྣམས་ལ་ལོང་བར་མིག་དང་། འོན་པར་སྒྲ་ཐོས་པ་དང་གཉིས་སུ་མེད་པའི་དགའ་མགུ་ཡི་རང་བློ་འདོད་ཡོངས་སུ་ཚིམས་ ཏེ་དོན་གནད་བྱིངས་ལ་བློ་སྙིང་བྲང་གསུམ་གཅིག་གཏོད་ཀྱིས་མོས་མཐུན་གཙང་མ་ཞུས་ ལགས་པ་དང་། ད་ལམ་གལ་དོན་ཆེ་ཤོས་གཅིག་ལ། རྩ་ཁྲིམས་ཟིན་བྲིས་ནང་ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་པ་བྱུང་ན་རྩ་ཁྲིམས་ དང་། ཚོགས་འདུའི་འགྲོ་ལུགས་མཐུན་པར་ཐག་གཅོད་བྱེད་རྒྱུ་ཞེས་གསལ་བ་འདི་ནི་གུས་ འབངས་ཡོངས་ཀྱི་བློ་ཡུལ་དུ་འཆུད་དཀའ་བ་མ་ཟད། གདུལ་བྱ་འདུལ་བྱེད་ཀྱི་མགོན་སྐྱབས་ཡ་བྲལ་དུ་ནམ་ཡང་འགྲོ་ཐབས་མེད་པ་ཞིག་ཡིན་ ན་ཆོས་སྲིད་དོན་གྱི་བདག་པོའི་མཚན་དབང་སྣོན་འཕྲིའི་དགོངས་གཞི་ཚིག་བརྗོད་འདི་ དག་བློ་མོས་ཞུ་ཐབས་རྩ་བ་ནས་མེད་ངེས་ལགས་ན། རྩ་ཁྲིམས་ཀྱི་ས་བོན་འདི་དང་། མ་འོངས་པའི་རྩ་ཁྲིམས་བཅས་པར་ཚིག་ཟུར་ཙམ་འགོད་མཛད་དགོངས་བཞེད་མི་འབྱུང་བའི་ གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་སོགས་ཀྱི་བསམ་ཚུལ་འབུལ་ལམ་ཞུས།
༡༩༦༣ ལོར་རང་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ལས་དོན་ཆེ་ཕྲའི་ཚོགས་འདུ་རྒྱས་པའི་ སྐབས་ཚོགས་འདུའི་འགན་འཁུར་ད་ཕན་རྙིང་ལུགས་སྲོལ་འཛིན་ལྟ་བུས་གཙོ་འཛིན་རྣམས་ ནས་འཁུར་ལེན་བྱེད་རྒྱུན་འདི་དག་སྤྱི་སྲོལ་དང་མི་མཐུན་ཞིང་། ལས་དོན་ལ་ཡང་ཡར་རྒྱས་མི་ཐོན་པ་བཅས་ཀྱི་སྐྱོན་གནད་འདུག་སྟབས། ད་ཕྱིན་ལས་དོན་འབྲེལ་ཡོད་ཀྱི་ཚོགས་འདུའི་སྐབས་ཚོགས་གཙོ་དམིགས་བསལ་ཅན་ཕུད། དེ་བྱིངས་ད་ལམ་ཟླ་དྲུག་ལས་བསྡོམས་འདི་ནས་བཟུང་ཚོགས་འདུ་རྒྱས་པ་ནམ་ཡོད་ཀྱི་ སྐབས་སོ་སོར་འགན་འཛིན་ཚོགས་གཙོའི་ཐད་གཙོ་འཛིན་རྣམས་ཀྱི་ཁོངས་ནས་གཅིག་དང་། འགན་འཛིན་ཁོངས་ནས་གཅིག་ ཆོས་ལུགས་ཆོལ་གསུམ་གྱི་འཐུས་མིའི་ཁོངས་ནས་གཅིག་བཅས་རང་ཁུངས་སོ་སོས་འདེམས་ བསྐོས་གསུམ་ནས་ཚོགས་ཡུན་དེའི་རིང་ཉིན་རེའི་ཚོགས་གཙོ་རེས་འཁོར་དང་། ཐུན་མོང་ནས་ཚོགས་འདུའི་ལས་དོན་ཕྱོགས་བསྡོམས་ཀྱིས་མཚོན་སྐབས་དེའི་ཞུ་སྒོ་ཆེ་ ཕྲ་འཁུར་ལེན་ཞུ་རྒྱུ་བཅས་ཀྱི་ལམ་སྲོལ་གསར་འབྱེད་གནང་རྒྱུའི་འཆར་གཞིར་ཆོག་ མཆན་སྩལ།
ཐོག་མ།
བོད་ཀྱི་མང་གཙོའི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ།
ཕྱི་ལོ་ ༡༩༦༣ ཟླ ༣ ཚེས་ ༡༠ ཉིན། ཕོ་བྲང་ཚོམས་ཆེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་བཀའ་བློན་རྣམ་ པ་དང་། ཕྱག་རོགས། བོད་མི་མང་སྤྱི་འཐུས། འགན་འཛིན། དྲུང་ཆེ་ཡན་མཛད་སྒོའི་གྲལ་འཁོད་སར་གསོལ་ཇ་བཞེས་འབྲས་འབུལ་བཞེས་གྲུབ་མཚམས་༸ གོང་ས་མཆོག་ནས་བཀའ་སློབ་དང་སྦྲགས་རྩ་ཁྲིམས་རིན་པོ་ཆེ་གསོལ་རས་སྩལ། གཞུང་དང་། མི་མང་སྤྱི་འཐུས་ནས་ཐུགས་རྗེ་ཆེ་ཞུའི་རྟེན་གསུམ་འདེགས་འབུལ་ཞུས་ཏེ་མཛད་སྒོ་ གྲ་རྟེན་ལེགས་འགྲིགས་བསྐྱངས།
དེ་ནས་ ༡༩༦༣ གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་འཛམ་གླིང་ཡོངས་ ལ་གསལ་བསྒྲགས་བསྐྱངས་པ་དང་། བོད་མི་ཀུན་ལ་རྩ་ཁྲིམས་དགོངས་དོན་ཞུ་སྒོའི་བཀའ་སློབ་ཕེབས་དགོངས་སུ། ད་རིང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོ་ཞིག་བྱེད་པ་ལ་མང་གཙོ་ཞེས་པའི་གོ་དོན་ ལེགས་པར་ཤེས་དགོས། དཔེར་ན། མང་ཞེས་པ་རིགས་རུས་དང་། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་མང་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ ན་དཀའ་ངལ་དང་། གྲ་མ་འགྲིགས་མ་གཏོགས་ཡོང་རྒྱུ་མེད་ལུགས་སོགས་ཞིབ་གསལ་ལྷུག་སྩོལ་བཀྲིན་ཆེ་ བར་གྱུར།
ཡང་ ༡༩༦༣ ཟླ ༤ ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་དང་བཅས་པའི་ལས་བྱེད་རྣམས་ནས་རྩ་ཁྲིམས་ཟིན་བྲིས་ དགོངས་དོན་སྔ་འཕྲོས་རྒྱ་གར་ས་ཐོག་ཏུ་མཐུན་རྐྱེན་གནས་ཚུལ་དང་འཚམས་པའི་ཕྱག་ བཞེས་བསྟར་འོས་ཅི་མཆིས་བསམ་གྲོས་ཞིབ་བསྡུར་ཞུས་དོན། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གནས་སྐབས་དངོས་སུ་ཚུགས་ཐབས་མེད་ཀྱང་། ད་ཡོད་ཆོས་ལུགས། ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ཀྱི་སྒྲིག་འཛུགས་འདིས་སྔ་འཕྲོས་ རྒྱལ་ཡོངས་ཚོགས་ཆེན་དང་། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ། འཐུས་མིའི་ལོ་དུས་གནས་སྐབས་ལོ་གསུམ་རེ་གནང་རྒྱུ། གཞུང་མང་བདེ་དོན་གལ་ཆེའི་ཚོགས་འདུ་གཞི་རྒྱ་ཆེ་བའི་སྐབས་ཕྱོགས་མཐའི་སྡོད་ སྒར་ཁག་ནས་བསྡུ་འགུགས་གནང་བའི་འཐུས་མི་ཟུར་འབྱོར་རྣམས་ནས་སྤྱི་དོན་བསམ་འཆར་ ལྷུག་སྩོལ་ཞུ་རྒྱུ་དང་།
འཆར་འཕར་ཚོགས་འདུ་ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་ལས་བྱེད་རྣམས་ནས་ལས་དོན་ སྙན་སེང་དང་། བསམ་འཆར་ཞུ་བ་ལས་མཐའ་མའི་ཐག་གཅོད་བོད་མི་མང་སྤྱི་འཐུས་རྣམས་ནས་རྩ་ཁྲིམས་ གཞིར་བཟུང་མང་མོས་གནང་རྒྱུའི་གྲོས་ཆོད་ལ་ཆོག་མཆན་སྩལ།
སྐབས་འདིར་སྤྱི་འཐུས་ལྷན་ཁང་ཟུར་དུ་མེད་ནའང་ཚོགས་འདུའི་སྐབས་སུ་ཚོགས་གཙོའི་འགན་འཁུར་བཞེས་མཁན་ཚོགས་གཙོ་བགྲེས་གཞོན་གཉིས་ཡོད་པ་གནང་།
ཕྱི་ལོ་ ༡༩༦༥ ལོར་མི་མང་གཞུང་གསར་པའི་ལས་བྱེད་ཁོངས་སུ་གཞུང་རྙིང་པའི་ལས་བྱེད་སྔོན་ཡོད་ རྣམས་ཀྱི་གོ་མིང་ཛ་ཐའི་ཟེར་བ་སོགས་དེང་དུས་ཀྱི་གནས་ཚུལ་དང་མི་འཚམས་པའི་གོ་ མིང་ཇི་ཡོད་རྨངས་ནས་ཕྱིར་བསྡུ་བསྐྱངས་པའི་གསལ་བསྒྲགས་གནང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་རྣམས་ནས་གང་ཅིའི་ལེགས་ཆའི་ཆེད་སྙན་ སེང་འཆར་ཕུལ་དགོངས་དོན། ༡༩༦༤ ཟླ་ ༢ ཚེས་ ༨ ནས་བཟུང་བོད་མིའི་སྡོད་སྒར་ཆེ་ཁག་རྣམས་ལ་ཆོལ་གསུམ་མི་མང་གི་སྐུ་ཚབ་སྒར་ འཐུས་མི་གསུམ་རེ་ས་ཁུལ་དེ་གའི་མང་ཚོགས་ཀྱིས་འོས་འདེམས་བསྐོ་གཞག་སྩལ་བ་རྣམས་ དོན་གཅོད་ལས་རོགས་ཀྱི་མིང་འཁུར་ཐོག་ལས་དོན་ཞུ་སྒོ་དང་། འཕོ་ལེན་བརྗེ་མཚམས་སོགས་ཀྱི་སྒྲིག་གཞི་གཏན་འབེབས་མཛད།
སྤྱི་འཐུས་སྐབས་གཉིས་པ་ནས་བཟུང་ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་ དང་། རྩ་ཁྲིམས་འབྲུ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང་ཚན་རིག་ གང་རུང་ལ་མཁས་པའི་མི་གཅིག་བསྐོ་འཛུགས་བསྐྱང་རྒྱུ་གསལ་བ་ལྟར་བསྐོ་སྩལ་གནང་།
དེ་ཕན་བོད་མི་མང་སྤྱི་འཐུས་རྣམས་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་བཞུགས་པའི་ཉམས་ མྱོང་རིམ་གསོག་བྱུང་སྟབས་ད་ཆ་སྤྱི་འཐུས་རང་ཉིད་ཀྱི་དམིགས་བསལ་འགན་དབང་འཛིན་ སྐྱོང་ཆེད་ལྷན་ཁང་ཟུར་འཛུགས་བྱ་དགེའི་བཀའ་སློབ་སྤྱི་བོར་སྨིན་པ་བཞིན་ ༡༩༦༦ ཟླ་ ༥ ཚེས ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་ཚུགས་པ་དང་ཆབས་ཅིག་གསལ་བསྒྲགས་ ཀྱང་བསྐྱངས།
ལྷན་ཚོགས་འདིར་ཚོགས་གཙོ་བགྲེས་གཞོན་གཉིས་དགོས་པ་སྤྱི་འཐུས་མང་མོས་ཀྱིས་འོས་ ཐོན་འཆར་ཕུལ་ཕྱག་རྟགས་སྩལ་བའི་ཚོགས་གཙོ་གཉིས་ལ་བཀའ་བློན་དང་འདྲ་བའི་མཚན་ གནས་དང་། སྤྱི་འཐུས་བྱིངས་རྣམས་ལ་བཀའ་བློན་ལས་རོགས་དང་འདྲ་བའི་མཚན་གནས་སྩལ། དེ་སྔོན་བོད་གཞུང་ལྷན་ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་ལས་དོན་ཞིབ་འཇུག་སླད་ སྤྱི་འཐུས་རྣམས་དང་། བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ ཚོགས་འདུ་རེ་གནང་མུས་དེ་དག་ ༡༩༦༩ ལོ་ནས་བཟུང་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང་། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུའི་འཆར་ ཕུལ་བཀའ་འཁྲོལ་དགོངས་དོན་ལྟར་གཏན་འབེབས་མཛད་པ་དང་། ལོ་དེར་བོད་མི་བཙན་བྱོལ་བའི་ཁོངས་ཀྱི་ཆོས་སྡེ་གསར་འཛུགས་ཁག་དང་། བཟོ་གཞིས་འབྲོག་གསུམ་གྱི་གྲུབ་འབྲས་ཇི་ཐོན་གྱི་འགྲེམས་སྟོན་ཆེན་མོ་ཐེངས་དང་ པོ་དེ་གནང་།
ཕྱི་ལོ་ ༡༩༧༢ ལོར་ཝ་ར་ཌྷ་སི་ཁུལ་གནས་འཁོད་བོད་མི་རྣམས་ནས་དངས་བས་ཁུར་དུ་བླངས་ཏེ་བོད་རང་ བཙན་ལས་དོན་སྒྲུབ་ཕྱོགས་ཐོག་འཆར་གཞི་དོན་ཚན་བཅུ་འཁོད་སྙན་འབུལ་དང་འབྲེལ་ རྒྱ་ཆེའི་མང་ཚོགས་ལ་འབོད་བསྐུལ་བསྐོར་བསྐྱོད་ཆོག་འཐུས་ཞུས་སྩལ་ལྟར་བགྱིས་ ཏེ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་གནང་བའི་ཕྱོགས་མཐའི་རང་ འགུུལ་མི་མང་ཁུངས་སོ་སོའི་མི་འཐུས་རྒྱས་འཛོམས་ཀྱིས་བོད་རང་དབང་བདེན་པའི་ལས་ འགུལ་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་། ཚོགས་འདུ་དེ་ཐོག་ནས་འཛམ་གླིང་འཐུས་མིའི་རྒྱལ་ཁབ་ཚོར་བོད་དོན་བདེན་པའི་རྒྱབ་ སྐྱོར་དགོས་པའི་འབོད་བསྐུལ་སྙན་ཞུ་དང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་ལའང་བཙན་བྱོལ་བོད་གཞུང་ངོས་བཞེས་གནང་དགོས་པའི་ རྒྱུ་མཚན་སྙན་ཞུ། གཞན་ཡང་བོད་མི་མང་ནས་རང་གི་གཞུང་ལ་རང་ཉིད་ཀྱིས་བརྩི་བཀུར་རྒྱབ་སྐྱོར་གསལ་ པོར་ཞུ་ཕྱིར་བོད་མི་རེ་ནས་ཟླ་རེར་གནས་ཡུལ་གང་དེའི་སྒོར་རེ་བཅས་འབུལ་རྒྱུ་ ཞུས་ཏེ་བོད་མིའི་རང་དབང་དངས་བླངས་སྤྱི་དངུལ་རྒྱལ་དོན་དཔྱ་ཁྲལ་ཞེས་མིང་བཏགས་ པ་བཅས་དོན་ཚན་བརྒྱད་འཁོད་ཀྱི་གྲོས་ཆོད་སྣོན་འཇོག་ཞུས་པ་དང་འབྲེལ་བོད་རང་ དབང་བདེན་པའི་ལས་འགུལ་གྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་བོད་མི་འདུ་སྡོད་ ས་གནས་ཁག་ནང་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དགུ་བཅུ་གོ་དྲུག་ ཡོད་པ་དང་། ཚོགས་མི་གྲངས་ ༥༠༢ ཡོད། དེར་བརྟེན་སྔོན་ཡོད་ས་ཁུལ་སྒར་འཐུས་རྣམས་མ་དགོས་པ་ཕྱིར་བསྡུ་གནང་།
༡༩༧༣ ཟླ་ ༣ ཚེས་ ༦ བོད་རྒྱལ་ལོ ༢༡༠༠ འཁོར་བའི་དུས་སྟོན་དང་འབྲེལ་བའི་ཆུ་གླང་གནམ་ལོ་གསར་ཚེས་སྐབས་སྲིད་ཞིའི་རྣམ་ འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོལ་གསུམ་བོད་རིགས་ཐམས་ཅད་དམ་ཚིག་ལར་ རྒྱ་གོང་བུ་གཅིག་ཏུ་བསྒྲིལ་བའི་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ ཀྱི་དབུ་འཁྲིད་ཆེན་པོར་སྤྱི་མོས་མང་བཀུར་མངའ་གསོལ་གཟེངས་བསྟོད་དང་འབྲེལ་ བོད་འབངས་རྣམས་འཕྲལ་ཡུན་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བ་འདེབས་པའི་སླད་སླར་ ཡང་གཏན་ཚིགས་ཆེན་མོ་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་ལྷན་ཚོགས་ནས་ དགའ་དད་གུས་སྤྲོ་ཆེན་པོས་འབུལ་ལམ་ཞུས།
སྐབས་དེའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང་སྟབས་བསྟུན་འགྲེམས་སྟོན་རྒྱས་པ་ ཐེངས་གཉིས་པ་བསྐྱངས། ལོ་དེར་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་ གཞི་གཏན་འབེབས་དང་འབྲེལ་ ༡༩༧༣ ཟླ་ ༨ ཚེས་ ༢༥ ཉིན་གསལ་བསྒྲགས་བསྐྱངས།
རྩ་བའི་སྤྱི་འཐུས་འདེམས་བསྐོ་བྱེད་ཕྱོགས་རྩ་ཁྲིམས་དགོངས་དོན་སྤྱི་ནོར་༸གོང་ ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་གཞག་སྩལ་བའི་དབུས་འདེམས་བསྐོ་ལྷན་ཚོགས་ ནས་སྐབས་ལྔ་པ་ཕན་མཛད་ཕྱོགས་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་གནང་འདུག་ཅིང་། ༡༩༧༤ ལོར་བཀའ་དགོངས་བཞིན་བྱེས་འཁོད་གཞུང་མང་གི་ད་ལྟའི་གནས་སྟངས་ལ་གཞི་བཅོལ་ཏེ་ རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ཡིག་ཆ་ནས་ལེགས་ཆ་ལེན་འོས་བླངས་ ཐོག་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་སྟེ་ ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་གཏན་འབེབས་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་།
དེ་ནས་བུད་མེད་ཀྱི་སྤྱི་འཐུས་དམིགས་བསལ་གྲངས་བཅད་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་བྱས་ཆོག་པའི་གསལ་བསྒྲགས་ཀྱང་གནང་ཡོད།
རང་གཞུང་ལྷན་ཁང་ཁག་གི་ལོ་འཁོར་དངུལ་རྩིས་དེ་སྔོན་བོད་གཞུང་བཀའ་ཤག་ནས་ཐུགས་ འགན་གནང་མུས་དེ་དག་ ༡༩༧༥ ལོ་ནས་བཟུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་གནང་རྒྱུར་ཐུགས་གཏན་འཁེལ་བ་ལྟར་ དངུལ་རྩིས་ཚོགས་འདུ་གནང་ཕྱོགས་དང་། ལྷན་ཁང་ཁག་ནས་ལོ་འཁོར་རྩིས་མཚམས་བཟུང་ཕྱོགས་བཅས་ཀྱི་སྒྲིག་གཞི་ཡང་གསར་དུ་ གཏན་འབེབས་གནང་།
༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༦ པའི་ཐོག་བཀའ་བསྡུར་བྱུང་བ་ལྟར། ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་གཉིས་ལྡན་རང་དབང་མང་གཙོའི་དུས་ཆེན་བརྩི་སྲུང་མཛད་རྒྱུར་ གཏན་འབེབས་ཀྱིས་དབུས་དང་ཕྱོགས་མཐའི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གཞུང་འབྲེལ་ གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
༡༩༧༧ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང་སྟབས་བསྟུན་དབུས་དང་ཕྱོགས་མཐའི་རིས་མེད་ ཆོས་སྡེ་དགོན་ཁག་དང་། བཟོ་གཞིས་འབྲོག་གསུམ་སོགས་བོད་མིའི་གནས་སྟངས་འདྲ་པར་གྱི་ལམ་ནས་འགྲེམས་སྟོན་ ཐེངས་གསུམ་པ་དེ་གནང་།
སྤྱི་འཐུས་སྐབས་དྲུག་པའི་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས་ ༡༩༧༧ ཟླ་ ༡༠ ཚེས་ ༥ ནས་བཟུང་གསར་བསྐོ་བསྐྱངས།
ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༡༡ སྐབས་སུ་བཀའ་མོལ་བྱུང་བ་ལྟར། ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ནས་ ༡༩༧༩ ཟླ་ ༧ ཚེས་ ༢༣ ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་བློན་རྣམ་པའི་མཛད་འཁུར་ དུས་ཡུན་ཐད་དམ་ཕུལ་ཞུས་པའི་ཉིན་མོ་ནས་བཟུང་ལོ་ལྔའི་རིང་གནང་རྒྱུ་དང་། ལས་འཁུར་རྫོགས་ཟིན་པའི་བཀའ་བློན་གང་ཞིག་སླར་ཡང་བསྐོ་གཞག་དང་། ལོ་དུས་མ་རྫོགས་གོང་འཕོ་འགྱུར་རམ། ཡང་ན་ཕྱིར་འཐེན་གནང་སྒོ་ཅི་མཆིས་ཡེ་ཤེས་གཟིགས་དཔྱད་གནང་རྒྱུ་གཏན་འབེབས་མཛད།
ལོ་འཁོར་དངུལ་རྩིས་ཚོགས་ཆེན་ཕྱི་ཟླ་ ༤ ཚེས་ ༡ ནས་གནང་མུས་དེ་དག་ ༡༩༧༩ ལོ་ནས་བཟུང་ཕྱི་ཟླ་ ༢ ཚེས་ ༡ ནས་དངུལ་རྩིས་ཚོགས་འདུ་བསྐྱངས་རྒྱུ་དང་། ལས་ཁུངས་ཁག་གི་རྩིས་མཚམས་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་རྩིས་སྒོ་རྒྱབ་རྒྱུ་བཅས་ལ་གཏན་འབེབས་གནང་།
༡༩༨༡ ལོ་ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དེར་བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ ཆེན་ཞེས་སྒྲིག་གཞི་གཏན་འབེབས་དང་འབྲེལ་ལོ་ལྟར་ཚོགས་ཆེན་མ་དགོས་པར་ལོ་གཉིས་ རེའི་མཚམས་ཚོགས་ཆེན་ཐེངས་རེ་གནང་རྒྱུ་བཅས་གཏན་འབེབས་མཛད། དེ་བཞིན་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་སྒྲིག་གཞིར་ཡང་ལེགས་བཅོས་གཏན་འབེབས་ ཞུས།
༡༩༧༤ ལོ་ནས་བཟུང་བོད་རིགས་གཞོན་ནུའི་ལྷན་ཚོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ ཆོལ་གསུམ་སོ་སོ་མ་ཡིན་པར་ཆོལ་གསུམ་འོས་ཤོག་མཉམ་བསྡུ་གནང་རྒྱུར་དགོས་གལ་ཆེ་ སྐོར་ཞུ་སྙན་རིམ་ཕུལ་ལ་བརྟེན་ ༡༩༨༡ ལོར་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་གྱིས་སྐབས་བརྒྱད་པའི་འོས་ བསྡུ་གཞོན་ནུའི་ལྷན་ཚོགས་ཀྱི་བསམ་འཆར་ཞུས་པ་ལྟར་གནང་རྒྱུར་མང་མོས་ཐག་གཅོད་ བྱུང་སྟེ་ཆོལ་གསུམ་སྤྱི་འཐུས་འོས་བསྡུ་མཉམ་བླུག་བྱ་རྒྱུའི་སྒྱུར་བཅོས་སོང་ བའི་གསལ་བསྒྲགས་དབུས་འདེམས་བསྐོ་ལྷན་ཚོགས་ནས་བསྐྱངས་པར། མདོ་སྟོད་མི་མང་གི་ཕྱོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་སྔར་ལམ་ལྟར་ལེགས་ པའི་བསམ་ཚུལ་རིམ་བྱུང་ལ་བསྐྱར་དུ་བཀའ་བསྡུར་གནང་སྟེ་སྤྱི་འཐུས་སྐབས་བརྒྱད་ པ་འདི་འོས་བསྡུ་ཆེན་མོ་ཐེངས་གཅིག་གིས་འཐུས་རྒྱུར་དེ་ཐོག་ཕྱག་རྟགས་རིན་པོ་ ཆེ་སྤྱི་སྩལ་དགོངས་དོན་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། གྲངས་ཚད་ཀྱང་རྒྱས་བསྡུས་གནང་འོས་གནང་ཡོད།
༡༩༨༤ ཟླ་ ༣ ཚེས་ ༡༠ ནས་ ༡༩༨༥ ཟླ་ ༣ ཚེས ༩ བར་དུས་ཡུན་ལོ་གཅིག་གི་རིང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་གཞི་རྟེན་ལེཌ་ པར་ཚུཌ་པའི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་ཞེས་ལོ་གཅིག་གི་རིང་བརྩི་སྲུང་གནང་ བ་དང་། དེའི་ཁོངས་རྒྱ་གར་རྒྱལ་ས་ལྡི་ལིར་འགྲེམས་སྟོན་ཆེན་མོ་ཐེངས་བཞི་པ་དེ་ཚུགས་པ་ ཡིན།
༡༩༨༤ ལོར་སྤྱི་འཐུས་སྐབས་དགུ་པའི་འོས་བསྡུའི་སྐོར་དབུས་འདེམས་བསྐོ་ལྷན་ཚོགས་ནས་ གསལ་བསྒྲགས་བསྐྱངས་པར། སླར་ཡང་མདོ་སྟོད་མི་མང་གི་ངོས་ནས་སྔར་ལམ་ལྟར་ལེགས་ཆ་ཆེ་བའི་ཞུ་གླེང་རིམ་ བྱུང་བཅས་ལ་བརྟེན་༧སྙན་སེང་བཀའ་སློབ་ཕེབས་དགོངས་ལྟར་བོད་མི་མང་ཁུངས་སོ་ སོའི་ཚོགས་མི་དང་། གཞོན་ནུའི་ཚོགས་མི། བོད་ནས་གསར་འབྱོར་བཅས་ཚང་འཛོམས་བསམ་གྲོས་ཞིབ་བསྡུར་བགྱིས་པའི་མཐའ་མའི་ཐག་ གཅོད་དུ། སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་སྤྱི་མོས་སུ་འགྱུར་པའི་དུས་སྐབས་མ་བྱུང་བར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཐུགས་ རྗེ་ཆེ་བ་དང་། དེ་བཞིན་ལས་འཁུར་ཡུན་ཚད་ཀྱང་ལོ་ལྔ་བར་རིང་གཏོང་མཛད་འགབས་མཆིས་མིན་ཡེ་ཤེས་ དབྱིངས་དཔྱད་ཡོང་བ་ཞེས་ཞུས་ཁོངས་ནས། སྤྱི་འཐུས་སྐབས་བརྒྱད་པ་འདི་ལོ་གཉིས་འཕར་འགྱངས་གནང་སྟེ། དེ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་བའི ༡༩༨༥ ཟླ ༧ ཚེས་ ༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྩལ་བ་དང་།
༡༩༨༥ ཟླ ༩ ཚེས ༢ བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་ ཆེན་ཉིན། བོད་ཆོས་སྲིད་ཡོངས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ ཞབས་སོར་མངོན་པར་འཁོད་དེ་བཀའ་སློབ་ཟབ་མོ་སྤྱི་སྨིན་བཀྲིན་ཆེ་བ་དང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་ བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་གཏང་རག་སླད་རིན་ཆེན་དང་གཉིས་ལས་བསྐྲུན་ པའི་བོད་མང་གཙོའི་གཞུང་གི་རྒྱལ་རྟགས་ཞིག་འབུལ་ལམ་ཞུས་པ་བཅས། དེ་ནས་བཟུང་མང་གཙོའི་དུས་དྲན་འདི་བཞིན་གཞུང་འབྲེལ་མཛད་སྒོར་གཏན་འབེབས་གནང་ བ་ཡིན།
སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་སྔོན་འགྲོ་དང་། དངོས་གཞི་བཅས་པ་སྔར་རྒྱུན་བཞིན་རང་རང་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་སོ་སོ་ནས་ འོས་འཕེན་གྱིས་འདེམས་བསྐོ་གཏན་འབེབས་བྱུང་བ་བཞིན་ཕྱི་ལོ་ ༡༩༨༨ ཟླ ༩ ཚེས་ ༢ ཉིན་ལས་ཁུར་དམ་ཕུལ་དང་འབྲེལ་ལས་སྒོར་ཞུགས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཐོག་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་ བསྩལ་བཞེད་ཀྱིས་སྐབས་བཅུ་པའི་ལས་རྒྱུན་མ་གཙང་གོང་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས ༡༡ ཉིན་འཁུ་བསྡུའི་གསལ་བསྒྲགས་བསྐྱངས།
ཐོག་མ།
མང་གཙོའི་བསྒྱུར་བཅོས་བཀོད་སྒྲིག་གསར་དུ་བསྐྱངས་པ།
ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་ བསྐོས་བསྐྱངས་དོན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལ་བསྐྱར་ཞིབ་དང་། བཙན་བྱོལ་དུ་གནས་རིང་ཆབ་སྲིད་ཀྱི་གཞི་རྟེན་མང་གཙོའི་མཚན་ཉིད་ཚང་ཞིང་། དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་འགོད་ འབུལ་དགོས་པའི་འགན་དཀྲི་བཀོད་ཁྱབ་བསྩལ།
བོད་མིའི་མང་གཙོ་ཚད་ལྡན་ཡར་རྒྱས་མདུན་བསྐྱོད་འབྱུང་ཐབས་དང་། འཛམ་གླིང་ཡར་ཐོན་རྒྱལ་ཁབ་ཁག་གི་མང་གཙོའི་འགྲོ་ལུགས་དང་མཐུན་པའི་གྲོས་ཚོགས་ ལམ་ལུགས་སམ་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པ་ཡོང་ཐབས་སོགས་དགོངས་གཞི་ དགོས་པ་དུ་མར་གཞིགས་ཏེ་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་གྲུབ་ཆར་འཕར་སྣོན་རྒྱ་བསྐྱེད་མཛད་ཅིང་། དེ་ཡང་ཆོལ་ཁ་གསུམ་སོ་སོར་སྤྱི་འཐུས་མི་གྲངས་ ༡༠ རེ་དང་། དེ་ཁོངས་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དགོས་ཤིང་། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པར་སྤྱི་འཐུས་གཉིས་རེ། ༸གོང་ས་ཆེན་པོས་ཐད་བསྐོས་སྤྱི་འཐུས་གཅིག་ནས་གསུམ། བྱང་ཨ་རི་ཁུལ་ས་གནས་ཁག་ནང་གནས་སྡོད་བོད་མིའི་ཁོངས་འོས་བསྡུ་བྱས་པའི་སྤྱི་ འཐུས་གཅིག་ ཡོ་རོབ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་བཅས་ བསྡོམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་གྲངས་ ༤༦ ལ་སྤར་ཆ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚུག་པའི་སྐབས་རྒྱུན་ལས་ཚོགས་ ཆུང་ཞིག་དགོས་པར། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ། ཐད་བསྐོས་སྤྱི་འཐུས་ཡོད་ན་གཅིག་བཅས་གྲངས་ ༡༢ བཅས་ལ་གཏན་འབེབས་བཀོད་བསྒྲིགས་གསར་དུ་གནང་། གོང་དུས་ནས་བཟུང་སྤྱི་འཐུས་འོས་འདེམས་བྱུང་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ ཆེན་པོས་བཀའ་འཁྲོལ་ཕྱག་རྟགས་བསྩལ་ལམ་ཡོད་པ་དེ་དག་མཚམས་འཇོག་གནང་།
ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་ཁུར་དམ་འབུལ་མཛད་སྒོའི་མཇུག་ཏུ་༸གོང་ས་ ཆེན་པོས་གོང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སྤྱི་འཐུས་ལྷན་ཚོགས་ སུ་གསོལ་བསྩལ་དང་སྦྲགས་ཞུ་སྒོའི་བཀའ་སློབ་ཞིབ་རྒྱས་ཤིག་བསྩལ་ཁོངས་དམིགས་ བཀར་ཁྲིམས་བཟོ་དང་འབྲེལ་བའི་ཕེབས་དགོངས་སུ། མ་འོངས་པའི་རྩ་ཁྲིམས་དེ་རྩ་དོན་དེ་དག་བསམ་བློའི་འཁྱེར་སོའམ། སྲིད་བྱུས་ལ་བཟུང་ནས་བཟོ་རྒྱུ་ཡིན། ད་ལྟ་བར་བརྒལ་དུས་སྐབས་ལ་རྩ་འཛིན་བྱེད་རྒྱུའི་བཅའ་ཁྲིམས་འདི་ཡང་དེ་དང་ འགྲོས་མཐུན་པའི་གོམ་རིམ་དང་པོའི་ཡིག་ཆ་ཞིག་ཡིན། དེ་དག་ནི་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ནས་བསམ་བློ་བཏང་བ་དང་། དེ་བཞིན་བྱེས་འཁོད་མི་མང་གཙོ་བོར་གྱུར་པའི་འབྲེལ་བ་བྱེད་ཐུབ་སའི་བོད་མི་ནང་ ཁུལ་ནས་བསམ་འཆར་གང་ཐུབ་བསྡུས་པའི་ལེགས་ཆའི་བསམ་འཆར་རྣམས་བསྣན་ཡོད། དེ་རིང་འདིར་ཁྱེད་རང་ཚོ་སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་གོང་དུ་བརྗོད་པ་ བཞིན་སྤྱི་འཐུས་འོས་བསྡུ་སྟངས་དང་། མཐའ་མའི་གཏན་འབེབས་བྱེད་སྟངས་ལམ་གསར་པ་ཞིག་གི་ཐོག་ནས་གཏན་འཁེལ་བ་མ་ཟད། ད་རེས་ཀྱི་ལས་དུས་འདི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་དག་ལ་ཁྱེད་རང་ཚོས་ཉིན་བསྟུད་དེ་བགྲོ་གླེང་ དང་གོ་བསྡུར་མཐིལ་ཕྱིན་པ་ཞིག་བྱེད་དགོས་པ་དང་། ཡང་ཕྱོགས་མཐའི་བསམ་འཆར་རྣམས་ལ་ཡང་བལྟ་རྒྱུ་ཡོད་པས། གང་དགའ་ཅི་ལེགས་ཀྱི་དགོངས་པ་ཡག་པོ་བཞེས་ཏེ་གཏན་འབེབས་བྱེད་ཐུབ་པ་དགོས། འདི་ལས་འགན་གཅིག་ཡིན་ཞེས་སོགས་སྤྱི་ཕེབས་བཞིན་སྐབས་དེར་སྤྱི་འཐུས་ལྷན་ཚོགས་ སུ་བཅའ་ཁྲིམས་དོན་ཚན་རེ་རེ་བཞིན་གཙིགས་ཆེར་ངོས་འཛིན་གྱིས་ཁྲིམས་མཐུན་བགྲོ་ གླེང་གྲོས་བསྡུར་ཉིན་བསྟུད་ཞིབ་ལྷུག་ཏུ་གནང་སྟེ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་གཏན་འབེབས་གསལ་བསྒྲགས་བསྐྱངས།
སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་བར་ལོ་གཉིས་རེའི་མཚམས་སྲི་ཞུ་ཚོགས་ཆེན་ཚུགས་ བཞིན་པ་དེ་དག་དང་། ཟླ་རེའི་ནང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ཐེངས་རེ་གནང་ལམ་ཡོད་པ་གཉིས་རང་ བཞིན་འཁུ་བསྡུ་སོང་ཞིང་། དེའི་ཚབ་ཏུ་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཁྲིམས་བཟོའི་ལས་དོན་གཙོ་གྱུར་ ཐོག་རྒྱལ་དོན་སྲིད་བྱུས་གཏན་འབེབས་དང་འབྲེལ་བའི་གལ་ཆེའི་ལམ་སྟོན། བཙན་བྱོལ་བོད་གཞུང་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་གཏན་འབེབས། ཆབ་སྲིད་དང་འཛིན་སྐྱོང་སྐོར་གལ་ཆེའི་གནད་དོན་ཁག་སྐབས་དུས་སོ་སོར་བཀའ་བསྡུར་ ཐག་གཅོད། གཞན་ཡང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་དཀའ་སེལ་དང་འབྲེལ་བའི་གནད་དོན་གལ་ ཆེའི་རིགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ་སོགས་ཀྱི་ཆེད་ལོ་རེའི་ནང་སྤྱི་འཐུས་ གྲོས་ཚོགས་ཐེངས་གཉིས་རེ་བསྟར་ཆགས་སུ་འཚུག་རྒྱུའི་ལམ་ལུགས་གསར་གཏོད་གནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཁག་ཁྲིམས་ལུགས་གཞིར་བཟུང་ གཏན་འབེབས་བྱ་འགོ་བཙུགས། ཁྲིམས་སྒྲིག་གཏན་འབེབས་ཟིན་པ་རྣམས་གཤམ་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ ཁོངས་ཞིབ་གསལ་བཀོད་ཡོད།
ཕྱི་ལོ་ ༡༩༩༠ ཕན་རང་གཞུང་འཕྲིན་ལས་ཀྱི་མཛད་གཙོ་བཀའ་བློན་རྣམས་༸གོང་ས་ཆེན་པོས་ཡེ་ཤེས་ དབྱིངས་དཔྱད་ཀྱིས་ཐད་བསྐོ་བཀོད་བསྒྲིགས་བསྩལ་ལམ་ཡོད་པ་དེ་ལྟར་ཡང་། ལོ་དེར་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་སྐབས་སུ་བཀའ་ཤག་གི་བཀའ་བློན་རྣམས་འོས་ འདེམས་གནང་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གྲུབ་པ་ནས་བཟུང་བཙན་བྱོལ་བོད་གཞུང་ གི་འཛིན་སྐྱོང་ལས་ཁུངས་ཆེ་ཁག་བདུན་གྱི་བཀའ་བློན་དང་། བཀའ་བློན་ཁྲི་པ་བཅས་བཀའ་བློན་བརྒྱད་འོས་འདེམས་གནང་ཕྱོགས་ཐད་བཙན་བྱོལ་བོད་ མིའི་བཅའ་ཁྲིམས་དགོངས་དོན་ལྟར་སྤྱི་ནོར་༸གོང་ས་ཆེན་པོས་འོས་དམིགས་མིང་འདོན་ མཛད་གནང་ཇི་བྱུང་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་རྣམས་ཀྱིས་ གསང་བའི་སྒོ་ནས་འོས་འཕེན་མང་རིམ་རྩེ་བཏོག་གིས་གྲངས་ ༨ འདེམས་ཐོན་བྱུང་བ་རྣམས་ལ་བཀའ་བློན་གསར་པར་གཏན་འཁེལ་གསལ་བསྒྲགས་དང་། སྤྱི་ནོར་༸གོ
༼www.tibet.net/བཙན་བྱོལ་བོད་གཞུང/སྤྱི་འཐུས་ལྷན་ཚོགས/༽
གོང་གི་དྲ་ངོས་འདིར་སྐད་ཆ་འདིའི་སྤུན་ཟླ་ཞིག་འདུག
རིག་པའི་གྲོགས་པོ་ལྷ་ལྡན་གནམ་ལོ་ཡག།།
དེ་རིང་ཁ་བརྡའི་ནང་དུ་མཇལ་བ་སྤྲོ།།
རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་འདིས།།
བདག་ཡིད་སྤྲོ་བ་བརྟས་སོང་གྲོགས་པོ་ལགས།།
དེང་སང་སྐུ་གཟུགས་བདེ་བོ་ཨེ་ཡོད་ལགས།།
ཕྱག་ལས་གཙོ་བོ་ག་རེ་གན་ངགི་ཡོད།།
གལ་ཚོད་དུས་ཚོད་ཁོམ་པའི་སྐབས་བྱུང་ན།།
ཅིས་ཀྱང་འབྲེལ་བ་གནང་རོགས་གྲོགས་པོ་ལགས།།
ང་རང་དེང་སང་ཅུང་ཟད་ལྷོད་ལྷོད་ཡིན།།
དགེ་འོས་འཛིན་གྲྭར་སློབ་ཚན་འགའ་ཁྲིད་ནས།།
ཞར་ལ་རྩོམ་ཡིག་རེ་གཉིས་འབྲི་བཞྀན་འཆིས།།
མྱི་མང་སྣ་འདུས་གསུང་ཆོས་ར་བའི་ནང་།།
དེ་རིང་སང་ཉིན་འཚང་ཁ་ཆེ་ན་ཡང་།།
ཉིན་ཤས་རྗེས་་ནས་ལྷོད་ལྷོད་ཀྱི་རེད།།
དེ་དུས་སླར་ཡང་དྲ་ཐོག་བཀའ་མོལ་ཞུ།།
མ་མཇལ་རྒྱུན་རིང་སོང་བའི་རིག་པའི་གྲོགས།།
སླར་ཡང་ཐེངས་གཅིག་མཇལ་བའི་དགའ་བ་འདི།།
ཁྱབ་འཇུག་གླང་རྫིའི་ལོལ་གྱིས་བྲམ་ཟེ་ཡིས།།
མཇལ་བའི་དགའ་བ་ལས་གཞན་དཔེ་ཡིས་དབེན།།
དཔེ་ཡག་པོ་བྲིས་བཞག །
བཤད་དམ། བྲིས་སམ། བཤུས་སམ། མ་ཤེས་མོད།།
རང་བྱུང་ཁྲིམས་མཐུན་ཟེར་བ་འགྲེལ་ཞིག་གནོང།།
དེ་ནས་གང་ཡིན་ཚང་མར་སྣང་ན་ཐང་།།
དེ་མིན་༌༌༌༌༌༌༌༌༌༌༌༌
ཐོག་མར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་དང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། ད་དུང་རྩོམ་པ་པོ་དཀར་མཚོ་སྐྱིད་སོགས་ཕེབས་པར་དགའ་བསུ་དང་མུ་མཐུད་དུ་དགོངས་ཚུལ་ལྷུག་སྩོལ་གནང་ཡོང་བར་སྐྱབས་འཇུག་ཞུ་བཞིན་ཡོད།
ཤར་ཕྱོགས་ཁུག་རྟ་ལགས་ཕེབས་པར་དགའ་བསུ་ཡོད་ལ་དོགས་འདྲིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༡ བཤད་དམ། བྲིས་སམ། བཤུས་སམ་ཞེས་པ་འདི་དྲི་བ་གལ་ཆེན་ཞིག་རེད། སྤྱིར་དཔྱད་རྩོམ་ཞིག་ཡིན་ན། བྲིས་དང་བཤུས་གཉིས་མཉམ་བསྡེབས་ཀྱིས་གྲུབ་པ་ཞིག་ཡིན་པར་མ་ཟད། རྩོམ་འཁྱོག་འདི་དམངས་གཙོའི་བྱུང་རིམ་དང་འབྲེལ་ཡོད་པས། སྔོན་ཆད་མ་བྱུང་བ་ལ་འདིར་བརྗོད་མེད་ཅེས་པའི་དཔེ་ལས་མ་འདས་མོད། ཕྲན་ནས་ཐུབ་ཚོད་ཀྱིས་བྱུང་བའི་ཁྲོད་དཔྱད་པ་བསྲེས་ཡོད་པའི་ཁུལ་ཡིན།
༢ རང་བྱུང་ཁྲིམས་མཐུན་ནི་བྱུང་བ་གོམས་སྲོལ་རང་བཞིན་ཅན་དུ་གྱུར་ཟིན་པ་ཞིག་ལ་བཤད་ཀྱི་ཡོད་ཅིང་། བོད་མི་རང་ངོས་ཡིན་ནའང་འདྲ། ཕྱི་མིའམ་གསར་འགྱུར་བརྒྱུད་ལམ་གང་ཡིན་ནའང་། བཙན་བྱོལ་བོད་གཞུང་དེ་བཞིན་གོམས་སྲོལ་རང་བཞིན་དུ་གྲུབ་པའི་འབོད་སྟངས་ཤིག་ཆགས་ཟིན་པས། དེར་སྲིད་དོན་དགོས་དབང་གིས་ངོས་ལེན་མེད་མཁན་ཡོད་ཀྱང་གོམས་གཤིས་རང་བཞིན་ཅན་དེར་འགྱུར་བ་གཏོང་ཐུབ་མེད་ལ། དེ་ནི་བོད་ཀྱི་དཔའ་བོ་དཔའ་མོ་སྤྱིའི་ཚེ་སྲོག་ལོངས་སྤྱོད་བློས་བཏང་དང་དབུ་ཁྲིད་ཟུང་འབྲེལ་དང་། དབུ་ཁྲིད་དང་བཙན་བྱོལ་བོད་མི་ཟུང་འབྲེལ་གྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ཏུ་འདོད།
ཨ་པ་གནམ་ལོ་ཡག་ལགས།
ལན་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་དེ་ཙམ་གྱིས་གསལ་བོ་ཆགས་རྒྱུ་ལས་ཉིད་ཀྱི་གསུང་དེའི་དོན་རྩ་གཞན་ཞིག་ཏུ་བསྒྱུར་བའི་དོགས་པ་བྱུང།
དེས་ན་ངས་ཞུ་འདོད་པ་རྣམས་པ་རིམ་པར་ཞུ་ཆོག་པ་དང། མ་ཞུས་པའི་སྔོན་ལ་གསུང་བཤད་ཚང་མར་མིག་བཤེར་ཅིག་བྱེད་སྐབས། ངས་མང་གཙོའི་བྱུང་བ་ཕྱོགས་བསྒྲིགས་བྱས་འདུག་སྙམ་པ་དང། གཏམ་བཤད་པས་སྒེར་གྱི་བསམ་ཚུལ་དམར་རྗེན་རྣམས་ཚིག་ཟུར་ནས་ཐོན་ཐུབ་བྱེད་པ་ལས་གཞན་ཅི་གང་གི་ཚོར་བ་མ་སྤྲད་སྟབས། ངས་བཤུས་སམ་བྲིས་སམ་གྱི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་པ་ལས། འཁྲིས་པ་ཅན་ལ་དུང་དཀར་སེར་སྣང་གི་ངང་ཚུལ་ནི་མིན་ནོ་ཞེས་གཏམ་གྱི་འགོ་བསུ་རྒྱུ་ཡིན། བསུས་ཚར་རྗེས། གཏམ་བཤད་དུམ་བུ་རེ་རེ་དང། དེ་ནས་ཧྲིལ་བོ། དེ་ནས་རྒྱབ་མདུན་རྣམས་གླེང་བར་བྱའོ།
དེ་ཡང་༼༡བཙན་བྱོལ་བོད་གཞུང་འདི་ཞེས་པ་ནས་ཕྱོགས་བསྡོམས་ཙམ་ཡིན་༽ཞེས་པའི་བར་གྱི་སྐུ་ཉིད་བརྒྱུད་པའི་བྱུང་བ་དེ་ནི་དོན་དངོས་ཡིན་ཡང། བཙན་བྱོལ་བོད་གཞུང་ངོས་འཛིན་གནང་གཞིའི་འདོད་ཚུལ་ལ་རྒྱ་ནག་གི་དབང་བསྒྱུར་བྱེད་ཕྱོགས་ཤིག་དྲངས་ཏེ། ༼ངོས་དང་བཀའ་ཤག་གང་དུ་ཡོད་སར་ངོས་ཀྱི་མི་མང་གིས་ཁོང་ཚོའི་གཞུང་དེ་གར་ཡོད་པའི་ངོས་འཛིན་གནང་གི་རེད་༽ཅེས་པའི་ལོ་རབས་དྲུག་བཅུའི་ནང་གི་བཀའ་མོལ་སྐད་གྲགས་ཅན་དེའི། དོན་དངོས་རང་བཞིན་དང་ཆབ་སྲིད་རང་བཞིན་ལ་མཚུངས་བསྡུར་བྱས་པ་ནི་ངའི་བློ་མིག་དོགས་པོར་བདེ་བོ་རང་མ་བྱུང། དེ་ནི་འདོད་ཚུལ་ལམ། ཁ་ཅིག་གཉིས་ཀྱི་ཚུལ་དུ་བཀོད་པ་ནི། དོན་དངོས་མིན་པར་འདོད་ཁར། པེ་ཅིན་སྲིད་གཞུང་མཉེས་པོ་གནང་ས་མིན་འགྲོ་བསམ་སོང།
གལ་སྲིད་ད་དུང་དེ་ལ་འབྱེད་ཆོས་འདྲ་བཀོད་དགོས་ན། དབང་བསྒྱུར་མཁན་དང་བསྒྱུར་བྱ་གཉིས་ལས་གཞན་ཅི་གང་མེད་བསམ་མ་སོང་ལགས།
མུ་འགོད།
ནོར་བཅོས། བསམ་སོང་ལགས། ཧཧཧཧཧ
ཆོས་འཕེལ་ལགས་ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད།
༡ པེ་ཅིན་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་དེ་བཞིན༼ཏྰ་ལའི་རུ་ཚོགས༽སུ་འདོད་ཀྱིན་པ་དང་།
༢ ༼བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ ༣༦༠འཁོར་བའི་མཇུག་སྡོམ་མཛད་སྒོ་ཉིན་གཉིས་པ་བོད་གཞུང་ཟློས་གར་ཁང་དུ་ཚུགས་ཡོད་ལ། དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་བོད་མི་དམངས་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་རོགས༽<>ཞེས་པ་འདི་དང་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས༼༢༠༠༡ ལོ་ནས་བཀའ་བློན་ཁྲི་བ་ཐད་ཀར་མི་མང་གིས་འོས་འདེམས་བྱས་ཏེ་དམངས་གཙོའི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད། ༧གོང་ས་མཆོག་གིས་ཀྱང་། ཉིས་སྟོང་གཅིག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་བསྡུས་པ་རེད་ཅེས་གསུང་གི་ཡོད་རེད། ༽༽<>བསྡུར་ནས་ལྟ་སྐབས། ཁྱོད་ཚོར་དད་ལྡན་མང་ཚོགས་ལ་བསམ་གཞིགས་གསར་བ་ཞིག་མི་ཡོང་བའི་ངེས་པའང་མེད་སྙམ།
ཞོགས་པ་བདེ་ལེགས། ལས། སྔ་དྲོ་བདེ་ལེགས། ཕྱི་དྲོ་བདེ་ལེགས། དགུང་དྲོ་བདེ་ལེགས། གཟིམ་འཇམ་གནང་།
ད་ཡིན་ན། ཟམ་གདོང་གི་སློབ་བུ་སྤེན་ཚེ་ཨ་མདོ་མི་མང་ལ་ངོ་འཕྲོད་འདུག་གྰ སྐུ་བདག་ཡོད་ན་བདག་པོ་རྒྱག་རན་རེད་ད།
ཡུལ་མཐའ་འཁོབས་དེ་འདྲ་ཞིག་ན་ལས་ཀ་དེ་འདྲ་རེ་བྱེད་ཐུབ་པ་ཡང་དགའ་སྤྲོ་སྐྱེ་བའི་འོས་རེད། ཁྱོད་ཚོ་འཛམ་གླིང་གི་རྐུབ་དེ་ན་མཚམས་མཚམས་ལ་ཆུ་ཁར་གཡེངས་ནས་བསྡད་ཡོད་པ་འདྲ་བོ། མཚམས་མཚམས་ལ་མེ་ཡིས་ཚིག་གི་ཡོད་པ་འདྲ་བོ། མཚམས་མཚམས་ལ་ཐན་པས་སྐམ་འགྲོ་གི་ཡོད་པ་འདྲ་བོ། ཁྱེད་ཚོས་སྡེ་བ་གཞུང་ལ་ཇུས་གཏོགས་བྱེད་འདོད་ན་སྔོན་ལ་ཁྱེད་ཚང་གི་སྲིད་བློན་ཇུ་ལི་སྒེ་ལར་ཌི་ཡི་སྣ་དེ་མར་འཐེན་ནས་ནས་ཁ་ནང་ལ་ཡོང་ཐབས་ཤིག་བྱེད་རོགས། མན་ལེ་གི་བོད་པ་ཆ་བོས་དབྱིན་ཇི་སྤོ་སྟོ་རྨོ་རྟོ་ཚོའི་སྐྱག་ཁུང་འཕྱི་རྒྱུ་རག་ན་དེས་ཆོག་གི།
སྤོབས་པ་འདིས་ཅིག་བཤད་སོང་། སྐྱག་ཁུང་འཕྱི་མཁན་དང་ལྡག་མཁན་ལ་ཁྱད་པར་ཡོད་དེ། འཕྱི་མཁན་གཞན་དོན་དང་ལྡག་མཁན་རང་དོན་རེད་འདུག སྤོབས་པ་སོགས་ལ་ལྡག་རྒྱུ་རག་ནས་སྐྱིད་པ་ལ། དགའ་བ་ལ། ཡིན་ནའི། སྐུ་བདག་མི་འདུག་གྰ
ལས་འཆར་བཟོ་རོགས། རྣམ་དཔྱོད་ལའང་བདག་པོ་ཡོད་པ་མ་རེད།
ཞིབ་འཇུག་ཡག་པོ་གནང་འདུག་ཐུགས་རྗེ་ཆེ།
ཀེ་ཏ་ཀ། སྤོབས་པ་མཐའ་ཡས། ནོར་འཛིན། ཁང་ནག་པ་སོགས་ཕེབས་པར་དགའ་ཡོད་ལ། བགྲོ་གླེང་ལྷུག་སྩོལ་ཡོང་བར་དེ་ལས་ཀྱང་རེ་ཡོད། ཡིན་ནའང་། གནས་ལུགས་ལས་ཚིག་རྩོད་ཀྱི་རྗེས་སུ་མི་འབྲངས་རྒྱུའང་ཐུགས་འཇགས་གནང་རོགས།
ལྷ་སྡེ་གནམ་ལོ་ཡག་ལགས།
དེ་སྔོན་ངས་ཁྱེད་གོ་མ་མྱོང་ཡང་། གུས་བཀུར་འོས་པའི་མི་སྣ་ཞིག་རེད་འདུག ཐུགས་རྗེ་ཆེ། ང་རང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་འདི་ན་བསམ་ཚུལ་ཚིག་འགའ་བཤད་འདོད་བྱུང་།
ང་ཚོས་བསམ་བློ་རྒྱང་རིང་པོ་ལ་གཏོང་དུས། ལྷ་སྲས་འུ་དུམ་བཙན་པོ་མདས་བཀྲོངས་པ་དེའི་ལེན་ཁག་ཚང་མ་ཁོ་རང་གིས་ཁུར་དགོས་སམ། ཡང་ན་ལྷ་སྲས་རྒན་པ་མངའ་བདག་ཁྲི་རལ་པས་རྒྱལ་སྲིད་བཟུང་སྐབས་སྲིད་ལ་ཇུས་ཏོག་དེ་ཙམ་མི་གནང་བར་གྲྭ་བཙུན་སྔགས་གསུམ་གྱི་ཐོབ་ཐང་དང་། དབང་ཚད་སོགས་ཆེས་མང་ཚོགས་ཀྱིས་བསམ་ཡུལ་ལས་འདས་པ་ཞིག་གི་ཚོད་དུ་བཟོས་པའི་དབང་གིས་རྒྱལ་སྲིད་ཆགས་འཇིག་བྱུང་བའི་འགོ་དེ་ནས་བརྩམས་པ་ཡིན་ནམ། གླང་དར་མ་ཁོ་རང་གྲོང་ཚར་བའི་རྗེས་སུ་སྲས་རྣམས་ཀྱིས་རྒྱལ་སྲིད་མུ་མཐུད་མི་ཐུབ་པའི་རྒྱུ་མཚན་ཡང་གླང་དར་ཁོ་རང་བོན་བློན་གྱིས་དབང་འོག་ཏུ་ཚུད་པའི་ལེན་ཁག་མིན་ནམ། དེ་བཞིན་དུ་ས་སྐྱ་ཚང་གིས་གོང་མ་ཚང་དང་མཆོད་ཡོན་གྱིས་འབྲེལ་བ་བྱས་པ་འདིས་བོད་ཀྱིས་སྲིད་ལ་ཕན་ལས་གནོད་ཆེ་བ་ཞིག་བྱུང་མི་འདུག་གམ། དེ་བཞིན་དུ་ས་སྐྱ་ཚང་དང་ཕག་གྲུ་བར་གྱི་རྙོགས་དྲ། དེ་བཞིན་རིན་སྤུང་། གཙང་པ། སྡེ་སྲིད་སོགས་ཀྱིས་བར་དུ་བོད་ཀྱི་ཆབ་སྲིད་ཀྱི་བྱུང་རིང་ཆེས་གླེང་མི་འདོད་པ་ཅི་འདྲ་བྱུང་ཚུལ་སོགས་ལ་ཞིབ་ཏུ་བསམ་ན་ང་ཚོས་མེས་པོ་དམ་པ་རིམ་པ་གཅིག་ལ་འཁང་ར་བྱེད་འོས་པ་ལྟ་བུ་ཞིག་འདུག
དེ་དག་རེ་ཞིག་བཏང་སྙོམ་དུ་བཞག་ནས།
༧གོང་ས་ལྔ་པ་ཆེན་པོ་ཁོང་དགེ་ལྡན་པའི་སྤྲུལ་པའི་སྐུ་ཞིག་ཡིན་པ་དང་། སྐབས་དེར་སོགས་པོའི་དམག་ཁྲིད་ནས་བོད་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཐམས་ཅད་སྡེ་སྲིད་ཀྱིས་༧གོང་ས་ལྔ་པ་ཆེན་པོ་དགེ་ལྡན་པའི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པ་དང་སྐབས་དེར་ཁོང་མཚན་སྙན་ཆེན་པོ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་ཕུལ་བ་ཞིག་ཡིན། དེས་སྐབས་དེར་༧གོང་ས་ལྔ་པ་ཆེན་པོའི་བླ་བྲང་དེ་ཉིད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་ཅིང་བླ་བྲང་དེ་ལ་མམཚན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཏགས་པ་ཡིན། དེ་ནས་བཟུང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་རྒྱལ་པོ་གནང་མཛད་ནས་༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མ་ཕེབས་པར་རིམ་པས་བརྒྱུད་ནས་བྱུང་འདུག་པ་ཞིག་རེད། ༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགོངས་པ་ཀྱེལ་ཡོངས་ཆེན་པོའི་ཐོག་མང་གཙོའི་གསོལ་རས་བོད་འབངས་ཡོངས་ལ་འཛམ་གླིང་སྤྱི་འགྲོས་དང་བསྟུན་ནས་བཙལ་བ་ནས་བཟུང་། སྔ་མའི་ལུགས་སྲོལ་རྒྱལ་པོ་རིང་ལུགས་སམ་སྒེར་གཅོད་རིང་ལུགས་ཡོངས་སུ་འཇུག་བསྡུ་བའི་ལྟ་གོན་དང་གོ་བསྒྲིགས་ཆ་ཚང་༧གོང་ས་མཆོག་གིས་ཐུགས་ཐོག་ཏུ་གནང་ཟིན་པ་ཞིག་རེད། དེ་ནས་རིམ་བཞིན་དཔེར་ན་མི་ཞིག་ལ་བརྐྱལ་བསླབ་དུས་དང་པོ་མི་ཞིག་ལ་ལག་པ་གཉིས་ཀས་འཇུས་ནས་རྐང་པ་གཉིས་གཡུག དེ་ནས་ཅུང་ཟད་ལོབ་པའི་ཚེ་ལག་པ་ཡ་གཅིག་འཇུས་ནས་རྐང་ལག་གསུམ་གཡུག དེ་ནས་ལེགས་པར་ལོབ་པའི་ཚེ་མི་ལ་འཇུ་མི་དགོས་པར་རྐང་ལག་བཞི་ཆར་གཡུག་ནས་ཆུའི་ཕ་རོལ་ཏུ་བརྐྱལ་ཐུབ་པ་བཞིན། ༧གོང་ས་མཆོག་གིས་སྐུ་དབང་དང་ཐུགས་འགན་ཆ་ཚང་རིམ་བཞིན་བོད་རྒྱ་ཆེ་མི་མང་དང་། གྲོས་ཚོགས། འཛིན་སྐྱོང་། ཁྲིམས་ཁང་། གཙོས་པའི་མང་གཙོའི་གཞུང་གི་ལས་ཁུང་སུ་རིམ་བཞིན་གནས་སྤོས་བྱས་དང་བྱེད་བཞིན་ཡོད་པས། མཐར་མགོན་པོ་གང་ཉིད་བསྒྲེས་ཡོལ་ཆ་ཚང་ཞུས་པའི་ཉིན་མོ་ཞིག་འཆར་ཚེ། ཉིན་དེ་ནས་བཟུང་མགོན་པོ་གང་གི་སྐུ་སྒེར་བླ་བྲང་ལ་བཏགས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་ཉིད་འཇུག་ཡོངས་སུ་བསྡུ་ནས། དེའི་ཚབ་ཏུ་༧གོང་ས་མཆོག་གིས་སྔ་མའི་རྒྱལ་པོ་རིང་ལུགས་དང་མཐུན་པའི་མིང་དེ་ཉིད་དམངས་གཙོ་ཚད་ལྡན་དུ་དོན་གནས་གྱུར་པ་ཟིན་པ་བཞིན་མིང་ཡང་ངེས་པར་དུ་བསྒྱུར་དགོས་པ་ཤིན་ཏུ་གལ་ཆེན་ཡིན། རྒྱུ་མཚན་ནི་༧མགོན་པོ་གང་གིས་ཐུགས་གཟིགས་པ་རྒྱ་ཆེན་པོའི་ཐོག་ནས་ཆོས་ལུགས་དང་ཆོལ་ཁ་རིས་སུ་མ་ཆད་པའི་བོད་ས་ཡ་དྲུག་བློ་སེམས་གཅིག་གྱུར་ཐོག་མཆོག་དམན་དང་རིས་རུས་སོགས་དབྱེ་བ་མེད་པའི་མང་གཙོ་ཚད་ལྡན་ཞིག་ལ་དོན་གནས་བསྒྱུར་ཟིན་ཡང་། དགའ་ལྡན་ཕོ་བྲང་ཞེས་པའི་མིང་འདི་ད་དུང་བོད་མི་ས་ཡ་མང་པོའི་རྣ་ལམ་དུ་གྲགས་མི་བདེ་ཞིང་གཟན་བཞིན་ཡོད་པའང་གཙོ་བོར་དགའ་ལྡན་དགོན་པའི་བླ་བྲང་ཞིག་གིས་མིང་ཡིན་པ་སོགས་རྒྱུ་མཚན་དུ་མ་ཡོད།
དེ་དང་ཆབས་ཅིག་ཕྱོགས་གཞན་ཞིག་ནི་ང་ཚོའི་ད་ལྟ་སྐྱོར་བཞིན་པའི་རྒྱལ་གླུ་འདི་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ངམ་རྒྱལ་པོ་རིང་ལུགས་གཞིར་བཞག་ནས་བརྩམས་པ་ཞིག་ལས་མང་གཙོའི་རྒྱལ་ཁབ་དང་མཐུན་པའི་རྒྱལ་གླུ་ཞིག་མིན་པ་དང་།
དེ་བཞིན་དུ་རྩོམ་པ་པོ་ཡང་བོད་མི་མང་ཚོགས་ཚང་མས་བཀུར་འོས་ཤིས་ཁས་ལེན་ཐུབ་པའི་སྐྱེས་བུ་ཞིག་མིན་པར་དེས་ན།
༧གོང་མཆོག་རང་གིས་ལྗགས་རྩོམ་གནང་ཞིང་མང་གཙོའི་རྒྱལ་ཁབ་དང་མཐུན་པའི་རྒྱལ་གླུ་ཞིག་ཏུ་ངེས་པར་བསྒྱུར་དགོས་པ་ལས། རྗེས་སུ་༧གོང་མཆོག་མ་བཞུགས་པའི་ཚེ་བོད་ཆོལ་གསུམ་ཡོངས་ཁྱབ་ལ་གྲགས་པའི་རྒྱལ་གླུ་གསར་པ་རྩོམ་ཐུབ་མཁན་མེད་ཅིང་སྔར་ཡོད་པ་དེ་ཉིད་ནི་ཆོས་ལུགས་ཀྱིས་རྐྱེན་པ་དང་རྒྱུ་མཚན་དུ་མ་ཞིག་གིས་འོག་ནས་ཁས་མི་ལེན་པའི་ཉན་ཁ་ཞིག་ཀྱང་ཡོད།
དེ་འདྲའི་གནས་དོན་གཉིས་པོ་འདི་གཅིག་བྱས་ན་གནས་དོན་ཆུང་ཆུང་ཞིག་ཡིན་སྲིད་ཀྱང་། གཅིག་བྱས་ན་མིང་དོན་མཚུངས་པའི་ཆིག་དྲིལ་དང་མང་གཙོ་ཚད་ལྡན་ཞིག་ཡོང་བའི་ལྡེ་མིག་ལྟ་བུའང་ཆགས་ཡོད་པས་དགོངས་པ་བཞེས་གཞི་ཞིག་ཏུ་འཁུམས།
ད་དུ་རྒྱལ་དར་གྱི་མཐའ་འཁོར་སེར་སྐྱ་འདིའི་འགྲེལ་བཤད་ཀྱང་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད་པས་མེད་པར་བྱས་ན་གང་འདྲ་འདུག
དེ་རིང་ཞིང་པའི་བུ་ཞིག་སླེབས་འདུག ཞིང་པ་དབུལ་པོ་ཡིན་ནམ། ཞིང་འབྲིང་འོག་མ་ཡིན་ནམ། ཤིང་བདག་གྲལ་རིམ་ཡིན་ནམ། ཁ་བདེ་མདོག་ཁ་པོ་འདུག་ད
དྲ་བདག་ལགས། ཧི་མ་ལ་ཡི་སྐར་ཆེན་ཞེས་པའི་ནང་ངའི་མཆན་ཡོང་བཅུག་གི་མི་འདུག དེ་ག་རེ་ཡིན་ནམ། སྤོབས་པས་བཀག་པ་མ་རེད་དམ།
ཞིང་པའི་བུས་ཁ་ནས་ཐོས་གསུམ་བཅོ་བརྒྱད་ཤོད་ཀྱི་འདུག དོན་མེད་རྙོག་དྲ་སློང་འདོད་འདུག
ཨ་རོ་སྤོབ་པ། ད་ག་རེ་རེད། ས་བཅུའི་བྱང་སེམས་ལྟ་བུ་ཟམ་གདོང་བླ་མ་ལ་ཁ་གཏོང་དམའ་འབེབས་ཅི་ཐུབ་བྱེད། གླུ་སོགས་གར་སོགས་བཅུ་དང༌། ཁ་གསག་གཞོགས་སློང་གིས་འཚོ་བའི་མི་ལ་བསྟོད་བསྔགས་བྱེད། བསམ་བློ་གཏོང་སྟངས་སྐྱོ་པོ་དེ་འདྲ་ག་རེ་རེད།
དཀོན་མཆོག་ལགས། སྤོབས་པ་ལ་དོགས་པ་མ་བྱེད། ཁྱེད་རང་དང་སྐར་ཆེན་དེ་ལས་འགྲོ་མི་འདུག
Oky ད་ཡིན་ན་ལས་མེད་པ་ཡིན་པ་ཆ་ཞོགས། གཞན་ཚང་མའི་ནང་ཡོང་གི་འདུག
ཐོག་མར་ཞིང་པའི་བུ། དཀོན་མཆོག BBC སོགས་ཕེབས་པར་དགའ་ཡོད།
ཞིང་བའི་བུའི་བསམ་ཚུལ་ཡག་པོ་གསུངས་འདུག ཡིན་ནའང་། ཕྲན་གྱི་ལྟ་ཚུལ་གཤམ་གསལ་ལྟར་ཡིན།
༡ གཉའ་ཁྲི་བཙན་པོ་ནས་ཡུམ་བརྟན་དང་འོད་སྲུང་གི་བར་རིམ་བརྒྱུད་གནང་བའི་བཙན་པོའི་རྒྱལ་སྲིད་འཐོར་ཞིག་དེ་བཞིན་ཆོས་སྲིད་དོ་མཉམ་ཡོང་མ་ཐུབ་པའི་རྐྱེན་ལས་བྱུང་བ་གསལ་བོ་རེད་ལ། རྐྱེན་ལྷ་ལུང་དཔལ་རྡོར་ལ་ཐུག་ཡོད་པའང་མངོན་གསལ་རེད། འོན་ཀྱང་། ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་པའི་གནས་སྟངས་དེས་ལོ་ངོ་ཆིག་སྟོང་དྲུག་བརྒྱ་ལྷག་བརྒྱུད་པའི་སྲིད་དབང་ཞིག་འཐོར་ཞིག་ལ་བཏང་བའང་ཡིནཔས། འདི་ལས་བསླབ་བྱ་ལེན་འོས་པ་ལས་ཕྱི་མས་མ་འཇོན་པ་སྔ་མར་གཙང་འགེལ་བྱེད་མི་འོས་པར་འདོད།
༢ ས་སྐྱ་སྲིད་གཞུང་ནས་སྟོབས་ཤུགས་གཞན་བརྟེན་གྱི་ལམ་ཁར་ཞུགས་ཟིན་ནའང་། ཇི་སྐད་དུ། ས་སྐྱ་པཎ་ཆེན་ནས། ༼ཐབས་ལ་མཁས་ན་ཆེན་པོའང་། བྲན་དུ་བཀོལ་བར་ག་ལ་དཀའ། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། གེ་སེར་ཅན་གྱི་བཞོན་པར་འགྱུར༽ཞེས་པའི་འཐབ་ཇུས་ཀྱི་འོག་ནས་བོད་རྒྱུན་བསྐྱངས་ཐུབ་ཡོད་ལ། ཕྱི་ཡིག་ཁྲོད་ཐུ་བྷོད་སོར་འཇོག་བྱེད་ཐུབ་ཡོད། ཕག་གྲུ རིན་སྤུངས་པ། གཙང་བ་རྒྱལ་བོའི་དུས་སྐབས་ཀྱང་གཅིག་མཚུངས་ཡིན།
༣ བོད་ཀྱིས་སྔར་ཤོར་ཟིན་པའི་དམངས་གཙོར་འགྱུར་བའི་གོ་སྐབས་གཉིས་ནི། གཅིག སིལ་བུའི་དུས་སུ་གྲུབ་མཐའ་སྣ་མང་བྱུང་ནས་རིག་གཞུང་དར་སྤེལ་ལ་བསྐུལ་འདེད་གཏོང་ཐུབ་ཡོད་པ་དང་། གྲུབ་མཐའ་ནང་ཁུལ་ལ་དམག་འཐབ་ཀྱང་བྱེད་མྱོང་ཡོད། གལ་སྲིད་སྐབས་དེར་གཅིག་གྱུར་རང་བཞིན་གྱི་སྐྱ་བོའི་སྲིད་གཞུང་ཞིག་འཛུགས་ཐུབ་པ་བྱུང་ཡོད་ན། དམངས་གཙོའི་ལམ་ནང་ཞུགས་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་གཞུང་ལུགས་ཀྱི་ངོས་ནས་བསྐྲུན་ཐུབ་ཡོད། གཉིས། དགའ་ལྡན་ཕོ་བྲང་ནི་གསལ་བོར་ཞུས་ན། བོད་སོག་མཉམ་འབྲེལ་གྱི་སྲིད་གཞུང་ཞིག་གི་ངོ་བོའི་སྒང་ནས་དབུ་བརྙེས་ཡོད་པས། དེང་སྐབས་ཀྱི་དབྱིན་ཇིའི་རྒྱལ་མོ་དང་ཉི་ཧོང་གོང་མ་ལྟ་བུའི་ལམ་ནང་ཞུགས་པར་ཆ་རྐྱེན་ཡོངས་སུ་ཚང་ཡོད། འོན་ཀྱང་། ཉམས་མྱོང་དང་མཐོང་རྒྱ་མེད་སྟབས། གོ་སྐབས་དེ་ཤོར་ནས་ནང་འཁྲུག་གི་སྒང་ལ་སོང་ཡོད།
མདོར་དྲིལ་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་དམངས་གཙོའི་གསོལ་རས་གནང་བ་དང་བསྟུན་ནས་བོད་ཀྱི་གནད་དོན་གཙང་སེལ་གྲུབ་མཚམས་བཙན་བྱོལ་བོད་གཞུང་རང་ངོས་ནས་སྒོ་རྒྱག་རྒྱུའི་དུས་ཚོད་གསལ་བསྒྲགས་བསྐྱངས་ཡོད་པས། དེ་ནི་དགའ་ལྡན་ཕོ་བྲང་མཇུག་གྲིལ་བའི་དུས་ཚོད་གཏན་འཁེལ་གནང་བ་ཞིག་ཀྱང་ཡིན། དེ་བས། ཁོང་གིས་བོད་ཀྱི་གནད་དོན་གཙང་སེལ་མ་གྲུབ་པའི་ཡར་སྔོན་ཐད་འདེམས་བཀའ་ཁྲི་ལ་དབུ་བློན་གྱིས་འཁུར་འོས་པའི་ལས་འགན་ཆ་ཚང་ཕུལ་རྒྱུར་བགྲེས་ཡོལ་ཞུ་རྒྱུའི་ཡིན་ཞེས་པ་ལས་དགའ་ལྡན་ཕོ་བྲང་སྒོ་རྒྱག་རྒྱུའི་སྐོར་གསུངས་མེད། ཡང་ཅིག་བཤད་ན། འདི་ལས་ཡེ་ཤེས་དབྱིངས་དཔྱད་གཞན་མེད་ལ་བཙན་བྱོལ་བོད་མིས་སྔ་རྗེས་སུ་ཐོབ་ཐང་འདི་ཁོང་ལ་ཕུལ་ཟིན་པ་ཞིག་ཀྱང་ཡིན།
རྒད་པོ་གནམ་ལོ་གཡག་འདི་མཁས་པ་ལ།།
ལམ་ཁ་དྲང་པོར་དེད་ན་འོས་པ་ལ།།
མཚམས་རེར་མཐོ་ཟིག་དམའ་ཟིག་བཤད་ནའང།།
སྔོན་བཤད་བསྐྱར་བརྗོད་བྱས་ན་ལན་པོ་འདུག།
དགའ་བ་བརྒྱད་ལྡན་ཚང་གི་ལོ་རྒྱུས་ལ།།
མང་གཙོའི་རྒྱབ་སྣོན་མེད་ཚུལ་ཡུབ་ནས་བཤད།།
དེ་ཡི་ཕབས་རྒྱུན་བཙན་བྱོལ་བོད་གཞུང་ལ།།
ཅིག་ནས་མ་འདོད་ཁུལ་ཞིག་སྟོན་གོ་གི།
དེས་ན་ཁྲིམས་ནས་བསྐུར་བའི་གཏམ་བརྗོད་དག།
གསལ་བོར་སྨྲས་དང་གོ་བརྡ་ཁ་ཐུག་རེད།།
ཡར་བསྐོར་མར་བསྐོར་དྲུག་གསུམ་བཅོ་བརྒྱད་ཀྱིས།།
རྒད་པོའི་གཤིས་ཀ་ཅུང་ཙམ་རིག་གོ་གི།
ཧཧཧཧཧཧ། ཚིག་ལ་གུས་བ་མེད་ན་ཐབས་ཟད་རེད། སེམས་ལ་འགལ་བ་ཡོད་ན་མཐོལ་ལོ་གཤེགས།།
ཨོ་ན། རྒད་པོ་གནམ་ལོ་ཡག།
དགའ་ལྡན་ཕོ་བྲང་ཡིན་ན་འདྲ། དེའི་ཕབས་རྒྱུན་ཡིན་ན་འདྲ། དེ་བཙན་བྱོལ་དུ་གནས་རིང་བོད་མི་རིགས་ཀྱི་དོན་དམ་གྱིས་འཚོ་གནས་ཐུབ་མིན་ལ་ཕན་བཏགས་ཡོད་པ་རེད་དམ། གནོད་སྐྱེལ་ཡོད་པ་རེད། དེ་ནས་ད་དུང་སྐུ་མདུན་གྱིས་དགའ་ལྡན་ཕོ་བྲང་སྒོ་བརྒྱབས་པ་ཡིན། ཏཱ་ལའི་བླ་མའི་སྒྲིག་འཛུགས་མཇུག་བསྡུས་པ་ཡིན་གསུངས་དང་ན། བོད་མི་རིགས་ལ་ཁེ་ཕན་ག་རེ་ཡོད་པ་རེད་དམ། ཁྱེད་དང་ཁྱེད་འདྲ་བ་ཚོར་གྲ་སྒྲིག་ག་རེ་ཡོད།
ཁྱེད་ཚོ་ཁ་ཤས་ཤིག་གིས། ཕར་ནང་ཞེ་དྲག་ཅིག་མཐོང་མདོག་གིས་དེའི་སྐོར་ལ་ཚོར་བ་རྣོ་མདོག་མདོག་བྱེད་ཀི་འདུག་མོད། འོ་ན་དགའ་ལྡན་ཕོ་བྲང་དང་སྐུ་མདུན་གྱི་མཚན་ཙམ་མེད་སོང་ན་ཁྱེད་ཚོར་སྦྱོར་དངོས་རྗེས་གསུམ་ཚང་པའི་བོད་མི་རིགས་སྐྱོབ་ཐབས་གང་དང་ཅི་ཡོད། དེ་དག་ད་ནས་ཁྱེར་ཡོང་རྒྱུའི་སྒོ་མོ་ཕྱེས་ཕྱེས་པ་རེད།
རབ་ཡིན་ན། ཆབ་སྲིད་པ་བྱེད་སྟངས་དེ་མ་རེད། གལ་སྲིད་ཁྱེད་ཚོ་མའོ་ཙེ་ཏུང་ལྟ་བུ་དབང་ཤུགས་ཅན་ཞིག་ཡིན་ན། གཞི་རིམ་དམངས་ཚོགས་ཀྱི་བསམ་བློའི་ན་བབ་མས་བུ་ལ་འོ་མ་སྦྱིན་པ་ལྟར་སྐྱོང་མི་དགོས་པར། གཏུམ་དྲག་དང་ཧོལ་རྒྱུག་བྱས་ཀྱང་ཆོག་མོད། བོད་མི་རིགས་ཟེར་བ་ཚང་ལ་གང་ཡོད་པ་དེ་ངོས་ཟིན་པ་གནང་རོགས་ཀྱིས།
ཁྱེད་ཀྱིས་དམངས་གཙོ་བཤད་ཀྱི་ཡོད་ན། རྒྱལ་བ་རིན་པོ་ཆེ་དོན་དམ་གྱི་དམངས་གཙོ་དོན་གཉེར་བ་དང་ལག་ལེན་པ་ཞིག་ཡིན་ཚུལ་མ་བྲིས་པ་དེ། བཙན་བྱོལ་མང་གཙོའི་འཕེལ་རིམ་གྱི་བྱུང་རིམ་གྱི་ངོས་ནས་བཤད་ཀྱང་བདེན་པ་རེད་དམ།
ལོ་ངོ་ལྔ་གཅིག་གི་རིང་ལ། དམངས་གཙོའི་གེགས་རྐྱེན་གང་ཡིན་དང། རྒད་པོ་ཁྱེད་རང་གི་སྒེར་གྱི་བསམ་ཚུལ་བོད་ཀྱི་བརྡ་སྤྲོད་ལ་ཕབས་མ་ཐུབ་པ་ཅི་ཡིན་ནམ། ཁྱེད་ཀྱིས་དངོས་གནས་དམངས་གཙོ་བཤད་ཀྱི་ཡོད་དམ།
གནམ་ལོ་ཡག་གིས་གནས་དུས་ཚོད་རྩིས་རྒྱག་གི་འདུག དེ་ཡག་པོ་མ་རེད། དགའ་ལྡན་ཕོ་བྲང་བོད་སོག་མཉམ་འབྲེལ་གྱིས་བཙུགས་པ་རེད་ཅེས་པ་དེར་རྒྱུ་མཚན་རྩ་བ་མེད། སོགས་པོས་རང་གིས་བླ་མར་ཞབས་འདེགས་ཞུས་པ་ཙམ་ལས་གཞན་གང་ཡང་མིན། འོ་ན་ཨི་རག་གི་གཞུང་གསར་པ་དང་། ཨབ་གྷ་ནི་སི་ཐན་སྲིད་གཞུང་། ཁུའི་ཊི་སོགས་ཨ་རི་དང་མཉམ་འབྲེལ་ཐོག་བཙུགས་པ་རེད་དམ། རོགས་སྐྱོར་བྱས་པ་ཙམ་གྱིས་མཉམ་འབྲེལ་ཟེ་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་མེད། འདི་ཉེན་ཁ་ཆེན་པོ་རེད། བོད་བཙན་བྱོལ་སྲིད་རྒྱ་གར་དང་ཕྱི་རྒྱལ་བ་བོད་པ་སོགས་མཉམ་འབྲེལ་ཐོག་ནས་བཙུགས་སམ། ཡང་ཁྱེད་ཀྱིས་གལ་སྲིད་སྐབས་དེར་གཅིག་གྱུར་རང་བཞིན་གྱི་སྐྱ་བོའི་སྲིད་གཞུང་ཞིག་འཛུགས་ཐུབ་པ་བྱུང་ཡོད་ན། དམངས་གཙོའི་ལམ་ནང་ཞུགས་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་གཞུང་ལུགས་ཀྱི་ངོས་ནས་བསྐྲུན་ཐུབ་ཡོད།་ཞེས་པ་འདི་ནི་བྱིས་པ་ཅོལ་ཆུང་གི་གཏམ་རང་རེད།
མང་གཙོ་ཁ་ལ་འཁྱེར་ནས།
དམངས་གཙོ་ལག་གིས་བཀག་སོང་།
བཀས་བཀོད་གནང་མཁན་མང་བས།
དམངས་ཀྱི་བདེ་བ་ཤོར་སོང་།
ཡ་གིའི་བདེ་བ་གཞུང་ལ།
པད་ལད་འཁྲབ་མཁན་མང་བས།
དམངས་ཀྱི་རང་དབང་དེ་ཡང་།
མང་གཙོའི་ཚིག་གིས་འཕྲོག་སོང་།
ཨ་བྷ་ལྷ་སྡེ་གནམ་ལོ་ཡག་ལགས།
ཁྱེད་ཀྱིས་གསུང་པ་ནི་ངོ་མ་བདེན། ཁྱེད་ཀྱི་གསུང་པ་ལ་མངོན་པར་བསྟོད་ཏོ།།
ད་དུང་མུ་འཐུད་ནས་གསུང་རོགས་གནང་།
ཡང་བསྐྱར་ལྷན་རྒྱས་ཕེབས་པར་ཐུགས་རྗེ་ཆེ།
བོད་ཀྱི་ཕོ་གསར་གྱི་དྲི་བའི་དྲིས་ལན་ཕྲན་གྱི་བརྗོད་གཞིའི་ནང་གསལ་བོར་བྲིས་ཡོད་པས། བསྐྱར་ཟློས་མི་བྱེད།
BBCཡིས་བསམ་ཚུལ་ག་རེ་ཡིན་པ་ཤེས་ཀྱི་འདུག ཡིན་ནའང་། བྱུང་ཟིན་པ་ཞིག་མིའི་དགོས་འདུན་ལྟར་ཡོང་རྒྱུ་ཐབས་མེད་ཅིང་། དེ་ལྟར་ཨུ་ཚུགས་རྒྱག་པ་ནི་མི་འོས་པ་ཞིག་ཀྱང་རེད། དེ་ལས་ཕྲན་ནས་གོང་དུ་བཀོད་ཟིན་པའི་ལས་འཆར་ཁག་ལ་བསམ་ཚུལ་ཤོད་དང་ཕན་ཐོགས་ཡོད་པ་དེ་རེད་ལ། མང་ཚོགས་ལ་ཕན་པ་འང་དེ་ཡིན་འདོད།
ཁ་སྣོན་གཅིག
ཕྲན་ནས་བོད་སོག་མཉམ་འབྲེལ་ཞེས་པའང་བླ་མ་དང་སློབ་མའི་འབྲེལ་བ་ལས་བྱུང་བའི་རོགས་བསྐྱོར་ཡོད་པ་བསྙོན་འབྱིན་བྱས་མེད་པར་མ་ཟད། བོད་ནི་ཧ་ལམ་འཛམ་གླིང་སྟེང༼སྤྱི་མཐུན་རྒྱལ་ཁབ༽ཐོག་མ་འཛུགས་མཁན་རེད་ཅེས་བརྗོད་རྩིས་བྱས་པའི་ཁུལ་ཡིན། དོན་དངོས་ཀྱི་བྱུང་བའང་དེ་ག་རང་ཆགས་ཡོད་པས་ཡིན།
༡ བསྟན་འཛིན་ཆོས་རྒྱལ་གྱི་འགན་དབང་རྒྱལ་སྲུང་དང་སྡེ་སྲིད་ཀྱི་འགན་དབང་ནང་སྲིད་ཡིན་པ།
༢ སོག་དམག་རོགས་བསྐྱོར་དུ་ཕེབས་པ་ཡིན་ཡང་བོད་ནས་ལོག་མེད་པར་མ་ཟད། མདོ་དབུས་ཁམས་གསུམ་དུ་བོད་དང་མཉམ་དུ་གནས་སྡོད་བྱས་ཡོད་པ། དེ་དང་བསྡུར་ན། ཨེ་རག་དང་ཨབ་གྷ་ནི་སི་ཐན། ཁུའི་ཊི་སོགས་ལ་དམག་རོགས་བརྒྱབ་ནས་སྲིད་དབང་བཙུགས་རྗེས་དམག་མི་ཕྱིར་བསྡུ་བྱས་ཟིན་པས། དེ་དང་བོད་སོག་གནས་སྟངས་བསྡུར་ཐབས་མེད།
༣ དགའ་ལྡན་ཕོ་བྲང་གི་གོ་ཐོབ་ནང་དུ་སོག་སྐད་ཀྱིས་གོ་ས་ངེས་ཅན་ཞིག་ཟིན་ཡོད་པ། དཔེར་ན། ཛ་སག ཐའེ་ཇི།
༤ མདོ་ཁམས་བོད་སོག་དཔོན་རིགས་འདུ་འཛོམས་སམ་ཚོགས་ཆེན་ལོ་རེར་མཚོ་བསྟོད་དང་ལྷན་དུ་མཚོ་སྔོན་པོའི་དེང་གི་ས་ཐོ་དགོན་པར་བསྡུ་བསྐོང་གནང་བཞིན་པ་དང་། དེའི་སྟེང་ནས་ཆོས་ཀྱི་ཆོ་ག་དང་སྲིད་ཀྱི་ཇུས་ཆེན་འདིང་བཞིན་པ། འདུ་འཛོམས་འདི་བཞིན་རྒྱལ་དབང་ལྔ་བ་མཆོག་མན་ཇུར་ཆིབས་བསྒྱུར་བསྐྱངས་ནས་ཕྱིར་ལོག་ཁར་དབུ་འཛུགས་དང་ཕྱི་ལོ ༡༦༦༥ལོར་འབྲས་སྤུངས་མཁན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ཆེད་མངགས་ཀྱིས་མཚོ་སྔོན་པོའི་ཁར་ཐའེ་ཇིའི་ཚོགས་འདུ་བསྐོངས་ཚོགས་ཀྱིས་མདོ་ཁམས་ལ་མཚོ་སྔོན་གཡས་རུ་དང་གཡོན་རུ་གཉིས་སུ་ཕྱེ་ནས་ཁྲལ་བསྡུ་བར་བོད་སོག་ས་གནས་དཔོན་རིགས་ཀྱིས་རྐང་འགན་ལེན་དུ་བཅུག་ཡོད།
༥
རྒད་པོ་གནམ་ལོ་ཡག། ད་ལན་གསལ་འདེབས་རྒྱུ་མ་ཡོང་ཐ། ངས་སྔོན་ནས་ཁྱེད་ལ་རྫུག་པོ་མ་བཤད། ཡུལ་མཐའ་འཁོབ་དེ་མ་སོང་སྔོན། བདེ་སྲུང་ཉམས་ཞིབ་ན་བཞུགས་དུས་ནས་ཁྱེད་ཀྱི་ལྟ་གྲུབ་དང་བསམ་འཆར་རྣམས་ད་དུང་རྣ་ལམ་དུ་འདུག། དེང་སང་ཁྱེད་ལ་ལྷ་ཕེབས་ནང་བཞིན་སྐུ་རྟེན་བརྗེ་བོ་རྒྱག་གི་བསྡད་ན་ཅང་སྐྱོན་ད་མི་སྐྱོན་གི་མོད། མ་མཐའི་སྲིད་དོན་པ་ཟེར་བ་དེ་འགྲོ་སྟངས་ཤིག་ཡོད་པ་རེད། ཤེས་སོང་ངམ། ད་ནས་ཁྱེད་ཚ་འདེད་བྱེད་ཀྱི་མིན་ལོ། ལྷོད་ལྷོད་བཞུགས་རོགས་གནོང། མི་ཤེས་ས་ལག་པ་མ་འཆང།
བོད་ཀྱི་ཕོ་གསར་ལགས།
བསྐྱར་ཕེབས་གནང་བར་ཐུགས་རྗེ་ཆེ། ཚ་འདེད་གནང་བར་རེ་བ་བྱེད་ཀྱི་ཡོད་ལ། དེ་ནི་ཉམས་ཞིབ་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། འོན་ཀྱང་། སྟབས་འགྲིག་ནས་ཁྱེད་ཀྱིས་མིང་རྫུན་མ་ཞིག་ཁུར་ཡོད་པ་མ་གཏོགས་གཤེ་གཤེ་བཏང་བ་ཙམ་ཚ་འདེད་ཕར་ཞོག་བོད་ཕྱི་ནང་གི་ཀློག་མཁན་ཡོངས་ལ་རང་ཉིད་གནས་ལུགས་ལ་རྨོངས་པ་འགྲེམས་སྟོན་ཐེངས་ཤིག་བྱས་པ་ལས་མེད། འདི་གཅིག་ཡིན།
གཞན་དེ་མ་རྩོམ་བསྐྱར་ཀློག་གནང་རོགས། དེ་ནས་གནས་ལུགས་དྲངས་ནས་དྲི་བ་འདོན་པའམ་དགག་པ་རྒྱག་པ་ནི་ཆེས་མ་མཐའི་དྲ་བར་འཇུག་མཁན་ཞིག་གི་སྤུས་ཀ་དང་བོད་ཡིག་ཐ་ཐོར་ཞིག་འབྲི་ཤེས་པའི་ཁྱད་ཆོས་ཀྱང་ཡིན། དེ་ལས་ལྡོག་ན། གཤེ་གཤེ་ག་ཚད་བཏང་ཡང་ཁྱོད་རང་ཉིད་ཀྱི་སྤུས་ཀ་ངོ་སྤྲོད་བྱེད་ཀྱིན་པ་ལས་ཕྲན་ལ་གནོད་པ་སྤུ་ཙམ་ཡང་མེད་པའི་ཁར། བསྐུལ་འདེད་ཡན་གར་བ་ཞིག་ཀྱང་ཡིན།
ངས་ཁྱེད་ལ་གཤེས་གཤེ་བཏང་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ལ། ངས་བཏང་མེད། ཡིན་ནའང་གོང་གི་ངའི་དྲི་བ་དེར་ཁྱེད་ཀྱིས་ཉིང་བསྡུས་ཀྱིས་ལན་འདེབས་མ་ཐུབ་པ་ག་རེ་ཡིན་ནམ། ཁྱེད་ཀྱི་དམངས་གཙོ་གླེང་བཞིན་པ་འདྲ། དམངས་གཙོའི་གེགས་རྐྱེན་གསའ་འདོན་མ་ཐུབ་པ་དང། ༧སྐུ་མདུན་དམངས་གཙོ་དོན་གཉེར་བའོ་ཞེས་སྐད་གསེང་མཐོན་པོས་སྒྲོགས་མ་ཐུབཔ། བོད་མི་རིགས་སྐྱབས་བཅོལ་ཏུ་སླེབས་ནས་དམངས་གཙོར་ཕྱིན་པའི་ལོ་རྒྱུས་ནི་༧སྐུ་མདུན་དང་འབྲེལ་ཐབས་མེད་པའོ་ཞེས་མི་བསྒྲགས་དོན་ཅི་ཡིན་ནམ། ད་དུང་འབྱུང་འགྱུར་གྱི་དམངས་གཙོར་འཕེན་པ་གཏོང་དུས་སྒྲིག་འཛུགས་སམ་མཚན་གནས་ཁ་ཤས་མཇུག་བསྡུ་བྱེད་དགོས་པའི་རྒྱུ་མཚན་ཡང་དག་ཁྱེད་ཀྱིས་གང་ནས་བརླག་པ་ཡིན་ནམ། ངས་མིང་མ་བཏོན་ཀྱང་འབྲེལ་མེད་བཤད་ཀྱི་མེད་ལ། ཁྱེད་ལ་ནག་འགེལ་བྱེད་ཀྱི་མེད་ལགས།།
ཉམས་ཞིབ་པ་ཡིན་ན་གསུངས་དང། ངས་ལྟ་ཆོག། རྒད་པོ་གནམ་ལོ་ཡག་ལགས།
བཙན་བྱོལ་བོད་མིར་མཚོན་ན། ལམ་ལུགས་འདི་བཞིན་འོག་ནས་བརྩོན་ལེན་གནང་བ་ཞིག་མ་ཡིན་པར་གོང་ནས་མར་ལ་གསོལ་རས་ཀྱི་ལམ་ནས་བསྩལ་བ་ཞིག་ཡིན། འདི་ལ་བཤད་སྟངས་མ་འདྲ་བ་ཁ་ཤས་ཡོད་སྲིད་མོད། དོན་ལ་དོན་དག་གཉིས་ཐུག་འདུག
༡ རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཐག་ཆོད་པོ་དང་དཀྱེལ་ཡངས་ཀྱི་བསམ་བློ་ཐུག་ཡོད་པས། མནའ་བཟའ་མཁན་ཁ་ཤས་ཀྱིས་ཐའེ་ཝན་ནང་སྡོད་པའི་བཀའ་ཤག་ལས་ཁུངས་ཟེར་བ་བཙུགས་ནས་ངོ་རྒོལ་བྱུང་བ་ལས་ར་འཕྲོད་ཐུབ་ཡོད།
༢ དུས་བབ་ཀྱི་དགོས་དབང་(རྒྱལ་ཁབ་ཤོར་ཟིན་པར་གོ)དང་སྐྱབས་ཡུལ་རྒྱ་གར་ལུང་བ་དམངས་གཙོའི་སྤྱི་ཚོགས་སུ་གོམ་སྟབས་བསྒྱུར་ཟིན་པའི་ཤུགས་རྐྱེན་ཡང་ཐེབས་ཡོད་ལ། གཙོ་བོ་རྒྱ་གར་གྱི་ཆེད་མཁས་གདན་འདྲེན་གྱིས་རྩ་ཁྲིམས་ཟིན་བྲིས་གཞོག་འདེགས་གནང་ཡོད་པའི་སྒང་ནས་ཀྱང་ཤེས་ཐུབ།
མ་རྩོམ་ལས་དྲངས།
༸གོང་ས༸རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ ༢༠༠༡ ཟླ ༣ ཚེས ༡༥ ཉིན་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དུས་བཅུ་གཅིག་པར་གྲོས་ཚོགས་སུ་ཆིབས་སྒྱུར་གྱིས་བཀའ་སློབ་བསྩལ་ཁོངས། བཀའ་བློན་ཁྲི་བ་དེ་བཞིན་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པའི་བསྒྱུར་བཅོས་བཏང་བ་རེད། འདི་ནི་ཐོལ་བརྒལ་རང་བཞིན་གྱི་དམངས་གཙོའི་གོམ་བགྲོད་ཆེན་པོ་ཞིག་ཡིན་པར་མ་ཟད། ཉུང་མཐར་དམིགས་བསལ་ཁྱད་ཆོད་གསུམ་ལྡན་པ་གཤམ་གསལ།
༡ ༼ ༧རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུའི་བསམ་བློ་བཏང་དགོས་ཀྱི་ཡོད་པ་དང་། ལས་ཀ་བྱེད་དགོས་ཀྱི་འདུག༽ཅེས་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ནས་གསུངས་ཀྱི་ཡོད་པ་སྤྱི་དང་སྒོས་སུ་བོད་པ་མི་རེ་ངོ་རེ་ནས་འགན་རང་ལེན་དང་སྤྱི་འགན་ཁུར་ལེན་གྱི་ལམ་ནང་བསྐུལ་འདེད་གནང་ཡོད་ཅིང་། ནང་ཆོས་ཀྱི་བསྟན་དོན་ལྟར་རང་ཉིད་རང་གི་མགོན་ཡིན་ཞེས་པའི་དགེ་བསྐུལ་རང་བརྟེན་གྱི་ལམ་སྟོན་བླ་ན་མེད་པར་གྱུར་ཡོད།
༢ དེང་དུས་དམངས་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པར་མ་ཟད། མི་སྒེར་བའི་ནུས་པ་སྒྲིག་འཛུགས་ཀྱི་ནུས་པ་ལས་ཆུང་བ་ཡོད་པས། བཙན་བྱོལ་བོད་གཞུང་འདི་བཞིན་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་སྲ་ཐག་ཐག་ཅིག་བསྡོད་ཐུབ་པའི་གཞི་རྟེན་བསྐྲུན་ཟིན་པ་དང་། ༼ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད༽ཅེས་པའི་བོད་རང་ལུགས་ཀྱང་འབུར་དུ་ཐོན་ཐུབ་ཡོད།
༣ ཐད་འདེམས་བཀའ་ཁྲི་ལོ་ལྔ་ཚན་རེ་ནང་དུ་བསྐྱར་དུ་གདམ་གྱི་ཡོད་པས། མང་ཚོགས་ཀྱི་འདོད་པ་མ་ཁེངས་ཚེ་སླར་ཡང་འདོད་བློ་བསྐྲུན་ཐུབ་མཁན་ཞིག་གདམ་ག་བྱེད་ཆོག་གི་ཡོད་པས། མི་ནུས་པ་ཅན་མང་བོ་ཞིག་ལ་ལམ་ཁ་བསྐྲུན་ཡོད་ལ། དེ་དག་གིས་རྒྱལ་བ་རིན་པོ་ཆེ་ནང་བཞིན་གྱི་ནུས་པ་ཐོན་ཁག་པོ་ཡིན་ནའང་། ལྟོས་ས་བལྟོས་འཇོག་གིས་མང་མོས་རྩེ་བཏོག་ཡིན་པས། གནད་དོན་ཆེ་ཕྲ་གང་ཅིའི་ཐད་ཐག་གཅོད་ཀྱི་དབང་ཤུགས་ཡོངས་སུ་འཛོམས་ཡོད།
མ་རྩོམ་ལས་དྲངས།
༼ད་དུང་འབྱུང་འགྱུར་གྱི་དམངས་གཙོར་འཕེན་པ་གཏོང་དུས་སྒྲིག་འཛུགས་སམ་མཚན་གནས་ཁ་ཤས་མཇུག་བསྡུ་བྱེད་དགོས་པའི་རྒྱུ་མཚན་ཡང་དག་ཁྱེད་ཀྱིས་གང་ནས་བརླག་པ་ཡིན་ནམ། ༽དྲི་བ་འདིའི་དོན་ཁྱོན་ནས་མགོ་ཚོས་མ་སོང་། ཡང་འགྲེལ་ཞིག་གནང་རོགས།
ཨ་ཁ། ཡོང་བ་འཕྱི་འདུག
ཡིག་རྨོངས་དྲི་བར་སྤྲོ། དྲི་བ་གོ་ཐབས་མེད།
འདི་ལས་སྐྱོ་གར་ཞིག འཇིག་རྟེན་གང་ན་ཡོད།
རང་དོན་རང་ལུགས་འགར། ཅི་ཡིན་འདི་ཡིན་མེད།
དད་རྫུན་ཁོག་ནག་ཚོ། འདི་ན་འབུ་བཞིན་འཁྲིགས།
ཁྱེད་ནས། མདུན་དུ་ལྷག་པའི་དྲི་བ་གཉིས་བཤད་སྐབས། བཙན་བྱོལ་བོད་གཞུང་དེ་བཞིན་བོད་གཞུང་གི་ངོ་བོ་དང་ཡང་ན་སྒྲིག་འཛུགས་ཤིག་གི་ལྟ་དགོས་སམ་ཞེས་པ་ཅི་ལྟར་གླེང་བ་རེད།
༡ བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིས་ནམ་ཡང་རང་ཉིད་ཀྱི་གཞུང་དེ་སྒྲིག་འཛུགས་ཤིག་གི་ངོ་བོར་ལྟ་བའི་འཆར་སྣང་ཙམ་ཡང་བཟུང་མེད་པ་དེ་ཁྱེད་ཀྱི་མདུན་དུ་ཅིའི་ཕྱིར་གནད་དོན་ཞིག་ཏུ་གྱུར་བ་རེད་དམ།
༢ ༧སྐུ་མདུན་གྱིས་བགྲེས་ཡོལ་ལ་ཕེབས་རྒྱུ་ལས་དགའ་ལྡན་ཕོ་བྲང་མཇུག་བསྡུས་ཚུལ་གསུངས་མེད་ཟེར་དགོས་དོན་གང་ཡིན་ནམ།
༼རྒྱུ་མཚན་ཡང་དག་༽ཅེས་པའི་ཚིག་འདི་བཀོད་པས་ཁྱེད་འབུར་འགོ་མ་བརྩམས་དང། དེ་ནི་ཁྱེད་ཀྱི་གཏམ་བཤད་འདིའི་ཕུགས་དམིགས་ཁྱེད་ཀྱི་ངོར་རྒྱུ་མཚན་ཡང་དག་ཏུ་མཐོང་བ་རྣམས་རྩད་ནས་བཀོག་སྟེ་ཁྱེད་ལ་དྲི་བ་བཏོན་པ་རེད།
དེས་ཁྱེད་ལ་དགའ་སྣང་ངམ། ཡང་ན་ཁྱེད་དང་གཅིག་མཚུངས་ཀྱི་ལྟ་ཚུལ་རེད་མ་བསམ་རོགས།
རྒད་པོ་གནམ་ལོ་ཡག་ལགས།
ཐའེ་ཝན་ནང་གི་བཀའ་བློན་ལས་ཁུངས་ཟེར་བ་དེར་ཁྱེད་ཀྱིས་གོ་ཐོས་ཙམ་གྱིས་ཞུ་ཡི་ཡོད་ན། ངས་ཁྱེད་ལ་ཅང་མི་བཤད།
དེ་མིན་དེའི་བྱུང་རིམ་དང། རྒྱབ་ལྗོངས་སོགས་སྨྲ་ལ་ཞིབ་འཇུག་གི་གདེང་ཡོད་དམ། ང་དེ་ཚོའི་སྐོར་ལ་འདུན་པ་ཡོད། ད་དུང་འཚོལ་བཞིན་ཡོད། དེ་མིན་འཚོ་ཁག་བཅུ་གསུམ་སོགས་མང་པོ་ཡོད་པ་རེད།
ཁྱེད་རྒད་པོ་རྒྱུས་ཡོད་ན་ཅིག་གསུངས་དང། དེ་ཚོ་བྱུང་རབས་རང་བཞིན་དང་བོད་ཕྱི་རབས་པར་འཇོག་དགོས་པའི་གལ་གནད་དག་ཀྱང་རེད། ལོ་རྒྱུས་ཀྱི་ཉམས་མྱོང་ཡང་ལེན་རྒྱུ་ཡོད་པ་མ་རེད།
གལ་སྲིད་ཁྱེད་ཀྱིས་གོ་ཐོས་ཙམ་ཡིན་ན། ངས་ལྕམ་དང་སྲས་མོ་རྣམས་ཀྱིས་བྲིས་པའི་དེབ་དང་གཞན་རྣམས་བསྐུར་ཆོག
ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད།
གཅིག དྲི་ལན་དང་པོ།
༡ པེ་ཅིན་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་དེ་བཞིན༼ཏྰ་ལའི་རུ་ཚོགས༽སུ་འདོད་ཀྱིན་པ་དང་།
༢ ༼བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ ༣༦༠འཁོར་བའི་མཇུག་སྡོམ་མཛད་སྒོ་ཉིན་གཉིས་པ་བོད་གཞུང་ཟློས་གར་ཁང་དུ་ཚུགས་ཡོད་ལ། དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་བོད་མི་དམངས་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་རོགས༽ཞེས་པ་འདི་དང་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས༼༢༠༠༡ ལོ་ནས་བཀའ་བློན་ཁྲི་བ་ཐད་ཀར་མི་མང་གིས་འོས་འདེམས་བྱས་ཏེ་དམངས་གཙོའི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད། ༧གོང་ས་མཆོག་གིས་ཀྱང་། ཉིས་སྟོང་གཅིག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་བསྡུས་པ་རེད་ཅེས་གསུང་གི་ཡོད་རེད། ༽༽བསྡུར་ནས་ལྟ་སྐབས། ཁྱོད་ཚོར་དད་ལྡན་མང་ཚོགས་ལ་བསམ་གཞིགས་གསར་བ་ཞིག་མི་ཡོང་བའི་ངེས་པའང་མེད་སྙམ།
དྲི་ལན་གཉིས་པ།
༼ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད།༽༼བོད་ཀྱི་དུས་བབ ༢༠༡༡/༠༡/༡༢ ༽
གཞན་དག་གི་སྐོར། བཀའ་བློན་ལས་ཁུངས་དང་ཚོ་ཁག་བཅུ་གསུམ། གུང་ཐང་ཚུལ་ཁྲིམས་གྲོངས་རྐྱེན་སོགས་ཀྱི་རྒྱབ་ལྗོངས་ལ་ཁྱོད་རང་གནས་རྒྱུས་ཡོད་ན། འདིར་འཁོད་དང་ཚང་མས་གོ་བསྡུར་བྱེད་ཆོག
གོང་གི་ལན་ལས་དྲངས།
ཚང་མས་མུ་མཐུད་དུ་བགྲོ་གླེང་གནང་རོགས། མ་གཞི་ཕྲན་ལ་གོང་དུ་ལན་བརྒྱབ་ཟིན་པ་དག་བསྐྱར་ཟློས་བྱེད་འདུན་མེད། ཀེ་ཏ་ཀས་བསྐྱར་འདྲེན་གནང་བར་ཐུགས་རྗེ་ཆེ།
ཁ་སྣོན། བོད་ཀྱི་ཕོ་གསར་གྱི་སེམས་ངོར༼༼རྒྱུ་མཚན་ཡང་དག་༽ཅེས་པའི་ཚིག་འདི་བཀོད་པས་ཁྱེད་འབུར་འགོ་མ་བརྩམས་དང། དེ་ནི་ཁྱེད་ཀྱི་གཏམ་བཤད་འདིའི་ཕུགས་དམིགས་ཁྱེད་ཀྱི་ངོར་རྒྱུ་མཚན་ཡང་དག་ཏུ་མཐོང་བ་རྣམས་རྩད་ནས་བཀོག་སྟེ་ཁྱེད་ལ་དྲི་བ་བཏོན་པ་རེད།༽ ཡིན་སྲིད་ཀྱི་རེད་དེ། ཕྲན་གྱི་མ་རྩོམ་ནང་ལན་ཆ་ཚང་མ་འདུས་པ་མི་འདུག་པས། དྲི་བ་གསར་བ་མེད་ན་བསྐྱར་ཟློས་བྱེད་དོན་མི་འདུག
ཁ་སྣོན་གཉིས་པ། ལྕམ་དང་སྲས་མོ་ཞེས་པ་སུ་རེད། བསྐུར་ཐུབ་ན་དགའ་བསུ་ཡོད།
སྐུའི་བླ་སྨན་ཚེ་བརྟན་ལགས་ཀྱི་ལྕམ་གྱིས་བྲིས་པའི་དེབ་དེ་མཐོང་སོང་ངམ།
ཁྱེད་ཀྱིས་དམངས་གཙོའི་འཕེལ་རིམ་ཞེས་པའི་ཁ་བྱང་འོག་གི་གཏམ་བཤད་འདིར་དྲང་ཚུགས་ཅི་ཙམ་བཟུང་ཡོད་མེད་མཐོང་གསལ་རེད།
༼རང་བྱུང་ཁྲིམས་མཐུན་༽ཞེས་པ་འདི་ཁྱེད་ཀྱི་གསར་བཟོའི་ཐ་སྙད་ཅིག་ཡིན་ཡང། འདི་གང་སར་ཁྲིད་ཆོག་ཆོག་གི་རྣམ་པས་རྒད་པོས་འཛེམ་སོན་དང་སེམས་ཆུང་བྱས་ཡོད་པ་མཐོང་གསལ་རེད།
༧སྐུ་མདུན་བོད་རང་དུ་བཞུགས་དུས་ནས་ལེགས་བཅོས་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་ཐུགས་མོས་ཡོད་པས་མཚོན་སྐུ་སྒེར་གྱི་ཐུགས་གཤིས་མང་གཙོའི་ལམ་བཟང་ལ་ཤོར་པའི་བྱུང་རབས་དང་སྙིང་སྟོབས། ལམ་སྟོན་རྣམས་དམངས་གཙོའི་འཕེལ་རིམ་གྱི་རྒྱུ་རུ་མ་གླེང་བ་ཙམ་དུ་མ་ཟད། ཁྱེད་ནས་༧སྐུ་མདུན་དོན་དམ་གྱི་དམངས་གཙོའི་རང་ལུགས་པ་ཞིག་ཡིན་མིན་ཀྱང་གསལ་ཁ་བྱེད་ཐུབ་མེད་པ་འདིས། ཚོགས་དྲུང་ལས་ཁུངས་ཀྱི་བྱུང་རིམ་བསྐྱར་བཟློས་གནང་ནས་ཡིན་མདོག་ཁ་བོར་བཞུགས་འདོད་ཡོད་པ་སུས་ཀྱང་མཐོང་གསལ་རེད།
དེ་བས་ངས་གོང་དུ་ཁྱེད་ཀྱིས་དོན་དམ་གྱི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་བཤད་ཀི་ཡོད་དམ་ཞེས་བཤད་དགོས་བྱུང་བའང་དེས་རེད། ཧཧཧ
བོད་ཀྱི་ཕོ་གསར་ཡང་བསྐྱར་ཕེབས་པར་དགའ་ཡོད།
༡ བླ་སྨན་ཚེ་བརྟན་གྱི་ལྕམ་ངོ་ཤེས་ཀྱི་མེད། ཡིན་ནའང་། ཁྱོད་ཀྱིས་དེབ་དེ་བསྐུར་ཞེས་པ་མ་ཡིན་ནམ།
༢ དམངས་གཙོའི་འཕེལ་རིམ་ཡིན་ནའང་འདྲ། ལོ་རྒྱུས་བྱུང་བ་ཡིན་ན་ཡང་ཆོག འདུན་པ་ལག་ལེན་དུ་འཁེལ་བ་ཞིག་གཞིར་འཛིན་དགོས་ཀྱི་རེད་མ་གཏོགས་འདུན་པ་ཡོད་ཀྱང་ལག་ལེན་ནང་འཁེལ་མེད་པ་ཞིག་གཞི་འཛིན་ཐབས་ཡོད་པ་མ་རེད། དཔེར་ན། བོད་ཀྱི་གནད་དོན་ལྟ་བུ་རེད། སུ་ལའང་ཐག་གཅོད་ཡོང་དགོས་བསམ་པའི་འདུན་པ་ཡོད་ཀྱང་ལག་ལེན་ནང་ཡོང་ཐུབ་མེད་པས། གནད་དོན་འདི་ཐག་ཆད་སོང་ཞེས་སུས་ཀྱང་སྨྲ་ཐུབ་ཀྱི་མ་རེད།
ཨ་རོ། བོད་ཀྱི་ཕོ་གསར། ད་ཤོད་ཡ། བཀའ་བློན་ལས་ཁུངས་དང་ཚོ་ཁག་བཅུ་གསུམ། གུང་ཐང་ཚུལ་ཁྲིམས་གྲོངས་རྐྱེན་སོགས་ཀྱི་རྒྱབ་ལྗོངས་བཤད་ཤེས་པ་མིན་ནམ། ལབ་རྒྱག་སྔ་སོང་ན་རང་སྡུག་ཉོས་པ་ཅིས་མ་ཡིན།
ལྷ་སྡེ་གནམ་ལོ་ཡག་ལགས།
ཁྱེད་ཀྱིས་གསུངས་པ་ལྟར་ན། ༧གོང་ས་མཆོག་བསྒྲེས་ཡོལ་ཞུ་རྒྱུ་གསུངས་པ་ལས་བོད་གཞུང་དགའ་ལྡན་ཕོ་བྲང་འཇུག་བསྡུ་རྒྱུའི་སྐད་ཆ་མེད་ཚུལ་འདྲ་པོ་ཞིག་གོང་དུ་གསུངས་འདུག
ད་ལན་ཁོང་གིས་རྒྱ་རིགས་རྩོམ་པོ་རྣམ་པ་དང་དྲྭ་བརྙན་ལམ་ནས་བཀའ་མོལ་གནང་སྐབས་གསུངས་པ་འདི་གང་འདྲ་ཡིན་ནམ།
༧སྐྱབས་མགོན་མཆོག་གིས་བཀའ་ལན་དུ།
ངོས་ནས་སྤྲུལ་སྐུའི་སྐོར་དོ་སྣང་བྱེད་པ་དེ་ནི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་བརྩི་ཡི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད།
ད་རྒད་པོ་ཁྱེད་ལན་ཡོད་མེད་མཁྱེན་ལྡན་རྣམས་ཀྱི་ཐག་གཅོད་དུ་འཇོག དེ་བས་ཕར་ཡོལ་ཚུར་ཡོལ་གྱི་རྣམ་པ་དེའི་མཉམ་དུ་ངོས་ལ་དུས་ཚོད་བཏང་ཁོམས་མི་འདུག་ལགས།
བོད་དྲིའི་དྲི་བའི་ལན།
༼ཁྱེད་ཀྱིས་གསུངས་པ་ལྟར་ན། ༧གོང་ས་མཆོག་བསྒྲེས་ཡོལ་ཞུ་རྒྱུ་གསུངས་པ་ལས་བོད་གཞུང་དགའ་ལྡན་ཕོ་བྲང་འཇུག་བསྡུ་རྒྱུའི་སྐད་ཆ་མེད་ཚུལ་འདྲ་པོ་ཞིག་གོང་དུ་གསུངས་འདུག
ད་ལན་ཁོང་གིས་རྒྱ་རིགས་རྩོམ་པོ་རྣམ་པ་དང་དྲྭ་བརྙན་ལམ་ནས་བཀའ་མོལ་གནང་སྐབས་གསུངས་པ་འདི་གང་འདྲ་ཡིན་ནམ།
༧སྐྱབས་མགོན་མཆོག་གིས་བཀའ་ལན་དུ།
ངོས་ནས་སྤྲུལ་སྐུའི་སྐོར་དོ་སྣང་བྱེད་པ་དེ་ནི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་བརྩི་ཡི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད།༽
ཡིན་ནའང་། ང་ཚོས་ཕྱི་མིག་ཅིག་ལྷོད་པ་ཡིན་ན། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་ནང་རྒྱལ་བ་རིན་པོ་ཆེ་ནས་ཡོངས་ཁྱབ་གསུང་འཕྲིན་དུ༼ངོས་དང་བཀའ་ཤག་གང་དུ་ཡོད་སར་ངོས་ཀྱི་མི་མང་གིས་ཁོང་ཚོའི་གཞུང་དེ་གར་ཡོད་པའི་ངོས་འཛིན་གནང་གི་རེད༽ཅེས་ཡོད་པས། སྐབས་འདིར༼ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད༽དང་༼བཀའ་ཤག་གམ་བཙན་བྱོལ་བོད་གཞུང༽གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད་དེ། སྔ་མ༼ངོས་ཀྱིས་བགྲེས་ཡོལ་ཞུ་ཀི་ཡིན༽ཞེས་པར་གོ་འོས་པར་མ་ཟད། ཕྱི་མ་ད་དུང་༼བཀའ་ཁྲི་ཐད་འདེམས༽བྱེད་ཀྱིན་པའི་ཆ་ནས་ཀྱང་གསལ་བོ་ཆགས་ཡོད།
དེ་ལས་ལྡོག་ན། གོང་དུ་ཕྲན་གྱི་མ་རྩོམ་ནང་གསལ་བའི་ཕྱི་ལོ ༡༩༥༩ལོར་པེ་ཅིན་སྲིད་གཞུང་གིས་བོད་གཞུང་རྩ་མེད་མཐར་ཕྱིན་བཟོས་ཟེར་བར་ངོས་ལེན་ཤོར་བ་ཡིན་པས། ད་གཟོད་དངོས་གནས༼ཏཱ་ལའི་རུ་ཚོགས༽ཟེར་བའི་སྒང་ལ་བབས་ཡོད་པར་མ་ཟད། བཙན་བྱོལ་བོད་མིས་ཆ་རྐྱེན་གང་ཡང་མེད་པའི་ལམ་ནས་དེང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སུ་གསལ་བའི༼རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ༽དང་ལེན་བྱེད་དགོས་ཐུག་ཡོད། དེ་བས། རྒྱལ་བ་རིན་པོ་ཆེ་ནས་དུས་རབས་ཕྱེད་ཀ་ཞིག་ལ་བོད་དོན་སེལ་ཐབས་ཐད་དཀའ་ལས་བརྒྱབ་རྗེས། མཐའ་མཇུག་བཙན་བྱོལ་བོད་མི་ཆ་ཚང་གནས་སྟངས་དེ་འདྲ་ཞིག་གི་སྒང་ཁྲིད་མི་སྲིད་པ་ཞིག་རེད་འདོད། དེ་གཅིག་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། པེ་ཅིན་སྲིད་གཞུང་གིས༼བོད་འདི་བཞིན་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན༽ཟེར་བ་དེར་རྒྱལ་བ་རིན་པོ་ཆེ་ནས་ངོས་ལེན་གནང་དགོས་ཞེས་སྐུ་ཚབ་སྔ་རྗེས་ཕེབས་རིང་ནན་བསྐུལ་བྱས་ཡོད་ཀྱང་དེང་གི་ཆར་ངོས་ལེན་གནང་ཡོད་པ་མ་རེད། འདིའི་ཆ་ནས་ཀྱང་༼དགའ་ལྡན་ཕོ་བྲང༽དེ་བཞིན་བོད་ཀྱི་ལོ་རྒྱུས་རྒྱུན་མཐུད་ཀྱི་འབྲེལ་ཐག་གཞན་ཞིག་ཡིན་པས། བོད་ཀྱི་གནད་དོན་གཙང་སེལ་མ་གྲུབ་པའི་ཡར་སྔོན་མཇུག་སྒྲིལ་མི་སྲིད་པ་ཞིག་རེད།
བོད་ཀྱི་ཕོ་གསར་ལགས། ཁྱེད་ཀྱིས་གང་ཐུབ་ཀྱིས་དྲི་བ་བཏོན་པར་ཐུགས་རྗེ། ཡིན་ནའང་། དྲི་བ་ཚང་མའི་དྲིས་ལན་ཕྲན་གྱི་མ་རྩོམ་ནང་མ་འདུ་བ་ཞིག་མེད་པས། དྲིས་ལན་བསྐྱར་ཟློས་བྱོས་མེད། དེ་ཡང་དུས་ཚོད་ཆུད་ཟོས་མི་གཏོང་བའི་ཐབས་གཞན་ཞིག་ཀྱང་ཡིན། རྗེས་ལ་ཐུག་ཡོང་།
ཀེ་ཏ་ཀ་ལགས།
ཡང་དང་བསྐྱར་དུ་ཕེབས་པར་ཐུགས་རྗེ་ཆེ།
ཉིད་ཀྱིས་ཤེས་འདོད་པའི༼བཀའ་བློན་ལས་ཁུངས་དང་ཚོ་ཁག་བཅུ་གསུམ། གུང་ཐང་ཚུལ་ཁྲིམས་གྲོངས་རྐྱེན་སོགས་ཀྱི་རྒྱབ་ལྗོངས༽སོགས་ལས་ཁ་ཤས་ཤིག་དམངས་གཙོའི་འཕེལ་རིམ་ལའང་འབྲེལ་བ་ཡོད་མོད། མང་ཆེ་བ་སྲིད་དོན་འཐབ་རྩོད་ཀྱི་བྱུང་རིམ་ཁྲོད་ཅུང་འོས་འཚམས་སུ་མཐོང་བས། བརྗོད་གཞི་གཞན་ཞིག་གི་ནང་དུ་གླེང་འོས་པར་འདོད།
རྡེ་ར་རྡོ་ནས་གུང་ཐང་ཚུལ་ཁྲིམས་དྲན་པ།
རྡེ་ར་རྡོ་ནས་ངས་མིག་ཆུ་ཞིག་མཐོང་སོང
མིག་ཆུ་དེ་ནི་ལོ་རབས་བདུན་ཅུ་བའི་ནང་གི་མིག་ཆུ་ཞིག་རེད
ད་ལྟའང་འཇགས་མེད་པར་རྒན་རྒོན་ཚོའི་མིག་ནང་དུ་འདུག
མིག་ཆུ་དེས་ང་རང་ལ་མིག་ཆུ་བྱུང་དུ་བཅུག
ཁྲོམ་ཁྲོམ་དུ་བྱུང་དུ་བཅུག རང་དབང་མེད་པར་བྱུང་དུ་བཅུག
མིག་ཆུ་དེའི་ནང་ནས་གུང་ཐང་ཚུལ་ཁྲིམས་འབོད་པའི་སྐྱེས་མཆོག་འདི་བ་དྲན་འོང
ཁྱེད་ལ་བྷོ་ཏི་ལེ་དང་ནེ་ཁྲེ་ལྟ་བུའི་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་འཛུགས་པའི་ཐུགས་རེ་འདུག
ཉི་མ་ནུབ་ནས་ཡོལ་བཞིན་པའི་བར་སྐབས་དེར
ཁྱེད་ཀྱི་གསེར་རི་ལྟ་བུའི་དགོངས་གཞི་རྣམས་བྱེ་ཟགས་ཆུ་བོར་འདྲེས་བ་བཞིན
ཕྱོགས་མེད་གང་ལ་སྟོན་ལོ་བཞིན་ས་རུ་འཐོར་དུས
ཁྱེད་ལ་གནོངས་འགྱོད་ཀྱི་བརྗེད་བྱང་ཞིག་བཀོད་པའི་སྐྱོ་གར་མཆིས
གངས་ཆེན་པོ་དང་མཚོ་ཆེན་མོ་ལྟ་བུའི་བོད་ཡུལ་གྱི་ཉམས་འགྱུར་རྫོགས་པ་ཁྱོད་འདྲའི
ང་ཚོའི་བསོད་ནམས་ཀྱི་གོ་བསྐལ་དུ་ཇི་འདྲའི་མཁོ་ཞིང་ཆེ་ཡང
སྐར་མདའ་བཞིན་ཡུལ་ཕྱོགས་གང་རེར་གློ་བུར་ངང་བཞུད་སྔ་དུས
ཉི་ཟླ་ཐང་ལ་ལྷུང་འདྲའི་ཆག་སྒོ་འདི་དངོས་གནས་བཟོད་པར་དཀའ
བར་སྐབས་འདིར་ང་ཚོ་གནས་ཡུལ་གང་དུ་འགྲོ
ཁེར་རྐྱང་དུ་གཅེར་བུད་ལུས་པས་མི་ཡུལ་གྱི་བྲོ་བ་རེ་རྔམ་གྱི་ཚོར་ཡོང
ཁྱེད་ཀྱི་ཞབས་རྗེས་ཀྱི་ཉེ་སར་ང་ཚོས་ནམ་ཡང་མི་སྙོམས་པར
འཁྱག་སིབ་སིབ་ཀྱི་ངང་སྐྱབས་བཅོལ་བའི་ལོ་ཟླ་མགོ་ཐོག་ལ་འཁུར་ནས
དྭ་ཕྲུག་བཞིན་རྒྱང་རིང་གི་མྱ་ངམ་ཐང་ཆེན་རེ་ཡུན་ནས་བརྒལ་དགོས་ཨང
གལ་སྲིད་ཁྱེད་རང་མོའུ་ཙེ་ཏུང་ལྟ་བུའི་མི་བློ་ཐབས་ཅན་ཞིག་ཡིན་ཚེ
ཁྱེད་རང་འཆི་ཁར་བློ་འཇོག་སའི་ཧྭ་གོ་ཧྥ་ལྟ་བུའི་བུ་ཞིག་རྙེད་ཡོད་སྲིད
གལ་སྲིད་ཁྱེད་རང་ཀྲུའུ་ཨུ་ལེན་ལྟ་བུའི་མི་གྲུང་བོ་ཞིག་ཡིན་ཚེ
ཁྱེད་ཀྱི་རྗེས་སུ་འཛིན་པའི་ལེ་ཕིན་ལྟ་བུའི་མི་དཔོན་རེ་ལྡན་ཡོད་སྲིད
ཐ་ན་ཁྱེད་རང་འཇུ་ཆེན་ཐུབ་བསྟན་ལྟ་བུའི་མི་སྒམ་ཚུགས་ཅན་ཞིག་ཡིན་ཚེ
ཁྱེད་ཀྱི་ཞབས་རྗེས་ཟིན་པའི་འཇུ་ཆེན་དཀོན་མཆོག་ལྟ་བུའི་བུ་མོ་ཞིག་རེའང་ཐོབ་ཡོད་སྲིད
མེ་མདའི་སོ་ཁ་ནས་གློ་བུར་གཤེགས་པའི་གུང་ཐང་ཚུལ་ཁྲིམས
ཁྱོད་སོང་ཚེ་ཡོད་ཚད་འཇའ་ཚོན་བཞིན་ཡལ་འདུག
ཁྱོད་སོང་ཚེ་ཡོད་ཚད་འབྲུག་སྒྲ་ལྟར་འཇགས་འདུག
ངའི་ལས་དབང་གི་ཁང་ཁྱིམ་དུ་ཁྱེད་ཉིད་དེ་རིང་བདེ་བར་བཞུགས་ཡོད་ཚེ
ཁྱེད་ཀྱི་བྱང་ཆུབ་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ང་རང་བདེ་སྐྱིད་ཀྱི་འཚོ་ཡོད་ངེས
དེ་རིང་ཁྱེད་ནི་ངའི་མིག་ཆུ་དང་འཁང་ར་ལས་གཞན་མི་ཅི་ཡང་མི་དོད་པའི
སྡུག་བསྔལ་ལྟ་བུའི་རལ་གྲི་རྣོན་པོ་ཞིག་གིས་ང་ཡི་སེམས་པ་ཚལ་བར་བཤགས
ཚ་ལམ་ལམ་ལ་བཤགས དམར་ཤུར་ཤུར་དུ་བཤགས
་ ་་་་་་་་་་་་་་་་་་་་་་་་་་༢༠༡༠ལོ་ཟླ༡ཚེས༢༩ཉིན་རྡེ་ར་རྡོ་ནས་རྙེད།
བསང་ཆུ་འབྲུག་བྷེ་ཟིན་བྲིས་ལས་བཤུས།
༼ཡོངས་གྲགས་སུ་ྋགོང་ས་མཆོག་གི་དབུས་བོད་མིའི་འཛིན་སྐྱོང་ (Central Tibetan Administration of His Holiness the Dalai Lama, CTA) ལ་བོད་མིའི་ངོས་ནས་བཙན་བྱོལ་བོད་གཞུང་ (Tibetan Government in Exile) དུ་ངོས་འཛིན་བྱས་པ་ཙམ་ལས་ད་བར་རྒྱལ་སྤྱིའི་ནང་རྒྱལ་ཁབ་སུས་ཀྱང་ངོས་ལེན་ཐོབ་ཐུབ་མེད། ཕྱི་ལོ་༡༩༩༡ ལོར་ (Membership of Unrepresented Nations and Peoples Organization – UNPO) རྒྱལ་སྤྱིའི་སྐུ་ཚབ་མེད་པ་དང་མི་དམངས་ཀྱི་ཚོགས་པའི་འགོ་འཛུགས་ཚོགས་གྲལ་དུ་ཡོད་པ་དེ་ང་ཚོར་ད་བར་རྒྱལ་སྤྱིའི་ནང་ངོས་འཛིན་ཐོབ་པ་ཆེ་ཤོས་སུ་བརྩི་ཡི་ཡོད་པ་འདྲ། ༽ དགེ་འདུན་མཐར་ཕྱིན་གྱི་རྩོམ་ལས་དྲངས།
༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོས་མེད་ཀྱི་རྙོག་གླེང་རང་ཉིད་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ཡང་མེད་པ་ལ་དེ་ལ་ཞེན་པའི་དབང་ཆ་དང་ལྟ་བའི་འཐབ་རྩོད་ཚོགས་པ་བཅུ་གསུམ་དང་ཀློ་ཆུ་བཞི་སྒང་དྲུག་དང་ལྷ་དང་བླ་མའི་ཡང་སྲིད་དང༌། སྟོད་དང་མངའ་རིས་དབར་དང་ལྷ་ས་བ་དང་གཙང་པའི་དབར་བཅས་དང་འབྲེལ་བའི་སྙོག་གྲ། གཞན་ཡང་ཆོས་ལུགས་ཕན་ཚུན་དང་ཆོལ་ཁ་ཕན་ཚུན། གྲྭ་ས་ཕན་ཚུན་དང་གྲྭ་ཚང་ཕན་ཚུན། སྐབས་རེ་ཁམས་ཚན་དང་མི་ཚང་གཅིག་གི་ནང་དུ་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་པའི་དཀའ་རྙོག་མདོར་ན་ཡུལ་དུས་གནས་སྐབས་དང་མ་འཚམས་པའི་བསམ་བློ་ཆུང་ཆུང་དེ་འདྲ་ལ་མགོ་འཁོར་ནས་ང་ཚོས་རྩ་ཆེའི་དུས་ཚོད་དང་ནུས་པ་མང་པོ་ཞིག་ཆུད་ཟོས་སུ་བཏང་པའི་གནས་ཚུལ་ཡོང་གི་ཡོད། ལོ་འགའི་སྔོན་ཨ་རིའི་བོད་མིའི་སྤྱི་འཐུས་ཤིག་ནས་ད་ཡོད་སྤྱི་འཐུས་འདེམས་ཕྱོགས་ལ་དེང་རབས་ཅན་དུ་བཅོས་བསྒྱུར་དགོས་གལ་གྱི་བསམ་ཚུལ་བསྟན་པ་དེ་ལ་སྤྱི་འཐུས་ཁག་ཅིག་ནས་ལན་འདེབས་བྱས་པའི་ཡི་གེ་ཞིག་མཐོང་བའི་འགོ་བརྗོད་དུ་དབང་ཕྱུག་སྙིང་ལ་ཞུགས་པའི་དབང་ཕྱུག་རྒྱལ་པོ་ཞེས་བཀོད་འདུག་པ་དེ་ནི་ཆེས་རྗེས་ལུས་ཀྱི་བརྗོད་སྟངས་ཞིག་ལས་དེང་དུས་ཡར་ཐོན་སྤྱི་ཚོགས་ཀྱི་རྣམ་པ་རྩ་བ་ནས་མེད་པ་མཐོང༌།༽དགེ་འདུན་མཐར་ཕྱིན་གྱི་རྩོམ་ལས་དྲངས།
ལྷ་སྡེ་གནམ་ལོ་ཡག་ལགས།
གཤམ་གསལ་དྲི་བ་རྣམ་ལ་ལན་ཁ་གསལ་གོ་བདེ་ཐུང་ངུ་རེ་གནང་བར་ཞུ།
༡༽ ང་ཚོ་མང་གཙོ་ཚད་ལྡན་ཡིན་ན་དེ་དང་མཐུན་པའི་རྒྱ་གླུ་ཞིག་དགོས་སམ་མི་དགོས།
༢༽ ད་ལྟའི་རྒྱལ་གླུ་འདི་ཚིག་དོན་གཉིས་ཀའི་ཆ་ནས་རང་གཞུང་དང་མཐུན་པ་ཞིག་ཆགས་ཡོད་དམ།
༣༽ ༧གོང་ས་མཆོག་གིས་ཏ་ལའི་བླ་མས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་པའི་དུས་ཡུན་རྫོགས་ཟིན་པ་གསུངས་བཞིན་དུ་ཁྱེད་ཀྱིས་དེ་མི་སྲིད་པར་གསུངས་པའི་རྒྱུ་མཚན་གཙོ་བོ་གང་།
༤༽ བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་འདི་༧གོང་ས་ལྔ་པ་ཆེན་པོ་བླ་བྲང་ལ་བཏགས་པ་ཞིག་རེད་དམ་མ་རེད།
༥༽ ༧གོང་ས་མཆོག་གིས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་འཇུག་རྫོགས་པར་གསུངས་ནས་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཡིན་པར་ངོས་བཟུང་ན་བོད་གཞུང་དགའ་ལྡན་ཕོ་བྲང་ལས་གཞན་མཚན་ཞིག་འདོགས་དགོས་སམ།
༦༽ རྒྱལ་དར་གྱི་མཐའ་འཁོར་གྱི་ཚོན་མདོག་སེར་སྐྱ་འདི་ལ་དུས་ཚོད་རྙིང་པའི་སྐབས་འགྲེལ་བཤད་གང་འདྲ་ཡོད་དམ།
ཆོ་མེད་པ་མ་ཤོད། འདི་རྒྱལ་དར་མ་རེད། དམག་དར་རེད། དེ་སྔའི་དམག་དར་རེད། འོན་ཀྱང་ད་ཆ་རྒྱལ་དར་གྱི་འགན་ཡོངས་རྫོགས་བསྣམས་ཀྱི་ཡོད། ལོ་རྒྱུས་ལ་མང་ཙམ་ལྟོས།
ཞིང་བའི་བུ་ཕེབས་པར་ཐུགས་རྗེ་ཆེ།
༡༽ ང་ཚོ་མང་གཙོ་ཚད་ལྡན་ཡིན་ན་དེ་དང་མཐུན་པའི་རྒྱ་གླུ་ཞིག་དགོས་སམ་མི་དགོས།
ལན། དོན་དག་འདི་སྤྱི་འཐུས་ལྷན་ཚོགས་སུ་འདིའི་ཐད་འདོད་པ་ཡོད་མཁན་ཚོས་སྙན་ཞུ་ཕུལ་ནས་ཐག་གཅོད་བྱེད་ཆོག་གི་ཡོད་པ་རེད།
༢༽ ད་ལྟའི་རྒྱལ་གླུ་འདི་ཚིག་དོན་གཉིས་ཀའི་ཆ་ནས་རང་གཞུང་དང་མཐུན་པ་ཞིག་ཆགས་ཡོད་དམ།
ལན། ད་ལྟ་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཕོའི་ལམ་ལུགས་ཕྱག་བསྟར་གནང་བཞིན་པས། མི་མཐུན་པའི་ཆ་ཡོད་ཀྱི་མ་རེད།
༣༽ ༧གོང་ས་མཆོག་གིས་ཏ་ལའི་བླ་མས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་པའི་དུས་ཡུན་རྫོགས་ཟིན་པ་གསུངས་བཞིན་དུ་ཁྱེད་ཀྱིས་དེ་མི་སྲིད་པར་གསུངས་པའི་རྒྱུ་མཚན་གཙོ་བོ་གང་།
ལན། ཕྲན་ནས་བོད་ཀྱི་གནད་དོན་ཐག་གཅོད་མ་བྱས་པའི་ཡར་སྔོན་བཙན་བྱོལ་བོད་གཞུང་གི་མཚན་གནས་བརྗེ་བོ་རྒྱག་སྲིད་ཀྱི་མ་རེད་བརྗོད་ཀྱིན་པ་ལས་ཏཱ་ལའི་བླ་མས་བགྲེས་ཡོལ་ཞུ་མི་ཆོག་གི་ཟེར་གྱི་མེད་པར་མ་ཟད། དེ་ནི་ཁོང་གིས་དུས་རྒྱུན་གསུང་བཞིན་པའི༼རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུའི་ལས་ཀ་ལས་དགོས་ཀྱི་རེད༽ཅེས་པའི་སྔོན་འགྲོ་རེད་བསམ་བཞིན་ཡོད། འདི་གཅིག་ཡིན།
གཞན་དེ་རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་ལས་བགྲེས་ཡོལ་ཞུ་བཞིན་པ་ལས་ཆོས་ཕྱོགས་ནས་བགྲེས་ཡོལ་ཞུ་སྲིད་ཀྱི་མ་རེད་ལ། ཞུ་སའང་ཡོད་པ་མ་རེད།
ཁྱོད་ལ་རྒྱལ་བ་རིན་པོ་ཆེ་ནས་ཆོས་སྲིད་གཉིས་ཐད་ནས་དགོངས་པ་ཞུས་སོང་ཞེས་སུས་བཤད་ཀྱི་འདུག་གམ། གལ་སྲིད་དེ་ལྟ་བུའི་བཤད་ཡམས་ཡོད་ན། དེ་ནི་དཀྲོགས་གཏམ་ཡིན་པར་དགོངས་འཇགས་ཞུ།
༤༽ བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་འདི་༧གོང་ས་ལྔ་པ་ཆེན་པོ་བླ་བྲང་ལ་བཏགས་པ་ཞིག་རེད་དམ་མ་རེད།
ལན། དེ་ག་རང་རེད།
༥༽ ༧གོང་ས་མཆོག་གིས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་འཇུག་རྫོགས་པར་གསུངས་ནས་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཡིན་པར་ངོས་བཟུང་ན་བོད་གཞུང་དགའ་ལྡན་ཕོ་བྲང་ལས་གཞན་མཚན་ཞིག་འདོགས་དགོས་སམ།
ལན། དྲང་པོར་ཞུས་ན། རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་བཀའ་ཁྲིར་སྤྲད་ནས་བགྲེས་ཡོལ་ཞུ་བཞིན་པ་འདི་ཁོང་བཞུགས་དུས་བོད་མི་ཚོར་རང་མགོ་རང་ཐོན་ཡོང་མིན་གྱི་སྦྱོང་བརྡར་ཞིག་སྤྲད་ཀྱིན་པར་མ་ཟད། ཁོང་བཞུགས་ཐོག་མི་འདང་སར་དུས་ལྟར་ཡོ་བསྲང་གནང་ཐུབ་ལ། དེ་ལྟར་དགོངས་པ་ཆོས་དབྱིངས་སུ་འཐིམས་དུས་ཀྱང་སེམས་བདེ་ཐུབ་པ་ཞིག་དང་བོད་ཀྱི་གནད་དོན་མི་འགྱངས་པར་ཐག་གཅོད་ཡོང་བར་རེ་བ་རྒྱག་ཆོག་པ་ཞིག་ཀྱང་ཆགས་ཡོད།
གནས་སྟངས་འདིའི་ཆ་ནས་བཤད་ན། བཙན་བྱོལ་བོད་གཞུང་དང་ཐད་འདེམས་བཀའ་ཁྲི་རེ་རེ་ངོ་བོ་དབྱེར་མེད་དུ་བསྑྲུན་ཡོད་པའི་ཁར། བོད་དོན་བདེན་མཐའ་སེལ་ཐབས་འདུ་བའི་བཙན་བྱོལ་བོད་མིའི་བདེ་དོན་ཁག་ཐེག་གནང་མཁན་དུ་གྱུར་ཡོད། དེ་བས། བཙན་བྱོལ་བོད་གཞུང་གི་རང་བྱུང་ཁྲིམས་མཐུན་གྱི་ངོ་བོར་འགྱུར་བ་གཏོང་མི་འོས་པ་ཞིག་ཡིན། དེ་ལས་ལྡོག་ན། གོང་དུ་ཕྲན་གྱི་མ་རྩོམ་ནང་གསལ་བའི་ཕྱི་ལོ ༡༩༥༩ལོར་པེ་ཅིན་སྲིད་གཞུང་གིས་བོད་གཞུང་རྩ་མེད་མཐར་ཕྱིན་བཟོས་ཟེར་བར་ངོས་ལེན་ཤོར་བ་ཡིན་པས། ད་གཟོད་དངོས་གནས༼ཏཱ་ལའི་རུ་ཚོགས༽ཟེར་བའི་སྒང་ལ་བབས་ཡོད་པར་མ་ཟད། བཙན་བྱོལ་བོད་མིས་ཆ་རྐྱེན་གང་ཡང་མེད་པའི་ལམ་ནས་དེང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སུ་གསལ་བའི༼རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ༽དང་ལེན་བྱེད་དགོས་ཐུག་ཡོད།
༦༽ རྒྱལ་དར་གྱི་མཐའ་འཁོར་གྱི་ཚོན་མདོག་སེར་སྐྱ་འདི་ལ་དུས་ཚོད་རྙིང་པའི་སྐབས་འགྲེལ་བཤད་གང་འདྲ་ཡོད་དམ།
ལན། ནང་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ནས་དུས་སུ་འཕེལ་བའི་མཚོན་དོན་དུ༼སྲིད་དོན་རྒྱལ་རབས༽ནང་གསུངས་ཡོད་པ་འདྲ། གསལ་བོ་ཞིག་དྲན་གྱི་མི་འདུག
མུ་མཐུད་དུ་བགྲོ་གླེང་ལ་ཕེབས་པར་སྒུག་གི་ཡིན་ལ། གཞན་དག་ཙོས་ཆ་ཤས་མཉམ་ལེན་གནང་བར་རེ་བ་རྒྱག་གི་ཡོད།
གནམ་ལོ་ཡག་ལགས།
བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་འདི་༧གོང་ས་ལྔ་པ་ཆེན་པོའི་བླ་བྲང་གི་མཚན་ཞིག་ཡིན་པ་ཁས་ལེན་གྱི་འདུག
དེ་འདྲའི་གཞུང་འདི་རྡ་ས་གནས་སྤོས་བྱས་པ་ཁས་ལེན་གྱི་འདུག
གཞུང་དེ་དང་མཐུན་པའི་རྒྱ་གླུ་དེ་མ་འགྲིགས་པ་ཡོད་མ་རེད་ཅེས་པ་དེ་ཇི་ལྟར་འབྲེལ་བཤད་རྒྱག་གི་ཡོད།
ང་ཚོས་ཁ་ཐུག་བཤད་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་འདི་དང་རྒྱ་གླུ་འདི་གཉིས་བོད་རྒྱལ་ཁབ་འདི་ཉིད་རྒྱལ་པོ་རིང་ལུགས་སམ་སྲིད་དབང་གཅིག་བསྡུད་སྐབས་ཀྱི་མཚན་དང་དེའི་སྒྲིག་འཛུགས་དང་མཐུན་པའི་རྒྱལ་གླུ་ཞིག་མ་ཡིན་ནམ།
ད་ལྟའི་ཆར་༧གོང་ས་མཆོག་གིས་དགོངས་པ་དཀྱེལ་ཡོངས་ཀྱི་ཐོག་ནས་དམངས་གཙོ་གསོལ་རས་གནང་ནས་གནས་ཚུལ་འགྱུར་བ་ཐེབས་པ་ཞིག་རེད་པ།
ཞིང་བའི་བུ་ལགས།
ཡང་བསྐྱར་ཕེབས་པར་བཀའ་དྲིན་ཆེ།
དོན་དག་འདི་ཐུགས་འདུན་ཡོད་རིགས་ནས་སྙན་ཞུ་དང་སྦྲགས་ནས་སད་ཡིག་བསྡུ་རུབ་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་ནས་བཟོ་བཅོས་ཁྲིམས་གཞི་ཞིག་གསར་དུ་བཟོ་གནང་ཡོང་ཐབས་ལ་བརྩོན་དགོས་པ་རེད་མ་གཏོགས་འགྲིག་དང་མི་འགྲིག་བཤད་བསྡད་ནས་གྲུབ་འབྲས་གང་ཡང་ཐོན་མི་སྲིད་པར་བརྟེན་ནས་ཕྲན་གྱིས་དེ་ལུགས་གོང་དུ་བརྗོད་ཟིན་པའི་ཁུལ་ཡིན།
ད་ཡིན་ན་སྤྱི་འཐུས་གསར་བ་སླེབས་མ་ཐག་ལས་ཀ་ཇེ་མང་དུ་བུད་ད་པཱ།
ཨོ་ཅིག་བརྗེད་སོང་། རྒྱལ་གླུར་བཅོས་བསྒྱུར་གཏོང་རྒྱུ་ཡང་གལ་ཆེན་ཡིན་རྒྱུ་རེད་མོད། གོང་ས་སྐྱབས་མགོན་ཆེན་པོས་གསུངས་པ་ལྟར་བོད་དོན་སེལ་འཕྲལ་བོད་གཞུང་སྒོ་རྒྱག་རྒྱུ་ཡིན་པས། རྒྱལ་གླུའང་མཉམ་དུ་མཚམས་འཇོག་བྱེད་ངེས་རེད།
ཀེ་ཏ་ཀ་ལགས་ཕེབས་པར་དགའ་ཡོད།
རྒྱལ་དར་ཐད་ཕྲན་གྱི་བསམ་ཚུལ་གོང་དུ་ཞིང་བའི་བུ་ལ་ཞུས་པ་ལྟར་ལས་ཁ་སྣོན་དང་གསར་བཤད་མེད། དེ་མིན་གཞན་པ་ཡོད་ཚེ་གང་ཐུབ་ཀྱིས་དྲིས་ལན་བརྒྱབ་ཆོག