རྒྱལ་ས་ལྡི་ལིའི་ད་ལོའི་གནམ་གཤིས་གྲང་ལ་རླུང་བུ་མང་བས་དེ་རིང་དགོངས་མོ་( ཕྱི་ལོ ༢༠༡༡ ཟླ ༠༡ ཚེས་༡༨) འདིར་ཡང་རོ་ཧི་ནིའི་ཁོར་ཡུག་ཡོངས་སུ་འཁྱག་སོབ་སོབ་ཀྱི་སྣང་བ་ཞིག་སྟེར། འོན་ཀྱང་།དེ་རིང་དགོངས་མོ་འདིར་འབྱུང་འགྱུར་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ལྡི་ལིརོ་ཧི་ནིའི་ཀུན་ཕན་ཚོགས་ཁང་དུ་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་གཏམ་བཤད་གནང་བར་ཕེབས་ཀྱིན་ཡོད་པས།ལྡི་ལིའི་མཐོ་སློབ་ཁག་འདྲ་མིན་གྱི་སློབ་ཕྲུག་ཉིས་བརྒྱ་ལྷག་གིས་ཚོགས་ཁང་དུ་སྔ་ས་བློ་བཟང་སེང་གེ་ལགས་ཕེབས་པར་བསྒུག་འདུག
ཆུ་ཚོད་ཕྱེད་ལྷག་གི་རྗེས་སུ་བློ་བཟང་སེང་གེ་ལགས་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་གཙོས་སྣེ་ཁྲིད་ནས་ཕེབས་བྱུང་།ཁོང་གིས་རང་ཉིད་སྔོན་མ་ལྡི་ལིའི་མཐོ་སློབ་ཀྱི་སློབ་མ་ཡིན་སྐབས་ཀྱི་ཉམས་མྱོང་འགའ་གསུངས་ཞོར་གཏམ་བཤད་འགོ་བཙུགས་སོང་ལ།ནང་དོན་གཙོ་བོ་ཁག་ནི་སྔོན་མ་ཁོང་ལྡི་ལིའི་ས་གནས་གཞོན་ནུ་ཡིན་སྐབས་སྤེལ་མྱོང་བའི་ལས་འགུལ་ཁག་གི་སྐོར་རེད །ཁོང་སྔོན་མ་ལྡི་ལིའི་ཏིས་ཧར་བཙོན་ཁང་དུ་བདུན་ཕྲག་གཅིག་མ་ཟིན་ཙམ་བོད་དོན་ཆེད་དུ་འདུག་མྱོང་ཚུལ་དང་།སྐབས་ཤིག་ཁོང་དང་སློབ་གྲོགས་འགས་གྲི་དང་ལྕགས་རིང་ཁུར་ནས་ཐེ་བན་བོད་སོག་ལས་ཁུང་གི་གནད་ཡོད་མི་སྣའི་ལག་ནས་ཡིག་ཆ་འདྲ་མིན་སྒམ་གང་འཕྲོག་ནས་བོད་གཞུང་ལ་རྩིས་སྤྲད་ཚུལ་སོགས་མང་པོ་ཞིག་གསུངས་སོང་ལ།
ཁོང་གི་བརྗོད་གཞི་གཉིས་པ་དེ་བཙན་བྱོལ་གཞིས་ཆགས་ཁག་གི་སྐོར་ལ་བབས་སོང་།ཁོང་གིས་བློ་ཐག་ཆོད་པོས་གསུངས་དོན་ཁོང་ནི་བཙན་བྱོལ་གཞུང་གི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཁྲོད་དཀའ་ལས་གང་མང་བརྒྱབས་ནས།བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་ཤོས་སྐོར་མཁན་ཞིག་ཡིན་པ་མ་ཟད་རྒྱུས་མངའ་ཡང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས།མ་འོངས་པར་གཞིས་ཆགས་དང་འབྲེལ་བའི་ཐག་གཅོད་ གང་ཞིག་བྱེད་དགོས་ཀྱང་དཀའ་ངལ་མེད་སྐོར་ནས་འགོ་བཙུགས་ཏེ།གཞིས་ཆགས་ཁག་འདྲ་མིན་བཅུ་གཉིས་ལྷག་རེ་རེ་བཞིན་ཁོང་ག་འདྲ་བསྐྱོད་ཚུལ་དང་།ས་ཆ་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་བཅས་ཆུ་ཚོད་གཅིག་ལྷག་ལ་བསྣར་སོང་བས་མཚམས་ཤིག་སློབ་མ་དག་ཀྱང་ཐང་ཆད་འདུག ཐ་མར་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ཡང་བསྐྱར་བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་བར་ཐེངས་ཞིག་སྐད་ཆ་བཤད་པ་དང་ཐུག་འཕྲད་དུ་འགྲོ་འཆར་ཡོད།གང་ཡིན་ཟེར་ན་བདག་ལས་དོན་ཆེ་ཆུང་གང་ཞིག་ལ་ཞུགས་ནའང་འགོ་བཙུགས་ཚར་རྗེས་ལས་སླ་བོར་བློས་མི་གཏོང་མཁན་ཞིག་ཡིན་གསུངས་ཞོར་དུ་གཏམ་བཤད་མཇུག་བསྡུས་སོང་།
དེ་རིང་དགོངས་མོའི་གཏམ་བཤད་ཉོབ་ཏོ་རིང་བོ་དེ་མཇུག་རྫོགས་རྗེས་ཅི་ཞིག་ཁོག་ཏུ་འཛུལ་བ་བཞིན་འོག་གི་ཉན་མཁན་ཚང་མ་གྲོང་སེང་ངེར་འགྲོ་སོང་།གང་ཡིན་ཞེ་ན་དེ་ནི་དྲི་བ་དྲིས་ལན་འཁྲིག་ཆ་དོད་པོ་ཤིག་གི་འགོ་བརྩམས་པས་སོ།།
༡
དྲི་བ་དང་བོ་དེ་བློ་བཟང་སེང་གེ་ལགས་ལོ་མང་བོའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བསྙོན་མེད་ཅིག་ཡིན་པར་བརྟེན།གཞོན་ནུའི་རྩ་བའི་དམ་བཅའ་བཞིན་ཁྱེད་རང་སྒེར་གྱི་ད་ལྟའི་ཆབ་སྲིད་ཀྱི་རྩ་བའི་ལངས་ཕྱོགས་ཀྱང་རང་བཙན་གཙང་མ་ཡིན་ནམ་ཞེས་བཀོད་སོང་ལ།
སྐབས་དེར་ཁོང་གིས་བློ་ཐག་ཆོད་པོས་རང་ཉིད་ཀྱི་ཆབ་སྲིད་ལྟ་བའམ་ལངས་ཕྱོགས་ག་དུས་ཡིན་ནའང་རང་བཙན་གཙང་མའི་ཐོག་འགྱུར་བ་མེད་པར་གནས་ཡོད།འོན་ཀྱང་།གལ་སྲིད་ཁོང་བཀའ་ཁྲིར་འདེམས་ཐོན་བྱུང་བ་ཡིན་ན་རྩ་ཁྲིམས་སུ་གསལ་བའི་བཀའ་ཁྲིའི་དབང་ཆ་ལ་ཚད་བཀག་ངེས་ཅན་ཞིག་ལས་མེད་པས་གཞུང་གི་ལས་དོན་ཐོག་དབུ་མའི་ལམ་གྱི་ཐོག་མི་འགྲོ་རང་འགྲོ་རེད་ཅེས་ལན་གནང་སོ ང་།
༢
དྲི་བ་གཉིས་པ་དེ་བློ་བཟང་སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ཞེས་ལན་བསྐྱོན་སོང་།
༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
ཁོང་གིས་བོད་ཡིག་ནང་བྲིས་པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱིན་ཡོད་གསུངས་སོང་།
༤དྲི་བ་བཞི་བ་དེ་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ”རྩོམ་སྒྲིག་པས་བློ་བཟང་སེང་གེ་ལགས་ཀྱིས ༢༠༠༤སློབ་མཐར་ཕྱིན་ནས་ད་བར་ལོ་ངོ་དྲུག་གི་རིང་བརྩམས་ཆོས་ཐུང་ངུ་གསུམ་མ་གཏོགས་བྲིས་མྱོང་མེད་ལ།ཁོང་གིས་རྒྱལ་སྤྱིའི་ཚད་ལྡན་ཁྲིམས་ལུགས་ཀྱི་དྲ་རྒྱ་དང་།དུས་དེབ།ཚགས་ཤོག་སོགས་སུ་བརྩམས་ཆོས་སྣ་གཅིག་ཀྱང་སྤེལ་མྱོང་མེད་པ་རྒྱུ་མཚན་གཙོ་བོར་བཟུང་ནས།ཧཱ་བར་སྒྲིའི་ཁྲིམས་ལུགས་སློབ་དཔོན་གྱི་ལག་འཁྱེར་ཐོབ་པ་དང་།ཁོང་རང་གི་དངོས་ཡོད་ཁྲིམས་ལུགས་ཀྱི་ཤ ེས་ཚད་གཉིས་དོ་མཉམ་པོར་མི་འདུག་ཅེས་པའི་དགག་བཞག་རྩོམ་ཡིག་སྤེལ་བར་ཁོང་ལ་ལྟ་ཚུལ་ཅི་ཡོད་བཀའ་འདྲི་ཞུས་སོང་ལ།
བློ་བཟང་སེང་གེ་ལགས་ཀྱིས་ཁོང་ལ་རྩོམ་སྒྲིག་པ་དེ་དག་ལ་དགག་ལན་འབྲི་རྒྱུའི་འདོད་པ་མེད།གལ་ཏེ།ཁོ་རང་ཚོ་དེ་འདྲའི་འཇོན་པོ་ཡོད་ན་ཧཱ་བར་སྒྲིའི་ནང་དུ་སློབ་སྦྱོང་བྱེད་པར་ཕེབས་ཤོག་ཞུསའདོད་བྱུང་སོང་།ཁོང་ཁྲིམས་ལུགས་ཀྱི་ཆེད་ལས་མཁས་དབང་ཡིན་དང་མིན་ཧཱ་བ་སྒྲིའི་ལག་འཁྱེར་དང་རང་ཉིད་ཀྱི་སློབ་དཔོན་དམ་པས་གནང་བའི་ངོས་འཛིན་ཡིག་ཆ་ཁག་དྲ་ཐོག་ཡ ོད་གསུངས་སོང་།
དེར་མཐུད་ནས་བློ་བཟང་སེང་གེ་ལགས་ཀྱིས་དེ་རིང་ཁ་སང་སྤྱི་ཚོགས་ཁྲོད་ཁོང་ལ་ཉེས་མེད་སྐྱོན་འཛུགས་བྱེད་བཞིན་པ་ཧ་ཅང་མང་བོ་ཞིག་ཡོད་པས།ཁྱེད་ཚོས་ཡར་མ་དྲིས་གོང་ནས་ངས་མར་ལན་འདེབས་བྱེད་ཆོག་ཟེར་བཞིན་ཁོང་དང་འབྲེལ་བའི་སྐྱོན་བརྗོད་བཅུ་ལྷག་འགྲེལ་བརྗོད་བྱས་སོང་། མཇུག་མཐར་ཁོང་གི་བཀའ་ལན་དེ་དག་དང་འབྲེལ་བའི་དྲི་བ་ཁ་ཤས་བསླེབས་སོང་མོད། གཏམ་བཤད་གོ་སྒྲིག་པས་དུས་ཚོད་འཕྱིས་དྲགས་འདུག་ཟེར་བཞིན་དྲི་བ་དྲིས་ལན་འཁྲིག་པོ་དེ་མཚམས་འཇོག་ཏུ་བཅུག་སོང་།
འདི་ནི་སྲིད་དོན་བགྲོ་གླེང་གི་རྣམ་པ་ཅན་གྱི་དགོངས་ཚོགས་ཤིག་གི་བསྡུས་དོན་ཡིན་ལ།ལྡི་ལིར་ཕེབས་མ་ཐུབ་པའི་དྲ་གྲོགས་ཚོར་གནས་ཚུལ་མཁོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཡིན།
བློ་བཟང་སེང་གེ་མཆོག་ལ་དྲི་བ་ཡོད།
ཟླ་འདིའི་ཚེས་༡༥ ཉིན་དགོང་མོ་ཝ་ར་ཎ་སིར་བོད་ཀྱི་དགུ་བཅུ་གསུམ་དང༌། ཐང་སྟོང་གླུ་གར་ཚོགས་པའི་གོ་སྒྲིག་འོག་བློ་བཟང་སེང་གེ་ལགས་སུ་འོས་འགུག་དགོང་ཚོགས་ཤིག་སྤེལ་འདུག
ཐོག་མར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ་གཉིས་ཟུང་འབྲེལ་གྱི་མིང་ཐོག་ནས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ངོ་སྤྲོད་བྱས་འདུག སྐབས་དེར་བློ་བཟང་སེང་གེ་ལགས་ནས་བཤད་དོན།
འོས་མི་གཞན་གཉིས་ནི་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་མཉམ་དུ་ལོ་ཉི་ཤུའི་རིང་ལས་ཀ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་བྱས་པ་ཡིན། ཁོང་གཉིས་ལ་རྒྱུས་ཡོད་ལ་གུས་ཞབས་ཀྱང་ཡོད། ཅེས་བཤད་འདུག གོང་དུ་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པའི་བཀའ་མོལ་འདི་བདེན་པ་ཡིན་ནམ། ལས་ཀ་མཉམ་དུ་བྱས་པ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ།
ངོ་ཤེས་པ་རྒྱུ་མཚན་དུ་བྱས་ནས་ལོ་ཉི་བཤུ་ལས་ཀ་མཉམ་དུ་བྱས་པ་ཡིན་གསུང་གི་ཡོད་དམ། ང་ཚོ་བླུན་པོ་ཡིན་ཙང་སྐད་ཆའི་ནང་དོན་ཧ་གོ་གི་མི་འདུག ཁྱེད་རང་མཁས་དབང་སོང་ཙང་གསལ་བཤད་ཅིག་གནང་རོགས། ལོ་ཉི་ཤུ་དེ་དུས་ཚོད་གང་ནས་གང་བར་ཡིན། བོད་ནས་ཕེབས་པའི་ཆོས་ཞུ་བ་ཉིས་སྟོང་མ་ཟིན་ཙམ་གྱི་མདུན་ཞལ་རྫུན་གནང་མེད་པའི་རེ་བ་ཡོད།
ཡང་རྒྱལ་ས་ལྡི་ལིརོ་ཧི་ནིའི་ཀུན་ཕན་ཚོགས་ཁང་དུ་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་ཕྱི་ལོ ༢༠༡༡ ཟླ ༠༡ ཚེས་༡༨གཏམ་བཤད་གནང་བར་ཕེབས་སྐབས་སློབ་མ་ཞིག་ནས་དྲི་བ་འདི་འདྲ་ཞིག་དྲིས་འདུག བློ་བཟང་སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར། ལན་དུ། ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད། ཡང་གཅིག་བཤད་ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་དགོས་ཞེས་ཐོག་མར་༸གོང་ས་མཆོག་གིས་གསུངས་པ་མ་རེད་དམ་ཟེར། བརྟགས་ཤིང་དཔྱད་པའི་ཚེ་ན་ཁོང་གིས་ཞལ་ནས་གསུངས་མེད་ཅེས་བཤད་ཀྱང་དོན་ལ་ཁས་བླངས་པ་མ་ཟད་༸གོང་ས་མཆོག་ལ་ལག་པ་འཕྱིས་འདུག གལ་སྲིད་ཁོང་གིས་བཤད་མེད་ན་༸གོང་ས་མཆོག་ལག་པ་འཕྱི་དགོས་དོན་རྩ་བ་ནས་ཡོད་པ་རེད། འོ་ན་ཕྱི་ལོ་༢༠༠༨་ཟླ་༡༠་ཚེས་༢༧ ཉིན་(Woodrow Wilson Center, a think-tank in Washington DC,) རུ་བཤད་པའི་གཤམ་གྱི་སྐད་ཆ་དུམ་བུ་འདི་སུས་བཤད་པར་ཆ་འཇོག་དགོས་པ་རས། གང་ལྟར་ང་ཚོ་ཡང་མི་ཡིན། གླེན་པ་གླེན་ནག་མིན། ལན་དྲང་པོ་སྐྱོན་རོགས་གནང་། རྫུན་ལ་ཕུགས་མེད་པ་མཁྱེན་དགོས།
“I thought maybe I can relate Tibet to Obama… So 60 years after Tibet was occupied by China, America is on the verge of electing an African-American president. Look at the, what you call, situation in Tibet. Now can we ask this question in China: can a Tibetan become the next president of China? Or a premier of China? One could say it’s impossible, right?” གོང་གི་དབྱིན་སྐད་ཐོག་བཤད་པའི་སྐད་ཆ་འདི་སྒྲ་ཐག་ལས་ཕབ་བཤུ་བྱས་པ་ཞིག་རེད། དཔྱད་གཞི་ཡིན།
གནས་ཚུལ་མཁོ་སྤྲོད་པ་ལགས་ཐུགས་རྗེ་ཆེ། བློ་བཟང་སེང་གེ་ལགས་ཀྱིས་ཁོང་ཚོ་འཇོན་པོ་ཡོད་ན་ཧ་ཝར་དྲེའི་ནང་སློབ་སྦྱོང་བྱེད་པར་ཤོག་ཟེར་འདི་ག་རེ་ཟེར་གྱིན་ཡོད་རེད། སུ་དང་སུ་ཡིན་ནའི་ཧ་ཝར་དྲེའི་གཙུག་ལག་སློབ་གྲྭའི་ནང་སློབ་སྦྱོང་བྱེད་འདོད་མེད་པ་སུ་ཡོད་རེད་ཡིན་ནའི་ཕྱི་ནས་སློབ་སྦྱོང་བྱེད་པར་ཡོང་མཁན་དེ་ཚོའི་རྒྱབ་ལྗོངས་ལ་གཅིག་གཟིགས་དང་དེ་ཚོར་འགོ་འདྲེན་ཆོན་པོ་ཡོད་མཁན་རྐྱང་རྐྱང་རེད་འདུག་ག་་ད་འོ་ན་ང་ཚོ་ཚང་མར་གོ་སྐབས་འདི་ཡོད་རེད་པས། མ་གཞི་ནས་དྲི་བ་དྲི་ལན་བྱེད་སྐབས་གནས་ཚུལ་ཡག་སྡུག་ག་རེ་ཡིན་ནའི་ལན་གསལ་པོ་རྒྱབ་རྒྱུ་དེ་སྐབས་བབས་པའི་འོས་འགན་ཞིག་ཡིན་པར་འདོད་དོ།
གནས་ཚུལ་མཁོ་སྤྲད་གནང་མཁན་ཀུང་ཚང་ཐོགས་མེད་ལགས་ཐུགས་རྗེ་ཆེ།
བློ་སེང་གིས་རང་བཙན་གཙང་མའི་ལྟ་བའི་ཐོག་འགྱུར་བ་མེད་པར་གནས་ཡོད་གསུངས་པར་ཙམ་གྱིས་དགའ་པོ་བྱུང་། ཡིན་ནའང་ཡིད་ཆེས་བྱ་དཀའ་བ་གཅིག་རེད་འདུག
ཐོགས་མེད་ལགས།
བློ་སེང་གིས་ཁོ་རང་ལ་སྤྱི་ཚོགས་ཐོག་ཏུ་སྐྱོན་བརྗོད་མི་འདྲ་བ་སྣ་ཁ་བཅུ་བྱས་ཀྱི་ཡོད་པ་གང་དང་གང་ངོས་འཛིན་བྱས་སོང་ངམ། ཁྱེད་ཀྱིས་སྐྱོན་བརྗོད་སྣ་ཁ་བཅུ་འདི་དང་འདི་གསུངས་སོང་ཞེས་ངོ་སྤྲོད་གནང་ཐུབ་ན་ཕན་པོ་གཅིག་ཡོང་འདུག
བཀའ་དྲིན་ཆེ།
རྩོམ་འདི་བདེན་པ་ཡིན་ན།
༡༽ དང་པོའི་ལན། ཤིན་ཏུ་དྲང་པོ་འདུག་ཡག་པོ་རེད། མ་འཇོན་པའི་རང་བཙན་ལེན་མཁན་ཅིག དབུ་མའི་ལམ་གྱི་སྲིད་ཇུས་ཡོད་པའི་བཙན་བྱོལ་སྐྱིད་སྡུག་གི་འགོ་འཁྲིད་དུ་མི་འོས།
༢༽ གཉིས་པས། བོད་ཨོ་བྷ་མ་དང་། རྒྱ་ནག་གི་ཨོ་བྷ་མ་ཞེས་འུར་ཤོབ་ཅན་དུ་མཐོང་།
༣༽ གསུམ་པས། བོད་ཡིག་རང་རྐྱ་འཕེར་བ་འབྲི་མི་ཤེས་པ་དེ་སྟོན་འདུག
༤༽ ཡང་། གསུམ་པ་བཞི་པས། ལན་ཐད་རྒྱབ་འདོད་མེ་མཁན་གྱི་གཤིས་ཀ་ཞིག་ཡོད་པར་སྟོན་འདུག་གོ། །
༥༽ དེ་བས་ན། བཀའ་ཁྲི་ནི། བཀྲ་ཤིས་དབང་འདུས་ལགས་ཉིད་ངེས་སོ། །
བཙན་བྱོལ་སྤྱི་ཚོགས་ནང་དུ་སྔོན་མ་རང་བཙན་གཙང་མ་བརྩད་སྐབས་སུ་ལས་འགུལ་སྤེལ་དུས་རྒྱ་ནག་གཞུང་ལ་དགྲ་བོ་རྩིས་པ་མ་ཟད་རྒྱ་མིའི་ཇ་དམ་དང་རྒྱ་མིའི་ཀམ་པ་ལིས་སོགས་བྱ་དངོས་རྣམས་ཀྱང་དགྲ་བོར་རྩིས་ནས་ཇ་དམ་བཅག་པ་དང་ཀམ་པ་ལིས་མེ་བསྲེགས་བཏང་བ་སོགས་བྱས་མྱོང་ཡོད་རེད།་དེ་འདྲའི་ལས་འགུལ་བློ་སེང་ཁོ་རང་ཡང་ཞུགས་མྱོང་ཡོད་ཚད་རེད།
བློ་སེང་ཁོ་རང་ཨ་རིར་ཕྱིན་ནས་རྒྱ་མཁས་རྣམས་དང་མཛའ་འབྲེལ་གྱི་ཟམ་པ་བཙུགས་པ་མ་ཟད་རྒྱ་ནག་ཏུ་ཕེབས་ན་མཛའ་འབྲེལ་དང་བགྲོ་གླེང་གི་གོ་སྐབས་ཡག་པོ་འདུག་ཞེས་ཁོ་རང་རང་གིས་ངོས་ནས་ཡར་བཀའ་ཤག་དང་སྐུ་སྒེར་ལ་སྙན་གསོལ་ཞུས་འདུག
མ་གཏོགས་བཙན་བྱོས་སྒྲིག་འཛུགས་དང་ཟམ་གདོང་བཀའ་ཤག་གི་ཆབ་སྲིད་ལམ་ཕྱོགས་དབུ་མའི་ལམ་ཡིན་པས་རྒྱུ་མཚན་གྱིས་བློ་སེང་ལ་རྒྱ་ནག་ཕེབས་ནས་འཛམ་འབྲེལ་འཛུགས་རོགས་བྱོས་ཞེས་མར་གསུངས་མི་འདུག་པ།
རྒྱ་ནག་གཅིག་འགྱུར་དང་རྒྱ་བོད་མཛའ་འབྲེལ་གྱི་དམིགས་ཡུལ་གྱི་ཐོག་ནས་རྒྱ་ནག་ལ་ཕེབས་པ་འདི་ནི་བློ་སེང་ཁོ་རང་གི་དམིགས་ཡུལ་ཡར་ཞུས་ནས་བསྒྲུབས་པ་ཞིག་རེད་འདོད། དེ་འདྲ་ཡིན་དུས་བཙན་རང་གཙང་མའི་ལྟ་བ་ལ་འགྱུར་བ་མེད་གསུངས་དུས་སུ་ཡིད་ཆེས་ག་འདྲའི་བྱེད་དགོས་སམ།
ད་དུང་བློ་སེང་གིས་༧གོང་ས་མཆོག་མཚན་ཁ་ལ་ཁྱེར་ནས་བཙན་བྱོལ་མི་དམངས་ཀྱི་འདོད་པ་བཤད་ས་མེད་པའི་ཁོར་ཡུག་སྐྲུན་གྱི་འདུག འདི་ཡག་པོ་མ་རེད།
༢༽་་་་་་་་་་་་་་བོད་ཀྱི་་་
༤༽ ་་་་་་་་་་་ཐད་ཀར་་
༦པ་འདི། ༤པའི་ནོར་བཅོས་ཡིན།
༼ཁྱྱེད་ཚོས་ཡར་མ་དྲིས་གོང་ནས་ངས་མར་ལན་འདེབས་བྱེད་ཆོག་ཟེར་བཞིན་ཁོང་དང་འབྲེལ་བའི་སྐྱོན་བརྗོད་བཅུ་ལྷག་འགྲེལ་བརྗོད་བྱས་སོང་། ༽འདི་ཁོང་གི་ཚིག་ངོ་མ་ཡིན་ན་་་་་
༒༓ཡར་ཟེར་དུས་བློ་སེང་ལགས།
མར་ཟེར་དུས་མི་མང།
འདི་ནི་སྐུ་དྲག་རིང་ལུགས་ལ་ཁ་ཟེར་བཞིན་དེའི་ལུགས་ལ་ཞེ་ཕུགས་གཏོད་པའི་བཟོ་ཞིག་མ་རེད་དམ།
མཁས་དབང་བློ་སེང་ལགས་ཀྱི་ཡང་བསྐྱར་སྐད་ཆ་སྔ་ཕྱི་མི་མཐུན་པ་བཤད་ཀྱི་འདུག རྒྱ་ནག་གི་ཨོ་བྷ་མ་དང་དེ་སྔོན་ཁོང་རྡོར་རྗེ་གླིང་དུ་ཕྱོགས་བསྐྱོད་ཀྱི་སྐབས་བཟོ་གྲྭའི་བྱམས་པ་ལགས་ཀྱིས་དེ་སྔོན་ཁྱེད་ཀྱིས་མདོ་སྟོད་གཞོན་ནུ་ལྷན་ཚོགས་བཙུགས་དགོས་ཡོད་བཤད་སོང་ལབ་དུས་ཁོང་གིས་ངས་དེ་འདྲ་རྩ་བ་ནས་བཤད་མེད་གསུང་དུས་ བྱམས་པ་ལགས་ཀྱིས་ཁྱེད་རང་གིས་སྐད་ཆ་དེ་བཤད་སྐབས་ང་ཚོ་རྒྱུན་ལས་མང་པོ་ཡོད་ད་ལྟ་ངས་ཁྱེད་ལ་མི་དཔང་སྟོན་ཆོག་གསུངས་དུས་བློ་སེང་ལགས་ཀྱིས་ཡ་ད་ངས་བཤད་པ་ཆ་ཞོག་ཟེར་ནས་མཁས་ལེན་བྱས་སོང། ང་མི་གཅིག་ཡིནའང་དཔུང་བསྒྲིགས་པར་སླེབས་ཡོད་ལྟ་བུ་ལ་ཆ་བཞགས་ན་ཁོང་ལ་ཆོལ་ཞེན་ཆེན་པོ་ཡོད་པ་ཧ་གོ་དོན་གསལ་རེད།
བ་མོ་དེ་ཉལ་ཚུལ་ལ་ལྟས་ན་། བེའུ་དེ་ཤི་རོ་རེད་།
གནའ་པའི་གཏན་དཔེ་ཞིག་རེད་།
ཁར་སང་དགོངས་མོ་དེར་མཉམ་ཞུགས་བྱས་པ་ཡིན་ལ་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཁག་བགྲང་བ་གཤམ་གསལ།
༡ གལ་ཏེ་ད་དུང་ཁོང་གིས་བོད་ཀྱི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་བཟུང་ནས་ཡོད་པ་ཡིན་ན་ཁོང་ལས་སླ་བོའི་ངང་རྒྱ་ནག་ཏུ་ཅི་ལྟར་སོང་བ་རེད་ཟེར།
༢ བློ་སེང་ལགས་ཀྱི་སྐྱེས་སྨན་ནམ་ཆུང་མ་དེ་བོད་རིགས་གཙང་མའི་རུས་རྒྱུད་མ་རེད་ཟེར།
༣ བློ་སེང་ལགས་ཀྱིས་བོད་ཡིག་ལེགས་པོ་མི་ཤེས་པ་མ་ཟད་བོད་སྐད་ཀྱང་ལེགས་པོ་ཤིག་མི་ཤོད་ཟེར།
༤ བློ་སེང་ལགས་ཀྱི་ཨ་ཁུ་ཞིག་ཤུགས་ལྡན་ཚོགས་པ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད་ཟེར།
༥ བློ་སེང་ལགས་ལ་ལག་འཁྱེར་ཙམ་མ་གཏོགས་ཁྲིམས་ལུགས་ཀྱི་ཤེས་ཚད་དངོས་གནས་མི་འདུག་ཟེར།
༦ བློ་སེང་གིས་གལ་ཏེ་ཁོང་ལ་བཀའ་ཁྲིའི་འོས་ཤོག་མ་ཐོབ་ན་གཞན་བོད་གཞུང་གི་ལས་ཀ་གཞན་པ་བྱེད་རྒྱུ་མིན་ཟེར།
༧ བློ་སེང་གིས་རང་དོན་ཁོ་ན་བསམ་ནས་སྔོན་ཆད་ཨ་རིའི་བོད་རིགས་དག་གི་སྤྱི་འཐུས་ཀྱི་འོས་མིར་ཡང་ཨུ་ཚུགས་བྱས་ནས་ལངས་མེད་ཟེར།
༨ བློ་སེང་ལགས་བོད་ཀྱི་ཨ་རིའི་སློབ་ཡོན་ཁོངས་སུ་ཕྱི་རྒྱལ་དུ་ཕེབས་པ་ཡིན་མོད། སློབ་མཐར་ཕྱིན་རྗེས་ཕྱིར་ལོག་བྱས་མེད་ཟེར།
ད་དུང་ཁ་ཤས་གསུངས་སོང་ཡང་དྲན་མ་སོང་………..
༨ བློ་སེང་ལགས་བོད་ཀྱི་ཨ་རིའི་སློབ་ཡོན་ཁོངས་སུ་ཕྱི་རྒྱལ་དུ་ཕེབས་པ་ཡིན་མོད། སློབ་མཐར་ཕྱིན་རྗེས་ཕྱིར་ལོག་བྱས་མེད་ཟེར།
འདི་ནག་ཉེས་ཆུང་ཆུང་མ་རེད། ད་བཀའ་ཁྲིའི་རྨི་ལམ་མ་གཏོང་རོགས། བཀྲ་ཤིས་དབང་འདུས་ལགས་ཡར་བཞེངས་ནས་འདུག་གདའ།
བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། གཞུང་ཞབས་ཕྱག་ལས་གནང་བཞིན་པ་བཞག་ནས་ཨ་རིར་ཕེབས་པ་དང་། བློ་བཟང་སེང་གེ་ལགས་ཀྱིས། ཨ་རིར་བཙན་བྱོལ་གཞུང་འབྲེལ་བརྒྱུད་སློབ་སྦྱོང་དུ་ཕེབས་ནས་དུས་ཐོག་ཕྱིར་ལོག་གིས། བོད་གཞུང་གི་ཕྱག་ལས་མ་གནང་བ་འདི་ཡི་རྐྱེན་གྱིས། ཁོང་གཉིས་ལ་བཀའ་ཁྲི་ཐོབ་ཐབས་བྲལ་བས། འབྱུང་འགྱུར་བཀའ་བློན་ཁྲི་པ་ནི། བཀྲ་ཤིས་དབང་འདུས་ལགས་ལ་ཐོབ་རྒྱུ་ངེས་པ་རེད། བོད་རྒྱལ་ལོ། །
དཀོན་ཅོག་གསུམ། མཆན་འགོད་པ་དག་གིས་རྒྱབ་ལྗོངས་ཀྱིས་སྐད་ཆ་བཤད་པ་དག་ལ་བལྟས་པ་ཡིན་ན། ཁོང་ཅག་ནི་སྨྱོན་པ་ཤ་སྟག་ཡིན་པ་མ་ཟད། ཆབ་སྲིད་ལ་བློ་ཁ་ཕྱོགས་བའི་ཤེས་ཡོན་ཏིལ་འབྲུ་ཙམ་རེ་ཡང་མི་འདུག མི་དེ་དག་ལ་རྒྱ་གཞུང་གི་ཁྲིམས་འདྲ་བ་བཞིན་མེད་ན་སྤྱི་ཚོགས་མགོ་སྟིང་སློང་ཐག་ཆོད་རེད། འུ་ཐུག འ་ཆད དེ་འདྲའི་བོད་རིགས་ཐབས་སྡུག་འགའ་ཤས་ད་ལྟ་ད་དུང་ཡང་རྨོངས་གཉིད་ལ་སད་མི་འདུག རང་བཙན་དང་རང་སྲིད་རང་སྐྱོང་སོགས་ཕར་ཞོག རྒྱ་མིའི་འོག་ལ་མགོ་འདོགས་ས་ཡང་རེག་ས་མ་རེད། མཐོང་རྒྱ་དང་ཐོས་རྒྱ་ཅི་ཡང་མེད་པའི་སྦལ་པ་འདྲའི་མི་དེ་ཚོར་མིག་གིས་མཐོང་ན་མི་འདོད་པ་དང་རྣ་བར་ཉན་ན་མི་འདོད་ཀྱིན།
བཀྲིས་བདེ་ལེགས།
བཀའ་བློན་ཁྲི་བར་རན་པོ་ཡོད་མེད་ལ་མ་ལྟོས་པར་བློ་བཟང་སེང་གེ་ལགས་མི་འཇོན་པོ་རེད། ཁོ་རང་གིས་ཕྱི་གསལ་ཐོག་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་དྲ་ཐོག་གི་སྐད་ཆ་རྣམས་ཡག་པོ་གོ་འདུག ངས་དམིགས་ཡུལ་དེ་ཡིན། ཆ་ཚང་བདེན་མིན་གང་ལྟར་ཡང་ཁོ་རང་གིས་སྔ་ཕྱི་འགལ་བའི་གཏམ་བཤད་བྱས་མྱོང་བ་བཤད་ཆོག་པ་འདུག རྗེས་མ་བཀའ་ཁྲི་ཐོབ་ན་མ་ཐོབ་ན་ཁོ་རང་གི་མི་གཤིས་ལ་དོ་སྣང་དང་ཞུ་གཏོང་དགོས་ས་མང་པོ་ཡོད་པར་ངོས་ཟིན་ཐོབ་ཡོད་སྲིད། ང་ཚོའི་དམིགས་ཡུལ་ཡང་དེ་ཡིན་པས་བོད་མི་ཞིག་ནག་པོ་བཟོ་རྒྱུ་དེ་མ་རེད། སྐྱོན་བརྗོད་འདི་དག་གིས་ཁོ་རང་ཡར་རྒྱས་དང་ཆབ་སྲིད་སྨིན་པོ་ཞིག་བྱེད་རྒྱུར་ཏན་ཏན་ཕན་ཐོགས་དང་བསྐུལ་ལྕགས་ནན་པོ་ཞིག་བྱུང་ཡོད་ཤག ད་ནི་ཁོ་གི་ནོར་འཁྲུལ་ཁོ་རང་ལ་ཡག་པོ་བརྡ་འཕྲོད་འདུག་པས་ཁ་བརྡ་ཚང་གི་ལས་འགན་ཡང་འགྲུབ་འདུག ད་ཁོ་རང་ཡར་རྒྱུས་འགྲོ་དང་རང་འཇགས་གནས། ཡང་སྡུག་ཏུ་འགྲོ་ལྟ་རྒྱུ་ལས་ང་ཚོའི་ལས་འགན་འགྲུབ་རེད།
བློ་བཟང་ང་ཚོའི་དགྲ་མ་ཡིན་པར་ང་ཚོ་རང་གི་མི་ཡིན་པ་མ་བརྗེད
དྲ་གྲོགས་རྣམས་ཀྱིས་བློ་སེང་བཀའ་ཁྲི་ཡོང་མིན་སྐོར་བསམ་ཚུལ་འདྲ་མིན་གསུངས་བཞིན་ཡོད་པ་ནི་སྨྲ་བརྗོད་རང་བའི་གཟི་བརྗིད་ཅིག་རེད། འོན་ཀྱང་ཚུལ་མཐུན་གྱི་སྤྱོད་པ་དང་འགལ་བའི་གཞན་ལ་དམའ་འབེབ་བྱེད་པ་ནི་ལས་རྒྱུ་འབྲས་ལ་བསམ་ཞིབ་ཐུབ་མཁན་གྱི་མི་རིགས་ཤིག་གི་ཞབས་འདྲེན་རེད།
སྤྱིར་བློ་སེང་དང་བཀྲས་མཐོང་་་བཀྲིས་འདུལ་སོགས་སུ་བཀའ་ཁྲི་མཁན་ཡང་ང་ལ་ཁྱད་པ་མི་འདུག འོན་ཀྱང་སྨྲ་བརྗོད་རང་དབང་དེ་རྒྱུ་མཚན་ངེས་ཅན་ཞིག་གིས་ཚད་བཟུང་ཡོད་པ་མ་ཚད། དཔང་རྟགས་དང་མངོན་མཐོང་ལག་ཟིན་གྱི་བདེན་དཔང་ཡང་དགོས་ངེས་ཤིག་རེད། གཞན་རང་ཉིད་གཞན་གྱི་དབང་བསྒྱུར་དང་སེམས་ཀྱི་མྱོང་ཚོར། སྒེར་དོན་དགོས་མཁོ་ཞིག་གིས་འདི་ལྟར་མི་རིགས་ལ་བསམ་བློ་མེད་པར། རྒྱལ་གཅེས་མེད་པ། མདུན་བསྐྱོད་ཀྱི་གོམ་སྤོབས་མེད་པ། མདོར་ན་སྲོག་མེད་ལུས་པོ་འགྲིམས་པའི་མི་ཞིག་མ་བྱེད་རོགས་ཅེས་གུས་པས་ཞུ་གསོལ་་འཕུལ་རྒྱུ་ཡིན། གོང་གི་ཟིན་གྲོགས་རྣམས་ཀྱིས་བཤད་པའི་སྐད་ཆ་དེ་ཚོར་ཁུངས་ལུངས་དང་རྒྱུ་མཚན་ལྟར་སྣང་ཞིག་གི་ཐོག་ནས་རེད་འདུག་པས། སུ་ཞིག་གིས་སུ་ཞིག་ལ་སྐུལ་སློང་དང་ལྐོག་རྔན། ཞེན་ཁོག་དང་མ་རབས་ཁོག་བཅང་བྱེད་ནས་མཆན་འདི་ཚོ་སྤེལ་བ་ཞིག་རེད་འདུག
གང་ལྟར་ཡང་སྔ་ཕྱི་ནང་འགལ་གྱི་སྐད་ཆ་ཥོད་མཁན་ལ་སུས་ཡིད་མཆེད་བྱ་གི་རེད། ཨ་རོགས་བོད་པ་ཚོ། ད་ཟབ་ཟབ་གནོང་། ཧ་ཝ་ཌེ་ཐོན་པ་ཙམ་གྱིས་མཁས་པ་ཡིན་པས་མ་ཁྱབ། ད་བཀའ་ཤག་ནང་དུ་བུ་མོ་ལོ་གཞོན་དེ་འདྲ་ཡོད་ན་ཟབ་ཟབ་གནང་ ཨི་ཌལ་ལིའི་སྲིད་བློན་་དེ་ཅི་འདྲ་འདུག
ད་ཚང་མས་བཀའ་ཁྲིའི་འོས་མིའི་སྐྱོན་འཚོལ་ཡས་མཚམས་བཞག་སྟེ་ཡོན་ཏན་གྱི་ཆ་ནས་གླེང་རོགས་གནང། བློ་སེང་ལགས་སུ་ཆ་བཞག་ན་བསམ་ཕོད་བྱེད་ཕོད། སེམས་ཤུགས། སྤོབས་པ་དང་ལྡན་པ་ཞིག་འདུག འོན་ཀྱང་བཀའ་མོལ་གནང་དུས་ངེས་པར་དུ་གཟབ་དགོས། སྔོན་བཤད་ཕྱིས་འགལ་གནང་རྒྱུ་མི་འདུག གང་ལྟར་ཉམས་མྱོང་ཁྲོད་ནས་བསླབ་བྱ་ལེན་ཆོག
གནས་དུས་མ་འདྲ་བར་བཤད་པའི་གཏམ་བཤད་མང་པོའི་ནང་ཚིག་དོན་འདྲ་མིན་བྱུང་བ་སྐྱོན་ཅན་དུ་བྱེད་པ་ནི་གཡོན་ཐལ་ཆེ་བའི་རང་སྐྱོན་རང་རེད། བཀའ་ཁྲི་འོས་མི་རྒན་པ་ཚོར་ད་བར་མིང་དང་གོ་གནས་ག་རེ་དགོས་པ་ཚང་མ་ཐོབ་ཟིན་ནའང་། བོད་མི་རིགས་ལ་ཕན་པའི་བྱས་རྗེས་དང་ཐབས་ལམ་གསར་པ་འདི་ཡོད་པ་རེད་ཟེར་བ་ཞིག་མེད་པ་ཕྱི་གསལ་ནང་གསལ་རེད། ད་དུང་ཁོ་ཚོར་མིང་གནས་ཐོབ་པ་ཡིན་ན། དགོས་པ་བོད་མིའི་གཉན་འཕྲང་གི་དུས་ཚོད་དམ་འཛིན་མ་ཐུབ་པར། མི་དགོས་པ་དུག་རོ་རྙིང་པ་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཐབས་སྡུག་རྐྱང་རྐྱང་ལ་མགོ་འཁོར་ནས་རྒྱ་གཞུང་གིས་བོད་ཡུལ་སྣོད་བཅུད་རྩ་སྟོར་གཏོང་བའི་གཡོ་བྱུས་བཀོད་པ་ལམ་ལྷོངས་སུ་སྒྱུར་བའི་དུས་ཚོད་སྤྲོད་པ་ཡིན་ཡིན་པ་རེད། བློ་སེང་མིང་དང་གོ་སྐབས་གསར་པ་ཡིན་པའི་ཕྱིར་ན་ཐབས་ལམ་དང་ནུས་པ་མ་འདྲ་བ་ཡོད་སྲིད་ཅིང་། ལྷག་པར་མིང་གནས་གཞོན་པོ་ཚོར་སྤྲོད་འདོད་མི་བྱེད་པའི་བསམ་སྤྱོད་འདི་ནི། བོད་མི་རིགས་རྩ་མེད་དུ་གཏོང་བྱེད་ཀྱི་བྱ་ཐབས་སྐྱོ་ཤོས་དེ་རེད། དེས་ན་ང་ཚོ་བོད་མི། མགོ་ལ་ཀླད་པ་དང་། ཁོག་ལ་སྙིང་ཡོད་མཁན་ཚོས་ལེགས་ཉེས་ཀྱི་གདམས་ང་ངེས་པར་ནོར་མི་ཉེན།
མཆན་པ་འདི་ཚོ་ནི། སྐབས་འཚོལ་བ་དང་སྒེར་གཅོད་པ། སྐྱོན་བརྗོད་རིང་ལུགས་པ་ཞིག་ལས་རྣམ་དཔྱད་ལྷག་བསམ་ལྡན་པ་ཞིག་མི་འདུག
བཀའ་ཁྲི་གསར་པ་མཁས་དབང་བློ་སེང་ལགས་ཡིན་ཐག་ཆོལ་ལེ་རེད་ ཧོ་དེ་ལ་དགའ་ན་ཡག་མོ་རེད་ མི་དགའ་ལེ་ཡིན་ན་རང་ཉིད་ལ་ཀྲི་སྦིའི་སེམས་ནད་ཕོག་རོགས་ལས་གཞན་ཆི་ཕན་ལེ་མ་རེད་འོ་།
BBCལགས་ཁྱེད་ཀྱི་གསུང་པ་བཞིན་བཀའ་ཁྲིའི་ཡོན་ཏན་གླེང་ན་གལ་ཆེ། བཀའ་ཁྲིའི་འོས་མི་བཀྲས་མཐོང་ལྟ་བུར་ཆ་བཞགས་ན་གནང་དིང་ཤེས་ཡོན་ཡོད་པ། དྲང་པོ་ཡོད་ཁར་ལྷག་བསམ་དང་ལྡན་པ། ཉམ་མྱོང་ཡོད་པ། ཕུགས་བསམ་ལྡན་པ་མ་འོངས་འོང་རྒྱུའི་བཀའ་ཁྲི་འདི་ཁོང་ལས་འོས་པ་སུ་ཡང་མ་མཐོང་། དེ་སྔོན་ངས་ནར་འཁྲུལ་ཆེན་པོ་ཞིག་ཤོར་བ་དེ་ནི་སྐད་ཆ་སྔ་ཕྱི་སྔ་ཕྱི་མི་མཐུན་པ་བཤད་མཁན་ཆོལ་ཞེན་ཆེན་པོ་ཡོད་པ་མཁས་དབང་མིང་ཡོད་ཀྱང་རྩོམ་ཡིག་གྲགས་ཅན་ཞིག་ཀྱང་སྟོན་མ་མྱོང་མཁན་གྱི་་བློ་སེང་ལ་འོས་བླུགས་པ་དེ་ཡིན།
མ་འོངས་པའི་ཆ་གཞི་བཤད་རྒྱུ་མེད་པར་ཕུགས་བསམ་དང་ལ་རྒྱ་ཡོད་ཚུལ་བཤད་པ་འདི་ངོ་མ་སྐྱོ་དགོས་པ་ཞིག་རེད། མཁས་དབང་ཡིན་ཚོད་ལ་རྩོམ་ཡིག་ཡོད་དགོས་མེད་དོ། །
བཀྲས་མཐོང་ལ། ཉམ་མྱོང་ཡོད་པ། ཕུགས་བསམ་ལྡན་པ་ཞིག་ཡིན་ན་ཁ་ནས་བཤད་རྒྱུ་མེད་པ་གང་རེད།
གསུང་རོགས་ཞུ།
དྲ་གྲོགས་མིག་ལེགས་པར་ཉོན་ཞིག ཚད་མའི་གཞུང་ལུགས་ནང་འདས་དང་མ་འོངས་གཉིས་མེད་དེ་གཞི་སྒྲུབ་ན་ད་ལྟ་བ་ཡིན་པས་ཁྱབ་གསུངས་པ་བཞིན། མ་གཤེས་ཡོད་པའི་བཀྲས་མཐོང་མཆོག་གི་ཉམ་མྱོང་མེད་པའི་བློ་སེང་ནང་བཞིན་སྐད་ཆ་སྔ་ཕྱི་མི་མཐུན་པ་གསུང་མི་སྲིད། རྒྱུ་མཚན། མ་འོངས་བཀའ་ཁྲིར་འཁོད་རྗེས་འདི་དང་འདི་བྱེད་ཀྱི་ཡིན་ཟེར་བ་གོང་དུ་བཅའ་ཁྲིམས་དང་གཤམ་དུ་གྲོས་ཚོགས་འཐུས་མི་རྣམས་རྒྱུད་དེ་ལས་དོན་སྒྲུབ་དགོས་ཀྱི་ཡོད་པ་ཁོང་གི་མཁྱེན་གྱི་ཡོད། དེ་ཁོང་གི་ཉམ་མྱོང་རེད། ཕུགས་བསམ་ནི་བཀྲས་མཐོང་ཁོང་གིས་VOAལན་འདེབས་ནང་ཁོང་གི་མ་འོངས་པར་གནས་ཚུལ་ཛ་དྲག་གང་ཞིག་བྱུང་རུང་དེ་ལ་གདུང་ལེན་བྱ་རྒྱུའི་གྲ་སྒྲིག་མངོན་ཚུད་ནས་གཏོང་གི་ཡོད། འདས་པའི་ལས་ཀ་ཁ་ཤས་ནང་མཐོང་རྒྱུ་ཡོད་གསུངས་པ་ནི་ཁོང་གི་ཕུགས་གསམ་ཡིན། ཤེས་ཡོན་ནི་བློ་སེང་ནང་བཞིན་དབྱིན་ཇི་ཁོ་ན་མ་མཏོགས་མ་ཤེས་པ་མ་ཡིན་པར་བོད་དབྱིན་གཉིས་ལ་མཁས་པ་ཁོང་གི་ཤེས་ཡོན་ཡིན།
མ་གཤིས་ མི་གཤིས་བཅོས་གནང་ཡོད་པ་ཞུ།
གོང་དུ་ཁྱེད་ཀྱི་མཁས་དབང་ཡིན་པ་ལ་རྩོམ་ཡིག་ཡོད་མི་དགོས། མཧ་པཎ་དྲི་ཏ་མཁས་པ་ཆེན་པའི་མཚན་ཐོབ་པ་ལ་འཆད་རྩོད་རྩོམ་གསུམ་ལ་མཁས་པར་མཁས་པ་ཞེས་འདོད་པ་ལས་ཁ་ནས་གང་འདོད་བརྗོད་མཁན་གྱི་མི་གཤིས་ཉམས་པའི་མི་ཞིག་ལ་མཁས་པ་ག་ནས་འཇུག བློ་སེང་ནི་རིག་གཅིག་རྐང་འཛིན་ལས་མཁས་པ་ཡིན་ཐེ་ཚོམ་མོ།
མཆན་༡༤་པ་འདྲ་སེ་ཞིག་འདུག་ལ་དེ་ལས་བདེན་པ་ནི་༡༦་པ་འདི་ཡིན་པ་དང་། ད་དུང་༢༡་པ་ནི་དེ་ལས་ཀྱང་བདེན། མཆན་༢༠་འདི་ཡ་མཚན། ཁོང་གིས་མཆན་༡་པོའི་སྐབས་སུ་གསུང་སྟངས་དང་རྦད་དེ་འགྱུར་འདུག དེ་ལྟར་ན་མཆན་དེ་མི་གཞི་ལ་དམའ་འབེབས་ཆེད་དུ་བྲིས་སམ་ཟིན་བྲིས་བསམ་ཚུལ་འབྲི་ཆེད་བྲིས་མ་ཤེས།
མཆན་༩་བའི་ནང་དུ་ཁོང་ལ་ཆོལ་ཞེན་ཆེ་བར་བསྒྲུབ་པ་རང་ཉིད་ཀྱིས་ཇི་ལྟར་བསམ་བཞིན་ཡོད་རུང་ཁྱེད་ཀྱི་ནང་གི་ཀུན་སློང་དེ་ང་ཚོ་ཀློག་མཁན་དག་གི་སེམས་ལ་ཁྲིག་སེ་ཤར་ཡོང་གི་འདུག ཁྱེད་ཀྱིས་ཅིག་འཇོན་བཞིན་ཡོད་བསམ་བཞིན་ཡོད་མོད་ཁྱེད་ཀྱིས་རང་ཉིད་ཀྱི་མདོག་ཁྲོམ་སྟོན་བྱེད་བཞིན་འདུག ཁྱེད་ནི་ཆེད་དུ་གཉེར་ནས་གང་ཟག་ནག་པོ་བཟོ་མཁན་མི་ཐེབ་ཆགས་ཤིག་ཡིན་པ་བསྟན་འདུག
སྐད་ཆ་དེ་གསུང་དགོས་པ་ནི་ཆོལ་ཁའི་དཔུང་སྒྲིག་ནས་ཡོང་བ་ཞེས་འབྱུང་འགྱུར་བོད་ཆོལ་ཁ་གསུམ་གྱི་བཀའ་ཁྲིར་ལང་འཆར་ཡོད་ཡོད་པའི་མི་ཞིག་གིས་སྨྱོས་མེད་ན་དེ་ལྟར་བཤད་སྲིད་དམ། དྲི་བ་འདི་ལས་ཀྱང་མི་དགོས། གང་ལྟར་གསལ་བཤད་ཅིག་ཞུས་ནཿ ཡིན་རྒྱུ་ནི་ལི་ཐང་མི་མང་གིས་སྐབས་དེར་ཤུགས་ལྡན་གཙང་འཕྱགས་བྱེད་པའི་ལས་འགུལ་སྤེལ་ཞིང་། དེའི་ནང་དུ་སུ་ཡོང་ཡོད་མེད་ཀྱིས་རང་ཕྱོགས་དང་གཞན་ཕྱོགས་ཀྱི་དབྱེ་མཚམས་འབྱེད་དགོས་པས་གནད་འགག་དེའི་དབང་གིས་ཁོང་ཕེབས་པ་ཡིན་གསུང་པ་ལས་ཁོང་མདོ་སྟོད་ཆོལ་ཁ་ལ་དཔུང་སྡོང་ནས་ཡོང་བ་ཡིན་ཞེས་པའི་དོན་ནམ་ཡང་མིན། མདོར་ན་ཆོལ་ཁའི་གནད་དོན་ལ་འབྲེལ་བ་ཙམ་མེད།
འགྱུར་བ་ཕྱིན་ཡོད་པ་མ་རེད། ཐོད་བརྒལ་རང་བཞིན་གྱི་ཧམ་ཤེད་ལ་ཚོད་བགམ་ཐེངས་གཅིག་བྱས་པ་ཙམ་ཞིག་རེད། བཀའ་ཁྲིའི་མ་རྩ་གཙོ་བོ་མི་གཤིས་དྲང་པོ་དགོས་པ་དེ་གནད་འགག་ཆེ་ཤོས་རེད།
དགའ་ལྡན་ལགས། ཁྱོད་ཀྱིས་༼ ཚད་མའི་གཞུང་ལུགས་ནང་འདས་དང་མ་འོངས་གཉིས་མེད་དེ་གཞི་སྒྲུབ་༼གྲུབ་༽ན་ད་ལྟ་བ་ཡིན་པས་ ཁྱབ་གསུངས་པ་བཞིན། མ་གཤེས་༼མི་གཤིས་༽ཡོད་པའི་བཀྲས་མཐོང་མཆོག་གི་ཉམ་མྱོང་མེད་པའི་བློ་སེང་ནང་བཞིན་སྐད་ཆ་ སྔ་ཕྱི་མི་མཐུན་པ་གསུང་མི་སྲིད། ༽
ཅེས་བྲིས་འདུག ཚིག་འདི་གཉིས་མཚམས་སྦྱོར་ཞིག་གནང་དང་། གང་གི་བཞིན་སྒྲ་འདི་མཚུངས་པ་གསལ་བྱེད་ཡིན་པས་མཚུངས་ཚུལ་ཅི་ཡོད།
ངས་མི་ཤེས། ངས་མི་ཤེས། ངས་མི་ཤེས། དག་དག་ལབ་ནས་བསྡད་པ་ཡིན་ན་བླ་མ་དང་འགལ་མ་སོང་ན་འགལ་རྒྱུ་ཅི་ཡོད།
ཡང་ཁྱོད་ཀྱིས་༼མ་འོངས་བཀའ་ཁྲིར་འཁོད་རྗེས་འདི་དང་འདི་བྱེད་ཀྱི་ཡིན་ཟེར་བ་གོང་དུ་བཅའ་ ཁྲིམས་དང་གཤམ་དུ་གྲོས་ཚོགས་འཐུས་མི་རྣམས་རྒྱུད་དེ་ལས་དོན་སྒྲུབ་དགོས་ཀྱི་ ཡོད་པ་ཁོང་གི་༼གིས༽མཁྱེན་གྱི་ཡོད། དེ་ཁོང་གི་ཉམ་༼ཉམས༽མྱོང་རེད། ༽ཟེར། དེ་བཀྲས་མཐོང་གི་ཉམས་མྱོང་ཡིན་ན་ཧ་ལས་རྒྱུ་ཅི་ཡང་མེད་ལ། དེ་ནི་ཐུགས་སྣང་ཡོད་མཁན་ཞིག་ཡིན་ན་མི་ཤེས་རྒྱུ་ཞིག་ཅི་ལ་ཡིན།
ཡང་ཁྱོད་ཀྱིས་༼ཕུགས་བསམ་ནི་བཀྲས་མཐོང་ཁོང་གིས་VOAལན་ འདེབས་ནང་ཁོང་གི་མ་འོངས་པར་གནས་ཚུལ་ཛ་དྲག་གང་ཞིག་བྱུང་རུང་དེ་ལ་གདུང་༼གདོང་༽ལེན་ བྱ་རྒྱུའི་གྲ་སྒྲིག་མངོན་ཚུད་ནས་གཏོང་གི་ཡོད། འདས་པའི་ལས་ཀ་ཁ་ཤས་ནང་མཐོང་རྒྱུ་ཡོད་གསུངས་པ་ནི་ཁོང་གི་ཕུགས་གསམ་༼བསམ༽ཡིན། ༽འདས་པའི་ལས་ཀ་ནང་བཀའ་ཁྲི་ཡིན་བཞིན་དུ་རང་དོན་དུ་དགོངས་ཞུ་ཞུས་པ་དང་། བཀའ་ཁྲི་སུའི་རིང་ལ་བྱུང་མ་མྱོང་བའི་སྒོར་མོའི་རྙོག་གླེང་བྱུང་ཡོད་པ་འདི་དག་རེད་དམ། དེ་མིན་གཞན་ཞིག་གཟུར་གནས་སུས་ཀྱང་གོ་ཐོས་རིག་གསུམ་བྱུང་མི་འདུག
ཤེས་ཡོན་ནི་བློ་སེང་ནང་བཞིན་དབྱིན་ཇི་ཁོ་ན་མ་མཏོགས་༼གཏོགས༽མ་ཤེས་པ་མ་ཡིན་པར་བོད་ དབྱིན་གཉིས་ཀ་མི་ཤེས་པ་དེ་ཁོང་གི་ཤེས་ཡོན་ཡིན་ནམ།
ངོ་མ་ང་བགད་ཡ།
སྐུ་དྲག་རིང་ལུགས་པ་འདི་ཚོ།
བློ་སེང་ལགས་ཀྱིས་བཙན་འབྱོལ་གཞིས་ཆགས་ཁག་ལ་སྐོར་བ་མང་ཤོས་རྒྱབ་ཡིན་གསུངས། འོ་ན་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུ་དྲུང་ལགས་དང། ངའི་ཆོས་གྲོགས་བག་གྲོ་ལགས་གང་དུ་སྐྱེལ་དགོས་སམ། གཞིས་ཆགས་ཁག་ལ་སྐོར་བ་མང་ཤོས་རྒྱབ་མཁན་བྱས་རྗེས་ཅན་དུ་བརྩིས་ན་མན་ཇུ་ཀྲི་ལིའི་ཐ་མག་ནག་པོ་བཏུང་མཁན་དེ་རྣམས་ཀྱང་བྱས་རྗེས་ཅན་དུ་བརྩིས་དགོས་རེད་པས། ཧ་ཧ། ང་གད་མོ་ཤོར་
༄༅། །ཅིའི་ཕྱིར་བློ་བཟང་སེང་གེ་མཆོག་ལ་སྔོན་འགྲོའི་འོས་མང་ཤོས་ཐོབ་པ་རེད་དམ།
སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང༌།
ཕྱི་ལོ་ ༡༩༦༠ ཟླ་ ༠༩ ཚེས་ ༠༢ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བའི་སྐབས་དེ་ནས་བཟུང་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་པ་ལྟར། སྐུ་ངལ་ལ་ཡེ་ནས་མ་འཛེམས་པར་དུས་ནས་དུས་སུ་ལམ་སྟོན་དང་སྦྲགས་མང་གཙོའི་ལམ་སྲོལ་མི་མང་གི་ལག་ཏུ་ནན་གྱིས་གོ་བསྐོན་གནང་བ་དེའི་གྲུབ་འབྲས་སུ་བཙན་བྱོལ་གཞུང་དམངས་ཡོངས་ཀྱི་གནས་སྟངས་སྤྱི་དང༌། བྱེ་བྲག་ཏུ་བཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་འཕེན་ལས་རིམ་ལ་མི་མང་གིས་སྔར་དང་མི་འདྲ་བར་བསམ་བློའི་གནས་ཚད་མཐོ་བོའི་ཐོག་ནས་དོ་སྣང་གནང་བའི་འགྱུར་ལྡོག་དེ་མང་གཙོ་ཡར་རྒྱས་ཀྱི་ན་ཚོད་ཡོངས་སུ་སྨིན་པའི་མངོན་རྟགས་ཤིག་རེད། དེའང་ྋགོང་ས་མཆོག་སྐུ་རྐྱང་གིས་འབད་བརྩོན་ཁོ་ན་ལས་བྱུང་བ་ཡིན་པས་ཚད་གཞལ་དུ་མེད་པའི་ཁོང་གི་བཀའ་དྲིན་ཅིའི་ཕྱིར་རྟག་ཏུ་ཡིད་ལ་མི་དྲན་ནམ། །
ད་ནི་སྐབས་དོན་བརྗོད་པར་བྱ་བ་འབྱུང་འགྱུར་བཀའ་ཁྲིའི་སྐོར་བརྗོད་ན། ཕྱི་ལོ ༢༠༡༠ ཟླ་ ༡༠ ཚེས་ ༣༠ ཉིན་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས༼ ང་ཚོའི་བོད་ལུང་བ་སྤྱིའི་གནས་ཚུལ་ལ་ཆ་བཞག་ནའང་མི་ཐོག་གོང་མ་དག་གིས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་དག་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་དེར་ཞབས་བརྟན་འདྲ་བསྒྲུབས་ཏེ་བསྡད་སྟབས་ང་ཚོ་བོད་ལུང་བ་དང་ཁ་བྲལ་བ་རེད ༽ཅེས་གསུངས་པ་ལྟར། ཕྱི་ལོ་ ༡༩༡༢ ནས་ ༡༩༤༩ ལོའི་བར་དང༌། ལྷག་པར་དུ་ ༡༩༤༧ ལོ་དང་ ༡༩༤༨ ལོ། དེ་བཞིན་ ༡༩༤༩ ལོ་བཅས་ཀྱི་དུས་སྐབས་རྩ་ཆེན་དེ་དག་གི་ཚེ་ན་རྣམ་དཔྱོད་དང་ལྷག་བསམ་ཡེ་ནས་མེད་པའི་སྐབས་དེའི་གཞུང་གི་མགོ་གཙོ་སྐུ་དྲག་ཅེས་འབོད་པ་ཁོང་ཚོས་རང་གི་གོ་ས་དང༌། གཞི་རྩ་གང་ཡང་མེད་པའི་ཕ་བརྒྱུད་བུ་འཛིན་གྱི་ལྟ་གྲུབ་ངན་པ་རྒྱུན་བསྲིངས་གནས་ཐབས་ཁོ་ནར་ཡོངས་སུ་བརྐམས་ཏེ། བོད་རྒྱལ་ཁབ་དེ་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱ་རྒྱུའི་སྒོ་སྐབས་ཧ་ཅང་བཟང་བོ་ཐོབ་པ་སོགས་བོད་སྤྱི་ཡོངས་ལ་ཕུགས་སུ་ཕན་པའི་སྣངས་ཆེན་གྱི་ལས་དོན་མང་དག་ཅིག་ལ་དོ་ཁུར་བྱས་མེད། ཁོང་ཚོའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བརྗེད་དུ་མི་སྲིད་པའི་བོད་མི་སེར་སྐྱ་འབུམ་ཕྲག་མང་བོ་ཡ་ང་བའི་དམར་གསོད་དང༌། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་ལོ་རྒྱུས་ཀྱིས་ཡོངས་སུ་ཕྱུག་པའི་དགོན་པ་སྟོང་ཕྲག་མང་བོ་རྩ་གཏོར་དང༌། དུས་ད་ལྟའང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་ལ་བསྐྱལ་བ་ཡིད་ལ་དྲན་ཞིང་ཤེས་པའི་ཐོག་ནས་སླར་ཡང་སྐུ་དྲག་རིང་ལུགས་པར་མགོ་བོ་འདུད་རྒྱུ་མིན་ཞེས་མི་མང་གིས་བློ་བཟང་སེང་གེ་མཆོག་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དང་བོའོ། །
འབྱུང་འགྱུར་གྱི་བཀའ་ཁྲི་སྐབས་གསུམ་པ་དང་བཞི་བ་བཅས་སོ་སོའི་དུས་ཡུན་རྫོགས་མཚམས་དེའི་ཚེ་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རིམ་པ་བཞིན་དགུང་ན་ ༨༡ དང་ ༨༦ ཏུ་ཕེབས་རྒྱུ་ངེས་པས་དུས་སྐབས་གཉན་འཕྲང་ཅན་དེ་དག་ད་ལྟ་ནས་ང་ཚོས་སྙིང་དབུས་སུ་བཅངས་ཏེ། ཕྲེང་རྡོག་བརྒྱུད་པ་ལྟར་གྱི་ངང་ཚུལ་བཞིན་རྒན་མཇུག་གཞོན་མཐུད་བྱས་ཏེ་ད་ཐེངས་ཀྱི་དུས་སྐབས་དམིགས་བསལ་ཅན་འདིར་གསར་གཏོད་ཀྱི་རྣམ་དཔྱོད་དང་དཔའ་མཛངས་ལྡན་པའི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གཉིས་པའོ། །
གནམ་གོང་གི་ཉི་ཟླ་ལྟ་བུ་ཁྱད་དུ་འཕགས་པའི་དབུ་འཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཁོང་རྣམ་པ་གཉིས་སྐུ་འཚོ་བཞུགས་སུ་ཡོད་པའི་སྒོ་སྐབས་རྩ་ཆེན་དེའི་འོག་གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙིགས་ཆེན་དུ་འཛིན་པའི་གཞོགས་གཅིག་ཕུགས་ཐུང་གི་བསམ་བློ་ཡོངས་སུ་དོར་ཞིང་མ་འོངས་ཕུགས་རྒྱང་རིང་བོའི་བསམ་བློས་བོད་ཀྱི་འཐབ་རྩོད་དེ་མི་རབས་གསར་བས་འགན་འཁུར་བྱ་དགོས་ངེས་ཡིན་པ་ཡིད་ལ་བཅངས་ཏེ། དུས་དང་མཐུན་པའི་འགྱུར་འགྲོས་དང་གསར་གཏོད་ཀྱི་རྣམ་དཔྱོད་གསར་བས་འཐབ་རྩོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གསུམ་པའོ། །
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་རིགས་ཀྱི་གཞི་རྩའི་རང་དབང་དང༌། དེ་བཞིན་དུ་དེའི་ངོ་བོ་དང་སྐད་ཡིག་དང༌། ཆོས། ཁོར་ཡུག གཞན་ཕན་གྱི་ལྟ་སྤྱོད་བཟང་བོ་དང་བཅས་པ་ཡོངས་སུ་རྫོགས་པར་འཁྱག་མངར་བཞུ་བ་ལྟར་འཇམ་ཞིང་མཉེན་པའི་སྲིད་བྱུས་ཀྱིས་རྨེག་མེད་དུ་བྱས་དང་བྱས་དང་བྱེད་ཀྱིན་ཡོད་པ་དེ་ཉིད་ད་ལྟའི་སྐབས་སུ་ང་ཚོར་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། དེས་ན་ཁོང་རྣམ་པ་གཉིས་ཀྱི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་གོང་འཁོད་གནས་དོན་ཁག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གདོང་ལེན་དང་འཐབ་རྩོད་བྱ་ཕྱིར་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཡིན་པའི་བཀའ་ཁྲི་ཞིག་ངེས་པར་དུ་མཁོ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བཞི་བའོ། །
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཉིན་ ༢༡ ཉིན་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ༼ ང་ཚོའི་ཐབས་ཤེས་དང༌འཆར་སྣང་། རྣམ་དཔྱོད་གསར་བ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག་ལ་མ་འོངས་པའི་འཛམ་གླིང་ཅི་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པ་རེད་ ༽ ཅེས་གསུངས་ཡོད་ནའང་ང་ཚོའི་སྤྱི་ཚོགས་ནང་མི་འབོར་གྱི་བརྒྱ་ཆ ༧༥ ཙམ་ན་གཞོན་ཡིན་པ་ནས་མང་ཆེ་བ་ནི་ཆབ་སྲིད་ལ་དོ་སྣང་ཧ་ཅང་དམན་པོ་རེད། འབྱུང་འགྱུར་ཆབ་སྲིད་ཀྱི་འགན་འཁུར་དེ་ན་གཞོན་ཚོས་ཁྱེར་དགོས་རྒྱུ་ནི་སྨོས་ཅི་དགོས་ལ་དུས་དང་མཐུན་པའི་བསྒྱུར་བཅོས་ཀྱང་མ་འོངས་པའི་ཆབ་སྲིད་འགན་འཁུར་བོ་ན་གཞོན་ཚོའི་ལྟ་གྲུབ་ལ་རག་ལས་པ་ནི་བཟློག་ཏུ་མེད་པས་ན། གལ་ཏེ་ལོ་ན་གཞོན་པ་ཚོ་ཡིད་འགུག་པའི་ནུས་པ་མངའ་བའི་དགུང་ལོ་གཞོན་པ་ཞིག་བཀའ་ཁྲིར་འདེམས་ཐུབ་པ་ཡིན་ན་གཞོན་སྐྱེས་ཚོར་རང་བཞིན་གྱིས་འབྱུང་རྒྱུའི་བོད་ཀྱི་ཆབ་སྲིད་ལ་དོ་སྣང་དང་སེམས་ཤུགས་ལྷག་པོ་བསྐྱེད་རྒྱུ་ངེས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་ལྔ་བའོ། །
རེ་འགས་ཉམས་མྱོང་ཅན་ཞིག་དགོས་གལ་ཆེ་ཚུལ་གྱི་གཏམ་བསྒྲགས་བྱས་ནའང་དོན་དམ་དུ་ཕྱི་ལོ་ ༡༩༤༩ ཕན་ཆད་ཀྱི་གཞུང་འཛིན་པ་སྐུ་དྲག་ཅེས་འབོད་པ་ཁོང་ཚོར་ཕ་རྒྱུད་བུ་རབས་བརྒྱུད་དེ་མི་རབས་འགའ་ཡི་ཉམས་མྱོང་ལྡན་ནའང་ད་ལྟའི་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་ལ་ཇི་ལྟར་བསྐྱལ་འདུག་གམ་འདས་པའི་བྱུང་རིམ་ལ་ཁ་ནང་དུ་ཕྱོགས་ཏེ་ལེགས་པར་སོམས་དང༌། གཞན་ཡང་འཛམ་གླིང་གི་ཡང་རྩེར་སོན་པ་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀར་མཚོན་ན་ཨོ་བྷ་མ་ནི་ཉམས་མྱོང་ཅན་ཞིག་མིན་ནའང་དུས་མཐུན་གྱི་འགྱུར་འགྲོས་དང་མི་མང་གི་བསམ་བློའི་འཁྱེར་སོ་ལ་དཔག་པའི་ཁོང་སྲིད་འཛིན་དུ་བདམས་པ་རེད། །
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དགུང་ན་བཅུ་དྲུག་ཐོག་འཆི་མ་གསོན་གྱི་བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་ཅིང་ཛ་དྲག་གི་གནས་སྟངས་སུ་གནས་པའི་འོག་ནས་ཆོས་སྲིད་ཟུང་གི་ཐུགས་འགན་བདག་གིར་བཞེས་ནའང་འཛམ་གླིང་དེའི་སྟེང་དུ་བོད་གཞུང་མང་ཡོངས་ཀྱི་གནས་བབ་ནི་ཀུན་གྱིས་ཡིད་སྨོན་བྱ་བའི་ཡུལ་དུ་གྱུར་ཡོད། བོད་ཀྱི་རྩ་དོན་ཐད་༧གོང་ས་མཆོག་གི་དགོངས་པ་ཇི་ལྟ་བ་བཞིན་ལྟ་གྲུབ་བརྟན་པོ་ཞིག་དང་ལྟ་གྲུབ་དེ་དང་མཐུན་པའི་ལངས་ཕྱོགས་ཀྱི་སྲིད་བྱུས་གཙང་མ་འཛིན་ཐུབ་མཁན་གྱི་བཀའ་ཁྲི་གཅིག་ཀྱང་ཕྱི་ལོ་ ༢༠༠༡ ཡན་ལ་བྱུང་མེད་པ་དེ་ཡིས་ཕུང་འདུག་པ་མ་གཏོགས་བཙན་བྱོལ་ནང་ཉམས་མྱོང་ཅན་གྱི་མ་འདང་བའི་དཀའ་ངལ་ནམ་ཡང་ཕྲད་མེད། དབུ་འཁྲིད་ཁོང་རྣམ་པ་གཉིས་ཀྱི་དགུང་ནའི་འབབ་ལ་གཞིགས་ཏེ། གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙོ་བོར་མི་འཛིན་པར་དོན་དངོས་དང་མཐུན་པའི་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་འགྱུར་འགྲོས་དང༌། གསར་གཏོད་ཀྱི་ལག་ལེན་གལ་ཆེ་བར་གཟིགས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དྲུག་པའོ། །
བློ་བཟང་སེང་གེ་མཆོག་ནི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་རྣམ་དཔྱོད་བཟང་བོས་ལས་འགུལ་མི་ཉུང་བ་སྤེལ་ཡོད་ལ་འདི་བྱ་འདི་བྱ་མིན་གྱི་ཐ་ཚིག་ཧ་ཅང་གསལ་བ་དང༌། འབྱུང་འགྱུར་བོད་ཀྱི་འཐབ་རྩོད་མུ་མཐུད་དེ་གནས་པར་བྱེད་པ་ལ་ན་གཞོན་ཚོས་ཆབ་སྲིད་ཐོག་འགན་འཁུར་ལེན་དང་མི་ལེན་ལ་རག་ལས་པས་ཁོང་ལ་ན་གཞོན་ཚོའི་བློ་འགུག་ཐུབ་པའི་ནུས་པ་མངའ་བ་དང༌། དགུན་ན་གཞོན་ཞིང་དུས་དང་མཐུན་པའི་བཅོས་འགྱུར་དང་གསར་གཏོད་མེད་དུ་མི་རུང་བར་རྟོགས་པ་དང༌། རྒན་གཞོན་ཟུང་དུ་འབྲེལ་བའི་འཛིན་སྐྱོང་གི་ལམ་ལུགས་མེད་དུ་མི་རུང་བར་རྟོགས་ཤིང་གདེང་སྤོབས་ཀྱང་ཆེ་བ་དང༌། འཛམ་གླིང་ཐོག་ངོས་ལེན་ལྡན་པའི་ཁྲིམས་རྩོད་པ་ཞིག་ཡིན་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བདུན་པའོ།། །།
སྨན་ར་མ་ངག་དབང་སྦྱིན་པ་ཟེར་བ་འདི་སྨན་པ་ནད་པ་མེད་མཁན་ཞིག་ཡིན་ཚོད་འདུག བཀའ་ཁྲིའི་འོས་བསྡུའི་སྐབས་སུ་རྩོམ་ཡིག་རིང་ཐུང་མང་པོ་སྤེལ་ཡོང་གི་འདུག སྨན་པ་ལ་ཆབ་སྲིད་ཐོག་རྩོམ་རྙོག་འདི་འདྲ་མང་པོ་འབྲི་རྒྱུའི་དུས་ཚོད་མང་པོ་ཡོད་པ་ཡག་རྟགས་རང་མ་རེད། གལ་སྲིད་ནད་པ་ལྟ་མི་དགོས་པའི་སྨན་པ་བགྲེལ་ཡོལ་དེ་འདྲ་ཡིན་ན་དགོངས་འགལ་མེད་པ་ཞུ། སྔོན་མ་མི་འདིས་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་འདེམས་དགོས་བཤད་སོང་བསམ་སོང་། ཁྱེད་ཚོས་དྲན་གྱི་འདུག་གམ། སྔར་ལོ་རྒན་པོའི་རྒྱབ་སྐྱོར་ད་ལོ་གཞོན་པའི་རྒྱབ་སྐྱོར་ཁྱད་མཚར་པོ་མཐོང་སོང་།
ང་རང་སྔོན་མ་སྔོན་འགྲོའི་འོས་མི་ཆ་སྙོམས་སུ་དགའ་བོ་ཡོད། དེ་ནས་བློ་བཟང་སེང་གེ་ལགས་ལ། ཚད་ལས་བརྒལ་བའི་འོས་ཐོབ་པ་ནས་བཟུང་། འདི་ནི་གཡོན་ཐལ་ཆེ་བས་སྤྱི་ཚོགས་ཀྱི་འོས་གྲངས་ལ། ང་ཡིད་ཆེས་བརླགས་སོང་། དེ་ནས་བཀྲ་ཤིས་དབང་འདུས་ལགས་རེ་བ་བརྒྱབ་བཞིན་ཡོད་པས། བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོར་དགོངས་འགལ་མེད་པ་ཅིག ཅེས་ཞུ་ཡིག་ཏུ་ཕུལ།
དྲ་གྲོགས་ཚོས། དོན་མེད་དུ་ཚིག་རྩུབ་སྨྲ་བ་དང་དབྱེན་དཀྲུགས་བྱེད་པ་སོགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
འདིའི་རིགས་ཀྱི་མཆན་རྣམས་འགོག་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
གྲ་གྲོགས་སོ་ དཀར་བློན་འཕྲུར་ནི་ བློ་བཟང་སེང་གེ་ངེས་པ་བརྒྱ་ཆ་བརྒྱ་རིད དེ་ལིག་འོན་ཤོག་སླུག་རོག་
བློ་བཟང་སེང་གེའི་མི་གཞི་ལ་ལྟས་ན་འོས་ཤོག་དེ་ཁོ་ལ་བླུག་ཐུབ་ས་མ་རེད་ མི་དེ་འདྲ་བ་ཞིག་ལ་བོད་ཀྱི་བཀའ་ཁྲིའི་དབང་ཆ་ ཆ་ཚང་སྤྲད་ན་བློ་འགེལ་ཐུབ་ས་མ་རེད་ དེ་སོང་ཙང་ད་རེས་འོས་ཤོག་གཅིག་པོ་དེ་ཕྱུར་འཐུན་བྱེད་གི་ཡིན།།
ངའི་བསམ་བློ་ཡང་འགྱུར་བཞྀནའདུག མ་འགྱུར་ན་སེམས་མིན། མཁུགས་ན་བློ་མིན། ཟེར་བ་ལྟར་རེད། བློ་བཟང་སེང་གེ་ཁོང་རང་ཡག་པོ་དང་འཇོན་པོ་ཡོད་ཐང་ནའང། ཁོང་གི་རྗེས་འབྲང་དང་རྒྱབ་སྐྱོར་བ་ཚོས་སྐད་ཆ་ཤོད་སྟངས་ལ་གཞིག་དུས་ཉོབ་ཡོང་གིན་འདུག
ཁོང་ཚོས་བློ་སེང་ལ་བསྟོད་དུས་བཀྲས་མཐོང་ལ་སྐུ་དྲག་དང་སྐུ་དྲག་ཟེར་ནས་སྨོད་གིན་འདུག རྒད་པོ་དང་རྒད་པོ་ཟེར་ནས་འཕྱ་གིན་འདུག རྩ་ཁྲིམས་རིན་པོ་ཆེའི་ནང་མི་རིགས། ཕོ་མོ། རྒན་གཞོན། ཤ་མདོག་སོགས་ལ་དབྱེ་བ་མེད་པར་ཐོབ་ཐང་གཅིག་མཚུངས་གསུངས་ཡོད། ཡིན་ནའང་ཁོང་ཁ་ཅིག་གིས་མའོ་ཙེ་ཏུང་རྗེས་འབྲང་དང་བཅས་པའི་སྐད་ཆ་རྙིང་པ་རྗེས་ཟློས་གནང་གིན་འདུག
སྔར་བློ་སེང་ལ་ཕུལ་རྒྱུར་ཐག་བཅད་པའི་ངའི་འོས་ཤོག་གཅིག་པུ་དེ་གནས་སྟབས་ཕྱིར་འཐེན་བྱ་རྒྱུ་ཡིན།
བོད་རྒྱལ་ལོ།། རང་དབང་རྒྱལ་ལོ། །
དྲ་གྲོགས་མིག་ལགས་སུ་བརྗོད་རྒྱུར།་
ཉམས་མྱོང་དང།་ཤེས་ཡོན།་ཕུགས་བསམ་ཡོད་ཚད་ཁ་ནས་བརྗོད་དགོས་པའི་ངེས་པ་མེད།་
དཔེར་ན་བོད་ཀྱི་ལེགས་བཤད་ལས།
མཁས་པ་ཡོན་ཏན་ཁོངས་སུ་འཆུད།།
བླུན་པོའི་ཡོན་ཏན་ཁར་བྱིན་ཏེ།།
ཞེས་པ་ལྟར་བཀའ་ཟུར་བཀྲས་མཐོང་མཆོག་ག་དུས་ཡིན་ནའང་ངས་འདི་འཇོན།་ངས་འདི་བྱས་གསུང་མཁན་ཞིག་མ་རེད།་
བློ་སེང་གིས་འོས་ཤོག་ཐོབ་རང་གི་གློ་སྙིང་བྲང་གསུམ་ཚང་མ་མར་བཏོན་ནས་ངས་འདི་བྱས།་ངས་འདི་འཇོན་སོགས་འཇོན་འཇོན་བཏང་བཏང་རྐྱང་བཤད་ནས་གོ་རྟོགས་དམའ་བའི་མི་མང་ལ་རང་ཉིད་ངོ་མས་ལྷག་པ་ཞིག་ག་དུས་ཡིན་ནའང་སྟོན་ཐབས་བྱེད་ཀྱི་ཡོད།
དེ་ནི་ལེགས་བཤད་ལས།
ཁ་བཤད་མང་ཡང་ཉུང་ཡང་རུང་།།
དགོས་དོན་ལག་ཏུ་བླངས་ན་གོ།་
ཞེས་གསུངས་པ་ལྟར་མ་ཡིན་ནམ།
གསར་འགྱུར་འདུག བོད་ཀྱི་དུས་བབ་དང་བང་ཆེན་སོགས་ཆ་འཕྲིན་གྱི་ཚབ་མཚོན་ཁག་ནས་དགོས་ངེས་ཀྱི་གསར་འགྱུར་མཁོ་སྤྲོད་བྱེད་ཐུབ་ཀྱི་མི་འདུག དེ་ཡང་གནས་མཆོག་ཝ་ར་ཎ་སིར་བོད་ཀྱི་བསྟན་འགྱུར་ཕྱི་སྐད་ཐོག་བསྒྱུར་རྒྱའི་ཐད་ཀྱི་ཚོགས་ཆེན་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལས་གཞི་འདིར་དམིགས་ཏེ་བཀའ་སྐྱོན་ཡག་པོ་ཞིག་གནང་འདུག་ཟེར། ཁོང་ནས་ལས་གཞི་འདིར་བོད་ཀྱི་ཕྱོགས་ནས་འགན་ལེན་དགོས་ཡས་མེད་པ་དང་། བོད་པས་འཇོན་ན་པ་ལི་སོགས་ནང་ཡོད་པའི་བཀའ་བསྟན་ཇི་ཡོད་བོད་སྐད་ཐོག་བསྒྱུར་ཐུབ་ན་བསྒྱུར་དགོས་གལ་ཆེ་ཡིན་པ་དང་། ལྷག་པར་ཡིད་གཟབ་ཆེན་པོ་བྱེད་དགོས་པ་མ་ཟད། ཐོག་མར་སྒྲ་སྦྱོར་བམ་གཉིས་སོགས་ལ་སྦྱོང་དགོས་གལ་ཆེ་ཡིན་ཚུལ་གསུངས་འདུག གང་ལྟར་རིན་པོ་ཆེ་ཁོང་གིས་ལས་གཞི་འདིར་དགའ་བསུ་ཞུས་མི་འདུག་ལ་༸གོང་ས་མཆོག་ནས་ཀྱང་དེ་མཚངས་བཀའ་སློབ་ཕེབས་འདུག ད་རྫོང་གསར་མཁྱེན་བརྩེ་པད་ཤག་གི་ཆེད་དུ་བཀའ་ཚོང་སྐྱོན་མཚམས་བཞག་ན་ལེགས་སྙམ།
༸གོང་ས་མཆོག་ནས་ཀྱང་དེ་མཚུངས་བཀའ་སློབ་ཕེབས་འདུག
དྲ་གྲོགས་མེ་ཏོག་ནི་དོན་གྱི་མེ་ཏོག་དཀར་པོ་རང་རེད།་ཕྱི་གསལ་ནང་གསལ།་དྲི་མེད་དང་གཙང་།་
ཁ་ཡོད་ལག་ཡོད་ཀྱི་དགོངས་ཚུལ་དྲང་པོ་གསུངས་པར་ཡིད་རངས་བསྔགས་བརྗོད་ཞུ།
ང་ཡང་དེ་དེ་བཞིན་ནོ།
དྲ་གྲོགས་མེ་ཏོག་ནི་དོན་གྱི་མེ་ཏོག་དཀར་པོ་རང་རེད།་ཕྱི་གསལ་ནང་གསལ།་དྲི་མེད་དང་གཙང་།་
ཁ་ཡོད་ལག་ཡོད་ཀྱི་དགོངས་ཚུལ་དྲང་པོ་གསུངས་པར་ཡིད་རངས་བསྔགས་བརྗོད་ཞུ།
ང་ཡང་དེ་དེ་བཞིན་ནོ།
དྲ་གྲོགས་མེ་ཏོག་ནི་དོན་གྱི་མེ་ཏོག་དཀར་པོ་རང་རེད།་ཕྱི་གསལ་ནང་གསལ།་དྲི་མེད་དང་གཙང་།་
ཁ་ཡོད་ལག་ཡོད་ཀྱི་དགོངས་ཚུལ་དྲང་པོ་གསུངས་པར་ཡིད་རངས་བསྔགས་བརྗོད་ཞུ།
ང་ཡང་དེ་དེ་བཞིན་ནོ།
དྲ་གྲོགས་ཀརྡོ་རབ་འབྱམས་པ་དེའི་ཁ་ནས་བཀྲིས་དབང་འདུས་མ་གཏོགས་མི་འདུག་
ངས་ཁ་སྔོན་ནས་བརྗོད་ཟིན།་བཀྲིས་དབང་འདུས་ནི་མི་སེམས་ཆུང་ཞིག་ཡིན་པ་བདེན་པ་ཡིན་མོད།
ང་ཚོར་མི་སེམས་ཆུང་གཅིག་བུས་ཕན་གྱི་མ་རེད།་བཀའ་ཁྲི་དེ་མི་བློ་ཁོག་ཆེན་པོ་དང།་འཇོན་པོ་ཞིག་དགོས་པ་རེད།ལྷག་པར་འདས་པའི་ལོ་མང་པོའི་བཀའ་ཟུར་བཀྲིས་དབང་འདུས་དེས་སེམས་ཆུང་སོང་སྲིད་དོན་པའི་ལག་པ་བེད་སྤྱོད་བྱེད་ས་ལ་བརྩིས་ཀྱི་ཡོད།་ད་དུང་ཁོང་རང་ཚུགས་བརྟན་པོ་མེད་ནས་ནོར་འཁྲུལ་ཤོར་གྱི་ཡོད་པའང་དངོས་ཡོད་རེད།
ད་ཐེངས་ཀྱི་བཀའ་ཁྲིའི་འོས་ཁོངས་སུ་དང་ཐོག་ནས་མེད་པར།་གླུ་བུར་དུ་སྔོན་འགྲོའི་འོས་བསྡུར་བྱེད་ཁར་བསམ་བཏང་དྲན་རྐྱེན་བྱས་ནས་ལངས་པ་རེད།དེ་ནི་དངོས་གནས་ཁོང་གིས་ལངས་པ་མ་རེད།་མིས་བསླངས་པ་རེད།་མིས་བསླངས་དུས་རང་ཚུགས་མེད་ཙང་མི་འདོད་བཞིན་དུ་ལངས་དགོས་བྱུང་བ་རེད།་ང་ཚོར་བཀའ་ཁྲི་མི་འདོད་བཞིན་དུ་ལངས་མཁན་དེ་འདྲ་ཕན་གྱི་མ་རེད།
བཀའ་ཁྲི་ཟེར་བཀྲས་མཐོང་དང་བློ་སེང་ནང་བཞིན་དམག་ཁས་ལེན་ནས་མདུང་སྐེད་པར་གཟེད་མཁན་ཞིག་དགོས་པ་རེད།་
བཀྲིས་དབང་འདུས་ལགས་ནི།་ཕ་རན་སིའི་རྒྱལ་སའི་ཁམས་ལེ་ཐང་པ་ཁག་གཅིག་དང་།ཨ་རིའི་ནེའུ་ཡོག་ནས་སེང་གེ་རབ་བརྟན་དང་།་ཆུ་སྒང་སྙིང་པའི་ཚོགས་གཙོ་ཚེ་བརྟན་ལྷ་རྒྱལ་སོགས་ཀྱིས་ཨུ་ཚུགས་བརྒྱབ་ནས་བསླངས་པ་རེད།་འོ་ན་ཁོ་ཚོས་ཨུ་ཚུགས་བརྒྱབ་ནས་ལངས་དོན་ནི།་བོད་ཀྱི་རྩ་དོན་ལ་བསམ་ནས་རེད་དམ་ཞེས་ན།་དེ་ནི་ཁོ་ཚོས་ཤོག་ཁག་བསྒྲིགས་ནས་ཆབ་སྲིད་ཀྱི་རྩེད་མོ་གཏིང་ཟབ་ཅིག་རྩེད་ཀྱི་ཡོད་པ་དེ་རེད།་
མི་དེ་ཚོ་ཆབ་སྲིད་པ་བྱང་མ་ཞིག་ཡིན་པས་ཁོ་ཚོའི་དམིགས་ཡུལ་ངོ་མ་དེ་ང་ཚོས་ཐད་ཀར་ཤེས་དཀའ་ཙམ་ཡོད་མོད།་བ་དེའི་ཉལ་ལུགས་ལ་བལྟས་ན་བེའུ་མགོ་སྐྱོག་སྐྱེས་ཞེས་པའི་དཔེ་ལྟར་ཁོ་ཚོས་འཁྲབ་པའི་ཆབ་སྲིད་ཀྱི་རྩེད་མོ་གསལ་པོ་རེད།་ཁོ་ཚོས་ལྕགས་སྐྱུ་བཏང་བའི་ཉ་ངོ་མ་དེ་བཀྲིས་དབང་འདུས་མིན་པར་གཞན་ཞིག་ཡོད་པ་དེ་གསལ་པོ་རེད།་དེ་ནི་ལྐུགས་པས་སྤྱང་མདོག་བྱས་ན་དངོས་གསལ་གཞན་ལས་དོད་ཅེས་པར་ལྟར་དངོས་གསལ་གཞན་ལས་ཆེ་བ་ཞིག་ཡོད་པ་རེད།
དེའི་སྐོར་རྗེས་སུ་མུ་མཐུད་ཞུས་ཆོག་་ད་ལྟ་ངས་ལས་ཀ་བྱེད་ཀྱིན་དྲ་ཐོག་ཏུ་ཡོང་བ་ཡིན།
ཡང་ལ་རྒྱའི་བདག་པོ་ང་གཉིས་མཐུན་བགྱིད་མ་རེད། ངས་མིག་རྒྱང་རིང་པོའི་བསམ་བློའི་ནང་ལ། བློ་སེང་དང་། བསྟན་རྣམ་སུ་ལ་འོས་ཐོབ་ཀྱང་། དེ་ནས་བོད་མི་རྣམས་ཁག་གཉིས་སུ་གྱེས་འགྲོ་བ་དེ་ཁྱེད་ཀྱིས་མ་མཐོང་བ་རེད། ད་ལྟའི་བར་ཉམས་ཆུང་རྒྱལ་བ་རིན་པོ་ཆེ་ལྟ་བུ་དང་། བཀྲ་ཤིས་པའི་སྒོ་ནས་དབང་དུ་འདུས་མཁན་ཁོང་རྣམས་ཀྱི་བཀའ་དྲིན་ལས་ལྷག་པ་ཡོད་མ་རེད། ལས་བྱེད་ཀྲོག་ཀྲོག་བྱེད་མཁན་ཚོར་མི་བུ་ངས་ཀྱང་སྐྱག་་པ་བཟོ། ཟེར་ཡ་དུས་ཚོད་སླེབས་ཚར་བ་རེད། དྲ་གྲོགས་ལགས།
ད་བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་ཉིན་རེ་ནས་ཉིན་རེ་མང་དུ་འགྲོ་ཡི་འདུག
དེ་ཡག་རྟགས་ཤིག་ཁྱོན་ནས་མ་རེད།
དེ་ཡང་སྐྱོན་བརྗོད་མང་ཆེ་བ་ཁ་བརྡ་ཚང་དང།་དེའི་དབང་འོག་ཏུ་ཚུད་པའི་དྲ་གྲོགས་ཚོའི་ཁ་ནས་ཐོན་ཡོང་གི་འདུག་་འདིར་གནད་འགག་ཅིག་འདུག།
སྐྱོན་བརྗོད་པ་དེ་དག་མཁས་པ་བློ་སེང་གི་ཤེས་ཡོན་དང།འཇོན་ཐང་།བྱས་རྗེས་ཐད་ནས་མིན་པར་ཁོང་གི་གཏམ་བྷབཤད་དང་ཚིག་རིལ་ག་གེ་མོ་ཞིག་འཇུས་ནས་དྲུད་ཡོང་གི་འདུག
གང་ཟག་ལ་མི་བརྟོན་ཆོས་ལ་བརྟོན།ཆོས་དེ་ཡང་ཚིག་ལ་མི་བརྟོན་དོན་ལ་བརྟོན།
དོན་དེ་ཡང་དྲང་དོན་ལ་མི་བརྟོན་ངེས་དོན་ལ།་ངེས་དོན་དེ་ཡང་རྣམ་ཤེས་ལ་མི་བརྟོན་ཡིད་ཤེས་ལ་བརྟོན་ཞེས་ཁ་བརྡ་ཚང་གི་དྲ་གྲོགས་ཚོས་བརྟོན་བཞིའི་འཇུག་ལྡོག་མ་ནོར་བའི་སྒོ་ནས་སྐད་ཆ་བཤད་རོགས་ཞུ་རྒྱུ།མི་སྐྱོན་མེད།ཤིང་མཛེ་མེད་ཅིག་འཛམ་གླིང་ནང་རྙེད་དུ་ཡོད་མ་རེད།
གང་ལྟར་བརྒྱ་བཤད་ཚིག་གི་རྩ་བ།སྟོང་བཤད་འོ་མའི་མར་ལོ་ཞེས་པའི་དཔེ་ལྟར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་ནི་མཁས་པ་བློ་སེང་ལས་འོས་པ་ཞིག་མཐོང་གི་མི་འདུག
འོས་མི་གསུམ་ག་ལ་སྐྱོན་བཙན་ན་གཅིག་ལས་གཅིག་མང་བ་མཐོང་གི་འདུག་་འོན་ཀྱང་ཁོང་རྣམ་པ་གསུམ་གྱི་ཤེས་ཡོན་དང།་འཇོན་ཐང།་བྱས་རྗེས་བཅས་གང་ཅིིའི་ཆ་ནས་བློ་སེང་ཡག་ག་འདུག་ད་དུང་ཁོང་གཞོན་སྐྱེས་ཤིག་ཡིན་སྟབས་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲད་ཐུབ་པ།མི་རབས་གསར་རྙིང་གི་མཚམས་སྦྱོར་བྱེད་པོ།བློ་སྤོབས་ཆེ་བ་བཅས་བཀའ་ཁྲིའི་སྲིད་སྟེགས་ནི་ཁོང་ལ་ཆུ་ལ་ཆུ་བཞག་ལྟར་འོས་ཤིང་འཚམས་པ་རང་རེད་དོ།
ལ་རྒྱའི་བདག་པོ་ནས།
ཉམས་མྱོང་དང།་ཤེས་ཡོན།་ཕུགས་བསམ་ཡོད་ཚད་ཁ་ནས་བརྗོད་དགོས་པའི་ངེས་པ་མེད། ཀྱང་དྲི་བ་བཏང་ཡང་ལན་མེད་པ་དེ་འདྲ་གང་རེད། གཏམ་ལ་གཏམ་ལན་མེད་ན་ལྐུག་པ་ཞེས་པ་དེ་མ་ཤེས་སམ།
བཀའ་ཟུར་བཀྲས་མཐོང་ལ་ག་དུས་ཡིན་ནའང་ངས་འདི་འཇོན། ངས་འདི་བྱས་གསུང་རྒྱུ་ཡོད་མཁན་ཞིག་མ་རེད། རྒྱུ་མཚན་གང་གིས་ན། ཁོང་ལ་གདིང་ཚད་མེད་པས་སོ།།
བློ་སེང་གིས་འོས་ཤོག་ཐོབ་ རང་གི་གློ་སྙིང་བྲང་གསུམ་ཚང་མ་མར་བཏོན་སོང་ལ་བཏོན་རྒྱུ་ཡང་འདུག
བཀྲས་མཐོང་ལ་ཅི་གང་མི་འདུག་པ་དེ་ང་ཚོས་དངོས་སུ་མཐོང་བ་ཞིག་རེད།
བཀྲས་མཐོང་གིས་ལག་ཁྱེར་གང་དང་གང་བླངས་མྱོང་ཡོད་རེད།
གྲོགས་པོ་ལགས། ས་ལེགས་ལུང་དྲངས་འདོད་ན། ཡིག་ནོར་མེད་པ་ཞིག་གནང་རོགས་ཞུ།
བློ་བཟང་སེང་གེས་རྒྱུ་མཚན་གང་རྟེན་ནས་ཁོ་བ་རྡ་ས་ཆུ་བཞི་སྒང་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཙམ་བྱས་པ་དེ་སྐོར་རྩ་བ་ནས་མི་ཤོད་པ་རེད་དམ།
ལ་རྒྱའི་བདག་པོ་ལགས།
ཉམས་མྱོང་དང།་ཤེས་ ཡོན།་ཕུགས་བསམ་ཡོད་ཚད་ཁ་ནས་བརྗོད་དགོས་པའི་ངེས་པ་མེད་ཀྱང་།
དྲི་བ་བཏང་ཡོང་དུས་་ལན་མེད་པ་དེ་འདྲ་གང་རེད། གཏམ་ལ་གཏམ་ལན་མེད་ན་ལྐུག་པ་ཞེས་པ་དེ་མ་ཤེས་སམ།
བཀའ་ཟུར་བཀྲས་མཐོང་འདིར་ག་དུས་ཡིན་ནའང་ངས་འདི་འཇོན། ངས་འདི་བྱས་གསུང་རྒྱུ་ཡོད་མཁན་ཞིག་མ་རེད། རྒྱུ་མཚན་གང་གིས་ན། ཁོང་ལ་གདིང་ཚད་མེད་པས་སོ།།
བློ་སེང་གིས་འོས་ཤོག་ཐོབ་ཕྱིར་ རང་གི་གློ་སྙིང་བྲང་གསུམ་ཚང་མ་མར་བཏོན་སོང་ལ་བཏོན་རྒྱུ་ཡང་འདུག
བཀྲས་མཐོང་ལ་ཅི་གང་མི་འདུག་པ་དེ་ང་ཚོས་དངོས་སུ་མཐོང་བ་ཞིག་རེད།
བཀྲས་མཐོང་གིས་ལག་ཁྱེར་གང་དང་གང་བླངས་མྱོང་ཡོད་རེད།
གྲོགས་པོ་ལགས། ས་ལེགས་ལུང་དྲངས་འདོད་ན། ཡིག་ནོར་མེད་པ་ཞིག་གནང་རོགས་ཞུ།
བཀྲས་མཐོང་ལགས་ཀྱིས་རང་ཉིད་ཕྱེད་ཙམ་ཞིག་ཕྱི་རྒྱལ་བར་གྱུར་ཟིན་པའི་ཀུན་རྟོག་ཅིག་ཐུགས་པ་ཤར་མེད་དམ་སྙམ། ཁོང་གིས་རང་ཉིད་ངོ་སྤྲོད་སྐབས། བསྟན་འཛིན་རྣམ་རྒྱལ་བཀྲས་ཞེས་འབོད་པ་དེར་ཞན་ཆ་ཆེན་པོ་འདུག བོད་པ་ཞིག་གི་ངོས་ནས་མིང་གོ་ལྡོག་སྟེ་འབོད་པ་འདི་སྐད་ར་མ་ལུག་བརྒྱབ་ཅེས་པ་དེ་རེད། ཉིན་གཅིག ང་བོད་ཀྱི་བཀའ་བློན་ཁྲི་པ་ཡིན་ཞེས་འབོད་རྒྱུའི་ཚབ་ཏུ། ང་ཡིན། ཞིག བཀའ་བློན་ཁྲི་པ། བོད་ཀྱི་ཞེས་མི་འབོད་པའི་ངེས་པ་ཅི་ཡང་མི་འདུག་གོ །
བློ་སེང་དང་བཀྲ་འདུད་བཀྲས་མཐོང་གསུམ་རང་བཤད་མ་འདུག
དེ་ལས་གཞན་སྤྱི་འཐུས་སྐོར་དང་དེ་མིན་བཙན་བྱོལ་ནང་དུ་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་སོགས་མང་ཙམ་གླེང་ན་ག་འདྲ་འདུག
ཁོང་གསུམ་ནང་ནས་བཀྲ་འདུད་དང་བཀྲས་མཐོང་གཉིས་ལ་ཉམས་མྱོང་དང་བྱས་རྗེས་ཅན་ཡིན་པ་དང་། དོན་ཐོག་ནས་མི་སྐྱོན་མེད་གསེར་འདྲ་པོ་གཉིས་རེད།
བློ་སེང་ནི་ཤེས་ཡོན་དང་འཇོན་ཐང་ཆེ་ཞིང་མཐོང་རྒྱ་དང་ཐོས་རྒྱ་ཡང་ཆེན་པོ་ཞིག་རེད་ལ། དོན་དངོས་ཐོག་ནས་སྐྱོན་མེད་པར་གསེར་འདྲ་པོ་རེད།
ཁོང་གསུམ་ཆར་ང་ཚོ་བོད་མི་བཙན་བྱོལ་ནང་ནས་མི་ཕུད་ལྟ་བུ་རེད།
ཞིང་པའི་བུ་རང་ད་ལོ་གཟབ་གཟབ་བྱེད་མ་གཏོགས་བཀའ་ཁྲི་གསར་པ་འདིས་ས་ཞིང་བཅོས་སྒྱུར་བྱ་རྒྱུ་ཡིན་ཟེར་གྱི་འདུག དེ་ཡང་ཞིང་ཁར་འབྲུ་རིགས་འདེབས་རྒྱུ་མཚམས་བཞག་སྟེ། ཤིང་འབྲས་བཏབ་པ་དང་ཤིང་འབྲས་ལས་སྣོན་བཟོ་གྲྭ་ཞིག་ཀྱང་འཛུགས་འཆར་ལགས། ཞིང་པའི་སེམས་གཏམ་འདི་ན་འདུག ལྟོས་དང། མི་སྐྱེའི་ཞིང་ལ་སོ་ནམ་བྱེད་པ་ལས། །མྱང་སྟོད་གཞུང་ལ་སྒོ་རྩམ་སློང་བ་དགའ། །སྐད་ཆ་འདི་ཤོད་དུས་ཁོ་ཞིང་པ་འུ་ཞེ་དྲག་ཐུག་པ་འདྲ།
ད་གྲ་གྲོགས་ཚོ། ང་ཚོ་བོད་པ་ཚོའི་སྐྱིན་རྗེད་བྱིད་བཏང་ལ་བརྟ་ན། ང་ཞེན་པ་ལོག་འུ་འདུག ག་ཡིན་ཟེར་ན། བློ་སེང་གི་ཟ་ཟླ་བོད་པ་ཡིན་བཞིན་དུ བོད་པ་མ་རེད་ཟེར་བ་དེ། བློ་སེང་ལ་སྐྱིན་རྗེད་བྱིད་ཡ་རྫོགས་པ་རིད། བཀྲས་མཐོང་གི་ཟ་ཟླ་བོད་པ་མིན་པ་མ་ཚད། བུ་ཕྲུག་དེ་ཚོ་གི་བོད་སྐོད་ཤིས་ནི་མ་རེད། བློ་སེང་ལ་སྐྱིན་རྗེད་བྱིད་མཁོན་ཚོས་བརྟ་ན། བཀྲས་མཐོང་ཡང་བཀའ་ཁྲི་མ་འོན་རེད་པའི། ཁྱོད་ཚོ་ལ་ལྷ་བསམ་རྩ་བ་ཉིས་ནས་མི་འདུག ཆོ་ག་ཕྱོག་རིག་དང་སྐྲིག་བཞི་སྐྱོ་སྐྱོ་རིད། ག་དིས་ཡིན་ན་ཡང་སྐྱི་ཚོགས་ནང་ལ་སྐྲིག་བཞི་བརྒྱམ་ན། ཁྱོད་ཚོ་གི་མི་ཚི་ཡང་དོན་བདོན་ཅིག་ཡང་གི་མ་རིད། དི་ལིག་དགོང་མཇལ་མཚར།།
མཆན་༥༦ པ་རྡོ་རྗེ་གྲགས་པའི་མཆན་བུ།
༼ད་གྲ་གྲོགས་ཚོ། ང་ཚོ་བོད་པ་ཚོའི་སྐྱིན་རྗེད་བྱིད་བཏང་ལ་བརྟ་ན། ང་ཞེན་པ་ལོག་འུ་འདུག ག་ཡིན་ཟེར་ན། བློ་སེང་གི་ཟ་ཟླ་བོད་པ་ཡིན་བཞིན་དུ བོད་པ་མ་རེད་ཟེར་བ་དེ། བློ་སེང་ལ་སྐྱིན་རྗེད་བྱིད་ཡ་རྫོགས་པ་རིད། བཀྲས་མཐོང་གི་ཟ་ཟླ་བོད་པ་མིན་པ་མ་ཚད། བུ་ཕྲུག་དེ་ཚོ་གི་བོད་སྐོད་ཤིས་ནི་མ་རེད། བློ་སེང་ལ་སྐྱིན་རྗེད་བྱིད་མཁོན་ཚོས་བརྟན། བཀྲས་མཐོང་ཡང་བཀའ་ཁྲི་མ་འོན་རེད་པའི། ཁྱོད་ཚོ་ལ་ལྷ་བསམ་རྩ་བ་ཉིས་ནས་མི་འདུག ཆོ་ག་ཕྱོག་རིག་དང་སྐྲིག་བཞི་སྐྱོ་སྐྱོ་རིད། ག་དིས་ཡིན་ན་ཡང་སྐྱི་ཚོགས་ནང་ལ་སྐྲིག་བཞི་བརྒྱམ་ན། ཁྱོད་ཚོ་གི་མི་ཚི་ཡང་དོན་བདོན་ཅིག་ཡང་གི་མ་རིད། དི་ལིག་དགོང་མཇལ་མཚར།།༽
༼ཞིང་པའི་བུ་ནས་རྡོ་རྗེ་གྲགས་པས་ལྷག་བསམ་ཐོག་བྲིས་པའི་མཆན་འདི་ཚང་མས་ཤེས་རྟོགས་ཡོང་བའི་ཆེད་དུ་བོད་ཡིག་ནས་བོད་ཡིག་ཐོག་ཕབ་བསྒྱུར་བྱས།༽
ད་དྲྭ་གྲོགས་ཚོ། ང་ཚོ་བོད་པ་ཚོས་སྐྱོན་བརྗོད་བྱེད་སྟངས་ལ་བལྟས་ན། ང་ཞེན་པ་ལོག་གི་འདུག གང་ཡིན་ཟེར་ན། བློ་སེང་གི་གཟའ་ཟླ་བོད་པ་ཡིན་བཞིན་དུ་བོད་པ་མ་རེད་ཟེར་བ་དེ་བློ་སེང་ལ་སྐྱོན་བརྗོད་བྱེད་ཡ་རྫོགས་པ་རེད། བཀྲས་མཐོང་གི་གཟའ་ཟླ་བོད་པ་མིན་པ་མ་ཚད། བུ་ཕྲུག་དེ་ཚོས་བོད་སྐད་ཤེས་ཀྱི་མ་རེད། བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ལ་བལྟས་ན། བཀྲས་མཐོང་ཡང་བཀའ་བློན་མི་འོས་རེད་པས། ཁྱོད་ཚོ་ལ་ལྷག་བསམ་རྩ་བ་ཉིད་ནས་མི་འདུག ཆོལ་ཁ་དང་ཕྱོགས་རིས་དཀྲུགས་བཤིག་རྐྱང་རྐྱང་རེད། ག་དུས་ཡིན་ནའང་སྤྱི་ཚོགས་ནང་ལ་དཀྲུགས་བཤིག་བརྒྱབ་ན། ཁྱོད་ཚོའི་མི་ཚེ་ལ་དོན་དག་གཅིག་ཀྱང་ཡོང་གི་མ་རེད། དེ་དོན་དགོངས་འཇགས་འཚལ།
འགྱུར་ཇི་བཞིན་ཡོང་མིན་ཆ་མ་འཚལ་བས་ད་དུང་ཞུ་དག་གཏོང་རོགས། ཧ་ཧ།
ཞུ་དག་མ་བྱས་གོང་ནས་དྲ་ངོས་སུ་བཞག་ཚར་འདུག་གཱ སྤྱིར་ཡིན་ན་ལོ་ཙཱ་བས་སྒྱུར་རྗེས་ཞུ་ཆེན་ཞུ་ཆུང་གི་ལག་པ་བརྒྱུད་དགོས་སྐོར་ཁྱོད་ངེད་གཉིས་ཀྱས་གཞན་ནས་བཤད་ཟིན་པ་མ་ཡིན་ནམ། ཁྱོད་ཀྱང་སྒྲིག་ལམ་རྩི་མཁན་ཞིག་རེད་མི་འདུག་གཱ
ད་ང་ཉལ་གི་ཡིན། གཟིམ་མལ་བདེ།
དྲ་གྲགས་མིག་ལགས།
སྐུ་ཉིད་ཀྱིས་མིག་རྒྱང་རིང་པོར་གཟིགས་དང་།
ད་ལྟའི་དུས་ཚོད་འདིར་ཁ་ནས་ག་རེ་བཤད་མིན་ལ་ལྟ་རྒྱུ་གལ་ཆེན་པོ་མིན།
ལག་ལེན་ཐོག་བཀྲས་མཐོང་བྱས་པའི་རྗེས་དང།་དྲུད་པའི་ཤུལ་དེ་དག་ལ་གཟིགས་དང་།
ད་ནི་ཁྱེད་ཀྱིས་མ་མཁྱེན་མདོག་གནང་ན་མ་གཏོགས་མཁྱེན་ཚོད་རེད།་བཀྲས་མཐོང་གི་བྱས་རྗེས་ས་དྲག་མནམ་དྲག་ཆགས་ཡོད།་དེ་དག་ཁས་ལེན་མི་བྱེད་མེད།
ཁ་བཤད་ཆུ་ཡི་སྦུ་བ་དང།་ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ལྟར་ཁ་ནས་གང་བཤད་མིན་བལྟས་ཚེ་ཨ་ཕོ་ནེ་གཙོ་ཡང་སྡུག་རྒྱུ་མེད།་
མཁྱེན་ལྡན་དྲ་གྲོགས་ཚོ།
༥༦རྡོ་རྗེ་གྲགས་པ་ཟེར་བའི་བྲིས་པའི་མཆན་་༥༦དེར་གཟིགས་དང་།
ཕལ་ཆེར་ཡི་གེའི་འགྲོས་ལ་ལྟས་ན་ཁམས་རིགས་ཤིག་ཡིན་འདུག
ཁམས་ཀྱི་ཁ་སྐད་ཤལ་མ་བྲིས་འདུག་སྤྱིར་ཡིག་ནོར་ཟེར་ཡོང་སྲིད་མོད།་བློ་ཕམ་པ་ཞིག་ལ་ཡིག་ཕྲེང་དྲུག་དང་ཕྱེད་ཀར་ཡིག་ནོར་༤༠་ཙམ་ཞིག་འདུག་དེ་ནི་བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་བཏང་བར་ཡོང་བ་རང་རེད།་ཀ་ཁའི་འགྲོ་སྟངས་མ་ཤེས་པར་གཞེས་འཁོག་བྱ་རྒྱུ་ཤེས་འདུག
སྙིང་རྗེ།བརྡ་སྤྲོད་ཀྱི་རྣམ་དབྱེ་ཕྲན་ཙམ་ཤེས་ན་གཞེན་འཁོག་གི་མནམ་ས་མགོ་རྟིང་ལོག་ས་རེད།
ད་གང་དྲག་ཅི་དྲག་
གོང་གིས་དྲ་གྲོགས་རྡོ་རྗེ་གྲགས་པ་ཟེར་བ་དེས་ཡང་ཁུངས་མེད་གཏམ་འཆལ་ཞིག་འཁྱེར་ཡོང་གི་འདུག
ང་ཚོའི་སྤྱི་ཚོགས་ལ་དཀྲོག་གཏམ་དང་།་སྙོག་ཕྲ་དེ་ཉུང་དྲགས་ཀྱི་ཡོད་ས་རེད།ཁུངས་མེད་དཀྲོག་གཏམ་ནི་སྤྱི་ཚོགས་ནང་གཟུགས་མེད་ཀྱི་འབོམ་རྫས་བཞུས་པ་དང་ཁྱད་པར་མེད།
དོན་ངོ་མ་བཀྲས་མཐོང་གི་སྐུ་ཟླ་དང་བུ་ཕྲུག་ཇི་ཡིན་རྡ་སའི་མི་མང་རྣམས་ཀྱི་གསལ་པོ་མཁྱེན་གྱི་རེད་ལ།ངས་ཀྱང་ཟེར་གྱི་ཟེར་བ་ཙམ་མིན་པ་གསལ་པོ་ཤེས་ཀྱི་ཡོད།
བཀྲས་མཐོང་བསྟན་རྣམ་མཆོག་གི་སྐུ་ཟླ་བོད་རིགས་ཡིན་པ་མ་ཟད།འཕགས་བོད་ས་མཚམས་སུ་འཁྲུངས་པའི་བོད་རིགས་སྙོན་མེད་ཅིག་རེད།ཁོང་གཉིས་འཁྲུངས་ས་བསྐྱོན་ས་དང་བུ་ཕྲུག་སྐྱེས་ས་དེ་བཞུགས་སྒར་རྡ་ས་གངས་སྐྱིད་རེད།བུ་ཕྲུག་རྣམས་ཆུང་དུས་གངས་སྐྱིད་ཉི་མོའི་སློབ་གྲྭ་དང་རྡ་ཤོས་བོད་ཁྱིམ་དུ་བསྐྱོད་མྱོང་ཡོད་པས་བོད་སྐད་བརྒྱབ་རྒྱུར་ཁྱེད་ཀྱི་ཡི་གེ་བྲིས་པ་དེ་ལས་ཞེ་དྲག་གི་སྒྲ་དག་པ་འདུག
ད་དུང་ཨ རིར་སླེབས་ནས་ལོ་མང་སོང་ཡང་ཕ་མའི་ཤུགས་རྐྱེན་གྱིས་འོག་ལ་བོད་སྐད་བརྒྱབ་རྒྱུར་དཀའ་ཚེགས་མེད་འདུག
བཀྲས་མཐོང་བུ་ཕྲུག་གི་བོད་སྐད་བརྒྱབ་སྟངས་དང་རྡོ་གྲགས་ཀྱི་བོད་ཡིག་བྲིས་སྟངས་བསྡུར་ན་རྡོ་གྲགས་དེ་བོད་རིགས་ཨེ་ཡིན་སྙམ་པའི་ཚོར་སྣང་འབྱུང་རྒྱུ་ལས།་བཀྲས་མཐོང་ཕྲུ་གུ་བོད་ཕྲུག་ཡིན་མིན་ཐེ་ཚོམ་སུས་ཀྱང་བྱེད་མི་སྲིད།
GENERAL: A SURVEY OF SANGAY’S WORKS
We set out to locate all of Sangay’s published scholarly works, excluding non-scholarly pieces such as newspaper op-eds. Our search was as comprehensive as possible.
We first consulted Westlaw, the standard legal research tool used by legal scholars and practicing lawyers, containing 40,000 databases covering legal journals around the world. One would expect to find in Westlaw all scholarly articles by any legal scholar at an American university. A Westlaw search for scholarly works published by Sangay returned zero (0) results.
Next, we broadened our search beyond legal journals by searching the Social Science Research Network, a database covering social science publications. A search for scholarly works published by Sangay returned zero (0) results.
ལ་རྒྱའི་བདག་པོ་ལགས། བཀྲས་མཐོང་འགྲོ་བའི་རྗེས་དང་ཕེབས་པའི་ཤུལ་འདུག་ལ། ས་གྲག་གནམ་གྲག་ཀྱང་རེད་འདུག ངས་ཁོང་གི་བྱས་རྗེས་མི་ཤེས་མདོག་བྱས་མེད་ལ། ཆ་ཚང་ཤེས་ཡོད། རྒྱུ་མཚན་དེའི་ཕྱིར་ན་རྐུ་མ་ལ་དཔའ་དར་མི་སྤྲོད་ཞུ་གི་ཡོད།
ཡང་ལ་རྒྱའི་བདག་པོས་༼མཁྱེན་ལྡན་དྲ་གྲོགས་ཚོ།
༥༦རྡོ་རྗེ་གྲགས་པ་ཟེར་བའི་༼བས༽བྲིས་པའི་མཆན་་༥༦དེར་གཟིགས་དང་།
ཕལ་ཆེར་ཡི་གེའི་འགྲོས་ལ་༼བལྟས༽ལྟས་ན་ཁམས་རིགས་ཤིག་ཡིན་འདུག
ཁམས་ཀྱི་ཁ་སྐད་ཤལ་༼ཤར༽མ་༼མར༽བྲིས་འདུག་༽ཅེས་ཟུར་འདོན་གྱི་རྣམ་པ་ཞིག་བསྟན་འདུག འདི་ཚོ་དངོས་གནས་ཡག་པོ་མ་རེད། རྡོ་གྲགས་ཁམས་པ་ཡིན་ན་ང་ཚོ་ཚོང་མས་མཉམ་རུབ་ཀྱིས་ཁོང་ལ་དགག་པ་བྱེད་དགོས་རེད་དམ།
ཁམས་པ་ལའང་ཡིག་ནོར་ཅན་ཡོད་ལ། མདོ་སྨད་ལའང་ཡོད་པ་ནི་ནོར་གླིང་དུ་བོད་ཀྱི་དོར་ཞི་རྒྱ་མཚོའི་རྩོམ་ཡིག་གིས་འབྲས་རྟགས་བསྟན་མ་སོང་ངམ།
མ་ཚོད་ཁྱོད་རང་གིས་བྲིས་པའི་མཆན་དེ་ཚོ་ལ་ལྟོས་དང་ཡིག་ནོར་མི་འདུག་གམ།
ཁྱོད་རང་གིས་དྲངས་པའི་ལུང། ཁ་བཤད་ཆུ་ཡི་སྦུ་བ། །
ལག་ལེན་གསེར་གྱི་ཐིགས་པ། །དངོས་གནས་རེད།
ཁ་བརྡ་ཚང་གིས་ཀྱང་འདི་འདྲའི་རིགས་འགོག་ན་ཡག་པོར་ཡོད་པར་དྲན།
དེ་མིན་གང་ཟག་སྒེར་ངོས་ནས་སྐྱོན་རེ་བརྒྱབ་རེས་བྱས་ཀྱང་སྐྱོན་ཅི་ཡོད།
ཉེས་འགག་ཆེ་ཆུང་ནོར་མི་རུང་སྙམ།
བོད་ལ་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བར་ཤོག
ལ་རྒྱའི་ལ་ བཀྲས་མཐོང་བུ་མོ་ལྷ་སྒྲིན་ལ་བོད་ཡིག་མི་ཤིས་པ་མ་ཚད་བོད་སྐད་ཀྱང་མི་ཤིས། ངས་བོད་ཡིག་ཡ་པོ་མི་ཤིས་ཀྱང་། བོད་ཁྲ་ཁྲ་ཡོད། ཧཧཧ
དྲ་གྲོགས་རྡོ་གྲགས་ལགས།
བུ་མོ་ལྷ་སྒྲོན་ལགས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བུ་མོ་མ་རེད།་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཨ ཁུའི་བུ་མོ་རེད།མཁྱེན་སོང་ངམ།
དྲ་གྲོགས་མིག་ལགས་སུ་ཞུ་རྒྱུར།
༡༽རྐུན་མ་དཔའ་དར་མི་སྤྲོད་ཅེས་བརྗོད་འདུག་པར་རྐུན་མ་དེ་དམིགས་སམ།གལ་སྲིད་སྐུ་ངོ་བཀྲས་མཐོང་མཆོག་ལ་ཡིན་ནི།དེ་ནི་ཕྱི་གསལ་ནང་གཙང་མ་གཙང་རྐྱང་ཆགས་ཟིན་པའི་གནས་ཚུལ་ལ་ད་དུང་ཡང་མགོ་རུལ་རྣ་བས་མི་ཚོར་བ་མ་བསྡད་པ་མིག་ཕྱི་ལོག་ལ་མང་ཙམ་གཟིགས་དང།
བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་བཀྲས་མཐོང་གིས་དངུལ་བཟས་པའི་དཔང་པོ་བསྟན་རྒྱུ་ཡོད་ན་སྒོར་འབུམ་གཅིག་སྤྲད་རྒྱུའི་གསལ་བསྒྲགས་བྱས་ཀྱང་།་སུ་གང་གིས་ལན་སྤྲོད་མཁན་བྱུང་མེད་པ་དེ་གསལ་པོ་ཞེ་དྲག་རེད།་
༢༽སྐུ་ཉིད་ཀྱིས་ངའི་མཆན་བུ་༦༠་དེའི་ཡིག་ཕྲེང་ལྔ་པ་དེར་ཡག་པོ་གཟིགས་དང་།་སྤྱིར་བཏང་ཡིག་ནོར་ཡོང་སྲིད་པ་རེད་ཅེས་བརྗོད་མི་འདུག་གམ།སྐུ་ཉིད་ཀྱི་བློ་རྣལ་དུ་གནས་ནས་ཞིབ་འཇུག་གནང་དང་།
ཡིག་ཆུང་ནག་པོ་ཤོག་བུ་དཀར་པོའི་བྲིས་ཐལ་ཤོར་ཚར་ན་འགྱོད་ཀྱང་ཕྱིས་དྲགས་པ་རེད།
སྐུ་གསུང་ཐུགས་ཕོག་བྱུང་ན་དགོངས་འགལ་མེད་པ་ཞུ།།
བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་ དཔལ་འབྱོར་ཀྱིས་བཀྲས་མཐོང་གིས་དངུལ་བཟས་པའི་དཔང་པོ་བསྟན་རྒྱུ་ཡོད་ན་ སྒོར་འབུམ་གཅིག་སྤྲད་རྒྱུའི་གསལ་བསྒྲགས་བྱས་ཀྱང་།་སུ་གང་གིས་ལན་སྤྲོད་མཁན་ བྱུང་མེད་པ་དེས་མི་མང་རྣམས་སྒོར་འབུམ་གཅིག་དང་རང་གི་མི་ཚེ་བརྗེ་བོར་བྱེད་མི་འདོད་པའི་དོན་ཞིག་བསྟན་ཡོད་པ་ལས་བཀྲས་མཐོང་གསལ་པོར་ཆགས་པ་མ་རེད།
རྒྱུ་མཚན་བལ་ཡུལ་འོས་སྒམ་བཙན་འཕྲོགས་བྱས་ཚུལ་ལས་ཀྱང་ཤེས།
ཏྲེ་ཧོར་ཐུབ་བསྟན་ དཔལ་འབྱོར་སྒོར་མོ་བལ་ཡུལ་གྱི་སྨད་ཁང་ནང་མ་ཁྱབ་པ་མེད་པས་བཀྲས་མཐོང་ལ་བཏང་བ་དེར་ཧ་ལས་རྒྱུ་ཅི་ཡང་མེད།
ཐུབ་བསྟན་དཔལ་འབྱོར་ཟེར་བ་འདི་གྲོས་ཚོགས་དཀྲུགས་མཁན་འཕེལ་རྒྱས་སྒྲོལ་མའི་བཟའ་ཟླ་རྒན་པ་རེད།
སྐུ་ཉིད་ཀྱིས་ངའི་མཆན་བུ་ ༦༠་དེའི་ཡིག་ཕྲེང་ལྔ་པ་དེར་ཡག་པོ་གཟིགས་དང་།་སྤྱིར་བཏང་ཡིག་ནོར་ཡོང་སྲིད་པ་ རེད་ཅེས་བརྗོད་འདུག་དེ་ལ་ང་ཚོས་དགའ་བསུ་ཞུ་དགོས་སམ། དོན་གནད་དེས་ཁྱོད་རང་བསམ་མེད་ཧམ་ཆེན་ཞིག་ཡིན་པར་གསལ་བོར་བྱས་སོང་།
ཡི་གེ་ནག་པོ་ཤོག་བུ་དཀར་པོའི་སྟེང་བྲིས་ཚར་རྗེས་འགྱོད་ཀྱང་ཕྱིས་དྲགས་པ་རེད།
སྐུ་གསུང་ཐུགས་ལ་ཕོག་བྱུང་ན་དགོངས་འགལ་མེད་པར་ཞུ་རྒྱུ་མིན།
ལ་རྒྱའི་བདག་པོ་ལགས། རྡོ་རྗེ་གྲགས་པའི་ཡིག་ནོར་ཤོར་ན་ཁམས་པ་ཡིན་པ་དང་།
ཁྱོད་རང་གིས་ཡིག་ནོར་ཤོར་ཆོག་པའི་རྒྱུ་མཚན་གང་ཡོད་གསལ་བཤད་ཅིག་བྱེད་རོགས།
རྒྱུ་མཚན་མེད་པ་སྨྱོ་གཏམ་རྐྱང་རེད་དམ།
ཁྱི་ཕྲུག་མིག་ཁྱེད་དངོས་གནས་ཤེས་པ་འཆོར་བའམ་གཞན་གྱི་གཡོ་འོག་་ཏུ་ཚུད་པ་གསལ་པོ་ཞིག་རེད་འདུག།
མིག་ཆེ་ཙམ་ལྡང་ནས་རྩོམ་ཡིག་དེ་ཅིག་ཀློགས་དང།
༡ གླེང་བསླངས་པ།
ད་ལོ་སྟེ། ༢༠༡༡ གི་བཀའ་བློན་ཁྲི་པ་སུ་གདམ་རྒྱུ་ཡིན་མིན་ཏེ། འུ་ཅག་གིས་བློ་དྲང་བཞག་དང་སེམས་པ་གཙང་མའི་ངང་ནས་མ་ནོར་མ་འཆུག་པ་ཞིག་བྱ་ རྒྱུ་དཔེ་མ་ཚད་པའི་གལ་ཆེན་པོོ་རེད། ང་རང་ཚོར་འགན་ཞིག་འཁྲི་ཡོད་པའི་ཆ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་ལ། བྱེད་རིན་ཡོད་པ་ཞིག་ཀྱང་རེད། དེས་ན། སེམས་ཁྲལ་གཅིག་པོ་བྱས་བསྡད་པ་ཙམ་གྱིས་མི་འགྲིག་པར། གོང་དུ་ཞུས་པ་བཞིན། སེམས་ཁྲལ་བྱ་ཡུལ་མི་དེ་ཁ་ཕྱོགས་དྲང་པོ་དང་བསམ་ཤེས་ཀྱིས་འཚོལ་ཞིབ་བྱ་དགོས། དེ་ནི་ལོ་ལྔ་རེའི་མཚམས་ཀྱི་མི་དམངས་ཀྱི་མང་གཙོའི་ལས་འགུལ་ཆེས་ཆེ་བ་དེ་རེད། དེ་འདྲའི་གལ་ཆེ་བའི་ལས་འགུལ་ལམ། འོས་བླུག་སྟངས་འདིའི་སྟེང་ན་བོད་ཀྱི་ད་ལྟའི་གནས་བབ་དང། མ་འོངས་པའི་ལམ་ཕྱོགས་དང་འབྲེལ་བ་ཏན་ཏན་ཡོད་པའི་དབང་ཚད་མཐོ་ཤོས་དེ་རང་ཅག་མི་ མང་གི་ལག་པར་སླེབས་ཡོད་པ་རེད། དེར་བརྟེན། འོས་འཕེན་ཕྱོགས་ནོར་བའམ་གདམ་གསེས་བྱེད་སྟངས་མ་འགྲིག་ན་ཉེས་པ་མི་མང་གིས་ བསགས་བཞག་པ་རེད་ལ། འུ་ཅག་མི་ཁྲི་ཕྲག་ཁ་ཤས་ཀྱིས་མི་རིགས་ཤིག་གི་བྱ་བ་ལམ་འགྲོ་ལ་ཆག་སྒོ་བསླངས་པ་ རེད་ལབ་ནའང་ཆོག་པ་རེད། དེ་ལྟར་ན། འབྲེལ་ལམ་དང་དུངས་ཞེན་གྱི་དབང་དུ་མི་ཤོར་ཞིང། ཁྱབ་བསྒྲགས་དང་ཧོལ་རྒྱུག་གི་རྗེས་སུ་མི་འབྲངས་ཏེ། ཨ་གསར་དང་ངོ་དགའ་ཡི་རྩེད་འགྲན་མི་བྱེད་ལ། ས་གནས་དང་ཆོས་ལུགས་ཀྱི་ཆགས་སྡང་ཡང་མི་བྱེད་པར། སྐབས་སུ་བབས་ཤིང་། གལ་ཆེ་བའི་བྱ་བཞག་འདི་ཡག་པོ་ཞིག་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ རེད། ད་ལོར། མི་རེ་ཟུང་གིས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་འོས་མི་དེ་ལས། གཞན་དག་ལ་ནག་ཉེས་འགེལ་ཅི་ཐུབ་དང། འབུར་འཇོམས་གཏོང་རྐྱང་བྱས་ནས་མི་དེ་དག་གི་པར་ངོས་ལ་རྒྱ་ཁྲམ་བྲིས་ཤིང་། ཁ་མིག་བྲུས་ཏེ། ཐ་ན་རྩིག་ངོས་ཀྱི་སྦྱར་ཡིག་ཚུན་ཆད་ཀྱང་བཀོག་འགྲོ། ད་དུང་། མིང་རྫུན་མ་བརྒྱབ་སྟེ་རྩིག་ངོས་དང་དྲ་ནང་སོགས་སུ་སྡིགས་དམོད་དང་དམའ་འབེབ་ བྱེད་རྒྱུ་ལས། ལེགས་ཉེས་སམ་བཟང་ངན་གྱི་རྣམ་དབྱེ་དགར་མི་འདོད་པའམ་མི་ནུས་པ་ནི་མི་ཞིག་ལ་ མཚོན་ན་ཆེས་སྐྱུག་བྲོ་བའི་བསམ་བློ་ཀྱག་ཀྱོག་གམ། རྒྱུ་འབྲས་མེད་པའི་བྱ་བ་ཞིག་རེད། བསམ་ཤེས་ཏོག་ཙམ་ཡང་མི་བྱེད་པར་ལྐོག་ལྐོག་སུལ་སུལ་གྱིས་བསྒྲུབས་པའི་ལས་ཀ་ ཐབས་རྡུགས་འདི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་སྟངས་ཤིག་ལ་ནམ་ཡང་རྩི་ཐུབ་ ཀྱི་མ་རེད། དེ་འདྲ་མིན་པར། ཞེན་ཁོག་དང་དགག་པ་རྒྱག་འདོད་ཡོད་ཕྱིན། གཟབ་ནན་གྱིས་རིགས་པ་བཀོལ་ཏེ་ཕ་རོལ་བོའི་སྐྱོན་ཐེར་འཏོན་བྱས་ན། སུ་ལ་ཕོག་ཀྱང་འགྱོད་མི་དགོས་པ་རེད།
༢ རྩ་དོན་ངོས་བཟུང་པ།
གལ་ཏེ་དེ་ཉིད་རྣམ་པར་བཤད་ པ་ན།། གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།། ཅེས་པའི་རྩ་དོན་ལ་ངོས་ཟིན་ཐོབ་ཅིང་ལག་ལེན་འགེལ་པའི་མི་ཞིག་ཡོད་ན། དེ་ནི། བློ་སྤོབས་དང་ལྡན་པ། གནས་ལུགས་ལ་བརྩི་བ། སྤྱི་སེམས་ཆེ་བ། འགྲོ་སྟངས་ཆགས་པ། འགན་ཁུར་མཁན་གྱི་བྱ་སྤྱོད་ཅན་ཞིག་ཡིན་རྒྱུ་རེད། འུ་ཅག་གིས་ཀྱང་བཀའ་བློན་ཁྲི་པ་འཚོལ་གྱི་ཡོད་ཕྱིར། རྒན་པ་དང་གཞོན་པའི་འཐབ་རྩོད་བྱ་ཡུལ་མིན་ཞིང་། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་རྩོད་ས་མིན་ལ། སྐུ་དྲག་གི་ཁྱིམ་རྒྱུད་ཡིན་མིན་དང་། ཁྲིམས་ལུགས་སློབ་ཐོན་གྱི་ལག་འཁྱེར་ཡོད་མེད་སོགས་འབྲེལ་བ་གཙོ་བོ་མིན་པར། སྤྱི་ཚོགས་དེའི་གནས་སྟངས་ལ་དཔོག་པའི་བཀའ་བློན་དུ་སྡོད་ཆོག་པའི་ཆ་རྐྱེན་ཚང་ མིན་ལ་ལྟ་དགོས་པས། བཀའ་ཁྲིར་བཞེངས་མཁན་དེའི་མི་ཚེའི་བརྒྱུད་རིམ་ཧྲིལ་པོའི་ཕྱག་ལས་ཀྱི་ཉམས་ མྱོང་ཁྲོད་ནས། སྤྱི་ཚོགས་སུ་བཞག་པའི་བྱས་རྗེས། ལག་བླངས་ཀྱི་འཇོན་ཐང་། སློབ་སྦྱོང་གི་བརྒྱུད་རིམ། མི་གཞིའི་རིན་ཐང་སོགས་ལ་ལྟ་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་པར་སོང། བཀུར་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་བློན་ཁྲི་པར་སླེབས་རྒྱུར་ ཆེས་གལ་ཆེ་ཞིང་འོས་ཤིང་འཚམ་པ་རེད། ག་དུས་ཡིན་ཡང་། ང་རང་ཚོའི་ཁ་ནས་ཤེས་ཡོན་ཡོད་པ་དང། ལྷག་བསམ་ཡོད་པ། ཉམས་མྱོང་ཡོད་པ། འཇོན་ཐང་ཡོད་པ་དགོས་རེད་ཟེར་བ་དེའི་སྟེང་ལ་བབ་ལྷིང་བརྟན་གསུམ་གྱི་ཁྱད་ཆོས་ ལྡན་པའི་བཀྲས་མཐོང་པ་རང་རེའི་བཀའ་ཁྲིའི་འོས་མིའི་རྩེ་གྲ་ཡིན་པ་གཏན་ཁེལ་རེད། ལྟོས་དང། མང་གཙོ་ཡིན་མིན་ལ་མ་ལྟོས་པར། འཛམ་གླིང་རྒྱལ་ཁབ་མང་ཆེ་བའི་སྲིད་འཛིན་རྣམ་པ་ཚོ་དགུང་ལོ་ལྔ་བཅུ་དྲུག་ཅུ་ཡས་ མས་ཡིན་པ་རེད། དེའི་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན། མི་ཞིག་གི་དཔོན་པོ་བྱ་དགོས་ན། སྤྱི་ཚོགས་དེའི་ཆབ་སྲིད་ཀྱི་རྐུབ་སྟེགས་འདྲ་མིན་གྱི་ཉམས་མྱོང་རིམ་བསགས་ ཀྱིས་གོ་གནས་འཕར་ཏེ་བྱས་རྗེས་དང་འཇོན་ཐང་ཡོད་ན་གཞི་ནས་དཔོན་པོ་བྱེད་ཀྱི་ ཡོད་པ་ལས། ལས་སླ་པོ་དང་འུར་འུར་ཟང་ཟིང་གིས་དཔོན་སར་བསྡད་ཆོག་ཆོག་མིན་པའི་གསལ་བཤད་ བྱེད་ཀྱིན་ཡོད། དྲན་དབང་གོང་མ་ཚོས་ལེགས་བཤད་འདི་ལྟར་གནང་ཡོད་དེ། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་གསུངས་པ་བཞིན། ང་རང་ཚོ་ཚང་མའི་ཧ་གོ་དགོས་པ་ཞིག་ལ། ཁ་བཤད་དང་ལག་ལེན་གཉིས་ཀྱི་བར་ན་ཧ་ཅང་གི་ས་སྟོང་ཆེན་པོ་ཞིག་ཡོད་པས། དངོས་སུ་སྤྱི་ཚོགས་སུ་ལས་ཀ་བྱས་ཏེ་ཉམས་མྱོང་དང་འཇོན་ཐང་ཅི་ཡང་སྟོན་རྒྱུ་ མེད་ན། ཡིན་གཅིག་མིན་གཉིས་སུ་བཀའ་ཁྲིའི་རྐུབ་སྟེགས་སྟེང་ནས་ཚོད་ལྟ་བྱ་བའི་གོ་སྐབས་ སྤྲད་དགོས་དོན་དང་ཡིད་ཆེས་བྱེད་རིན་མེད་པ་རེད། བཀྲས་མཐོང་ལགས་དགུང་ལོ་ ༡༩ སྟེང་ནས་བཟུང་གཞུང་ཞབས་ཀྱི་ལས་གནས་སུ་ཞུགས་ཤིང། དུས་ད་ལྟའི་བར་ཏེ། ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པའི་འགན་འཛིན་མཛད་བཞིན་པའི་རིང་གི་ཕྱག་ལས་ཀྱི་ བརྒྱུད་རིམ་རིང་མོའི་ནང་། སྤྱི་ཚོགས་སུ་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་པའི་གནས་སྟངས་ལ་གཞིགས་ན། ཁོང་ནི་འུ་ཅག་ཚོའི་ནང་གི་མིག་དཔེ་ལྟ་སའི་མི་ཞིག་རེད་འདུག དངོས་གནས་ལྟ་ཤེས་མཁན་ཞིག་ཡིན་ན། བཀའ་ཁྲིའི་འོས་ཤོག་རེག་པའི་ཆེད་དུ་སྤྱི་ཆོགས་སུ་འུར་བསླངས་པ་དང། གདོང་མཆོང་བྱེད་པ། མགོ་སྐོར་གཏོང་པའི་གཤིས་ཀ་རྒྱང་དུ་དོར་ཚར་ཞིང་། བབ་ཆགས་ཤིང་ཀུན་སྤྱོད་ཀྱི་རིན་ཐང་ལེགས་པའི་མི་ཆེན་ཞིག་གི་ཁྱད་ཆོས་བླ་ན་ འཕགས་པས། འདིའི་སྟེང་ན། འུ་ཚོར་ལྷོད་ཡངས་དང་མི་གཞི་རང་ལུགས་ཀྱི་གལ་ཆེའི་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་ ངེས་ཅན་རེད། གང་ལྟར་ཡང་། རང་རེ་བཙན་བྱོལ་བའི་གཞུང་ཞིག་དང་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། དེ་དང་དེར་འཚམ་པའི་ལག་ལེན་དང་གནས་བབ་ལ་བལྟ་ཤེས་པ་དང། རྒྱལ་བ་རིན་པོ་ཆེ་དང་མི་མང་བར་གྱི་དམ་ཚིག་ལ་བལྟ་ཤེས་པ། ཕྱི་གླིང་བོད་དོན་རྒྱབ་སྐྱོར་བའི་འབྲེལ་ལམ་ལ་བལྟ་ཤེས་པ། རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་འཁྲབ་ལ་བལྟ་ཤེས་པའི་འགན་ཁུར་མང་པོ་ཞིག་ཚང་དགོས་ པའི་ཕྱིར་ན། ལག་པ་བརྐྱང་སྟེ་བསྒྲུབ་ཆོག་ཆོག་དང་མཆོང་ཆོག་ཆོག་ཅིག་རེད་འདོད་རྒྱུ་ག་ལ་ཡོད། འོ་ན། འུ་ཅག་གི་སྤྱི་ཚོགས་ཀྱི་ཕྱོགས་མང་པོར་ཕྱག་ལས་དང་ཉམས་མྱོང་བསགས་བཞག་ཡོད་པའི་ བཀྲས་མཐོང་ལགས་ཀྱི་དྲག་ཅིག་མེད་པ་རེད།
༣ བྱས་རྗེས་བསྟན་པ།
གོང་ས་ལྔ་པའི་སྐབས་ནས་ བཟུང་བཀྲས་མཐོང་ཚང་ཁྱིམ་གཞིས་སྐད་གྲགས་ཅན་ཞིག་ཡིན་པ་རེད། རྒྱལ་བ་སྐལ་བཟང་རྒྱ་མཚོའི་རྣམ་ཐར་དུ། བཀའ་བློན་ཐུན་མོང་གི་དྲུང་ཡིག་ཏུ་གཞིས་རྩེ་བཀྲས་མཐོང་བ། ལྷ་ས་ཚ་ཚུལ་བ། མལ་དྲོ་ཁྲོན་པ་རྒྱབ་པ། མགྲོན་གཉེར་དུ་སྙེ་ཐང་བདེ་སྐྱིད་གླིང་པ་བཅས་བསྐོ་བཞག་གནང། ཞེས་གསུངས་པ་ལྟར། སྤྱི་ཚོགས་གསར་རྙིང་གང་དུའང་བཀྲས་མཐོང་ཚང་ལབ་དུས་ཙ་ན། ཁྱིམ་རྒྱུད་གྲགས་ཅན་ཏེ་མཁས་པ་དང་སྐྱེ་ཐང་ཅན་གྱི་མི་སྣ་འཛོམས་ས་ཞིག་རེད་མ་ གཏོགས། ལྐོག་ཟ་རུལ་སུངས་དང་མི་དམངས་ལ་ཁྲག་གཏར་རྒྱུ་ལས་ཅི་ཡང་མི་ཤེས་པའི་ཁྱིམ་ཚང་ ཁུངས་བཙོག་ཅིག་རེད་མི་འདུག ད་ལྟའི་ཆར་ཡང། རཀ་ར་བཀྲས་མཐོང་རིན་པོ་ཆེ་དང་། བཀྲས་མཐོང་བསྟན་འཛིན་དགེ་བྱེད། བཀྲས་མཐོང་ཚེ་དབང་ཆོས་རྒྱལ། འཇམ་དབྱངས་ནོར་བུ། བཀྲས་མཐོང་ལྷ་སྒྲོན་སོགས་སྤྱི་ཚོགས་སུ་ཕྱག་ལས་གནང་དང་གནང་བཞིན་པའི་མི་སྣ་ གྲགས་ཅན་དག་ཡོད་པ་རེད།
བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་ལགས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དམིགས་བསལ་གྱིས་ཆེ་ བསྟོད་གནང་སའི་མི་ཞིག་ཡིན་པ་རེད། ཁོང་གིས་དང་པོར་རྡོར་གླིང་དང་མ་སུ་རིར་སློབ་སྦྱོང་རིམ་པར་གནང་པ་དང་། སྐུ་ན་གཞོན་དུས་ནས་གཞུང་ཞབས་པའི་ཁོངས་སུ་འཛུལ་ཞིང་། བདེ་སྲུང་དང་། ནང་སྲིད། དཔལ་འབྱོར། ཕྱི་དྲིལ་བཀའ་བློན་སོགས་ཀྱི་ཐུགས་འགན་ལེགས་པར་བཞེས་ཏེ་བཙན་བྱོལ་བོད་གཞུང་ གི་ལས་བྱེད་པའི་མཉམ་མྱོང་རིམ་པས་བསགས་པ་དང་། དེ་རྗེས་བཀའ་ཤག་སྐབས་བཅུ་པའི་བཀའ་བློན་ཁྲི་པའི་ཕྱག་ལས་བསྐྱོན་པ་རེད། པོ་ཏཱ་ལ་དཔར་སྐྲུན་ཁང་དང་། ནེའུ་ཡོག་བོད་ཁང་། ཨ་མེ་རི་ཀ་དང་ཁ་ན་ཏ་མངའ་ཁུལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ མཐུན་ཚོགས་ཁག་གསར་འཛུགས་མཛད། ཨ་རིའི་གཞུང་དང་འབྲེལ་མོལ་གྱིས་༧སྐྱབས་མགོན་རིན་པོ་ཆེ་ཐེངས་པོར་ཨ་རིར་ཆིབས་ སྒྱུར་གྱི་ཞུ་སྒོ་ལེགས་པར་བསྒྲུབས། གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་འགན་བཞེས་སྐབས་རྒྱལ་ས་ལྦ་ཞིན་ཊོན་ དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་international campaign for Tibetགསར་འཛུགས་གནང་པ་དང་། གཞན་ཡང་། voaཨ་ རིའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གཉིས་གསར་འཛུགས་མཛད། སྐབས་གཉིས་པའི་སྐུ་ཚབ་ཚོགས་གཙོའི་ལས་འགན་བཞེས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ མཆོག་དང་མཇལ་འཕྲད་མཛད་ཅིང་། བོད་ནང་གཟིགས་སྐོར་གྱི་ལས་བྱ་ལེགས་པར་བསྐྱངས། ༡༩༩༥.༤.༡༥ དམངས་གཙོ་ཚགས་པར་དུ། ཕྱོགས་གཞན་ཞིག་ནས་བལྟས་ན་གཞོན་སྐྱེས་དེང་རབས་ཤེས་ཡོན་ཅན་ཞིག་ཡིན་པའི་ཁར་རང་ ལོ་ ༢༦ སྟེང་དམིགས་བསལ་ཐུགས་རེས་ཨ་རིར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གིས་ལོ་ ༡༧ རིང་ཕྱི་འབྲེལ་གྱི་ཉམས་མྱོང་བསགས་རྒྱུའི་གོ་སྐབས་བྱུང་བའི་ཆ་ནས་བལྟས་ནའང་། ཨ་རིར་བོད་མི་༡༠༠༠ གཏོང་རྒྱུའི་ཐད་དམིགས་བསལ་ཤུགས་སྣོན་བསྐྱོན་ཡོད་པ་དང་། ཞེས་སྐྱོན་འཛུགས་ཞོར་དུ་རང་བཞིན་གྱིས་བསྟོད་བསྔགས་ཤིག་ཤོར་འདུག ཚིག་འདིས་སྐབས་དེར་བཀྲས་མཐོང་ལགས་སྤྱི་ཚོགས་སུ་གདེང་འཇོག་ཆེན་པོ་ཡོད་པ་དང་། ཤེས་ཡོན་ཅན་ཡིན་པ། འཇོན་ཐང་ལྡན་པ། ལོ་ ༡༧ ལ་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་པ་བསྟན་གྱི་ཡོད་རེད། དེས་ན། ད་ལྟ་ཕྱི་འབྲེལ་སོགས་ཀྱི་མཉམ་མྱོང་དང་གོ་རྟོགས་སྔར་ལས་ཀྱང་ཇེ་ཆེར་སོང་ཡོད་ པ་བཤད་ཅི་ལ་དགོས། ཡང་ཚགས་པར་དེར། ཡོངས་གྲགས་བཞིན་ཐུགས་བསམ་བཞེས་ཕྱོགས་གུ་ཡངས་ཅན། བཀའ་བློན་མཛད་འགན་ལོ་ལྔའི་རིང་དཔོན་ཉམས་ཆེ་སྒྲོབ་ཆུང་ལ་ཡིག་ཚང་དང་གཟིམས་ཤག་ གང་དུའང་མཇལ་བཅར་དང་བདེ་སྡུག་ཞུ་བདེ་བ་ཡིན་པའི་ཐོག ཐག་གཅོད་ཀྱང་གང་མགྱོགས་གནང་ཐབས་གནང་ཡོད། ལྷག་པར་དུ་འདས་པའི་གནས་ཚུལ་ལ་བལྟས་ནའང་ཤེས་བྱ་ཚགས་དེབ་གསར་གཏོད། བོད་གནས་སྐྱར་ཞིབ་གསར་དེབ་ཀྱི་རྩོམ་སྒྲིག་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་གནང་མཁན་གྲས་བཅས་བྱས་རྗེས་ཡོད་མཁན་ཞིག་ ཀྱང་ཡིན། དེས་ན་ད་ལྟའང་དགུང་ལོ་དར་མ་ཡིན་སྟབས་རང་བཞིན་གྱི་ཤེས་འབྱོན་གཉིས་ལྡན་ཡིན་ པའི་ཐོག་འདས་པའི་ལོ་ལྔའི་ཉམས་མྱོང་དེ་ལེགས་ཆ་ཞིག་ཏུ་བསྒྱུར་ནས་སླར་ཡང་གཞུང་ དམངས་ཞབས་འདེགས་ཞུ་བར་ཕེབས་རེ་ཡོད་ལགས། ཞེས་སོགས་བྱས་རྗེས་ཅན་གྱི་མི་རླབས་ཆེན་ཞིག་ཡིན་པར་མ་ཟད། དཔོན་ཚུགས་ཀྱི་འགྱིང་ཉམས་སུ་ཐུགས་མི་དགྱེས་ཤིང་། མི་དམངས་ཀྱི་བདེ་སྡུག་ལ་གདོང་ལེན་བྱས་ཏེ་ལམ་སང་དཀའ་ངལ་སེལ་ཐབས་མཛད་མཁན་གྱི་ ལག་ལེན་རང་ལུགས་པ་ཞིག་ཡིན་པར་བཤད་དེ། བསྐྱར་དུ་གཞུང་ཞབས་ཀྱི་ཕྱག་ལས་གནང་རྒྱུར་རེ་བ་ཞུས་འདུག ད་དུང་། བོད་གཞུང་ཟློས་གར་ཚོགས་པ་ཐེངས་དང་པོར་ཕྱི་གླིང་ལ་འཁྲབ་སྟོན་དུ་ཕེབས་པའི་ ཐབས་ཤེས་གནང་པ་དང། ཏཱ་ལའི་བླ་མའི་སློབ་ཆེན་འཛུགས་རྒྱུའི་སྐོར་ཀྱང་སྔོན་མ་ནས་ཐུགས་ཁུར་ཆེ་བཞེས་ གནང་ཡོད་པ་རེད། མདོར་ན། བོད་མི་རིགས་ཀྱི་ཆེད་དུ་ཤ་ཐང་རུས་ཐང་གིས་འབད་བརྩོན་ལྷོད་མེད་གནང་མཁན་ཞིག་ རེད་ལ། གྲུབ་འབྲས་ཀྱང་ལེགས་པོ་སྟོན་རྒྱུ་ཡོད་པའི་མི་རྩ་ཆེན་ཞིག་ཡིན་པ་རེད།
༤ དོགས་པ་བསལ་བ།
ཀུན་གཟིགས་པཎ་ཆེན་རིན་པོ་ ཆེའི་གསུང་བཤད་གནང་དོན། ངའི་གོ་ཐོས་ལ་ནག་ཆུའི་འབྲོག་པའི་ཁྱིམ་དུད་གཅིག་གི་བུ་མོ་གཅིག་རྒྱ་ནག་སློབ་ གྲྭར་བཏང་སྟེ། ལོ་ཁ་ཤས་སོང་རྗེས་བུ་མོ་དེ་ཡར་ཡོང་ནས་པག་ཟ་ཡི་མེད་པ་དང། ཇ་འཐུང་གི་མེད་པས་ཨ་མ་དེ་འུ་ཐུག་ནས་ད་གུང་ཁྲན་ཏང་གིས་ངའི་བུ་མོ་དེ་སྐུ་དྲག་ གི་བུ་མོ་ཞིག་གསོ་སྐྱོང་བྱས་འདུག་ཅེས་བརྗོད། སྐུ་དྲག་གིས་པག་ཟ་ཡི་རེད། དཔེར་ན། ང་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྐབས་བོད་ཀྱི་གཙོ་བོ་ཨང་གཉིས་པ་ དེ་ཡིན་ཡང་པག་ཟ་ཡི་ཡོད། ཇ་ཐུང་གི་ཡོད། ཅེས་བཀའ་སྩལ་བ་ཇི་བཞིན། སྒེར་གྱི་ན་ཚ་འདྲ་པོ་ཞིག་ཁུར་ཏེ་སྐྱོན་བརྗོད་བྱེད་སྟངས་མ་ཤེས་ན་ཆོ་མི་འདུག བཀྲས་མཐོང་ལགས་བཀའ་ཁྲིའི་འོས་མིར་བཞེངས་པ་དེ། སྐུ་དྲག་པའི་དབང་དང་སྟོབས་ཤུགས་སུ་འབྲེལ་པ་ཅི་ཡང་མེད་པས་སྐྱོན་འཛུགས་ས་ཞིག་ ལྷགས་མེད། མང་གཙོ་ལབ་དུས་ཙ་ན། སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་ལམ་ཁ་འགག་སོང་པ་གང་ཡང་མ་རེད། མི་ལ་སྐྱེ་ཐང་ཡོད་ན། སྐུ་དྲག་གི་ཁྱིམ་རྒྱུད་དང་དམངས་དཀྱུས་མ། ཕོ་དང་མོ་ལ་ཁྱད་མེད་ཀྱིས་ཡོང་དགོས་པ་རེད། ལོ་༦། གྲངས་༧། ༡༩༩༥.༤.༡༥ དམངས་གཙོ་ཚགས་པར་ཐོག བློ་ཕམ་གྱི་རང་བཞིན་དང། འབུམ་དགུ་བ་བཞུགས་སོ། ཞེས་པའི་སྐྱོན་བརྗོད་དང་ཟུར་ཟའི་རྩོམ་ཡིག་རེ་འགའ་ཡི་ནང་། ཐོག་མར་བཙན་བྱོལ་གཞུང་ལ་དེ་སྔ་ཐོས་མ་མྱོང་བའི་ཧིན་སྒོར་འབུམ་ ༧༠༠ སྐོར་གྱི་དངུལ་ཆད་ཐོན་སྐབས་དཔལ་འབྱོར་གྱི་བཀའ་བློན་ཡིན་པ་དང….. ཉི་ཧོང་དོན་ཟུར་པད་མ་རྒྱལ་པོ་ནས་ཅེཀ་འཛིན་ལྔའི་དངུལ་འབབ་ཧིན་སྒོར་འབུམ་ ༥༤ ཙམ་བཀའ་ཤག་ལ་ཕྱག་འབྱོར་བྱུང་མིན་ཚོར་སྣང་མེད་པ་ལྟ་བུས….. རྒྱ་གར་སྒེར་པ་ཞིག་ལ་ཧིན་སྒོར་འབུམ་ ༤༨ ཙམ་གྱི་མ་གནས་ཀྱི་ལེ་ན་(ཁུ་ལུ)ཚོང་འབྲེལ་ཡིན་ཚུལ་གྱི་གོ་སྐབས་གནང་བ་དང….. ནང་སྲིད་བཀའ་བློན་གནང་སྐབས་མོན་གྷོའི་གཞིས་འགོ་བསྟན་པ་བཟོད་པ་དང་ལ་སྤྱི་ ཟུར་པ་བློ་གྲོས་རྒྱལ་མཚན་གཉིས་ལ་སྤྱི་འཐུས་དང་མི་དམངས་ནས་རྩིས་ཁྲ་དང་འཛིན་ སྐྱོང་ཐད་སྐྱོན་འཛུགས་བྱེད་པ་བཞིན་ར་འཕྲོས་བྱུང་ནའང་རང་ངོས་ཀྱིས་འགན་འཁྲི་ བཞིན་ཐག་གཅོད་དྲང་བདེན་ལས་ལྡོག་སྟེ.. ..བཀའ་ ཁྲིས། གནས་རྙོག་དེ་དག་ལམ་ལྷོངས་མ་ཕྱིན་བའི་ལས་དོན་ཙམ་ལས། དེའི་ལན་པ་ང་ལ་མེད། ཁོ་ལ་མེད། ངའི་འཁོར་ལ་མེད། ངའི་འཁོར་གྱི་འཁོར་ལའང་མེད་དོ་ཞེས་ཞུས་པས་ཐམས་ཅད་ཡི་རངས་ཏེ། ཞེས་སོགས་ཤེས་རབ་སྙིང་པོའི་འབྲི་སྟངས་སྤྱད་དེ། འོལ་ཚོད་ཀྱིས་འཆལ་གཏམ་མམ་ཁ་སྔ་རྟིང་མགྱོགས་ཀྱི་གསར་རྟགས་བསྟན་འདུག ཡིན་ནའང་། ང་ཚོས་གསལ་བོར་ཧ་གོ་དགོས་པ་ཞིག་ལ། ཚགས་པར་རྩོམ་སྒྲིག་པ་དེ་དག་གིས་བཤད་སྟངས་མ་འགྲིག་པ་ལས། ཧིན་སྒོར་འབུམ་ཕྲག་དེ་དག་བཀྲས་མཐོང་པ་སྐུ་སྒེར་གྱིས་ཨམ་ཕྲག་ལ་བཅུག་བཞག་པའི་ སྐད་ཆའི་དོན་དག་རེད་མི་འདུག ཚགས་པར་དེར་བཤད་དོན། འབད་རྩོན་བྱས་རིགས་མཐའ་དག་ལ་གྲུབ་འབྲས་སོན་མིན་རང་གི་ལག་ཏུ་མེད་པའི་དབང་དུ་ བཏང་ནའང་ད་ལན་དགོངས་པ་ཞུ་རྒྱུའི་དུས་བབས་འདི་སྟབས་མི་ལེགས་པ་ཞིག་ཏུ་མ་མཐོང་ ཀ་མེད་དུ་གྱུར། ཞེས་པའི་ཚིག་འདིས་སྤྱི་ཚོགས་ནང་རང་བཞིན་གྱིས་གསེད་གྲོལ་ལམ་ནོར་འཛོལ་མི་ཡོང་ བའི་གསལ་བརྡ་ཞིག་བསྟན་འདུག བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ༡༩༩༥.༥.༡ བོད་མིའི་རང་དབང་ཚགས་པར་སྟེང་། དམངས་གཙོ་གསར་ཤོག་ནང་གསལ་བའི་བློ་ཕམ་གྱི་གནས་ཚུལ་ཐད་བཀའ་བློན་བསྟན་འཛིན་ རྣམ་རྒྱལ་མཆོག་ནས་དངོས་དོན་གྱི་ལན་འདེབས་གསལ་བཤད་ཅེས་པར། བཀའ་ཤག་ནས་དོན་དངོས་ཇི་ཡིན་གསལ་བཤད་གནང་བ་རྣམས་དུས་ཐོག་ཏུ་འདི་གའི་གསར་ཤོག་ དང་། ཤེས་བྱ། དེ་བཞིན་གྲོས་ཚོགས་ཀྱི་བདུན་རེའི་གསར་ཤོག་སོགས་ཁག་སོ་སོའི་ནང་ཞིབ་འཁོད་ཟིན་ པ་དེ་ལྟར་ཡང….. ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་ཐོན་པའི་དམངས་གཙོ་གསར་ཤོག་གིས་བློ་ཕམ་གྱི་གནས་ཚུལ་ཞེས་པའི་ཆེད་བརྗོད་ནང….. གནས་ཚུལ་མང་དག་ཅིག་བཀོད་པ་དེ་དག་ཐད་དངོས་དོན་མི་ཤེས་པའི་མང་ཚོགས་ནང་བསམ་ ཚུལ་ཤུགས་ཆེ་ཡོང་གི་ཡོད་པ་དེ་རྣམས་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་པོར་བཟོ་ ཆེད་འདི་གའི་གསར་འགོད་པས་འབྲེལ་ཡོད་བཀའ་བློན་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ངོ་ བཅར་ཞུས་ཏེ་དམངས་གཙོ་གསར་ཤོག་ནང་བཏོན་པའི་གནས་ཚུལ་གལ་ཆེ་ཁག་ཅིག་སྐོར་ལ་བཅར་ འདྲི་ཞུས་པ་གཤམ་གསལ། ཞེས་བཀོད་ཡོད་པ་དང་། འོག་ཏུ་དྲིས་ལན་བཏབ་པའི་ཚིག་གལ་ཆེན་འགའ་དྲངས་ན་འདི་ལྟར། ལོ་ཤས་ཀྱི་སྔོན་ལ་ང་ཚོས་སྔོན་རྩིས་ཀྱི་འཆར་གཞི་གྲོས་ཚོགས་སུ་ཕུལ་བའི་སྐབས་ ལ། ལས་ཀ་བྱེད་པའི་འཆར་གཞིའི་ནང་གི་དངུལ་འབོར་དང་། ཡོང་འཆར་གཉིས་ཁ་མ་ཐུག་པ་སྒོར་འབུམ་ ༧༠༠ ཙམ་ཞིག་ཆགས་པ་དེ་བཀའ་ཤག་ནས་ཐབས་ཤེས་གནང་རྒྱུའི་ཁོངས་སུ་བཞག་གནང་ཞིང་། འཆར་གཞིའི་དངུལ་འབོར་འཕར་གཞི་ནི་བོད་དོན་ཐོག་རྒྱལ་སྤྱིའི་ནང་དོ་ཁུར་ཆེ་རུ་ ཕྱིན་པར་བརྟེན་ཕྱི་རྒྱལ་ཡུལ་ཁག་ནང་དོན་གཅོད་གསར་འཛུགས་ཞུས་པ་དང་། དེ་དང་འབྲེལ་བའི་ལས་དོན་གལ་ཆེ་མང་པོ་ཞིག་ལ་བརྟེན་ནས་གནང་དགོས་གྱུར་པ་ཞིག་ ལས་གཞུང་དངུལ་ཡོད་བཞིན་པ་ཞིག་གི་ཐོག་ནས་སྟངས་འཛིན་མེད་པར་གང་བྱུང་གིས་འགྲོ་ གྲོན་འཕར་མ་བཟོས་པ་ཞིག་མ་རེད། ཁ་མ་འདུམ་པའི་སྒོར་འབུམ་ ༧༠༠ དེ་བཀའ་ཤག་ནས་ཐབས་ཤེས་གནང་སྟེ་ད་ཆ་རྩིས་གཙང་བྱུང་ཟིན་པ་རེད། ཅེས་དང་། ཉི་ཧོང་དོན་ཟུར་པདྨ་རྒྱལ་པོས་བཀའ་ཤག་ལ་ཕུལ་བའི་ཕྱག་དངུལ་དེའི་སྐོར། གྲོས་ཚོགས་སུ་གསལ་བཤད་ཞུས་ཚར་བའི་གནས་ཚུལ་རྙིང་པ་ཞིག་བསྐྱར་དུ་བཀོད་འདུག….. འོན་ཀྱང་གྲོས་ཚོགས་ཚུགས་བསྡད་པའི་སྐབས་དེར་བསྐྱར་དུ་ཡིག་རྩད་ཞིབ་ཕྲ་བྱས་ཏེ་ ལྟ་དུས་སྔོན་མ་ནས་དངུལ་ཁང་བརྒྱུད་འབྱོར་ཏེ་བཀའ་ཤག་གི་རྩིས་ཁོངས་སུ་བཅུག་ ཟིན་པ་ཞིག་རེད་འདུག དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་རེད་མ་གཏོགས་དེ་ལས་གཞན་པའི་ཆད་ལུས་ཤོར་ བའི་གནས་ཚུལ་གང་ཡང་མ་རེད། ཅེས་དང་། ལེ་ནའི་ཚོང་ཞེས་པ་དེའི་སྐོར་ང་ཚོས་གྲོས་ཚོགས་ནང་གསལ་བཤད་ཞིབ་ཕྲ་དང་། དེ་ནང་སྲིད་བཀའ་བློན་གསུམ་དང་། དྲུང་ཆེ་གཉིས་ཙམ་གྱི་མཛད་རྒྱུན་རིང་བྱུང་བ་ཞིག་རེད། རྒྱ་གར་གྱི་ཚོང་པ་ཞིག་གིས་ལ་དྭགས་མཉམ་སྦྲེལ་དང་ཐད་ཀར་སྒོར་འབུམ་ ༤༠ ཙམ་གྱི་ལེ་ནའི་ཚོང་བརྒྱབ་པ་དེ་དངོས་འབྲེལ་རེད། ཁོ་པས་ལེ་ན་ཚོང་རིམ་བཞིན་དངུལ་སྤྲོད་རྒྱུ་ལུས་པ་དེ་ཡང་དངོས་ཡོད་རེད། ལས་ཀ་དེ་ཚོད་ལྟ་རེད་ཟེར་བ་དེ་ཐོག་མ་ནས་ཚོད་ལྟ་རེད་མ་གཏོགས་ང་ཚོས་རྗེས་སུ་ ཚོད་ལྟ་རེད་ཅེས་གསུངས་བཞག་པ་དེ་འདྲ་མ་རེད། དེའི་འཕྲོས་ཛར་དེ་ཁོང་རང་ནས་སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་། ད་ལྟ་སྤྲད་མེད་ཀྱང་སྤྲོད་དུ་འཇུག་རྒྱུའི་འབད་བརྩོན་དེ་འབྲེལ་ཡོད་ལས་ཁུངས་ ནས་གནང་གི་ཡོད་རེད་ལ། དེ་ལམ་སང་སྤྲོད་མ་ཐུབ་ན་མི་མང་གི་དཀའ་ངལ་སེལ་རྒྱུར་བཀའ་ཤག་ནས་ནང་སྲིད་ལ་ དཀའ་སེལ་གནང་རྒྱུའི་ཐུགས་འགན་བཞེས་དགོས་པའི་བཀའ་ཁྱབ་གནང་ཡོད་རེད། ཅེས་དང་ཡང་། རྡ་སྟེང་གསོལ་མགྲོན་ཁང་ལ་བཟོ་བཅོས་མང་པོ་ཞིག་བྱས་པར་འགྲོ་སོང་སྒོར་འབུམ་ ༦༠ ཙམ་བཏང་གནང་བ་དེ་དངོས་འབྲེལ་རེད….. དེ་ཡར་རྒྱས་བཏང་ནས་མགྲོན་ཁང་གི་ཡོང་འབབ་དེ་སྔར་ལས་ཞེ་དྲག་གིས་ཤུགས་ཆེ་རུ་ཕྱིན་ཡོད་རེད་སྔོན་ཆད་ཁེ་སྤོགས་སྒོར་འབུམ་ ༥/༦ ཙམ་ཡོང་གི་ཡོད་སར་དེང་སང་སྒོར་འབུམ་ ༡༦ ལྷག་ཙམ་སླེབས་ཡོང་གི་ཡོད་རེད…..ཡོང་ འབབ་ཆེ་རུ་ཕྱིན་ཡོད་རེད། དེ་ལ་སྐྱོན་གང་ཡང་ཡོད་མ་རེད། ཅེས་བཀྲས་མཐོང་ལགས་ཀྱིས་བོད་གཞུང་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་ཚགས་པར་བོད་ མིའི་རང་དབང་ནང་བཀའ་ལན་བསྐྱོན་གནང་པ་དེ་དག་བདེན་པ་དང་ཁུངས་སྐྱེལ་གསལ་ཞིང་ དག་པར་སོང་པ་རེད། ལོ་༦། གྲངས་༩། ༡༩༩༥.༥.༡༥ དམངས་གཙོ་ཚགས་པར་སྟེང་། གསལ་བཤད་གནས་བསྡུས་ཞེས་པར། རྣམ་དཔྱོད་ལྡན་པའི་ཟུར་གནས་ཀློག་པ་པོ་རྣམས་ནས་གོ་ལོག་མི་འབྱུང་ཆེད་གསལ་བཤད་ གནས་བསྡུས་ཙམ་ཞུས་ཤིང་། ད་དུང་ཐུགས་དོགས་ཆོད་མིན་བྱུང་ཚེ་མཛད་སྟབས་གང་བདེ་བརྒྱུད་འབྲེལ་བ་ཡོད་པ་ ཤིག་སེན་ར་སྤྲོད་ཀྱི་ཁུངས་སྐྱེལ་ཞུ་འཐས་སུ། ནང་སྲིད་ལས་བྱེད་བསྟན་པ་བཟོད་པ་ནས། ༩༥.༥.༣ ལ། ཞེས་པ་དང་། གཞན་ཡང་། བདེན་དཔང་གསོན་པོ་དང། སྔོན་གླེང་། གྲོས་ཆོད་སོགས་དོན་ཚན་རེ་རེས་གོང་གི་ནང་སྲིད་བཀའ་བློན་གནང་སྐབས་ཞེས་སྐྱོན་ འཛུགས་ལ་གསལ་བཤད་གཙོར་བཏོན་གྱིས་བཀོད་དེ་སྔོན་མའི་གནས་ཚུལ་དག་འགོད་ནོར་ ཐེབས་པའི་ངོས་ཟིན་ཐོབ་ཡོད། དེ་རྗེས། བཀྲས་མཐོང་ལགས་ཨ་རི་ནས་རྡ་རམ་ས་ལར་ཕེབས་ཏེ། ཐུགས་སྣང་མཛད་དགོས་ཟེར་བའི་ནང་། ལྷག་པར་ཕྱོགས་གཞན་ཞིག་ནས་དབང་ཆར་མཁྲེགས་བཟུང་བྱས་འདྲའི་འདོད་གཏམ་སྤེལ་མུས་ སེལ་ཐབས་བཅས་ཀྱི་ཆེད་ལུགས་མཐུན་དགོངས་པ་ཞུ་དགོས་བྱུང་བ་མ་གཏོགས་ལས་དོན་ལ་ གཡོལ་ཐབས་བྱས་པ་སོགས་གཏན་ནས་མིན་པས་རྒྱལ་གཅེས་མི་མང་རྣམས་ཐུགས་ཕམ་ཐུགས་ དྭོགས་རིགས་མི་གནང་བ་ཞུ་རྒྱུ། ཞེས་དང། དེའི་སྔོན་ཙམ་ཕྱི་ཟླ་ ༣ པའི་ཚེས་ ༧ ཉིན་རྒྱ་མིས་བཏོན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ནང་རྒྱ་མི་རང་གི་ འདོད་གཏམ་ངོ་ཁྲེལ་ཡོངས་བྲལ་རྫུན་ཚིག་གུང་བསྒྲིགས་གང་ངན་ཅི་རྡུགས་རྣ་བ་འགེབ་ འོས་བཀོད་འདུག་པའི་དོན་གནད་ཅིག་ལ། ཡུལ་གྱར་སྲིད་གཞུང་གི་འགོ་གཙོ་གཙོ་བོ་ཚང་མ་ཏཱ་ལའི་བླ་མའི་གཉེན་ཚན་ཡིན་པ་དང། དེ་ཚོའི་ནང་ལ་རུལ་སུངས་ངན་འགྱུར་དང་། ལ་ལ་ལྐོག་ཟ་ཤུགས་ཆེ་བྱས་ཏེ་གཡོ་ཐབས་ཀྱི་བར་ཁེ་བཟས་སྟབས་མི་ལ་ཡིད་རངས་བྱུང་ བར་ནང་ཁུལ་འགལ་བ་ཚབས་ཆེན་ཡོད་པ་རེད་སོགས་བཀོད་འདུག….. བོད་རང་བཙན་གཙོར་གྱུར་གཞུང་མང་གི་འཕྲལ་ཕུགས་བདེ་དོན་ལ་ཐུགས་འགན་ཡོད་པའི་ བཀའ་ཤག་གི་མཚན་མཐོང་དང། གཞུང་གི་སྒྲིག་འཛུགས་འདི་ལ་ཡིད་ཆེས་བརླག་སྟེ་ཉམས་དམས་སུ་ཕྱིན་པ་ཡིན་ན་ཕ་ རོལ་དགྲ་བོའི་བསམ་པ་ཡོངས་རྫོགས་བསྒྲུབ་རྒྱུའི་ཉེན་ཁ་ཡོད་པ་བཟོད་ཐབས་བྲལ་ཏེ….. མི་བདེན་རྫུན་གྱི་དྲི་མས་འབག་པ་ཅུང་ཟད་ཙམ་འདུག་ན་བཀའ་ཤག་ལྷན་རྒྱས་གཙོར་ གྱུར་འབྲེལ་ཡོད་ལས་ཁུངས་ཁག་སོགས་ནས་ཕྲན་ལ་ཐད་ཀར་དྲི་བ་གནང་ཡོད་པ་ཞུ་རྒྱུ….. ཕྲན་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ ༡༩༩༥ ལོའི་ཟླ་ ༨ ཚེས་ ༥ ལ་ཕུལ། ཞེས་སོགས་དོན་ཚན་གསུམ་གྱི་སྒོ་ནས་བསྐྱར་དུ་ཞིབ་འབྲི་བྱས་ཡོད་རུང་རེ་རེ་ བཞིན་འགོད་ཐུབ་མ་སོང་། གསལ་བསྒྲགས་གནང་པའི་ཕྱག་ཡིག་དེ། བཀྲས་མཐོང་ལགས་ཀྱི་ཨ་མ་རྨ་བྱ་བསོད་ནམས་དཔལ་སྒྲོན་ལགས་ཀྱིས་ཉར་ཚགས་གནང་འདུག སྐབས་དེ་དག་གི་དམངས་གཙོ་ཚགས་པར་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུ་ལགས་དང་། ལས་རོགས་མགོན་པོ་ཚེ་རིང་ཡིན་པ་རེད། ད་ལྟ་འཇམ་དབྱངས་ནོར་བུས་བཀྲས་ མཐོང་པ་ལགས་སུ་རྒྱབ་སྐྱོར་ཞུ་བའི་རྩོམ་ཡིག་སྤེལ་གྱི་ཡོད་པ་དེས། ཁོང་གིས་སྔོན་མར་རྩོམ་སྒྲིག་པ་བགྱིས་ཏེ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་པ་ དེ་བྱས་ཉེས་ཡིན་པ་ཁས་བླངས་ཤིང་། བཟོད་གསོལ་ཞིག་ཀྱང་ཕུལ་བཞག་པ་རེད། ད་དུང་། ཉེ་ཆར་བཀའ་དྲུང་ཡིག་ཚང་ནས་ཕྱག་ཡིག་འདི་ལྟར་གནང་ཡོད་དེ། མཚུངས་མེད་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་ གནང་མཁན་དང་བོད་ཀྱི་ཆེད་དུ་ལངས་མཁན་stand up 4 tibetཚོགས་ པ་ཐུན་མོང་གང་དེར། ཞེས་དང། གཞུང་གི་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པའི་གནད་དོན་ཞིག་ཡིན་པ་དེ་སྔ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་ནང་གསལ་བཤད་གནང་བའི་ངོ་བཤུས་ འདི་མཉམ་ཟུར་བསྲིངས་ཡོད་པ་ནས་མཁྱེན་རྟོགས་ཡོང་རྒྱུ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཟླ་ ༡༡ ཚེས་༨ ལ།། ཞེས་གནང་འདུག ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་བཤད་སྟངས་འགྲིག་མིན་ཇི་ལྟར་ཡང་། སྐུ་ངོ་བཀྲས་མཐོང་ལགས་ཀྱིས་སྒོར་འབུམ་ཕྲག་དེ་དག་བཟས་ཡོད་པའི་དཔང་རྟགས་བྱ་ མཁན་ཞིག་ཡོད་ན། ངས་སྒོར་འབུམ་ ༣ སྤྲད་ཀྱི་ཡིན་ཞེས་ཁ་ཚོན་ཆོད་པོའི་སྒོ་ནས་བཤད་པ་དེ། རྒྱུ་མཚན་དང་སྤོབས་པ་མཐོ་བའི་རྟགས་ཤིག་བསྟན་པ་ཡིན་རྒྱུ་རེད་མ་གཏོགས། ཞེན་ཁོག་དང་རྒྱབ་སྐྱོར་ཞུ་འདོད་གཅིག་པོས་གང་བྱུང་ལབ་བཞག་པ་ག་ལ་ཡིན། གོང་དུ་བཀྲས་མཐོང་ལགས་ཀྱི་འགྲེལ་བཤད་དེ་དག་ཁ་གསལ་བོས་སྒོ་ནས་ཞུས་ན། འགྲོ་སོང་གི་འཆར་གཞི་དང་། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་ཞིག་གནས་སྐབས་ཙམ་ལ་བྱུང་པ་རེད་ འདུག དཔེར་ཆ་བཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ ལོར་འགྲོ་འཆར་ཧིན་སྒོར་འབུམ་ ༧༠༠ བཏང་རྩིས་ཡོད་ན། ༢༠༡༡ ལོར་ཡོང་འཆར་ཧིན་སྒོར་འབུམ་ ༧༠༠ ལག་པར་རེག་ཐུབ་མིན་གྱི་དཀའ་ངལ་འཕྲད་པ་དེ་འདྲ་རེད། ཡིན་ནང་། ལོ་མཇུག་འགྲོ་འཆར་དང་ཡོང་འཆར་གཉིས་ཆ་མཉམ་སྟེ་ལོ་དེའི་ལས་འཆར་ལ་སྐར་མ་གཅིག་ གི་གནོད་པ་བསྐྱལ་མེད་པས། དེ་ལྟ་ན། དོགས་པ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པར་མ་ཟད། གསལ་བོར་ཆགས་ཟིན་པའི་གནས་ཚུལ་རྙིང་པ་ཞིག་སྐྱར་ལྡབ་བྱས་ཤིང་། བྱས་རྗེས་དང་རེ་བ་ཆེ་བའི་མི་གྲགས་ཅན་དག་ལ་བརྡབ་གསིག་གཏོང་ཅི་ཐུབ་བྱས་ཏེ། མ་ཉེས་ཁག་གཡོག་གིས་འཁྲུག་ཆ་ཟིང་པོ་བཟོས་ན་བོད་སྤྱི་ལ་གྱོང་གུན་འཕོག་རྒྱུ་ ལས། གཞན་ཐོབ་བྱ་ཅི་ཡང་མེད།
༥ མཇུག་བསྡུ་བ།
ཁ་བཤད་གལ་ཆེན་མིན་ལ་ལག་ ལེན་གལ་ཆེན་ཡིན། ལག་འཁྱེར་གལ་ཆེན་མིན་ལ་འཇོན་ཐང་གལ་ཆེན་ཡིན། ཚོད་དཔག་གལ་ཆེན་མིན་ལ་རྒྱུས་མངའ་གལ་ཆེན་ཡིན། ཧོལ་རྒྱུག་གལ་ཆེན་མིན་ལ་གཟབ་ནན་གལ་ཆེན་ཡིན། དེར་བརྟེན། གལ་ཆེན་རང་བཞིན་དག་གོ་རྟོགས་ཐུབ་ན་ཅི་མ་རུང་སྙམ་སྟེ། ཀུན་སློང་གཙང་མ་ཞིག་གིས་ལུས་ངག་ཡིད་གསུམ་བསྒུལ་ཞིང་བསྐྱོམ་པའི་རེ་སྐུལ་གྱི་ དཔྱད་གཏམ་ཉུང་བསྡུས་འདི་ལ་བསམ་གཞིག་མཐིལ་ཕྱིན་གནང་རྒྱུ་མཁྱེན། ཞེས་མཚམས་བཞག་པའོ།།
དངོས་རྡོ་རྗེ་གྲགས་པ་ཞེས་པ་འདིའི་ཡི་གེ་འབྲི་སྟངས་འདི་ཐུན་མོང་མ་ཡིན་པ་ཞིག་འདུག འདི་ཕལ་ཆེར་ཞང་གཞུང་སྙན་རྒྱུད་ཀྱི་འབྲི་སྟངས་ཡིན་བཟོ་མཆིས།
ཏྲེ་ཧོར་ཐུབ་བསྟན་གྱིས་འབོར་ཤོབ་གང་ཙམ་བཤད་འདུག ད་སྲང་མདོའི་གཏམ་འཆལ་གླེང་མཁན་ཚོར་དཔང་རྟགས་མེད་པ་གསལ་པོ་བྱུང་སོང། ད་ནས་བཟུང་འདྲ་མིན་བཤད་མི་ཆོག ཚོད་ཟུངས།
དྲ་གྲོགས་དམ་པ་མིག་ལགས་སུ་ཞུ་རྒྱུར།
༡༽སྐུ་ཉིད་ཀྱིས་སྐུ་རླུང་གནང་བར་ཐུགས་རྣལ་དུ་གནས་དང།སྐུ་རླུང་གནང་ན་བློ་རྣལ་དུ་མི་གནས་པར་ངའི་མཆན་བུའི་ནང་དོན་ལོག་འགྲེལ་བྱེད་ཀྱི་འདུག
ངས་ངའི་མཆན་བུ་་༦༠་ནང་སྤྱིར་ཡིག་ནོར་ཡོང་སྲིད་མོད་ཅེས་སྤྱིར་བཏང་མི་སུ་ཡིན་ནའང་ཡིག་ནོར་ཡོང་སྲིད་ཅེས་བརྗོད་ཡོད་པས་ཞིབ་པར་འཚལ།ད་དེས་གོ་བ་ཡང་དག་པ་ཞིག་མ་རག་ན་ང་བྱ་རྒྱུ་གང་ཡང་མེད།ངས་རྩ་འགྲེལ་དང་།་ཡང་འགྲེལ་བརྒྱབ་ཟིན་དེ་གཉིས་ལས་འགྲེལ་བརྒྱབ་སྲོལ་མེད།
༢༽བལ་ཡུལ་ཐུབ་བསྟན་དཔལ་འབྱོར་ལགས་སུའི་ཁྱོ་ཀ་ཡིན་ནའང་ཁྱད་པར་མེད།གང་ལྟར་ཁོང་གིས་སྤྱི་ཚོགས་ཞབས་ཞུ་ལས་རིགས་དང་ཆོས་ཕྱོགས་སུ་མཐུན་འགྱུར་གང་ལེགས་སྦྱར་དང་སྦྱོར་མུས་རེད་དེ་ནི་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་རེད།
༣༽ཕྱི་ལོ་་༢༠༠༩་ལོར་གྲོས་ཚོགས་དཀྲུགས་པའི་སྐོར་མདོར་བསྡུར་བརྗོད་ན།་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཁྲིམས་མེད་ལུང་མེད་ཀྱི་ཕྱིར་དོན་པ་དེས་གྲོས་མཚམས་བཞག་དགོས་བྱུང་བ་རེད།་དཀྲུགས་མཁན་དེ་དག་རེད།་དེ་ཡིན་པའི་རྒྱུ་མཚན་ཞིབ་རྒྱས་ངར་བརྗོད་རྒྱུ་ཡོད་མོད་འདིར་གླེང་བྱའི་བརྗོད་གཞི་གཙོ་མིན་པས་དེ་ཙམ་གྱི་འཐུས་བྱ།
༤༽ཕྱོགས་སུ་ལྷུང་བའི་བསམ་པའི་འདུ་ཤེས་ཆེས་དྲགས་ན་དེས་དོན་དངོས་ལ་དབྱེ་ཞིབ་བྱ་རྒྱུ་ཅུང་ཁག་ཙམ་ཡོད་པ་རེད།དཔེར་ན་མཁྲིས་ནད་ཀྱིས་ཟིན་ན་ཕྱི་རོལ་དངོས་པོ་མཐའ་དག་སེར་པོར་མཐོང་བ་བཞིན་རེད།
གྲོས་ཚོགས་དཀྲུག་མཁན་གཏེ་པོ་ནི། སྨོན་ལམ་མཐར་ཕྱིན་ཟེར་བའི་བོང་རྒན་དེ་དང་གཡུང་དྲུང་རྒྱལ་མཚན་ཟེར་བའི་བོང་རྒན་གཉིས་རེད། འདི་གཉིས་བོན་གྱི་བསྟན་པའི་ཞབས་འདེྲན་རེད། སངས་རྒྱས་གཤེན་རབ་མི་བོ་ཆེའི་ཞབས་ལ་ཐག་པ་རྒྱག་མཁན་རེད། ད་དུང་ཡོད། དགེ་ལུགས་པ་ཐུབ་བསྟན་འཕེལ་རྒྱས་ཟེར་བ་དང་། བེ་རི་ཞེས་པ་སོགས་ཀྱིས་གཙོས་གཤིས་རྒྱུད་མི་སྐྱ་ལས་ཀྱང་ཐུ་བའི་ཆོས་གཟུགས་ཁྱུ་གཅིག་ཡོད། འདི་ཚོ་ཆོས་པ་ཡོངས་ཀྱི་ཞབས་འདྲེན་རེད། ཁོ་ཚོ་མང་པོ་ཞིག་མི་དམངས་གིས་ཕྱིར་གཡུག་ཟིན་ཡོད། འོན་ཀྱང་སྨོན་ལམ་མཐར་ཕྱིན་ཟེར་བ་འདི་སླར་ཡང་འཚང་ཡོང་གི་ཡོད་པ་འདྲ། ཨ་ཁ། ད་འུ་ཚོའི་བོན་པོ་ཚང་གི་མི་རྫོགས་པ་འདྲ། མཐའ་མ་མ་བྱུང་ན་བཀའ་བརྒྱུད་པ་བཞིན་མི་གཞན་ནས་གཡར་རྒྱུ་རེད།
དྲ་གྲོགས་མིག་ལགས་སུ་ཞུ་རྒྱུར།
ཡང་སྐུ་ཉིད་ཀྱིས་ངའི་མཆན་བུར་གོ་བ་ལོག་འགྲེལ་གནང་འདུག
ངས་ཡིག་ནོར་བཏང་བའི་རྒྱུ་མཚན་གྱི་ཁམས་པ་ཡིན་པར་བརྗོད་མེད་ལ་ནམ་བརྗོད་མི་སྲིད།ང་གླེན་རྟགས་ཚ་པོ་དེ་འདྲ་མེད།ཡི་གེའི་འགྲོས་ལ་ལྟས་ན་ཁམས་རིགས་ཤིག་ཡིན་ས་རེད་ཅེས་བརྗོད་ཡོད།་མདོ་དབུས་ཁམས་གསུམ་ཚང་མར་ཡི་གེའི་ཁ་སྐད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཡི་གེ་འགྲོས་མི་འདྲ་བ་ཡོད་པ་རེད།གོ་བ་ལོག་པ་རྐྱང་བླངས་ན་ང་ཚོའི་བར་ལ་གཙང་མ་ཞིག་ག་དུས་ཡིན་ནའང་ཡོང་རྒྱུ་ཁག་པ་རེད།
ངས་བསམ་བཞིན་སྐུ་ཉིད་ལ་ཁ་གཏད་དུ་ལངས་འདོད་མེད།་གང་ཡིན་ཟེར་ན་ང་ཚོ་ཤ་རུས་གཅིག་པའི་སྤུན་མི་རིགས་རེད།ངས་བྲིས་པའི་མཆན་བུ་རྣམས་ལྡོག་ཕྱོགས་གོ་བ་རྐྱང་ལེན་མ་རུང་།
ལ་རྒྱའི་བདག་པོ་ལགས། ངས་ཞུ་རྒྱུ་ལ། ཁྱོད་ཀྱིས་རྡོ་རྗེ་གྲགས་པར་ཡིག་ནོར་འདུག་ཅེས་ཚོགས་གཏམ་ཞིག་བཏང་ནས་རང་གི་དག་ཆ་ནོར་བ་ལ་ཇི་མི་སྙམ་པ་བྱས་འདུག་རྒྱུ་མཚན་དེའི་ཕྱིར་ང་མ་འདོད།
༢ མི་སེམས་དགུགས་པའི་ཕྱིར་དུ་དཔལ་འབྱོར་གཏང་ཕོད་ཡངས་བའང་དུ་མ་ཞིག་ཡོད་པ་སྔོན་གྱི་ལོ་རྒྱུས་ལས་ཤེས་ཐུབ། རྒྱུ་མཚན་དེའི་ཕྱིར་ན་ཟླ་བ་ཚེ་རིང་དང་ཐུབ་བསྟན་དཔལ་འབྱོར་གཉིས་ཀྱི་ལས་ཀ་འཇོན་ཐང་དེ་ནག་པོ་ཞིག་ཏུ་མཐོང་། མ་འོངས་པའི་བཀའ་བློན་འཕེལ་རྒྱས་སྒྲོལ་མའི་ཆེད་དུ་རེད། སྒྲོལ་མའི་བཟའ་ཟླ་དེ་ནི་མི་ཡ་རབས་ཤེས་ཡོན་ཅན་ཞིག་ཡོད་འདུག
འོ་ནི་ངེད་ཚོའི་ཞབས་འདྲེན་ཞུ་མཁན་ཞིག་ཏུ་གྱུར་པ་རེད།
༣ སྨན་ལམ་མཐའ་པྱིན་དང་གཡུང་དུག་རྒྱལ་མཚན། ཟླ་བ་ཚེ་རིང་སོགས་ནི་བོད་ཀྱི་དཀྲུགས་ཤིང་རེད། ང་ཚོ་བུད་མེད་ཀྱི་ཞབས་འདྲེན་པ་ནི་སྒྲོལ་མ་མཚོ་མོ་རེད།
ད་དུང་འཇུ་ཆེན་བུ་མོ་ཞེས་པ་དེ་ཚོ་ལ་བལྟས་དང་།
ཨ་མདོའི་འཇོན་ཐང་ལག་པར། ཁམས་པའི་ཨ་ཅོག་རྐུབ་དང་། དབུས་པའི་ཞུ་དུལ་གདོང་ལ་ཡོད་པ་མ་ཤེས་སམ།
བདག་པོ་ལགས། ཐུགས་འཁྲུགས་པ་ཡོད་ཀྱང་འཛྀན་པ་མེད་པར་མ་ཤེས་སམ།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་ཁྲིའི་ཁྲི་ལ་བདག་པོ་མེད།
དྲ་གྲོགས་དམ་པ་མིག་ལགས་སུ་ཞུ་རྒྱུར།
༡༽རྡོ་གྲགས་ཀྱི་མཆན་བུ་༥༦དེར་ཡིག་ཕྲེང་་༧་ལ་ཡིག་ནོར་༤༠་ཙམ་ཡོད་ཅིང་།་དེར་ཡིག་ནོར་མང་དྲགས་པའི་རྐྱེན་གྱིས་ངས་ཚོགས་གཏམ་བཏང་བ་མ་རེད་ཤོར་བ་རེད།ཉིད་ཀྱིས་དངོས་ཡོད་ཀྱི་གནས་ཚུལ་དེར་ཁས་ལེན་མ་ཐུབ་ཡིན་ནམ།དཔེ་དེབ་ཕྲན་བུ་བལྟ་ཀློག་མྱོང་མཁན་ཞིག་ཡིན་ཕྱིན་གནས་ལུགས་དེ་སྟབས་བདེ་པོ་རེད།་
༢༽ང་ཚོས་ར་བར་འདིར་བགྲོ་གླེང་བྱེད་སྐབས་གནད་དོན་གང་ཡིན་རུང་རྒྱུ་མཚན་མང་ཙམ་དྲངས་ཐུབ་ན་དགེ་མཚན་ཆེ།བགྲོ་གླེང་ཡང་གནད་ལ་འཁེལ་བ་ཡོང་གི་རེད།་དེ་མིན་ཁུངས་མེད་ཀྱི་དཀར་པར་རེད་ནག་པོ་རེད་བརྗོད་པ་ཙམ་གྱིས་ཆུ་ནང་རྟུག་དྲི་བཞིན་ཕན་ནུས་འདྲེན་ཐུབ་ཀྱི་མ་རེད།་
༣༽འཇོན་ཐང་ཅན་གྱི་མི་ལ་ཁུངས་མེད་ཀྱི་ནག་པོར་བཏང་ན་ཉེན་ཁ་ཆེན་པོ་རེད།་རང་རེའི་སྤྱི་ཚོགས་ནང་འཇོན་ཐང་ཅན་མི་སྣ་ཐོན་རྒྱུ་དཀའ་ཁག་ག་ཚོད་མི་འདུག་གམ།འཇོན་ཐང་ཅན་ཐོན་ཚེ་འབོར་རྡུང་བཅུག་རྒྱུ་དེ་བོད་པའི་གོམ་གཤིས་སྡུག་ཤོས་དེ་རེད།
༤༽སྐུ་ཉིད་སྒྲོལ་མ་མཚོ་མོའི་སྐོར་གླེང་སློང་ཐེངས་འཁྱེར་ཡོང་གི་འདུག།གྲོས་ཚོགས་གནས་དོན་དེས་འཁོན་འཛིན་བྱས་སམ་སྒེར་གྱི་འཁོན་འཛིན་ཆ་མ་ཚལ།གལ་ཏེ་གྲོས་ཚོགས་ཀྱི་རྙོག་གླེང་སྐོར་དང་འབྲེལ་བ་ཡོད་ཚུལ་བརྗོད་ཚེ།དེ་ནི་སྐད་ཆ་ཚིག་ཁ་ཤས་ཀྱིས་སྐུ་ཉིད་གོ་ཤེས་ཉན་ཤེས་ཐོབ་རྒྱུ་ཁག་པོ་རེད།
དེར་ཐོག་མར་སྒྲོལ་མ་མཚོ་འཁྱེར་ཡོང་བའི་སྒྲིག་གཞི་བསྐྱར་བཅོས་དེ་ལུགས་མཐུན་རེད་དམ་མ་རེད།་སྒྲིག་གཞི་བསྐྱར་བཅོས་དེ་འདྲ་གྲོས་ཚོགས་ལ་དགོས་ཀྱི་རེད་དམ་མ་རེད་ཅེས་པའི་གནད་དོན་ཐུགས་ཡོད།
༥༽གོང་གི་གནད་དོན་དེའི་ཐད་ལ་སྐུ་ཉིད་ལ་དགོངས་ཚུལ་མི་འདྲ་བ་ཡོད་ན་ཞིབ་ལྷུག་གསུང་རྒྱུའི་རེ་བ་ཡོད།
ལ་རྒྱའི་བདག་པོ་ལགས།
ཁྱེད་ཀྱི་བཀྲས་མཐོང་ཚང་རྒྱུས་མངའ་ཆེན་པོ་ཡོད་ཚོད། འོ་ན། ང་ལ་འགྲེལ་བཤད་ཞིག་སྐྱོན་རོགས།
༡༽ བཀྲས་མཐོང་གིས་བཀའ་ཁྲི་ཡིན་བཞིན་དུ་དགོངས་པ་ཞུས་ནས་ཨ་རིར་ལོགས། རྒྱལ་བ་རིན་པོ་ཆེ་དགོངས་པ་འཕམ་བཅུག རྒྱུ་མཚན་ནི་བཀའ་བློན་ཁྲི་པའི་དམ་བཅའ་ལེན་སྐབས། དཀའ་ངལ་ཅི་འཕྲད་ཀྱང་ཞུམ་མེད་ཐོག་བཀའ་ཁྲིའི་ལས་འགན་སྒྲུབ་ཀྱི་ཡིན་ཟེར་བ་དེ་མཐའ་མ་ཁྱོལ་བ་རེད། དམ་ཚིགས་ཉམས་པ་རེད།
ད་ཡང་བསྐྱར་ཅིའི་ཕྱིར་བཀའ་ཁྲིར་ལོག་གི་ཡོད་དམ། གཡུལ་ས་ལས་འབྲོ་མཁན་གྱི་དམག་དཔོན་ཞིག་ལ་ཉེས་པ་འདི་ཁོ་པའི་རྐང་ལག་དེ་བཅད་དགོས་རེད་མ་གཏོགས་ད་དུང་གཟེངས་བསྟོད་བྱས་ན་ཨེ་འགྲིག
འདི་ལ་ལན་ཞིག་སྐྱོན་དང་། བྱས་རྗེས་ཡོད་མེད་དེ་ལས་ཀ་ཁུངས་ཁྱོལ་ཐུབ་མེད་ལ་ལྟ་དགོས་མ་གཏོགས།
གང་བྱུང་མང་བྱུང་ལ་བརྫུན་གཏམ་ཁོ་ན་བཤད་ནས་བཀྲས་མཐོང་གི་བླ་རྡར་བའི་དར་ཆ་དེ་སྒྲེང་ན་ངོ་མི་ཚ་འམ།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com