བོད་ཡིག་གི་གློག་རྡུལ་ཚིག་མཛོད་ཐོན་འདུག
བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སྡེ་ཚན་གྱི་དགེ་རྒན་ཨ་མདོ་བློ་བཟང་ལགས་ཀྱིས། བོད་ཡིག་གི་གློག་རྡུལ་ཚིག་མཛོད་དང་པོ་དེ་བཏོན་ཐུབ་འདུག དེ་ནི་ཁོང་གིས་ལོ་མང་དཀའ་ངལ་ཁྱད་གསོད་དང་། བརྩོན་འགྲུས་དང་སྙིང་རུས་བག་ལ་བརྟེན་ནས། བསྒྲུབ་བྱ་བོད་ཕྲུག་ཚོས་འབྱུང་འགྱུར་བོད་རྒྱ་དབྱིན་གསུམ་གྱི་གློག་ཆས་ཚིག་མཛོད་ཆུང་ཆུང་ཞིག་ཁུག་མའི་ནང་ཁྱེར་ཐུབ་པའི་དམིགས་ཡུལ་བཅངས་ནས། བོད་དང་། རྒྱ་ནག དེ་བཞིན་ཨ་རི་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ཀ་ཡུན་རིང་སྒྲུབ་པའི་འབྲས་བུ་ཞིག་རེད་འདུག
གློག་རྡུལ་ཚིག་མཛོད་དེར། “བོད་རྒྱ་དབྱིན་གློག་རྡུལ་ཚིག་མཛོད།”ཅེས་མིང་བཏགས་ཤིང་། མི་ཚང་མས་བློ་བཟང་ཚིག་མཛོད་ཅེས་ཀྱང་ཟེར། དེ་ནི་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་འགྲེམས་ཚོང་བྱེད་ཀྱི་ཡོད་འདུག ཚིག་མཛོད་འདིའི་ནང་། དུང་དཀར་ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད་ཆེན་མོ། བོད་དབྱིན་ཚིག་མཛོད། དེ་བཞིན་བོད་རྒྱ་ཚིག་མཛོད། ད་དུང་བོད་རྒྱ་དབྱིན་གསུམ་སོགས་ཀྱི་ཚིག་མཛོད་སུམ་བཅུ་ལྷག་ཙམ་དང་། དེ་བཞིན་རྩིས་འཁོར་དང་། ལོ་ཐོ། རོལ་རྩེད་སོགས་ཀྱི་བཀོལ་ཆས་མང་པོ་བཅུག་འདུག
ཚིག་མཛོད་དེར་ཧི་མ་ལ་ཡའི་ཡིག་གཟུགས་དང་ཐེབ་གཞོང་བཀོལ་ཡོད་པ་མ་ཟད། ད་དུང་བོད་རྒྱ་དབྱིན་གསུམ་གྱི་སྒྲ་གདངས་ཀྱི་སྐད་ཡང་བཅུག་འདུག
ཚིག་མཛོད་དེར་མི་དམངས་ཤོག་སྒོར་༡༢༠༠ཐོབ་ཀྱི་ཡོད་པ་དང་། ལྷ་ས། ཁྲེན་ཏུ། དེ་བཞིན་ཟི་ལིང་སོགས་ནས་ཉོ་ཐུབ་ཀྱི་འདུག
ཕ་ཡུལ་ཨ་མདོ་ནས་ཡིན་པའི་དགེ་རྒན་བློ་བཟང་ལགས་ནི། དེ་སྔོན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལས་ཐོན་པ་དང་། རྗེས་སུ། ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་ནས་ ཝ་ཇིན་ནི་ཡའི་བྱང་ཕྱོགས་སློབ་གྲྭ་ཆེན་མོ་ཐོན་ནས།(University of Northern Virginia) རྩིས་འཁོར་རིག་པའི་ཞིབ་འཇུག་སློབ་མའི་ལག་ཁྱེར་ཐོབ་འདུག
ཁོང་གི་ཚིག་མཛོད་སྐོར་ལ་མང་ཙམ་མཁྱེན་འདོད་ཡོད་ན། ཁོང་གི་དྲ་རྒྱ།
http://luozang.com/index.html ལ་གཟིགས་རོགས།
ངས་གཅིག་མངགས་བཞག་ཡོད།
གལ་སྲིད་ལག་འབྱོར་བྱུང་ན་རྒྱ་མོ་ཚོའི་འཁྲིས་ནས་ཚིག་མཛོད་དེབ་རྒན་སྔོག་པའི་ངོ་ཚ་དེའི་ལོ་རྒྱུས་མཇུག་རྫོགས་པ་དང་བོད་ལ་རྒྱལ་ཁབ་མེད་ཀྱང་གློག་རྡུལ་ཚིག་མཛོད་ཡོད་པའི་ངོམ་ངོམ་ཞིག་ཀྱང་བྱེད་ཐུབ་སོང་བ་རེད། རྒྱལ་ཁབ་ཡོད་མཁན་མང་པོ་ཞིག་ལ་གློག་རྡུལ་ཚིག་མཛོད་ད་དུང་མི་འདུག་པ་ནི་ཧ་ཅང་མང་ཀི་ཡ།
ང་ངོ་མ་དགའ་ནི་ཟིག་རེད། རང་རེ་བོད་པ་ཚང་གི་བུ་རྒོད་འདི་ཚོར་གོ་སྐབས་བཟང་པོ་ཞིག་མ་རེག་པ་མ་གཏོགས། གལ་སྲིད་མི་རིགས་གཞན་པ་ནང་བཞིན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཐོབ་པ་ཡིན་ན། བོད་པའི་ཚན་རིག་པ། སློབ་གསོ་བ། གསོ་རིག་པ། དཔལ་འབྱོར་བ། ས་གཤིས་པ། ལག་རྩལ་པ་སོགས་རྒྱ་མིར་ཡོད་པ་དེ་ཚོ་ཚང་མ་བོད་པ་ཚང་ལ་ཡོད་ངེས་ཡིན། བོད་མི་རིགས་འདི་ངོ་མ་རེ་བ་ཡོད་པའི་མི་རིགས་ཤིག་ཡིན་པས། གསར་རྒོད་ཚོ། རང་རང་ས་ནས་སློབ་སྦྱོང་རེ་བྱོས་དང་།
བཙན་བྱོལ་ནང་ལ་དེ་འདྲ་ཞིག་གསར་སྤེལ་བྱེད་ཐུབ་ན་གང་འདྲ་ཡོད་ན་???
བཙན་བྱོལ་གཞུང་ནས་དེ་འདྲ་ཞིག་སྤེལ་ཐུབ་ན་སློབ་མ་ཚོར་ཕན་པ་ཤིན་དུ་ཆེ། དེ་མིན་ན། བོད་གཞུང་ནས། བློ་བཟང་གི་དྲུང་ནས་དྲ་བཤུས་ཐོབ་ཐང་དེ་ཉོས་ནས། ཚིག་མཛོད་དེ་མང་ཙམ་སྤར་ཐུབ་ནའང་ལེགས་ཆ་ཆེ།
དེ་ྔོན་བཙན་བྱོལ་གཞུང་གིས་བོད་དབྱིན་ཚིག་མཛོད་ཤིག་བཏོན་པ་དང་། ཚིག་མཛོད་དེ་ནི་ད་བར་བོད་དབྱིན་ཚིག་མཛོད་ལེགས་ཤོས་དེ་ཆགས་ཡོད།
ང་ལ་གྲོགས་པོ་ཞིག་གིས་གཅིག་བསྐུར་འདུག ཤིན་ཏུ་སྟབས་བདེ་བོ་དང་ཡག་པོ་ཞིག་འདུག དེའི་ནང་སྡོམ་པའི་ཚིག་མཛོད་སུམ་ཅུ་ལྷག་ཅིག་འདུག བོད་ནང་ཁུལ་དུ་བསམ་བློ་བཏང་ན་ཞན་ཆ་གཅིག་ཀྱང་མི་འདུག་ཞེས་བརྗོད་ཀྱང་ཆོག
འོན་ཀྱང་ཕྱིར་སྡོད་བོད་མི་ཚོར་མཚོན་ན། རྩིས་འཁོར་གསར་བའི་མ་ལག་ནང་གི་ཧི་མ་ལ་ཡའི་བོད་ཡིག་(prc)ཁོངས་སུ་བཅུག་ཡོད་པ་བཞིན། འདིའི་མ་ལག་སྤྱིའི་ཆ་ནས་རྒྱ་ཡིག་ཡིན་ཞིང་། བོད་ཡིག་གཏག་སྐབས་ཀྱང་རྒྱ་ཡིག་ཆེན་པོ་ཁ་ཤས་འཇིགས་རྔམས་དང་ལྡན་པའི་ྶྒོ་ནས་གྲོང་ངེར་འགྱངས་འདུག་པ་དང་། ལོ་རྒྱུས་སྡེ་ཚན་གྱི་ནང་དུ་ཡང་བོད་རྒྱ་ཁུངས་ཡིན་ཚུལ་དང་། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སོགས་ཀྱང་རྒྱ་ནག་གིས་བསྩལ་བ་ཡིན་ཚུལ་སོགས་སྲིད་དོན་གྱི་ཆ་ནས་མཐོང་ན་སྙིང་ན་བ་ཁ་ཤས་ཡོད་པ་ལས། བཀོལ་སྤྱོད་ཀྱི་ཆ་ནས་ཤིན་ཏུ་ལེགས་ལ། འདི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་གློག་རྡུལ་རྩིས་འཁོར་ཐོག་མ་རེད། དེར་བརྟེན་བཟོ་སྐྲུན་པ་སྐུ་ཞབས་བློ་བཟང་ལགས་སུ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
ངས་བསམ་ན་བཙནབྱོལ་ཁྲོད་ནས་འདི་ལ་ཟུར་ལྟ་བྱས་ཏེ། ལེགས་ཆ་ཡོངས་སུ་བསྡུས་ནས་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐུབ་པའི་གློག་རྡུལ་རྩིས་འཁོར་གསར་བ་ཞིག་བཟོ་ཐུབ་ན་དགེ་མཚན་ཆེ་སྙམ། དེ་མིན་ཚིག་འཛོད་འདིའི་འདྲ་བཤུས་ཀྱི་དབང་ཚད་ཉོས་ནས་དཔར་ན་ཡང་དགེ་མཚན་མེད་པ་མིན་མོད། དེ་བས་རང་དབང་དང་རང་གི་ངོ་བོ། ཁྱད་ཆོས་སོགས་ཡོངས་རྫོགས་གསལ་བོར་མཚོན་ཐུབ་པའི་གློག་རྡུལ་རྩིས་འཁོར་གསར་བ་ཞིག་བཟོ་ཐུབ་ན། དགེ་མཚན་ཤིན་ཏུ་ཆེ་བས་དེའི་ཐད་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་ན་བཟང་སྙམ།
ལོ་ཤས་སྔོན་ངས་གློག་རྡུལ་ཚིག་མཛོད་དེ་འདྲ་ཞིག་བཟོ་བར་དེའི་ཕྱི་ལྤགས་དང་ནང་གི་སྒྲིག་ཆས་གསར་བཟོ་སོགས་ཀྱི་རིན་གོང་དེ་ཧ་ཅང་ཚད་མཐོ་རྒྱུ་རེད་བསམས། ཡིན་ན་ཡང་ད་ལྟ་བསམས་ན་གློག་རྡུལ་ཚིག་མཛོད་ཀྱི་ཕྱི་ལྤགས་དང་ཁོག་གི་སྒྲིག་ཆས་དེ་ཚོ་ད་ལྟའི་གློག་ཀླད་བཟོ་གྲྭ་ཚོས་དང་པོ་ནས་བཟོས་ཚར་ཡོད་ལ། དེའི་ཁོག་ཏུ་ཡིག་རིགས་གང་ཞིག་གི་ཚིག་མཛོད་ཡིན་ཡང་འགྲོ་ཐུབ་པ་ཞིག་བསྐྲུན་ཡོད་པ་དང་། བློ་བཟང་ལགས་ཀྱིས་ཚིག་མཛོད་དེ་དག་གི་ཚིག་འབྲུ་རེ་རེ་བཞིན་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བྱས་ནས་མཉེན་ཆས་ཤིག་བཟོས་རྗེས་དེ་གློག་རྡུལ་སྒམ་ཆུང་དེའི་ཁོག་པའི་ནང་དུ་བླུགས་པ་རེད། དེ་ལ་བསམས་ན་བཙན་བྱོལ་བོད་གཞུང་གིས་ཀྱང་ཚོགས་པ་རྩ་འཛུགས་བྱས་ནས་བློ་བཟང་ལགས་ཀྱི་ཚིག་མཛོད་དེར་མིག་དཔེ་བལྟས་ནས་གློག་རྡུལ་ཚིག་མཛོད་ཅིག་གསར་བཏོད་བྱས་ན་མི་ལེགས་སམ། གང་ལྟར་བློ་བཟང་ལགས་ཀྱི་རྒྱབ་རྩ་ན་རྒྱ་ནག་རྒྱལ་ཁད་ཅིག་ཡོད་པ་དང་། བོད་གཞུང་གི་རྒྱབ་རྩ་རུ་རོགས་སྐྱོར་ཚོགས་པ་རེ་ཟུང་ལས་མེད་པས། ཞིབ་ཏུ་བསམས་ན་གློག་རྡུལ་ཚིག་མཛོད་ཅིག་བཟོ་ཐུབ་ཀི་མ་རེད་བསམས། གལ་སྔོན་མར་བལ་ཡུལ་ནས་ཨོ་སི་ཁྲི་ལི་ཡའི་ཁྲོ་ནེ་ཟེར་བས་བོད་ཡིག་མཉེན་ཆས་ཡིག་གཟུགས་ཧ་ཅང་ཡག་པོ་ཅན་དེ་གསར་བཏོད་བྱས་རྗེས་བོད་གཞུང་ལས་ཁུངས་ཁག་ཅིག་གིས་མཉེན་ཆས་དེའི་འདྲ་བཤུས་གང་སར་བཀྲམས་པ་ལ་བརྟེན་ནས་ཁྲོ་ནེས་ཁོའི་བོད་ཡིག་མཉེན་ཆས་དེ་བོད་གཞུང་གི་ལས་ཁུངས་སུ་གཅིག་ལ་ཡང་མ་བཙོངས་པ་ལྟ་བུའི་ལོ་རྒྱུས་ཡོད་ལ། བཀྲ་ཤིས་ཚེ་རིང་གི་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དེ་ཡང་ཤེས་རིག་ལས་ཁུངས་ནས་འདྲ་བཤུས་ཚོད་མེད་བརྒྱབ་པ་དང་། གདོང་ཐོག་ཚང་གི་བོད་དབྱིན་ཚིག་མཛོད་དེ་ཡང་བོད་ཀྱི་དཔེ་མཛོད་ཀྱིས་རྩོམ་པ་པོར་ཁེ་བཟང་མེད་པའི་སྒོ་ནས་འདྲ་བཤུས་དང་སྐྱར་སྒྲིག་གིས་པར་སྐྲུན་བྱས་ཏེ་རྩོམ་པ་པོ་དང་རྩོད་རྙོག་ལྷགས་པ་ལྟ་བུ་གང་མང་ཡོད། གང་ལྟར་བློ་བཟང་ལགས་ཀྱིས་བོད་གཞུང་ལ་ཡང་མིག་དཔེ་བལྟ་སའི་ཚིག་མཛོད་ཅིག་བཟོ་སྐྲུན་གནང་འདུག་པ་ནི་ངོ་མ་དགའ་འོས་པ་ཞིག་རེད།
ཀླུ་སྨྱོན་ལགས་སུ།
ཚིག་མཛོད་འདིར་རྒྱ་གཞུང་ནས་སྒོར་རྡོག་གཅིག་ཀྱང་སྤྲད་མིན་འདུག དེར་རྟེན། བློ་བཟང་ལགས་ཀྱིས་བུ་ལོན་ལེན་ནས། སྒེར་གྱི་ཚོང་ཁང་མིང་ཐོག་ནས་སྤུས་ཚོང་བྱེད་ཀྱི་འདུག ྔོན་དང་མི་འདྲ་བར། ད་ཆ་བོད་ཡིག་དང་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་བྱ་བར། རྒྱ་གཞུང་ནས་རོགས་པ་ཕར་ཞོག ད་དུང་བཀག་འགོག་གང་ཐུབ་བྱེད་ཀྱི་ཡོད་ཚོད། དཔེར་ན། ྔ་ལོ་ལོ་མཇུག་ནས་བཟུང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་ྙིང་པར་སྐྲུན་ཁང་གི་འགྲོ་སོང་མེད་པ་བཟོས་ནས། བཤད་རྒྱུར། བོད་ཀྱི་དཔེ་ཆ་དང་། ནང་ཆོས། ད་དུང་བོད་ཀྱི་ཁྱད་ཆོས་ཆེན་པོ་ཡོད་པའི་རིག་གཞུང་དེ་ཚོས་རྒྱ་བོད་དབར་གྱི་འབྲེལ་ལམ་དང་བར་ཐག་ཇེ་རིང་གཏོང་བ་ལས། རྒྱལ་ཁབ་གཅིག་འགྱུར་ལ་མི་ཕན་ཟེར།
གློག་རྡུལ་ཚིག་མཛོད་དེ་ནི་སྟབས་བདེ་ལ་སྤྱོད་སྒོ་ཆེ་བ་ཞིག་རེད་འདུག
ཚིག་མཛོད་དེ་ནི་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་འདི་ཕྱོགས་སུ་འབྱོར་དང་འབྱོར་བཞིན་པ་ཡིན།
ངའི་སྤུན་མཆེད་ཅིག་ལ་ཡང་ནང་མིས་གལ་ཆེ་དོན་ཆེར་བསམ་ནས་བསྐུར་འདུག
དེ་རྗེས་ཕྲན་གྱིས་ཀྱང་གཅིག་མངགས་པ་ཡིན།དེ་སྐབས་སྤུན་མཆེད་ཚོས་ཀྱང་དེའི་སྟབས་བདེ་ལ་བཀོལ་བདེ་བའི་ཁྱད་ཆོས་སོགས་དགེ་མཚན་དུ་མ་ཞིག་མཐོང་ནས་ཉོས་འདུག
ཚིག་མཛོད་དེ་ནི་རྩོམ་པ་པོ་ཞིག་ཡིན་ན་རང་ཉིད་ཀྱིས་ཐད་ཀར་གློག་ཀླད་བཞིན་དེའི་ནང་དུ་རྩོམ་ཡིག་བྲིས་ཆོག་ལ།དེ་རྗེས་ཡིག་སྣོད་ནང་དུ་ཉར་ཚགས་བྱས་ཏེ་པར་བཤུས་བྱས་ན་ཡང་འགྲིག་པ་ཞིག་རེད་འདུག
ཚིག་མཛོད་དེའི་ནང་ལ་ད་བར་བོད་ནང་དུ་ཐོན་ཟིན་པའི་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་བསྡོམས་སུམ་ཅུ་ལྷག་བཅུག་ཡོད་ཅིང་།བོད་རྒྱ་དབྱིན་གསུམ་གང་ཞིག་སྦྱོང་མཁན་ཡིན་ན་ཡང་ཕན་ཐོགས་ཧ་ཅང་ཆེ་བ་ཞིག་རེད་འདུག
ད་དུང་དེའི་ནང་ཡིག་ཚགས་ཕར་ཚུར་འཁུར་ཆོག་ལ།
གླུ་གཞས་ཀྱང་ཉན་གཏོང་བྱས་ཆོག་པ་ཞིག་ཡིན།
དེ་ལ་ལྷ་ས་ནས་རྒྱ་སྒོར་999རེད།
ཚིག་མཛོད་དེ་ནི་གློག་ཀླད་ཆུང་ཆུང་ཞིག་དང་འདྲ།
རྩོམ་ཡིག་འབྲི་བར་དགའ་མཁན་ཞིག་ཡིན་ན་རང་ཉིད་ཀྱི་འབྲི་དེབ་དང་ཉིན་ཐོའི་ཚུལ་དུ་བེད་སྤྱོད་བྱས་ཀྱང་ཆོག་པ་ཞིག་རེད།
རྒན་བློ་བཟང་ལགས་ལ་སྐུ་དྲིན་ཆེ་ཞུའོ།།
ད་དུང་བཀའ་འགྱུར་བསྟན་འགྱུར་སོགས་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བཀའ་བསྟན་ཡོད་དོ་ཅོག་འདི་ལྟ་བུའི་གློག་རྡུལ་འཕྲུལ་ཆས་ཆུང་ཆུང་ཞིག་གི་ནང་བཅུག་ཏེ་ལྟ་ཀློག་ཡོང་ཆེད་འདི་བཞིན་བཟོ་རྒྱུར་དུས་ཡུན་རིང་པོ་འགོར་མི་སྲིད།
གོ་སྐབས་བྱུང་ན་ཚིག་མཛོད་དེའི་ནང་དོན་འགྲེལ་བཤད་དང་བེད་སྤྱོད་གསལ་བཤད་རྗེས་སུ་བཀོད་ཆོག
ཚིག་མཛོད་དེ་ནི་སྤྱིར་བཏང་གི་གློག་རྡུལ་ཚིག་མཛོད་ལས་ཏོག་ཙམ་ཆེ་བ་ཞིག་ཡོད་པའི་བཟོ་འདྲ་འདུག དེ་འདྲ་ཞིག་རེད་དམ། ང་ལ་ད་དུང་ངས་མངགས་བཞག་པ་དེ་འབྱོར་མ་སོང་།
སྐུ་ཞབས་བློ་བཟང་ལགས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ཁོ་རང་གིས་ཁ་ནས་བཤད་མཁན་གྱི་ངེད་ཅག་དང་མི་འདྲ་་བར་དོན་དངོས་ལག་ལེན་དུ་ཕབ་པ་རེད དངོས་ནས་མི་དེ་འདྲ་གང་ནས་བྱུང་བ་ཡིན་ན་དེ་དག་ལ་སེམས་གཏིང་ནས་རྒྱབ་སྐྱོར་དང་དགའ་བསུ་ཡོད། སྐུ་ཚེ་རིང་བོར་ཤོག ཁ་ལས་དར་བར་ཤོག ཚོང་ལས་འགྲུབ་པར་ཤོག བོད་ཀྱི་སྐད་ཡིག་ལ་གསོན་ཤུགས་རྒྱས་སུ་བཅུགས་པ་དེར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མི་དེ་ནི་བོད་མི་རེད།
ཁོང་ནི་ཚོང་པ་ཞིག་མ་རེད།
ཁོང་ནི་དགེ་རྒན་ཞིག་རེད།
ཚིག་མཛོད་དེའི་ཆེ་ཆུང་གི་ཚད་ནི་ལག་ཐོགས་ཁ་པར་windows mobil ཙམ་ཞིག་འདུག
དེར་གློག་རྫས་ཆུང་ཤོས་དེ་བེད་སྤྱོད་གཏོང་དགོས་པ་ལས།
གློག་ཀླད་བཞིན་གློག་གསོག་རྫས་མེད་ལ།
གློག་ཐད་ཀར་གཏོང་བྱེད་ཀྱང་མེད།
དེ་ནི་ས་ཕྱོགས་གང་དུ་གློག་མེད་ས་དེར་བེད་སྤྱོད་ལྷག་པར་ཆེ།
འོན་ཀྱང་གློག་རྫས་དེ་མེད་ན་ཅུང་ཁག་ཙམ་ཡོང་ཉེན་འདུག
སྤྱིར་ཧ་ཅང་ལེགས་པོ་འདུག
མ་འོངས་པར་དེ་ལས་ལེགས་པའི་ང་ཚོ་བོད་མིར་མཁོ་བའི་འཕྲུལ་རིགས་དེ་རིགས་གང་མང་ཐོན་པར་སྨོན།
གང་མཁྱོགས་སྨོན་ལམ་སྐད་གདངས་མཉེན་ཆས་དང་།
སྨོན་ལམ་བོད་ཡིག་གསུམ་པ་ཐོན་པར་ཉིན་གྲངས་ཉི་ཤུ་ལྷག་ཙམ་ལས་མེད་དོ།།
གལ་ཏེ་ཚིག་མཛོད་དེ་འདྲ་གཟིགས་འདོད་ཡོད་ན་
ནེའུ་ཡོག་ལ་འཚོང་རྒྱུ་འདུག
Which Shop in New York they are selling it? I would like to get one. Please could you give us the name of the shop
བཀྲ་ཤིས་བདེ་ལེགས།
ཚོང་ཁང་ནང་མ་རེད།
གལ་ཏེ་ཁྱེད་རང་གཟིགས་འདོད་ཡོད་ན་མྱུར་འཕྲིན་འདི་ཐོག་འབྲེལ་བ་གནང་ན་འགྲིག
ཁོང་གིས་བོད་ནས་ཆ་ཁ་ཤས་བསྣམས་འདུག།
གོང་ཚད་ཐད་ཁྱེད་རང་གཉིས་བཀའ་མོལ་གནང་ན་འཐུས།
བེད་སྤྱོད་གཏོང་སྟབས་བདེ་པོ་འདུག
Paldor@gmail.com
ཕྱི་སྡོད་བོད་པ་ཚོར་མཁོ་ན་རྒྱ་ནག་གི་སི་ཁྲོན་ཁྲེང་ཏུའུ་ལ་ཡོང་མཁན་ཡོད་ན་ཨ་རིའི་གཞུང་ཚབ་ཁང་ནས་ཉོ་རྒྱུ་ལོན་ཟེར།
ངས་ཁ་སྔོན་བློ་བཟང་གློག་རྡུལ་ཚིག་མཛོད་ཅེས་པ་དེ་ཐེངས་ཤིག་ཞིབ་མོར་སྔོགས་པ་ཡིན།
དངོས་གནས་ཆེ་ཆུང་དང། སྲབ་མཐུག། སྤུས་ཀ་གང་ཅིའི་ཐད་ཤིན་ཏུ་བབས་ཆགས་པོ་འདུག།
དྲ་མཆན་གཞན་ནས་བཤད་པ་ལྟར་ནང་དུའང་སྣ་འཛོམས་པོ་རེད།
གང་ལྟར་གསར་བཏོད་པ་བློ་བཟང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། རྗེས་སུ་ཡི་རངས་ཡོད།
འོ་ལྟ། ཚིག་མཛོད་དེའི་ཡོན་ཏན་བཤད་དགོས་བྱུང་ན་དུས་ཚོད་ཀྱིས་མི་ལྡང་། ཁ་ྔོན་ངས་ཚིག་མཛོད་དེ་ཁྱེར་ནས། བོད་ཡིག་འཛིན་གྲྭའི་ནང་བེད་སྤྱོད་བཏང་བ་ཡིན། ཕོ་བརྒྱ་སེམས་པ་ཤོར་སོང་། མོ་བརྒྱ་ྙིང་རླུང་འཁྲུག་སོང་།
ངོ་མ་ཡག་པོ་རེད། གློག་རྡུལ་ཚིག་མཛོད་འདི་འདྲ་ཞིག་རྒན་སྨོན་ལམ་ལགས་ཀྱིས་གང་མགྱོགས་ཐབས་ཤེས་གནང་ན་རེད།
བཀྲ་ཤིས་བདེ་ལེགས་ཞུ།
བློ་བཟང་ལགས་སུ་བཀྲིས་བདེ་ལེགས་གྲངས་མེད་ཞུ།
བཤེས་གཉེན་དམ་པ་བློ་བཟང་ལགས་ཀྱི་དྲུང་དུ།
གུས་ཕུལ། ཁོ་བོ་ཉེ་སྔོན་ཁྱེད་ཀྱི་བྱམས་བརྩེའི་རྒྱབ་སྐྱོར་འོག་རྩིས་འཕྲུལ་སྦྱངས་མྱོང་བའི་སློབ་མ་ཞིག་ཡིན། ཉེ་སྔོན་ང་རང་ལྷ་ས་ལ་འབྱོར་ཡང་། རྒན་ཁྱེད་ཉིད་མཇལ་ཐབས་མ་བྱུང་བས་བློ་ཤིན་ཏུ་ཕམ། ཁྱེད་ཀྱིས་བཟོ་བསྐྲུན་མཛད་པའི་གློག་རྡུལ་རྩིས་འཕྲུལ་ཞིག་སྟབས་ལེགས་པ་ཞིག་ལ་ཉོ་ཐུབ་པས་ཧ་ཅང་སྤྲོ་བ་འཕེལ། ཚིག་མཛོད་འདི་ང་ཚོ་སློབ་གྲྭ་པ་རྣམས་ལ་མཚོན་ན། སྤྱོད་སྒོ་ཤིན་ཏུ་ཆེ་ལ། བཀོལ་སྤྱོད་ལའང་སྟབས་ཤིན་ཏུ་བདེ། སྐབས་འདི་དང་བསྟུན་ནས་ཁོ་བོས་སློབ་བུ་ཚོའི་ཚབ་བྱས་ཏེ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གལ་ཏེ་ཁྱེད་ཀྱིས་འཕྲིན་ཐུང་འདི་གཟིགས་ཐུབ་པ་བྱུང་ན། སློབ་བུ་ང་ལ་ཡིག་ལན་རེ་གཏོང་བར་ཁྱེད་མཁྱེན། བཀྲ་ཤིས་བདེ་ལེགས།
ཐོག་མར་ང་ཡི་ཕུ་ནུ་མིང་སྲིང་ཚོར་བཀྲ་ཤིས་བདེ་ལེགས་ཀྱིས་ཁམས་བཟང་བཞུ།