བློ་གྲོས།
གསར་ལམ་ཁག་ན། སྲང་ལམ་ཁག་ན། ཇ་ཁང་ཁག་ན། སློབ་གྲྭ་ཁག་ན། དགོན་སྡེ་ཁག་ན། ལས་ཁུངས་དག་ན་བཀའ་ཁྲིའི་སྐོར་གླེང་ཤུགས་ཆེན་པོ་རེད། རྒན་གཞོན་ཚང་མས་གླེང་། སྐྱ་སེར་ཚང་མས་གླེང་། མདོར་ན་ཚང་མས་གླེང་བཞིན་ཡོད། ༸གོང་ས་མཆོག་རྒན་ཡོལ་ཆ་ཚང་ལ་ཕེབས་པ་ཡིན་ན། ད་ནི་བཀའ་ཁྲིའི་འགན་དེ་སྔར་གྱི་བཀའ་ཁྲི་ཚོ་ལས་ཇེ་ལྕིར་འགྲོ་གི་ཡོད་སྟབས། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས། སྔོན་འགྲོའི་འོས་འཕེན་དང་དངོས་གཞིའི་འོས་འཕེན་གྱི་བསམ་བློར་འགྱུར་བ་ཐེབས་མགོ་ཚུགས་ཡོད། སྔོན་འགྲོའི་འོས་ཤོག་དེ་༸གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་ངོས་དེ་ལ་འཇུས་ཡོད་ལ། ད་ནི་དངོས་གཞིའི་འོས་ཤོག་དེ་བགྲེས་ཡོལ་ཆ་ཚང་གི་ངོས་དེ་ལ་འཇུ་དགོས་པ་ཆགས་པ་དེས། མང་ཚོགས་ཀྱིས་བཀའ་ཁྲི་འོས་འདེམས་ལ་ལྟ་སྟངས་དེ་སྔར་བས་དོ་ནན་དང་ཞིབ་ཚགས་ཀྱི་ལམ་དུ་བསྐྱོད་ཀྱིན་ཡོད། རིགས་གཅིག་གིས། ད་ལྟའི་འོས་མི་གསུམ་ག་བཀའ་ཤག་ནང་ངེས་པར་སླེབས་དགོས་ཀྱི་འདུག གང་ཡིན་ལབ་ན། ཁོང་ཚོ་གསུམ་གས་ང་དཔོན་པོར་འདུག་གི་ཡིན། ང་སྐུ་ངོ་བྱེད་ཀྱི་ཡིན་ཞེས་སུ་གང་ཡང་ཕེབས་མ་སོང་། དེ་ནི་དགའ་འོས་པ་ཞིག་རེད། ངས་དཀའ་ལས་རྒྱག་གི་ཡིན། རྩ་དོན་སྒྲུབ་ཀི་ཡིན། ནུས་པ་འདོན་གི་ཡིན་ཟེར་ནས་ཕེབས་སོང་། དེ་ནི་ཡི་རང་བྱེད་དགོས་པ་ཞིག་རེད་ཅེས་གླེང་གི་ཡོད།
བཀའ་ཁྲི་གཅིག་ལས་དགོས་ཀྱི་མེད། འོས་མི་གསུམ་ཡོིད། བཀྲས་མཐོང་ཐོབ་པ་ཡིན་ན། བཀྲ་དབང་དང་བློ་སེང་གཉིས་བཀའ་བློན་ལས་རོགས་སུ་ཕེབས་རྒྱུ་དང་། བློ་སེང་ཐོབ་པ་ཡིན་ན། བཀྲས་མཐོང་དང་བཀྲ་དབང་གཉིས་བཀའ་བློན་ལས་རོགས་སུ་ཕེབས་རྒྱུ། ཡང་ན། བཀྲ་དབང་ཐོབ་པ་ཡིན་ན། བཀྲས་མཐོང་དང་བློ་སེང་གཉིས་བཀའ་བློན་ལས་རོགས་སུ་ཕེབས་རྒྱུ་བྱུང་བ་ཡིན་ན། གསུམ་གའི་ནུས་པ་དང་འཇོན་ཐང་མཉམ་རུབ་ཀྱི་ཐོག་ནས་བོད་དོན་སྒྲུབ་པ་ལ་ནུས་པ་ཁྱད་པར་བ་ཐོན་གི་རེད་ལབ་མཁན་ཉུང་ཉུང་མ་རེད། ད་དུང་བཀའ་ཁྲིའི་འོས་མི་གསུམ་ག་བཀའ་ཤག་ནང་འཛོམས་པ་ཡིན་ན། སོ་སོར་འཆར་གཞི་ཆེ་ཆུང་གང་ཡོད་མཉམ་རུབ་ཀྱི་ཐོག་ནས་ལག་བསྟར་བྱེད་པར་ཡང་ཕན་ཐོགས་དང་གོ་སྐབས་མང་བ་ཡོང་གི་རེད། བཀའ་ཤག་དེ་ཡང་སྔོན་དང་མ་འདྲ་བ་ཞིག་ཆགས་ཀི་རེད། ལྷག་ཏུ་བཀའ་ཁྲིའི་འོས་མི་ཚོ་བཀའ་ཤག་ནང་ལྷན་ཕེབས་གནང་རྒྱུ་ཡིན་པ་གཞིར་བཞག་གི་ཐོག་ནས། བཀའ་བློན་ལས་རོགས་གཞན་དག་གི་སྐོར་ལ་གོ་བསྡུར་གནང་ཐུབ་པ་ཡིན་ན། དེ་བས་ཀྱང་ནུས་པ་ཐོན་གི་རེད། ངའི་བསལ་ཚུལ་འདི་ཡིན། ང་ལ་མཚོན་ན། བཀའ་བློན་ཁྲི་པའི་རྒྱལ་ཁ་སུ་ལ་ཐོབ་མིན་དེ་གནད་འགག་མ་རེད། བཀའ་ཤག་དེ་གནད་འགག་རེད། སྤྱི་འཐུས་ཀྱིས་གོ་ཐག་མང་པོ་གློད་ཀྱི་ཡོད། ད་ནི་བཀའ་ཤག་དེ་སྲ་ཐག་ཐག་ཅིག་དགོས་ཀྱི་འདུག
སྤྱི་འཐུས་ཀྱིས་ཀོ་ཐག་མང་པོ་གློད་ཀྱི་ཡོད་ཅེས་བསྒྱུར་དགོས་མི་འདུག་གམ།
སྤྱིར་བཏང་ཁྱོད་ཀྱི་བསམ་ཚུལ་ཡག་པོ་འདུག ག་རེ་བཤད་ན་མ་བཤད་ནའང་ཁོང་གསུམ་ནི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རྩེ་ཏོག་གསུམ་ཡིན་དུས། ཚང་མས་མཉམ་རུབ་ཀྱི་ལས་ཀ་ཞིག་བྱེད་ཐུབ་ན་དེ་ནི་ང་ཚོ་ལ་དགོས་པ་དེ་རེད། གཞན་མ་གཏོགས་རྒྱབ་སྐྱོར་བ་ཚོས་རང་གི་རྒྱབ་སྐྱོར་བྱེད་ས་དེ་ཡར་སླེབས་ཐབས་ཀྱིས་རྒྱ་རྙི་བཀྲམ་པ་དང་། གཞན་རྣམས་མར་འཐེན་ཐབས་ཀྱིས་ནག་པོ་བཟོ་རྒྱུ་ག་རེ་འདུག་ལྟ་གི་བསྡད་ན་བྱབ་ཆུང་རང་རེད།
མདོར་ན། གཅིག་སྒྲིལ་དགོས། མཉམ་རུབ་དགོས། དེ་ནས་རྩ་དོན་ལ་ནུས་པ་ཞིག་ཐོན་པའི་རེ་བ་གཞི་ནས་ཡོད་པ་རེད།
གང་ཟག་སྒེར་བའི་ནུས་པ་ནས་ཐུན་མོང་གི་ནུས་པའི་སྟེང་ལ་འགྱུར་བ་ཐེབས་མགོ་ཚུགས་ཡོད་ས་རེད། ཡག་པོ་རེད།
ངས་བསྟས་ན། བཀའ་སྤྱི་གང་གི་ཡང་དངོས་གཞིའི་འོས་འབྲས་ལ་འགྱུར་བ་འགྲོ་ཡི་མ་རེད། ལ་འགྱུར་བ་འགྲོ་དགོས་པའི་ཚོར་སྣང་ཡང་མེད། འོན་ཀྱང་། ང་ཚོ་འོས་སྡུག་མཁན་རེད། ང་ཚོས་རང་རང་གི་ལང་ཕྱོགས་དང་ལྟ་བ་བརྟན་དགོས་ཀྱི་རེད། དེའི་ཐོག་ནས་གུ་ཡངས་དང་། དྲང་བདེན་ཉམས་ལེན་བྱེད་དགོས་རེད། མ་ཚད་རང་ཉིད་ཀྱི་འདོད་པ་མེད་པའི་བཀའ་སྤྱི་སུ་སླེབས་པ་ཡིན་ན་དེ་ནས་བཟུང་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་རེད། ༸གོང་ས་མཆོག་གི་བགྲེས་ཡོལ་གྱི་གནས་བབ་སྐོར་༸གོང་ས་མཆོག་རང་གིས་ཐག་གཅོད་བྱས་པ་བཞིན་ང་ཚོས་ཁོང་ལ་རྒྱབ་སྐྱོར་དང་། ཁོང་གི་བཀའ་གསུང་དང་ལེན་བྱེད་དགོས་པ་ལས་ཡས་མས་མང་པོ་བཤད་བསྡད་ན། ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་ཀྱང་ཚུལ་མཐུན་ཞིག་གཏན་ནས་མ་རེད་བསམ།
དེ་ལྟར་བྱུང་ན་གཡང་རྩེའི་ནང་གི་ཡལ་སྒྲོན་ཡིན་ཡང་ཨེ་ཡོང་ན། ད་ལྟའི་དགག་རྩའི་དུས་འདིར་ལྡོག་རྩ་གཅིག་འགྲིལ་བྱ་རྒྱུ་གལ་ཆེ།
ཡག་པོ་འདུག
བསམ་ཚུལ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
བཀའ་ཁྲིའི་འོས་མི་གསུམ་གྱི་སུ་ལ་བཀའ་ཁྲི་ཐོབ་ཀྱང་། གཞན་གཉིས་བོས་བཀའ་ཁྲིའི་ཕྱག་རོགས་སམ་བཀའ་ཤག་ནང་ཆིག་བསྒྲིལ་གྱི་ཕྱག་ལས་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གསུམ་པོའི་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བོད་སྤྱི་བའི་རྩ་དོན་ལ་སྨན་པའི་ལྷག་བསམ་ཟོལ་མེད་ཅིག་གནང་ན་ནུས་པ་མ་ཐོན་ཀྱང་་འགྱོད་པ་མེད།
ཁ་བརྡ་ལ་སྐྱབས་སུ་མཆི།
ཁ་བརྡ་ལ་ཕྱག་འཚལ་ལོ། །
ཁ་བརྡ་ལ་གསོལ་བ་འདེབས།
མཆན་བུ་ལམ་འགྲོ་བར་བྱིན་གྱིས་རློབས།
བྲིས་པ་དེ་རུ་སྡོད་པའི་ནུས་པ་སྩོལ། །
ཁ་སང་དགེ་ལུགས་དགེ་ལུགས་ཞེས་ཁ་ཤས་ཤིག་བྲིས་ཤོར་སོང་བས་དེ་རྗེས་ངའི་མཆན་བུ་ལ་དཀའ་ངལ་ཕྲད་རྒྱུའི་འགོ་ཚུགས་སོང་། ད་དེ་འདྲ་གཏན་ལབ་གི་མིན། ཅི་མཛད་ལེགས་མཐོང་ཡིན། ཨོ་རྒྱན་སྟོབས་རྒྱལ་སོགས་ཁ་ཤས་ལ་བཀའ་སྐྱོན་གཏོང་གི་ཡིན། འ་ཛི་འ་ཛི་མང་པོ་ཞིག་ཐལ་སོང་། དགོངས་འགལ་མེད་པ
Pleace let me come