ངོས་ཀྱིས་བོད་བསྟན་སྲིད་དོན་དུ་བསམ་བློའི་ཐོག་ནས་འགན་ལེན་གྱི་རེད་ལ་གནས་ཚུལ་གལ་ཆེ་བ་དེ་དག་ལ་ངོས་ཀྱིས་བསམ་བློ་གཏོང་གི་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཆ་ནས་ངོས་རང་དེར་ཐེ་བྱུས་ཡོད་པ་དེར་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་ཅེས་ཤོད་རྒྱུ་དེ་རེད་ཅེས་དང།
ཡང་༧གོང་ས་མཆོག་ནས་གོང་དུ་བརྗོད་པ་ལྟར་འཛམ་གླིང་འདིའི་སྟེང་ངོམ་ཆོག་པའི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་གཅིག་དང་སྐད་ཡིག་ཅིག་ཡོད་པ་དེ། ང་ཚོ་བོད་པས་བདག་པོ་ཆ་ཚང་བརྒྱབ་ཐུབ་པ་ཞིག་དང། དེ་དང་འབྲེལ་བའི་ཁོར་ཡུག་སྐོར་ལ་ཆ་བཞག་ནའང་བོད་པ་རང་གིས་འགན་མང་ཙམ་ལེན་ནས་ལྟ་ཐུབ་པ་བྱུང་ན། རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་དེ་དག་བསྒྲུབ་ཐུབ་ཀྱི་རེད། དེར་བརྟེན་ང་ཚོས་ད་ལྟ་དབུ་མའི་ལམ་བརྗོད་རྒྱུའི་རྒྱུ་མཚན་དང་གནད་འགག་དེར་ཐུག་ཡོད། ཅེས་༧གོང་ས་མཆོག་གིས་ཕྱི་ཟླ ༡ ཚེས་ ༡༦ ཉིན་གནས་མཆོག་ཝ་ར་ཎ་སིར་དགེ་ལུགས་པའི་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སློབ་གནང་ཡོད།
བཀའ་སློབ་ནང་འཁོད་དོན། མི་ཚེ་སྡུག་ལས་བྱས་ནས་བསྐྱལ་ན་དགོས་པ་ཆེ་བ་མེད། ཚེ་དབང་ཞུས་ནས་སོ་སོ་མི་ཚེ་བཟང་པོ་ཞིག་སྐྱེལ་དགོས། དེ་ཡང་མི་ཚེ་བཟང་པོ་ཞེས་པ་དེ་རང་གི་འཕྲལ་སེལ་སེམས་སྐྱིད་པ་དང་བདེ་བ་དེ་ཙམ་མིན་པར། རང་ཉིད་དང་འབྲེལ་ཡོད་མི་གཞན་ལའང་བདེ་སྐྱིད་དང་ཕན་ཐོགས་ཡོང་རྒྱུ། མདོར་དོན་རབ་བྱུང་ན་གཞན་ལ་ཕན་ཐོགས་རྒྱུ་དང་། གལ་ཏེ་གཞན་ལ་ཕན་མ་ཐོགས་ཀྱང་གནོད་པ་བྱེད་རྒྱུ་མེད། དེ་ལྟ་བུའི་མི་ཚེ་སྐྱེལ་གྱི་ཡིན་ན་དོན་དང་ལྡན་པ་ཞིག་བྱུང་བ་རེད། དེ་ལྟར་བྱས་ཚེ་སོ་སོ་སེམས་སྐྱིད་པ་ཡོང་གི་རེད། ག་ཚོད་ཀྱི་སེམས་སྐྱིད་པ་བྱུང་ན། དེ་ཚོད་ཀྱིས་ལུས་བདེ་བ་ཡོང་གི་ཡོད། དེ་ནི་ཚེ་སྒྲུབ་ཀྱི་མཆོག་ཡིན། ཚེ་གཟུངས་མང་པོ་ཞིག་བསགས་ཀྱང་སེམས་ནང་ཕྲག་དོག་དང་ཁོང་ཁྲོ་བཅངས་ནས་བསྡད་ན་ཚེ་གཟུངས་ཀྱི་ཚེ་རིང་དུ་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡིན། གཙོ་བོ་བསམ་བློ་གཏོང་ཕྱོགས་ཀྱིས་སེམས་བག་ཕེབས་པོ་ཞིག་དང་སྐྱིད་པོ་ཞིག་བྱུང་ན་ལུས་བདེ་བ་ཡོང་གི་རེད། དེའི་ཚོད་ཀྱིས་ཚེ་རིང་བ་ཡོང་གི་རེད། དེའི་ཐོག་ལ་འཕྲོད་བསྟེན་བྱེད་རྒྱུ་གལ་ཆེན་པོ་དང། དེའི་ཐོག་ལ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་ཚེ་ལྷའི་གཟུངས་སྔགས་གསག་གི་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
རྒྱ་གར་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་དང་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་པའི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཐུགས་དམ་མཛད་ནས་སྐུ་ཚེ་རིང་པོ་བཞུགས་པའི་ལོ་རྒྱུས་ཡོད། ཁོར་ཡུག་ཉམས་ཆག་འགྲོ་རྒྱུའི་ཐོག་ལ་ང་ཚོ་བོད་པ་རང་ཉིད་ཀྱིས་རང་དོན་རང་གཅེས་བྱས་ནས་དོ་སྣང་ཆེ་ཙམ་བྱེད་དགོས་པ་གལ་ཆེན་པོ་རེད་འདུག ཧི་མཱ་ལ་ཡའི་མི་མང་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་ཁོར་ཡུག་ཐོག་ལ་དོ་སྣང་ཆེ་ཙམ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། རྒྱ་གར་ནང་དུའང་ཆུ་བོ་གལ་ཆེ་བ་དེ་དག་མང་པོ་ཞིག་བོད་ནས་ཡོང་གི་ཡོད། དེ་བཞིན་རྒྱ་གར་དང་རྒྱ་ནག ཝི་ཏི་ནམ། ཁམ་པུ་ཌེ་ཡ། ལའོ་སི། དེ་དག་ལའང་བོད་ནས་ཡོང་བའི་གཙང་པོའི་ཆུ་རྒྱུན་དེ་གལ་ཆེན་པོ་འདུག
རྒྱ་ནག་རང་ནང་ཆ་བཞག་ནའང་ཆུ་བོ་དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་རྒྱ་གར་དང་པ་ཀི་སན་སོགས་ཀྱི་ཧ་ལམ་མི་དུང་ཕྱུར་བཅུ་ཙམ་ཞིག་གི་མི་ཚེའི་ཐོག་ལ་ཧ་ཅང་འབྲེལ་བ་ཡོད་པ་ཆགས་ཀྱི་ཡོད། གང་ལྟར་བོད་ཀྱི་དོན་དག་དེ་ཁོར་ཡུག་གི་གནས་ཚུལ་དང་འབྲེལ་བ་ཞིག་ཆགས་ཡོད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཞིག་ཀྱང་ཆགས་ཡོང་གི་ཡོད། གང་ལྟར་རྒྱ་དཀར་དེ་གཉིས་མི་འབོར་ཆེ་ཤོས་ཀྱི་ལུང་པ་ཞིག་ཆགས་ཡོད། དེ་གཉིས་དངོས་གནས་དམ་ཚིག་མཐུན་པ་ཞིག་བྱུང་ན། ཡུལ་གྲུ་གཉིས་ལ་ཕན་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལའང་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། བོད་ཀྱི་གནས་ཚུལ་དེ་དེ་ལ་ཡང་འབྲེལ་བ་ཐད་ཀར་ཡོད་པ་ཞིག་ཡིན།
རྒྱ་མི་གུང་ཁྲན་གྱིས་དྲག་པོས་དབང་བསྒྱུར་བྱེད་ནས་སྡོད་ཀྱི་ཡོད་ཀྱང་བོད་པའི་བསམ་པ་དབང་བསྒྱུར་ཐུབ་ཀྱི་མེད། དེ་འདྲ་ཞིག་གི་གནས་སྟངས་འོག་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གུང་ཁྲན་གྱི་དམག་མི་བཙུགས་ཏེ་གནོན་ནས་བསྡད་དགོས་པ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གྱི་ས་ཐོག་ལའང་རང་བཞིན་གྱི་དོགས་པ་དང་མི་བདེ་བ་ཞིག་ཆགས་ཡོང་གི་ཡོད། ནམ་ཞིག་བོད་ནང་གི་གནས་ཚུལ་དེ་ཞི་འཇམ་ཡག་པོ་ཞིག་བྱུང་ན། བོད་ནང་རྒྱ་མིའི་དཔོན་པོ་འཇོག་དགོས་ཀྱི་མེད། དེ་འདྲ་ཞིག་བྱུང་ན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་བརྒྱ་ཆ་བརྒྱ་ཐམ་པ་ཕན་ཐོགས་ཡོང་གི་རེད། དེའི་ཆ་ནས་བོད་ཀྱི་གནས་ཚུལ་དེ་དོན་དག་གཅིག་ཆགས་ཀྱི་ཡོད། བོད་ནང་གི་གནས་ཚུལ་དངོས་གནས་ལྷིང་འཇགས་པོ་ཞིག་ཡོང་རྒྱུ་ཞེས་པ་དེ་གཙོ་བོ་རྒྱ་ནག་གུང་ཁྲན་གྱིས་དངོས་ཡོད་ཀྱི་གནས་ཚུལ་དང་རན་པའི་སྲིད་བྱུས་ཤིག་བཟུང་སྟེ་བོད་རྒྱ་གཉིས་ཀའི་བློ་འཇོག་ས་གཉིས་མོལ་ཞིག་བྱུང་ན། དཀའ་ངལ་དེ་སེལ་ཐུབ་རྒྱུ་ཞིག་རེད། གཉིས་མོལ་མིན་པར་ཕྱོགས་གཅིག་གིས་དབང་ཤུགས་ཀྱིས་གནོན་པའི་བོད་ཀྱི་དཀའ་ངལ་སེལ་ཐུབ་ཐབས་མེད་པ་ཞིག་རེད།
འདས་པའི་ལོ་དྲུག་ཅུའི་རིང་ལ་དཀའ་ངལ་དེ་སེལ་མ་ཐུབ་པར་འབྱུང་འགྱུར་ལོ་དྲུག་ཅུའི་རིང་ལའང་དཀའ་ངལ་སེལ་ཐུབ་པ་ཡོང་རྒྱུ་མེད། ནོར་འཁྲུལ་མེད་པའི་དངོས་ཡོད་གནས་ཚུལ་ལ་རན་པའི་སྲིད་བྱུས་ཤིག་བཟུང་ན། ཕྱོགས་ཚང་མ་མི་ཡིན་སྟབས་བསམ་བློ་གཏོང་གི་རེད།
ང་ཚོ་བོད་པའི་ངོས་ནས་ཀྱང་མཐའ་གཅིག་ཏུ་ང་ཚོར་རང་བཙན་དགོས་ཞེས་བརྗོད་ཀྱི་མེད། ང་ཚོས་གཉིས་མོལ་ཐོག་ནས་དཀའ་ངལ་སེལ་རྒྱུ་ཤོད་དགོས་དོན་ནི། ཕྱོགས་གཅིག་ནས་ངོས་ཀྱིས་ནམ་རྒྱུན་དུ་འཛམ་གླིང་འདིའི་སྟེང་གི་དཀའ་ངལ་ཚང་མ་གྲོས་མོལ་དང་གཉིས་མོས་ཀྱི་ཐོག་ནས་སེལ་དགོས་ངོས་ཀྱིས་གྲོགས་པོ་མང་པོ་ཞིག་ལ་ཁ་བཀྱག་ནས་ཤོད་ཀྱི་ཡོད། མི་ལ་གྲོས་མོལ་དང་གཉིས་མོས་ཐོག་ནས་དཀའ་ངལ་སེལ་དགོས་པ་རེད་ཅེས་ཤོད་བཞིན་པར་ང་ཚོ་བོད་པའི་དཀའ་ངལ་དེ་ཕྱོགས་གཅིག་གིས་འདོད་དབང་བྱས་ནས་དཀའ་ངལ་སེལ་དགོས་པ་རེད་ཅེས་ན་བྱབ་མི་འདུག གཉིས་ནས་ངོས་ཀྱིས་ནམ་རྒྱུན་ང་ཚོ་བོད་པ་ཚོར་རྟག་པར་བརྗོད་ཀྱི་ཡོད། ང་ཚོ་བོད་པ་ཚོར་དཔལ་འབྱོར་ཡར་རྒྱས་དགོས་ཀྱི་འདུག རྒྱ་གར་ནང་ནས་བོད་པ་མང་པོ་ཞིག་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་སོགས་ལ་འགྲོ་གི་ཡོད། མདོར་ན་ལྐོག་ཏུ་དངུལ་སྤྲད་ནས་ཁྲིམས་འགལ་བྱས་ནས་འགྲོ་གི་ཡོད་པ་རེད། དེ་ལྟར་བྱས་ནས་འགྲོ་མཁན་དེ་དག་ནུབ་ཕྱོགས་ལུང་པར་ཆོས་དོན་གཉེར་བྱེད་བར་འགྲོ་གི་མེད། ཨ་སྒོར་དོན་གཉེར་བྱེད་བ་འགྲོ་གི་ཡོད་། དེས་རྟགས་ག་རེ་བསྟན་པ་རེད་ཅེ་ན། བོད་པ་ཚོར་དངུལ་དགོས་ཀྱི་ཡོད་པ་དེ་བསྟན་པ་རེད། དེར་བརྟེན་དངོས་པོ་ཡར་རྒྱས་ང་ཚོ་བོད་པ་ཚོར་དགོས་ཀྱི་ཡོད། དངོས་པོ་ཡར་རྒྱས་འགྲོ་རྒྱུར་སྟོབས་ཆེན་རྒྱལ་ཁབ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ང་ཚོ་བསྡད་ན་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ང་ཚོར་ཁེ་ཕན་ཡོང་སྲིད་པ་ཡིན།དེ་ཡང་ང་ཚོས་སྔོན་ལ་གོ་སྐབས་ཤིག་ལ་བཞག་ན་འགྲིག་གི་འདུག
ང་ཚོར་གོང་དུ་བརྗོད་པ་ལྟར་འཛམ་གླིང་འདིའི་སྟེང་ངོམ་ཆོག་པའི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་གཅིག་དང་སྐད་ཡིག་ཅིག་ཡོད་པ་དེ་ང་ཚོ་བོད་པས་བདག་པོ་ཆ་ཚང་བརྒྱབ་ཐུབ་པ་ཞིག་དེ་དང་འབྲེལ་བའི་ཁོར་ཡུག་སྐོར་ལ་ཆ་བཞག་ནའང་བོད་པ་རང་གིས་འགན་མང་ཙམ་ལེན་ནས་ལྟ་ཐུབ་པ་བྱུང་ན། རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་དེ་དག་བསྒྲུབ་ཐུབ་ཀྱི་རེད། དེར་བརྟེན་ང་ཚོ་ད་ལྟ་དབུ་མའི་ལམ་བརྗོད་རྒྱུ་རྒྱུ་མཚན་དང་གནད་འགག་དེར་ཐུག་ཡོད། འཛམ་གླིང་འདིའི་སྟེང་ཆ་བཞག་ནའང་གཙོ་ཆེ་ཤོས་རྒྱ་གར་གཞུང་དང་དེ་བཞིན་ཨ་རི། ཡུ་རོབ་གྲོས་ཚོགས་བཅས་དེ་དག་གིས་ང་ཚོར་རྒྱབ་སྐྱོར་དགོས་ཀྱི་ཡོད། ང་ཚོས་རང་རྒྱལ་གཞན་ཕམ་མིན་པར་གཉིས་ཕན་དབུ་མའི་ལམ་ཞེས་པ་དེར་འཛམ་གླིང་ཚང་མས་ རྒྱབ་སྐྱོར་བྱེད་ཀྱི་ཡོད། ལྷག་པར་རྒྱ་རིགས་ཤེས་ཡོན་ཅན་ནང་ནས་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་འདུག
ཕྱི་ལོ་ ༢༠༠༨ ནས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་ཛ་དྲག་གི་གནས་ཚུལ་བྱུང་ཡོད། བོད་མི་རྣམས་འུ་ཐུག་སྟེ། སྐད་འབོད་བྱས་པའི་རྗེས་ལ་རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གནས་ཚུལ་ཐོག་ལ་དོ་སྣང་གསར་པ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་འགྲོ་གི་ཡོད། རྒྱ་ནག་གི་ཤེས་ཡོན་ཅན་ནང་དུང་དོ་སྣང་གསར་པ་ཞིག་བསླེབས་ཏེ། དེ་དག་གིས་འདས་པའི་ལོ་གཉིས་ནས་བོད་ཀྱི་སྐོར་ལ་རྒྱ་ཡིག་མཁས་པའི་རྩོམ་ཡིག་བྲིས་པ་སྟེ། ང་ཚོས་ཤེས་པར་ཆིག་སྟོང་ལྷག་ཙམ་ཞིག་འདུག དེའི་ནང་ལ་ཚང་མས་ང་ཚོས་གཉིས་ཕན་དབུ་མའི་ལམ་བརྗོད་པ་དེར་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་བྱེད་ཀྱི་འདུག དེས་བདེན་པའི་མཐའ་གཅིག་གསལ་ཡོང་གི་ཡོད་པ་རེད། གང་ལྟར་ད་ལྟའི་དཀའ་ངལ་དེ་སེལ་དགོས་པ་ཞིག་རེད། དེར་དྲག་གནོན་བྱས་ནས་སྡོད་པ་དེ་ནམ་རིང་སྒྲུང་གི་འཁྱོལ་ཐབས་མེད། དེ་སེལ་དགོས་ན་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང་འདོད་པར་བསམ་བློ་གཏོང་དགོས་པ་ཞིག་རེད། བོད་པར་བློ་འཇོག་ས་ཡོད་པ་ཞིག་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་དུ་འགྲོ་མི་དགོས་པ་དེ་འདྲ་ཞིག་གི་འོག་ལ་ང་ཚོའི་དཀའ་ངལ་སེལ་ཐུབ་རྒྱུའི་རེ་བ་ཏན་ཏན་ཡོད།
གལ་ཆེ་ཤོས་གོང་དུ་བརྗོད་པ་ལྟར་རྒྱ་རིགས་ཤེས་ཡོན་ཅན་ནང་ནས་དེ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཞིག་རེད་ཅེས་ཤོད་ཀྱི་འདུག ཡང་རྒྱ་རིགས་ཁ་ཤས་ནང་བོད་རང་བཙན་དགོས་པ་རེད་ཅེས་བརྗོད་ནས་རྒྱབ་སྐྱོར་བྱེད་མཁན་ཡང་ཡོང་གི་འདུག ང་ཚོ་བཙན་བྱོལ་དུ་སླེབས་ནས་བཟུང་མང་གཙོའི་ལམ་དུ་འགྲོ་གི་ཡོད་པ་རེད།
རྒྱ་མི་གུང་ཁྲན་གྱིས་ང་ཚོར་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུ་དང་ལོག་སྤྱོད་ཉུང་ཤས་ཤིག་གིས་ཁེ་ཕན་གྱི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་ཤོད་བཞིན་པ་དེར་འཕྲལ་སེལ་ལན་རྒྱག་རྒྱུ་ལྟ་བུ་བྱུང་ཡོད། ང་ཚོས་མང་གཙོ་ཟེར་རྒྱུ་དེ་ཁ་ཞེ་གཉིས་མེད་དང་བསམ་པ་རྣམ་དག་གིས་མང་གཙོའི་ལམ་དུ་འགྲོ་གི་ཡོད་པ་ རེད། མཐའ་ན་ང་ཚོ་བོད་དུ་ཡོད་སྐབས་ཕྱི་ལོ་ ༡༩༥༠ ལོ་མཇུག་ནས་ངོས་ཀྱིས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བླངས་པ་རེད། སྐབས་དེར་ངོས་རང་ལོ་བཅུ་དྲུག་ཡིན། ༡༩༥༢ ལོར་ལེགས་བཅོས་ཀྱི་སྤྱི་ཚོགས་བཙུགས་ཏེ་གང་ལྟར་བསྒྱུར་བཅོས་གཏོང་རྒྱུའི་བསམ་བློ་དེ་དུས་ནས་ཡོད། དེ་ནས་བྱས་ཏེ་ལས་ཀ་འགོ་བཙུགས་ཀྱང་ནུས་པ་ཐོན་པའི་བསྒྱུར་བཅོས་འགྲོ་ཐུབ་ཐབས་མི་འདུག གང་ལ་ཞེ་ན། ལྷ་སར་ཡོད་པའི་ཏང་ཧུའུ་ཡི་འགོ་ཁྲིད་དེ་དག་གིས་རྒྱ་ནག་ནང་བཅོས་བསྒྱུར་བཏང་བ་ལྟར་བོད་ལ་གཏོང་འདོད་ཡོད་པ་མ་གཏོགས། བོད་པ་རང་ལ་རན་པ་ཞིག་མེད་ཁར་བོད་པས་བཅོས་བསྒྱུར་གྱི་ལས་ཀ་འགོ་བཙུགས་ན། སྣང་བ་འགྲོ་གི་མི་འདུག དེ་ལྟར་བྱས་ནས་ལག་ལེན་སྐྱེལ་རྒྱུ་མ་བྱུང་བ་རེད།
མཐའ་མ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བསླེབས་ ཏེ་བཙན་བྱོལ་བ་ཆགས་པ་རེད། ཕྱི་ལོ་ ༡༩༥༩ ལོ་འཇུག་དང་ ༦༠ པའི་ལོ་འགོ་ནས་ང་ཚོས་མང་གཙོའི་འགྲོ་སྟངས་སྐོར་ལ་སྤྱི་འཐུས་འཛུགས་རྒྱུ་སོགས་ཀྱི་ལས་ལ་འགོ་བཙུགས་པ་རེད། དུས་དེ་ནས་བཟུང་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ལས་ཀ་ང་ཚོས་ཁ་ཞེ་གཉིས་མེད་ཐོག་ནས་འགོ་བཙུགས་པ་རེད། དེ་སྔ་ཡིན་ན་ངོས་ཀྱིས་བཀའ་བློན་ཁྲི་པ་བསྐོ་གཞག་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་མང་གཙོའི་ལམ་ནས་འོས་འདེམས་བྱས་ཏེ་བསྐོ་གཞག་བྱེད་རྒྱུ་ཞིག་བྱུང་བ་རེད། དེས་དངོས་གནས་ང་ཚོ་མང་གཙོའི་ཚད་དེ་གང་ཙམ་ཞིག་བསླེབས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་ཡོད། ༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་ལམ་ལུགས་དེ་ཕྱི་ལོ་ ༢༠༠༡ ལོ་ནས་རྫོགས་པ་རེད་ཅེས་ཤོད་ཀྱི་ཡོད། དེ་རྫོགས་རྒྱུ་དེ་དབང་ཡོད་ཀྱིས་རྫོགས་པ་ཞིག་མིན་པར་དང་དུ་བླངས་ནས་རྫོགས་པ་ཞིག་ཡིན། དེ་ཡང་བོད་ཀྱི་བསྟན་པ་དང་བོད་མི་རིགས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་སྟེ། དང་དུ་བླངས་ཏེ་གང་ལྟར་དགའ་ལྡན་ཕོ་བྲང་གི་རྒྱལ་དབང་སྐུ་ཕྲེང་རིན་བྱོན་གྱིས་ལུགས་གཉིས་ཀྱི་དབུ་ཁྲིད་ཅེས་པ་དེ་མཇུག་རྫོགས་ཟིན་པ་རེད། དེ་འདྲ་ཞིག་གི་འོག་ནས་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་ཐོག་ཏུ་བསྡད་ཡོད།
དེ་ནས་ད་དུང་ལོ་བཅུ་ཙམ་ཞིག་ཕྱིན་ཟིན་པ་རེད། ད་དུང་ཡང་འགྱུར་བ་འགྲོ་དགོས་པ་ཞིག་ཡིན། ང་ཚོའི་བཅའ་ཁྲིམས་ནང་ད་དུང་ཡང་འགན་དབང་གི་དམིགས་བསལ་བཀོད་པ་དེ་བསྒྱུར་བཅོས་གཏོང་རྒྱུའི་མཚམས་ལ་བསླེབས་འདུག་ཅེས་བར་སྐབས་ནས་རྒྱལ་བ་རིན་པོ་ཆེ་རྒན་ཆ་ཚང་སྟེང་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་ངོས་ཀྱིས་ཤོད་བཞིན་ཡོད། དེ་བཤད་པའི་རྗེས་རྒྱ་གར་ནང་ལ་ཡིན་ཡང་གདན་ས་དང་གཞིས་ཆགས། ཚོགས་པ་སྐྱིད་སྡུག་ཁག་མང་པོ་ཞིག་དྲོང་སྒོ་ལངས་པ་ལྟ་བུ་བྱས་ཏེ་རྒྱལ་བ་རིན་པ་ཆེས་འགན་མ་བླང་ན་འགྲིག་གི་མི་འདུག་ཅེས་སྙན་ཞུ་རིམ་པ་མང་པོ་ཞིག་འབྱོར་བྱུང་། སྤྱི་འཐུས་ནས་སྙན་ཞུ་འབྱོར་བྱུང་། ལྷག་པར་དུ་བོད་ནང་ལ་ངོས་ཀྱིས་གནས་ཚུལ་ཁག་ཁ་ཤས་ཤིག་གོ་རྒྱུ་ལ། བོད་ནང་ནས་ཏོག་ཙམ་ཞིག་སེམས་འཚབ་བྱེད་ཀྱི་འདུག་ཅེས་གོ་བྱུང་། དེ་ཡང་འགན་ལྗིད་པ་ཡིན་པར་བརྟེན་དེ་རིང་འདིར་སེར་སྐྱ་མི་མང་ཁྲི་ཚོ་ལྷག་ཙམ་ཡོད་པའི་སར་ངོས་ཀྱིས་གསལ་བཤད་བྱས་ན་བསམ་པ་ལྟ་བུ་བྱུང་།
གཞི་རྩའི་ཆ་ནས་ང་ཚོ་མང་གཙོ་ཐོག་ལ་འགྲོ་དོན་དེ་ང་ཚོའི་མི་རིགས་ཀྱི་ཁེ་ཕན་རེད། དུས་རབས་ཉེར་གཅིག་ནང་ལ་འཛམ་གླིང་སྤྱི་དང་མཚུངས་པ་ཞིག་དང་ང་ཚོ་མི་གྲལ་དུ་ཚུད་པ་ཞིག་དགོས་ཀྱི་ཡོད། ལོ་བརྒྱ་ཕྲག་ཁ་ཤས་ང་ཚོའི་ལུགས་སྲོལ་གཅིག་པུ་སྐད་ཆ་བཤད་པའི་ཕན་གྱི་མེད་ལ་འགྲིག་གི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་རང་ཕྱེད་རྒན་ཡོལ་ཞེས་པ་དེ་ཕྱི་ལོ་ ༢༠༠༡ ནས་ཡིན་ལ་ད་ཆ་ད་དུང་ངོས་ཀྱིས་སྲིད་འཛིན་གྱི་མིང་འཛིན་ལྟ་བུ་བྱས་ནས་དེ་དང་འབྲེལ་བའི་ཡིག་ཆ་དེ་འདྲ་ལ་མིང་རྟགས་འགོད་རྒྱུའི་མཚོན་དེ་འདྲའི་ལས་འགན་ཞིག་ད་ལྟ་ཆགས་ཡོད་པ་དེ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་ཅེས་ངོས་ཀྱིས་བརྗོད་རྒྱུའི་བསམ་ཚུལ་དེ་རེད།
ཡང་ངོས་ཀྱིས་རྒན་ཡོལ་ཟེར་རྒྱུ་དེ་ངོས་རང་བོད་སྤྱི་པའི་དོན་དག་ལ་རེ་བ་བྲལ་ཏེ་སེམས་ཤུགས་ཆག་པ་ལྟ་བུ་དང་། བོད་བསྟན་སྲིད་དོན་དག་ངོས་ཀྱིས་བློས་གཏོང་བྱས་པ་དེ་འདྲ་རྩ་བ་ནས་མིན་པས་ཁྱེད་རང་བློ་བདེ་པོ་བྱེད། གངས་ཅན་པ་སྤྱི་བོ་ནམ་བསྟན་ཡོངས་རྫོགས་ལ་བོད་སྤྱི་པའི་འགན་ཁུར་མ་འཆི་བར་དུ་ཡོད་ཡོད་པ་རེད། ངོས་ཀྱང་གངས་ཅན་ཞིག་ཡིན་སྟབས་བོད་སྤྱི་པའི་འགན་ཁུར་ལོས་ཡོད། ལྷག་པར་ངོས་ལ་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་མེད་ནའང་དགུ་བཅུ་གོ་གྲངས་ཤིག་གིས་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད། བོད་ནང་ལ་ཆ་བཞག་ནའང་མང་པོ་ཞིག་ལ་ཆོས་དད་ཡོད་རུང་མེད་རུང་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་ངོས་ལ་དགའ་པོ་དང་མོས་པོ་བྱེད་ཀྱི་འདུག དེར་བརྟེན་ཇི་སྲིད་མང་ཚོགས་ཀྱིས་ངོས་ལ་ཡིད་ཆེས་དང་རེ་བ་གཏོད་ནས་ཡོད་པ་དེ་གནས་པའི་རིང་ལ་རྒྱུ་འབྲས་ལ་དང་ཡ་རབས་ཀྱི་བསམ་བློ་བཏང་བ་ཡིན་ནའང་། ངོས་ཀྱིས་བོད་བསྟན་སྲིད་དོན་དུ་བསམ་བློའི་ཐོག་ནས་འགན་ལེན་གྱི་རེད་ལ་གནས་ཚུལ་གལ་ཆེ་བ་དེ་དག་ལ་ངོས་ཀྱིས་བསམ་བློ་གཏོང་གི་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཆ་ནས་ངོས་རང་དེར་ཐེ་བྱུས་ཡོད་པ་དེར་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་ཅེས་ཤོད་རྒྱུ་དེ་རེད། ཞིབ་ཕྲའི་གནས་ཚུལ་གསལ་པོ་ཞིག་ཕལ་ཆེར་ཕྱི་ཟླ་ ༣ ནང་གྲོས་ཚོགས་ ཚོགས་ཀྱི་རེད། དེའི་སྐབས་ལ་ངོས་ཀྱིས་ཡིག་ཐོག་ནས་གསལ་པོ་བྱས་ཏེ་ཞུ་རྩིས་ ཡོད། འདི་དེ་རིང་རྒྱ་ཆེ་མང་ཚོགས་མང་པོ་ཞིག་འཛོམས་པའི་སྐབས་འདིར་ངོས་ཀྱིས་གསལ་པོ་བྱས་ནས་ཞུ་ན་སྙམ་བྱུང་། གཙོ་ཆེ་བ་བོད་ནས་ཡོང་བའི་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་དུམ་བུ་ཞིག་ཆགས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་ཡིན་ཞེས་ངོས་ཀྱིས་རྟག་པར་ཤོད་ཀྱི་ཡོད། ང་ཚོ་ འདི་གར་བཙན་བྱོལ་དུ་ཡོད་པ་རྣམས་ཉུང་ཤས་ཤིག་ཡིན། ལྷག་པར་དུས་ད་ལྟ་བར་དུ་འཛམ་ གླིང་འདིའི་སྟེང་ལ་བོད་དོན་མ་ཡལ་བར་གནས་པ་དེ་གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་ མི་མང་གི་སྙིང་སྟོབས་དང་ལྷག་བསམ་རྣམས་རང་ཚུགས་ཟིན་ནས་བསྡད་སྟབས། འཛམ་གླིང་འདིའི་སྟེང་ལ་བོད་ཀྱི་གནད་དོན་ད་ལྟ་ཡིན་ཡང་གནས་ཡོད། མ་འོངས་པར་ཡིན་ཡང་བོད་ཀྱི་གནས་ཚུལ་གང་འདྲ་ཞིག་ཡོང་དང་མི་ཡོང་ཞེས་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལ་རག་ལུས་ཡོད་པས་ཁྱེད་རང་ཚོ་དོན་གྱི་བདག་པོ་ཆགས་ཡོད།
དངོས་ཡོད་གནས་ཚུལ་ལ་ཆ་བཞག་ནའང་ཁྱེད་རང་ཚོའི་སྲོག་ཀྱང་རང་ཉིད་ལ་དབང་མེད་པ་ལྟ་བུ་བྱས་ཕྲན་བུའི་རྣམ་འགྱུར་བསྟན་ཡག་ཉེས་དང་མི་འགྲིག་པ་བྱུང་ན། ལམ་སེང་ཁ་བྲལ་པ་དང་གསར་བརྗེའི་གྱེན་ལོག་པ་རེད་ཅེས་བཤད་དེ་བཙན་དུ་འགྲོ་རྒྱུ་དང་། ཉེས་རྡུང་ཚད་མེད་བཏང་སྟེ་འདས་གྲོངས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཞིག་ ཡིན། ང་ཚོ་འདི་གར་བཙན་བྱོལ་བ་དང་ཡུལ་གྱར་བ་རེད་ཀྱང་རང་དབང་ལུང་པའི་ནང་ཡོད་པ་རེད། གནས་ཚུལ་དེའི་ཆ་ནས་རྩིས་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གིས་དཀའ་ངལ་དེ་ འདྲ་ཞིག་མྱངས་དང་མྱོང་བཞིན་པ་རེད། དེར་བརྟེན་ཁྱེད་རང་ཚོ་དེ་དག་དོན་གྱི་བདག་པོ་རེད། བོད་ཀྱི་དོན་གྱི་བདག་པའི་ཆ་ཤས་ཤིག་ཁྱེད་རང་ཚོ་བསླེབས་ཡོད་པ་ རེད། ཁྱེད་རང་ཚོ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྐད་ཆ་ལྐོག་ཏུ་ཤོད་རྒྱུ་དེ་འདྲ་གང་ཡང་མེད། བོད་རྒྱ་མི་རིགས་སུ་ཞིག་ཐུག་ཀྱང་སྐད་ཆ་དེ་རང་ཤོད་ཀྱི་ ཡོད། དེ་ཁྱེད་རང་བློ་བདེ་བ་ཟེར་ན་མི་འདུག་དངོས་ཡོད་ཀྱི་གནས་ཚུལ་ཆ་ཚང་ཞིག་ རྟོགས་རྒྱུ་ཆེད་དུ་ཡིན། ངོས་ཀྱིས་ད་ལྟ་ལས་འགུལ་ཞིག་བྱེད་རྒྱུ་དེ་མང་གཙོ་དངོས་གནས་ཕྱོགས་ཡོངས་ནས་ཆ་ཚང་བ་ཞིག་བྱུུང་ན་བསམ་པའི་བསམ་ཚུལ་དེ་ཡིན། དེ་འཐུས་ཤོར་འགྲོ་རྒྱུ་གང་ཡང་མེད། འདས་པའི་ལོ་བཅུ་གྲངས་དེའི་རིང་ངོས་ཕྱེད་རྒན་ ཡོལ་བྱས་ཏེ་བསྡད་ཡོད། དེ་སྔ་ཧ་ལམ་བཀའ་བློན་ཚོ་དང་མཉམ་དུ་བདུན་ཕྲག་རེ་རེའི་ ནང་ཚོགས་ཏེ་གོ་བསྡུར་བྱས་ཏེ་གཏན་འབེབས་བྱེད་ཀྱི་ཡོད། བཀའ་བློན་ཁྲི་པ་འོས་ འདེམས་བྱུང་བའི་རྗེས་ལ་ང་ཚོ་བཀའ་ཤག་ལྷན་རྒྱས་མཉམ་དུ་ཚོགས་རྒྱུ་དེ་མཚམས་ མཚམས་མ་གཏོགས་ཚོགས་དགོས་ཀྱི་མེད། བཀའ་བློན་ཁྲི་པས་འགན་ཆ་ཚང་བླངས་དང་དེ་བཞིན་བཀའ་བློན་ལྷན་ཚོགས་ནས་འགན་བླངས་ཏེ་འགྲོ་གི་ཡོད། དེ་ལྟར་བྱས་ནས་འདས་ པའི་ལོ་བཅུའི་ནང་འཐུས་ཤོར་གང་ཡང་ཕྱིན་མེད། ད་ལྟ་ངོས་ཀྱིས་ཡིག་ཆའི་འགྲོ་ སྟངས་ཐོག་ལ་རྒན་ཡོལ་ཆ་ཚང་ཕྱིན་པ་ཡིན་ཡང་འཐུས་ཤོར་འགྲོ་རྒྱུ་གང་ཡང་ མེད། དེའི་ཐོག་སེམས་གཡང་ཁ་རྩ་བ་ནས་བྱེད་དགོས་ཀྱི་མེད། ཅེས་བསྩལ།།
གནས་ཚུལ་མཁོ་སྤྲོད་པ་ཤར་ཕྱོགས་ཁུག་རྟ།
ཤིན་ནས་ལེགས་འདུག སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
ཤིན་ནས་ལེགས་འདུག སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
ལགས་སོ།། ༧འདི་ཕྱིའི་གཏན་གྱི་སྐྱབས་མགོན་དམ་པ་ལགས། ལགས་སོ།།
ཁྱེད་ཀྱི་གུ་ཡངས་དཀྱེལ་ཆེའི་དགོངས་གཞི་རྒྱ་ཆེ་གཏིང་ཟབ་ང་ཚོའི་བྱིས་བློས་གཞལ་ཞིང་དཔོགས་མི་ཐུབ་པར་སེམས་ཕྲལ་དང་བོད་དོགས་སྣ་ཚོགས་ཞིག་བྱུང་ཡོད་ཀྱང་ད་ནི།
བློ་བདེ་བག་ཕེབས་ངང་ཁྱེད་ཀྱི་ཅི་གསུངས་དང་གང་གནང་ལ་རྗེས་སུ་ཡི་རངས་བ་ལས་གཞན་མ་མཆིས།
སྐུ་ཚེ་ཡུན་དུ་བརྟན་པར་ཤོག
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །
དེ་སྲིད་བླ་མའི་ཞབས་དྲུང་དུ། །བྲལ་བ་མེད་པར་སྐྱེ་བར་ཤོག །
བཀའ་སློབ་ནང་འཁོད་དོན། མི་ཚེ་སྡུག་ལས་བྱས་ནས་བསྐྱལ་ན་དགོས་པ་ཆེ་བ་མེད། ཚེ་དབང་ཞུས་ནས་སོ་སོ་མི་ཚེ་བཟང་པོ་ཞིག་སྐྱེལ་དགོས། ࿊࿊ ࿋ཞེས་འཁོད་འདུག་པས་དང་པོ་ སྡུག་ལས་ཞེས་པ་དེ་ལས་ཀ་གང་འདྲ་ཞིག་ལ་གོ་དགོས་སམ་
གཉིས་པ་ ཚེ་དབང་ཞུས་ནས་སོ་སོ་མི་ཚེ་བཟང་པོ་ཞིག་སྐྱེལ་དགོས། གསུང་པ་དེའི་ནང་དོན་འགྲེལ་བཤད་གནང་མཁན་བྱུང་ན་ཕྲན་ལ་ཕན་ཐོག་ཆེན་པོ་ཡོང་བ་འདུག་
འཇིག་མེད་ལགས།
སྡུག་ལས་ཟེར་བ་ཡིན་ས་མ་རེད།
ཕལ་ཆེར་སྡིག་ལས་ཞེས་པར་གོ་བ་ཡིན་རྒྱུ་རེད་སྙམ།
ཚེ་དངབ་ཞུས་ནས་ཚེ་རིང་པོ་འབྱུང་གི་ཡོད་པ་དང།
ཚེ་རིང་པའི་མི་ཚེ་འདིར་དཀར་པོའི་དགེ་བའི་ལས་ལ་འབུངས་དགོས་པ་དང་དེ་ཡང་གཞན་ལ་ཕན་ཅིག་མ་ཐོགས་ཀྱང་གནོད་ཅིང་འཚེ་བ་མི་བྱེད་པའི་ཐབས་ལ་འབད་དགོས་གསུངས་པ་རེད།
དེ་ལྟར་བྱུང་ན་ཚེ་རིང་པའི་དགོས་པ་རེད།
དེ་མིན་སྡིག་ལས་ལ་འབད་ན་ཚེ་རིང་བ་ལས་མ་རིང་པ་དགའ་རྒྱུ་རེད།
དེས་ན།
གསང་སྔགས་ནས་སྡིག་པོ་ཆེ་ཞིག་བསྒྲལ་ན་ཁོ་དམྱལ་བར་ཡུན་རིང་དེ་ཙམ་སྡོད་མི་དགོས་པར་བཤད་ཡོད།
ཚེ་དབང་ཞུས་ན་་་་ཞེས་བཅོས་རོགས་གནང།
༧གོས་ས་མཆོག
ཁྱོད་ནི་འགྲོ་བའི་དོན་གྱི་སླད་ཅུང་ཟད་ཙམ་ཡང་མི་ངལ་ཞིང་་་
་འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི་ཡོན་ཏན་བརྗོད་ལ་ངལ་མ་གྱུར།
༸གོང་ས་མཆོག་་གི་དམིགས་ཡུལ་ནི། རྒྱ་དཀར་ནག་གཉིས་མཛའ་བརྩེ་ལྡན་པ་ཆགས་ཞོར་དུ། བོད་དང་། སོག་པོ། བལ་འབྲུག་འབྲས་ལྗོངས་སུའང་ཞི་བདེ་བག་ཕེབས་ཤིག་བསྐྲུན་འདོད་བཞེད་དགོངས་སུ་ཡོད་པར་མངོན་པས། ཀུན་གྱིས་ཕྱར་གྲུ་མཉམ་འདེགས་ལ་དགོས་རེམས་དགོས་འདུག་སྙམ།
དགོས་ཅིག་ལྷག་འདུག
འཇིགས་མེད་ལགས་སུ་ཆེད་ཞུ། ༸སྐྱབས་མཆོག་གིས་མི་ཚེ་སྡུག་ལས་བྱས་ནས་བསྐྱལ་ན་དགོས་པ་ཆེ་བ་མེད། གསུང་ཡས་འདི་མི་ཚེའི་ནང་བྱ་བ་གང་ཞིག་སྒྲུབ་ཀྱང་རང་རྒྱལ་གཞན་ཕམ་དང་། སྤྱི་ཚོགས་ལ་གནོད་གཞི། དེ་བཞིན་དཔལ་འབྱོར་ལ་བརྔམས་ནས་མི་དགེ་བའི་བྱ་བ་སྣ་ཚོགས་བྱེད་པ། ཉམ་ཐག་ལ་ཐུབ་ཚོད་དང་མགོ་བདེ་དྲན་འཁྲུལ་སོགས་མདོར་ན་བཟང་སྤྱོད་ལས་འགལ་བའི་མི་ཚེ་སྐྱེལ་སྟངས་ལ་གསུངས་སྙམ། ཚེ་དབང་ཞུས་ནས་སོ་སོ་མི་ཚེ་བཟང་པོ་ཞིག་སྐྱེལ་དགོས། ཞེས་པ་འདིའི་སྐོར་འགྲེལ་བཤད་དམིགས་བསལ་དགོས་ཡས་མི་འདུག གཤམ་གྱི་བཀའ་སློབ་ལ་གཟིགས། དེ་ཡང་མི་ཚེ་བཟང་པོ་ཞེས་པ་དེ་རང་གི་འཕྲལ་སེལ་སེམས་སྐྱིད་པ་དང་བདེ་བ་དེ་ཙམ་མིན་པར། རང་ཉིད་དང་འབྲེལ་ཡོད་མི་གཞན་ལའང་བདེ་སྐྱིད་དང་ཕན་ཐོགས་ཡོང་རྒྱུ། མདོར་དོན་རབ་བྱུང་ན་གཞན་ལ་ཕན་ཐོགས་རྒྱུ་དང་། གལ་ཏེ་གཞན་ལ་ཕན་མ་ཐོགས་ཀྱང་གནོད་པ་བྱེད་རྒྱུ་མེད། དེ་ལྟ་བུའི་མི་ཚེ་སྐྱེལ་གྱི་ཡིན་ན་དོན་དང་ལྡན་པ་ཞིག་བྱུང་བ་རེད། དེ་ལྟར་བྱས་ཚེ་སོ་སོ་སེམས་སྐྱིད་པ་ཡོང་གི་རེད། ག་ཚོད་ཀྱི་སེམས་སྐྱིད་པ་བྱུང་ན། དེ་ཚོད་ཀྱིས་ལུས་བདེ་བ་ཡོང་གི་ཡོད། དེ་ནི་ཚེ་སྒྲུབ་ཀྱི་མཆོག་ཡིན། ཚེ་གཟུངས་མང་པོ་ཞིག་བསགས་ཀྱང་སེམས་ནང་ཕྲག་དོག་དང་ཁོང་ཁྲོ་བཅངས་ནས་བསྡད་ན་ཚེ་གཟུངས་ཀྱི་ཚེ་རིང་དུ་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡིན། གཙོ་བོ་བསམ་བློ་གཏོང་ཕྱོགས་ཀྱིས་སེམས་བག་ཕེབས་པོ་ཞིག་དང་སྐྱིད་པོ་ཞིག་བྱུང་ན་ལུས་བདེ་བ་ཡོང་གི་རེད། དེའི་ཚོད་ཀྱིས་ཚེ་རིང་བ་ཡོང་གི་རེད། དེའི་ཐོག་ལ་འཕྲོད་བསྟེན་བྱེད་རྒྱུ་གལ་ཆེན་པོ་དང། དེའི་ཐོག་ལ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་ཚེ་ལྷའི་གཟུངས་སྔགས་གསག་གི་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
ཚེ་ཉམས་པའམ་ཚེ་ཐུང་བའི་རྒྱུ་ལ་ཉེ་རྒྱུ་དང་རིང་རྒྱུ་གཉིས་ཏེ།
ཉེ་རྒྱུ་ནི་སྲོག་གཅོད་པའི་ལས་དང།
རིང་རྒྱུ་ནི་ཞེ་སྡང་གདུག་སེམས་བསྐྱེད་པའོ།
ཚེ་རིང་པའི་རྒྱུ་ནི།་
ཚེ་རིང་བདེ་བ་ཐོབ་འདོད་པས།
སྲོག་གཅོད་ཞེ་སྡང་སྤང་བར་བྱ།
ཞེས་དང་དགེ་བའི་རྩ་བ་ནི་ཚེ་རིང་བའི་རྒྱུའོ།
ཞེས་ལྷ་ཡི་བོན་ཕན་བྱེད་ཀྱི་གཟུང་ལས་དྲངས་སོ།
༧ གོང་ས་མཆོག་གིས་རྒན་ཡོལ་གནང་གི་ཡིན་གསུངས་བ་འདི་ནི་ཆེས་མཐའ་མཇུག་གི་བོད་ཀྱི་ལོ་རྒྱུས་ཀྱི་གར་རེད། འདི་ནི་ཁོང་གིས་ཞལ་ནས་གསུངས་བ་ཙམ་མ་ཡིན་པར་དངོས་སུ་བོད་རང་བཙན་དོར་བ་རེད།
བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་ལ་བཅོས་དགོས
འདི་ཡང་ཁོང་ལ་རྒྱ་ནག་པོས་གནོད་ཤུགས་ཕོགས་ཡོད་པས་རྟགས་རེད། རྒྱ་ནག་ལ་ག་ཚད་བསྟུན་ན་ཡང་བོད་ལ་རེ་བ་ཡོད་པ་མ་རེད། དེ་ལས་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁབ་ཀྱི་བདག་པོའི་མཚན་གནས་མཇུག་སྐྱོང་ན་ཡག་པོ་རེད། རྒན་ཁོག་དད་པ་དག་སྣང་ཡོད་མཁན་ཚོས་རྒྱལ་བ་རིན་ཆེ་མཁྱེན། ཁོང་གིས་ཅི་གསུངས་ན་དེ་ཡིན་ཟེར་གི་ཡོད་མོད། དེང་སང་གཞོན་སྐྱེས་གསར་བརྗེ་བ་ཡིན་ཟེར་མཁན་ཚོས་ཡང་རྒྱལ་བ་རིན་པོ་ཅི་གསུང་དེ་བྱེད་དགོས་ཟེར་བ་ནི་དགོད་བྲོ་བ་ཞིག་རེད།
ལ་སྟོད་བུ་ལགས་ བཀའ་ལན་གནང་བར་ཐུགས་རྗེ་ཆེ་ སྡིག་ལས་་གསུང་ཡོད་ན་ང་རང་བློ་བདེ་སོང་
ངའི་མི་ཚེའི་ནང་ཤུགས་རྒྱབ་ནས་ངལ་ལས་རང་བྱེད་མཁན་ཞིག་ཡིན་ དེ་ལ་ལྷ་ས་བས་སྡུག་ལས་བྱེད་མཁན་ཟེར ཡང་གཉིས་པ་དེ་ང་རང་དཔེ་ཆ་ལྟ་མ་མྱོང་བས་ཚེ་དབང་ཞུས་ན་
མི་ཚེ་རིང་བ་དང་སྐྱིད་པ་ཡོང་བ་དང་ བརྟན་བཞུགས་ཕུལ་ན་བླ་མ་སྐུ་ཚེ་བརྟན་པ་དང་རིང་བ་བཞུགས་་གསུང་པ་དེར་ཡིད་མ་ཆེས་བ་ཞིག་ཡོང་གི་འདུག་ དཔེ་ན་ལོ་གཉིས་རྩམ་ནང་༈གོང་ས་མཆོག་ལ་བརྟན་བཞུགས་གཅིག་འཇུག་གཉིས་ཐུས་ཕུལ་སོང་བས་དེ་རྗེས་སྨན་ཁང་ལ་་ཐེངས་ཁ་ཤད་ཕེབས་རྒྱུ་འཁེལ་སོང་ ལྷག་པར་དུ་དགུང་ལོའི་འབབས་ཀྱི་འགྲེས་ཡོལ་ལ་འཕེསབས་སྡོད་ཡོད་ཀྱང་སྤྱི་མཐུས་དང་སེ་འབྲས་སོགས་ནས་ཕེབས་མ་བཅུག་པར་མུ་བཐུས་བརྟན་བཞུགས་ཕུལ་བ་ནི་ལྐུག་པའི་བརྟན་བཞུགས་རང་རེད་
བསམ་གྱི་འདུག་ ཁྱེད་ཚོས་བྱས་ན་ངའི་བསམ་བློ་གཏང་སྟངས་དེ་ནོར་བ་རེད་དམ།
BBCལགས་ ཁྱེད་ཀྱིས་བཀའ་ལན་གནང་བ་ཐུགས་རྗེ་ཆེ་ གུས་པའི་བསམ་བློ་རྟོག་རྩམ་གསལ་སུ་ཕྱིན་སོང་
བརྟན་བཞུགས་ཕུལ་ནས་མི་ཕན་དེ། བརྟན་བཞུགས་གི་རྗེས་ནས་སྨན་ཁང་ལས་ཐེངས་འགའ་ཕེབས་པའི་ཕྱིར་ཟེར་ན། སྨན་ཁང་ལ་སོང་ན་ཡང་མི་ཕན་པར་ཐལ། དེའི་རྗེས་ནས་ཡང་སྨན་ཁང་ལ་ཕེབས་དགོས་བྱུང་པའི་ཕྱིར་རོ། དེ་བཞིན་དུ་ཚེ་དབང་ལ་ཡང་རིགས་འདྲ།
ད་དུང་བརྟན་བཞུགས་ཟེར་བ་འདི་ཚོ་ཆོས་ཕྱོགས་ཀྱི་ཆོ་ག་གཅིག་བུ་མ་ཡིན་པར། འབངས་མིའི་རང་ཉིད་ཀྱི་བླ་མ་ལ་གུས་པའམ་སྲི་ཞུ་མཚོན་པའི་རྣམ་འགྱུར་ཞིག་ཡིན་པར་མ་ཟད། ཡ་རབས་ཀྱི་རྣམ་འགྱུར་སྟོན་པའི་རིག་གཞུང་ཞིག་ཀྱང་ལོས་ཡིན།
འཇིགས་མེད་ལགས་སུ་ཆེད་ཞུ། ཁྱེད་ཀྱིས་བརྟན་བཞུགས་ཕུལ་བའི་སྐོར་ལ་ཡིད་ཆེས་དེ་ཙམ་མེད་གསུངས་འདུག འོན་ཀང་ང་ཚོ་སོ་སྐྱེའི་བློ་ཡུལ་ལས་འདུས་པའི་བྱ་བ་མང་པོ་ཞིག་ཡོད་པ་རེད། གདན་ས་ཁག་སོགས་ནས་བརྟན་བཞུགས་ཕུལ་བ་སོགས་ལ་དགོས་པ་ཆེན་པོ་ཡོད་པ་རེད། ༸གོང་ས་མཆོག་ལྟ་བུ་སྐུ་ཚེ་བརྟན་མི་བརྟན་སྐུའི་འཕྲོད་བརྟེན་གཅིག་པུ་ལ་རག་ལུས་མེད། སྐྱེས་འགྲོ་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་བསོ་ནམས་ལའང་རག་ལུས་ཡོད། བྱ་བ་མང་པོ་ཞིག་མིག་གིས་མཐོང་ཡས་མེད་ཀྱང་ང་ཚོས་ཁས་ལེན་དགོས། དཔེར་ན་ལོ་བཅུ་ཙམ་གོང་ལ་རྒྱ་ནག་ནང་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་དེའི་ནང་གི་འགྲུལ་པ་ཡོངས་རྫོགས་རྐྱེན་ལམ་དུ་ཕྱིན་ཡོད་ཀྱང་ནང་པའི་དགེ་སྙེན་གསུམ་ལ་གང་ཡང་བྱས་མི་འདུག་ལ་ཁོ་ཚོའི་ཅ་ལག་ལའང་སྐྱོན་ཆ་རྩ་བ་བྱུང་མེད་ཚུལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་གསུང་ལ་འདུག འདི་ལ་ང་ཚོས་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ། མ་ཟད་༸གོང་ས་མཆོག་ཕྱི་རྒྱལ་ལ་ཕེབས་སྐབས་ཐེངས་གཅིག་གནམ་གྲུའི་གཤོག་པའི་འོག་གི་སྣམ་ཐང་ཁ་བྱེ་ནས་ཉེན་ཁ་ཆེན་པོ་བྱུང་ཡང་སྐྱོན་མ་བྱུང་ཚུལ་༸གོང་ས་མཆོག་གི་བཀའ་སློབ་ལ་འདུག་ན་འདི་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ། བྱས་ཙང་སོ་སོས་མ་ཤེས་པ་རྒྱུ་མཚན་དུ་ཁྱེར་རྒྱུ་མེད།
ཚེ་རིང་པོ་དགོས་ན། རྒྱུག་ཤར་ཡག་པོ་ཐོང། སྔོ་ཚལ་དང་ཤིང་ཏོག་ཡག་པོ་བཟའ། ལུས་སྦྱོང་ཡག་པོ་བྱོས། སེམས་པ་སྐྱིད་པོ་བྱོས། རང་སེམས་ཉོན་མོངས་ཀྱི་དབང་དུ་མ་ཤོར་བ་བྱོས། དགོས་པའི་ལས་དེ་ཚོ་དུས་ཐོག་ཏུ་བྱོས། རྒྱོ་ཞིམ་པོ་རྒྱོབ། རང་གི་ཆུང་མ་དང་བུ་ཕྲུག་ལ་ཡག་པོ་བྱོས། རང་ལ་གང་དགོས་པ་དེ་སྦས་གསང་མེད་པར་བྱོས། རང་དང་འཁོར་ཡུག་ལ་གཙང་སྦྲ་ཡག་པོ་བྱོས། ཁ་རླུང་གཙང་མ་མེད་ན་གནས་སྤོ་དགོས། ན་ཚ་བྱུང་ན་སྒུར་ནས་མ་སྡོད། ཡང་ཏོག་ཙམ་ན་བ་ཡིན་ན་སྨན་མི་ཟ་དགུ་ཟ་མ་བྱེད། དངུལ་མེད་ཟེར་ནས་སྒུར་ནས་མ་སྡོད་ལས་དཀའ་རག་ཐབས་བྱོས། དགོས་པ་ཡོད་ན་མ་གཏོགས་ཚང་མ་ལ་བྱུས་གཏོགས་མ་བྱེད། ། ཚེ་དབང་དང་ཚེ་སྒྲུབ་དེ་ཚོ་ལ་ཉམས་ལེན་གྱི་ནུས་སྟོབས་ལས་བྱུང་བའི་དམིགས་རིམ་མང་པོ་ཚང་དགོས་པས། ཁྱེད་ཚོས་མ་ཤེས་ན་བྱེད་རྒྱུ་ཅང་ཨ་ཡོད་ན། ཡིན་ན་ཡང་སོ་སོས་དད་དང་མོས་པ་བྱས་པ་ནི་ཤིན་ཏུ་བསྐལ་པ་བཟང་པོ་རེད། །
བོན་པོ་ལགས་ཀྱི་བསམ་འཆར་འདི་ངོ་མ་ང་ལ་ཕན་སོང་། ཡག་པོ་འདུག
རྒྱལ་བའི་དགོངས་བཞེད་ལྷུན་གྱིས་འགྲུབ་པར་ཤོག།
བདེ་སྐྱིད་ཉི་མ་གང་མྱུར་འཆར་བར་ཤོག།
དབུ་འབངས་དམ་ཚིག་རྟག་ཏུ་བརྟན་པར་ཤོག།
ཆོས་སྲིད་མངའ་ཐང་ཕྱོགས་བཅུར་རྒྱས་པར་ཤོག།
བོན་པོ་རེན་པོ་ཆེའི་ཚེ་དབང་དེ་དངོས་གནས་གལ་ཆེན་རེད་འདུག་ཚན་རིག་དང་མཐུན་པ་། དེ་སང་ཉིན་ནས་ལག་ལེན་ལྟར་གི་ཡིན་།
dzema chuki droma lag gi yag po dri dup ga.
་་་་་ཚངས་དབྱངས་་་དང་་་་རྒྱ་གྲམ་དམར་པོ་་་་རྣམ་པ་གཉིས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་ཤོག། ཚེ་རིང་བར་ཤོག། དོན་འགྲུབ་པར་ཤོག། དཔལ་ཆེ་བར་ཤོག། བསོད་ནམས་འཕེལ་བར་ཤོག། དབང་ཐང་རྒྱས་པར་ཤོག། མངའ་ཐང་བཙན་པར་ཤོག། མི་རྒྱུད་རིང་བར་ཤོག། ནང་ཚང་སྐྱིད་པར་ཤོག། ཊོ་ལར་མང་བར་ཤོག། ཕ་ཡུལ་དྲན་པར་ཤོག། བཀྲ་ཤིས་བདེ་ལེགས་ཀྱིས་དུས་རྟག་ཏུ་འཚོ་བར་ཤོག། །
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༼ང་རང་ཉིད་ཀྱི་ངོས་ནས་ངས་མི་རིགས་ལ་ཤ་ཞེན་དང་སྤྱི་ཚོགས་ལ་ཤ་ཞེན་བྱེད་དགོས་བསམ་པའི་འདུན་པ་མེད་ལ། ངས་དེ་ལྟ་བུ་ཞིག་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཡང་ཁྱོན་ནས་མེད།
ང་ཆུང་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཤཱཀྱའི་དགེ་སྦྱོང་ཐེབས་ཆག་ཅིག་ཡིན་སྟབས། སོ་སོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་གང་ཡོད་པ་དེ་ཁྱེད་ཉིད་དགྱེས་ཕྱིར་བདག་བྲན་འབུལ་ལགས་ན། །ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། ཞེས་གསུངས་པ་བཞིན་བླ་མའི་དྲིན་ལ་ཐུག་ཡོད།
དེར་བརྟེན་ངའི་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁྱེད་ཀྱི་མི་ཚེ་འདིར་༧གོང་ས་མཆོག་གི་ཞབས་འདེགས་ཞུ་རྒྱུར་ཆ་ཚང་གཏོང་དགོས་པ་རེད་ཅེས་བཀའ་གནང་སྟབས། ང་ཚོའི་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི་ནང་དུ་བླ་མ་བསྟེན་ཚུལ་གྱི་ཐབས་ལམ་མམ་བསམ་བློ་འཁྱེར་སྟངས་ལྟ་བུར་སྣ་ཁ་དགུ་གསུངས་ཡོད། བུ་མཛངས་རྡོ་རྗེ་ས་གཞི་བྲན་ཕྱག་དར།། ཐེག་པ་ཁྱི་གུ་གྲུ་ལྟར་སེམས་ཀྱིས་བསྟེན་ཞེས་བཤེས་གཉེན་བསྟེན་ཚུལ་གྱི་བསམ་བློ་འཁྱེར་སྟངས་དགུ་ཡོད། དེ་དག་དགུ་ལས་དང་པོ་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་བསྟེན་ཚུལ་ཞེས་པ་དེ་རེད། ༽
ཉམས་ཐག་གངས་ལྗོངས་འཇོན་མེད་འགྲོ་བ་རྣམས།
མགོན་ཁྱོད་ཐུགས་རྗེ་གྲིབ་བསིལ་སྣོན་པོའི་འོག
མི་རིགས་གཞན་དང་དཔུང་པ་འགྲན་ཐུབ་པ།
བཀའ་དྲིན་ཆེ་སོང་འཕགས་མཆོག་སྙིང་རྗེའི་གཏེར།
༧སྐྱབས་མགོན་མཆོག་བགྲེལ་ཡོལ་དུ་ཕེབས་རྒྱུར་ཐག་ཆོད་པ་དེས། བོད་མི་ལྟ་བ་མཁྲེགས་འཛིན་པ་ཚོས་སེམས་སུ་འཇིགས་སྣང་དང་སྐྲག་སྣང་འབྱུང་ངེས། དོན་ལ་དེ་ནི་འཇིགས་སྣང་དང་སྐྲག་སྣང་དགོས་པའི་དུས་མིན་ལ། གནས་ཚུལ་འདི་འབྱུང་རན་པ་མ་ཟད་འཕྱི་བའི་སྐྱོན་དུ་འགྲོ་བའི་སྐབས་ཡིན། འཛམ་གླིང་རྒྱལ་ཁབས་ཡོངས་སུ་རྫོགས་པའི་སྲིད་སྐྱོང་ཚུལ་དང་མི་མཐུན་པ་ཞིག་བྱས་ནས་ད་དུང་བསྡད་ན་གང་ནས་འགྲིགས། ང་ཚོ་གངས་ཅན་པ་ཚོར་གསར་གཏོད་ཀྱིས་ནུས་པ་ཡོད་མོད། འོན་ཀྱང་རྨོངས་དད་ཀྱི་དྲྭ་བ་ཤིན་ཏུ་ཆེ་བས་དེ་ལས་བརྒལ་རྒྱུ་ལས་སླ་བོ་ཞིག་གཏན་ནས་མིན། དོན་ལ་བསམ་ན་བོད་མི་ཡོངས་རྫོགས་དམངས་གཙོའི་ལམ་དུ་ཞུགས་ཤིང་། བོད་མི་ཡོངས་རྫོགས་ཀྱི་འབྱོན་ཐང་གཅིག་ཏུ་འགྲིལ་བའི་ཉིན་མོ་དེ་ནས་བཟུང་། ང་ཚོ་གངས་ཅན་པ་ཡོངས་སུ་རྫོགས་པའི་སྲིད་ཕྱོགས་ནས་ཡིད་ཆེས་དང་གདེངས་འཇོག་ཞུ་ས་སྲིད་འཛིན་སུ་ཐོབ་པ་དེ་ལ་བྱེད་དགོས། དེ་ལྟར་བྱུང་ན་སྲིད་འཛིན་སུ་ཕེབས་པ་དེ་ལ་ནུས་པ་དང་འབྱོན་ཐང་རང་བཞིན་གྱིས་ཡོང་ངེས་ཡིན། དེ་ལྟར་མ་བྱུང་ན་བགྲེས་ཡོལ་ཞེས་པའང་མིང་ཙམ་ལས་དོན་གྱིས་སྟོངས་པ་ཞིག་ཏུ་འགྱུར་ངེས། སྲིད་འཛིན་གསར་པ་གོ་སར་ཕེབས་པ་ནས་བཟུང་བོད་ཀྱི་སྲིད་དོན་གང་ཞིག་བསྒྲུབ་ཀྱང་འདྲ། སྲིད་དོན་དེའི་ཆེད་དུ་འདས་པའི་ལོ་རྒྱུས་བཞིན་མི་གཅིག་གི་སྐྱེ་བ་སྔ་ཕྱི་ཡོངས་སུ་རྫོགས་པ་གལ་ཆེན་དུ་བརྩི་བའི་གོམས་གཤིས་དེ་དོར་དགོས། དེ་དོར་ན་མཇུག་གྲིལ་དཀའ་ཞིང་རྙོགས་ཟིང་ཆེ་བའི་གནས་ཚུལ་མང་པོ་ཞིག་ཐག་ཆོད་པ་ཡིན། དེ་ཕྱིན་ཆད་སྲིད་དང་འབྲེལ་བའི་སྒོ་ནས་༧སྐྱབས་མགོན་སྐུ་ཕྲེང་རྗེས་མ་གང་དུ་ཕེབས་མིན་སོགས་ཀྱི་སྐོར་ལ་ཡིད་ཆེས་དཀའ་བའི་གནས་ཚུལ་མང་པོ་ཞིག་རང་བཞིན་གྱིས་ཡལ་འགྲོ་བ་ཡིན། ཚེ་དབང་དང་ཚེ་གཟུངས་ལ་ཡིད་ཆེས་དཀའ་བ་བཞིན་ད་ནི་བོད་མི་རྣམས་རྨོངས་གཉིད་ལས་སད་ཏེ། རྙོགས་ཟིང་ཅན་གྱི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་འདི་ཡང་མཚམས་བཞག་རན་པ་རེད། དེས་ན་བོད་མིའི་ཁྲོད་ནས་ནུས་པ་སུ་ཆེ་དང་འབྱོན་ཐང་ཆེ་ཤེས་ཡོན་སོགས་སུ་ཆེ་ཆེ་ལ་མཐོང་ཆེན་བྱེད་རྒྱུ་ལས་བླ་སྤྲུལ་མཁན་གསུམ་གྱི་མིང་ལ་ཡིད་ཆེས་བྱས་ན་སྡོད་རྒྱུ་དེ་འདོར་རན་པ་ཡིན། འོན་ཀྱང་ཆོས་ཕྱོགས་ནས་བསམ་ན་གནས་ཚུལ་སོ་སོ་རེད། ཆོས་ཕྱོགས་ནས་གུས་བཀུར་དང་བརྩི་མཐོང་སུ་ལ་དགོས་མིན་དེ་ནང་ཆོས་དང་མཐུན་པར་ལོས་བྱེད། དེ་ལ་ང་ཚོས་བསྒྱུར་བཅོས་གཏོང་མི་ཐུབ་ལ་གཏང་ཡང་མི་དགོས།
BBC་ལགས་གནམ་གྲུ་བརྡབ་སྐྱོན་བྱུང་ཀྱང་ནང་པའི་དགེ་སློང་གསུམ་དང་ཁོང་ཚོའི་ཅ་ལག་ལ་གང་ཡང་མ་བྱུང་བ་ནི།
ལི་ལི་སྐྱག་པ་རྡོ་ཐོག་ཏུ་འཁེལ་བ་ལས་དེ་མིན་ཅི་མ་རེད།
དེ་མིན་ན་ནང་པའི་ཆོས་བྱེད་པ་ཡོངས་ལ་དེ་ལྟར་ཡོང་དགོས་མོད།
སྔོན་ལོར་བོད་དུ་འབྲུག་ཆུ་དང་སྐྱེ་དགུ་སོགས་ལ་ཅི་ཞིག་བྱུང་བ་ང་ཚོས་མིག་མཐོང་ལག་ཟིན་རེད།