རྟ་མགྲིན་རྡོ་རྗེ།
བར་ལམ་ནས་བཀའ་ཁྲིའི་འོས་གཞི་ཚ་ཚ་འུར་འུར་ངང་བགྲོ་གླེང་གནང་བཞིན་པ་དང༌།དེ་ལས་ཀྱང་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེའི་སྐོར་ལ་བསམ་ཚུལ་རྩོམ་ཡིག་ཁག་ཅིག་རིམ་ཅན་དུ་འབྱུང་བཞིན་པ་ནི།ཆུ་མ་འོང་གོང་གི་རགས་དང༌།དགྲ་མ་འོང་གོང་གི་དོགས་ཀྱི་དཔེ་ལྟར་གོ་བརྡ་ཞིག་ཡིན་པ་དང༌།གོ་བརྡ་འདི་དག་ནི་ཅིས་ཀྱང་དྭངས་གཙང་ལྷད་མེད་ཀྱི་གོ་བརྡ་ཞེ་གཅིག་ཡིན་པར་སྨོན།
ཡིན་ནའང་ཁག་ཅིག་རང་ཉིད་ཕྱོགས་གཅིག་ཁོ་ནར་ལྷུང་བའི་དབང་གིས་གཞན་གྱི་བསམ་ཚུལ་ལ་མི་ཉན་པ་དང་གནས་ལུགས་མི་ལྟ་བ་མ་ཟད།མིག་ཡ་གཅིག་གིས་མཐོང་ཞིང་རྣ་བ་ཡ་གཅིག་གིས་བླགས་པ་ཐམས་ཅད་ཚད་མར་རློམ་པ་དང་འབྲེལ།རང་ཉིད་ཀུན་ཤེས་ལྟ་བུའི་རང་མཐོང་མྱོས་འགྱུར་གྱིས་བཟི་སྟེ་གང་ཅིའི་གནས་བབ་ལ་མི་བསམ་པར་མཐོ་རྒྱག་དམའ་རྒྱག་གི་ཚིག་མཚོན་མཆན་བུ་འདེབས་རྐྱང་བྱེད་ལ།དེས་ཆགས་སྡང་གི་གཞིར་གྱུར་ཏེ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་གིས་མཚོན་བོད་མིའི་ཡ་རབས་བཟང་སྤྱོད་ཉམས་དམས་དང༌།མཐུན་སྒྲིལ་གོང་བུའི་ནུས་པ་གཏོར་གཞིའི་སྣ་འདྲེན་ཞིག་ཆགས་པའི་ཚུལ་རྣམས་འདས་པའི་གནས་སྟངས་ཁག་ནས་མཐོང་ཆོས་བྱུང་སྟབས།ཤོད་ན་འདོད་པ་མང་པོ་ཞིག་ཕན་ལས་གནོད་ཆེ་བར་དོགས་ནས་ཁོང་དུ་མིད་དེ་ཁ་རོག་གེ་བསྡད།
འོན་ཀྱང་མར་མེ་རླུང་གིས་ཁྱེར་ན་འཛུམ་དམུལ་དམུལ།ལྷ་བཤོས་ཁྱི་ཡིས་ཟོས་ན་འཛུམ་དམུལ་དམུལ་ཞེས་པའི་ངང་ཚུལ་དེ་ཡང་རྣམ་པ་ཀུན་ཏུ་མི་རིགས་པས།རང་གིས་རང་ཉིད་དང་དེ་ལས་མི་རིགས་ཤིག་ལ་འགན་ཁྱེར་བའི་བློས་བསླངས་ཀྱི་འདུན་པ་ཁོ་ནས་འབྱུང་འགྱུར་བཀའ་ཁྲིའི་སྟེགས་བུ་ཐོབ་པར་རེ་བ་ཆེན་པོ་ཡོད་པའི་བློ་བཟང་སེངྒེ་འཚོལ་དུ་འགྲོ་རྒྱུ་ཡིན།
ངས་གོང་དུ་བརྗོད་པ་བཞིན་བློ་སེང་འཚོལ་སྟངས་འདི་ནི།སོ་སོ་རང་ཉིད་དང༌།བོད་རྒྱ་ཆེ་མི་དམངས།བློ་སེང་ཁོང་ཉིད་བཅས་ཚང་མའི་ཐད་གོ་སྐོན་ཉེན་བརྡ་ཞིག་ལས་གཞན་གང་གི་ཕྱོགས་སུ་ལྷུང་མེད་ཅེས་གསལ་འདེབས་དང་ཆབས་ཅིག་ཞུ་འདོད་པ་ནི།བཀའ་ཁྲི་ནི་གང་ཟག་སྒེར་བ་ཞིག་དང༌།བཀའ་ཁྲིའི་བཞུགས་སྟེགས་ནི་བོད་རྒྱ་ཆེ་མི་དམངས་ཀྱི་ཡིན་སྟབས།ཅིས་ཀྱང་བཀའ་ཁྲིར་བཞེངས་མི་དེས་བོད་རྒྱ་ཆེ་དམངས་ཀྱི་ངོ་ཚབ་ཡང་དག་ཅིག་མཚོན་ཐུབ་དགོས་པ་དེ་རེད།
འོ་ན་བློ་སེང་གིས་བོད་རྒྱ་ཆེ་མི་དམངས་ཀྱི་ངོ་ཚབ་རྣལ་མ་ཞིག་མཚོན་ཐུབ་ཀྱི་ཡིན་ནམ།ད་རེས་བློ་སེང་ལ་འོས་ཤོག་གྲངས་འབོར་མང་པོ་ཞིག་སླེབས་པའི་གཞི་རྩ་གཙོ་བོ་གཅིག་ནི།ྋགོང་ས་མཆོག་གིས་གཞོན་སྐྱེས་ཤིག་བཀའ་ཁྲིར་འཁོད་པའི་རེ་བ་དང༌།དེ་ལས་ཀྱང་ང་མེད་པ་ལྟར་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པ་བྱེད་དགོས།ནམ་ཞིག་ང་མེད་པ་ཆགས་ཚེ་དེ་དུས་འཛིན་སྐྱོང་གི་ལས་དོན་མུ་མཐུད་སྙུགས་བསྲིངས་ནས་འགྲོ་ཐུབ་རྒྱུ་ཡོད་པ་ཞིག་བྱ་དགོས་ཚུལ་ལམ་སྟོན་རིམ་པར་གནང་བ་དང༌།ལྷག་པར་རྒྱ་མིས་ཏཱ་ལའི་བླ་མ་མེད་པའི་རྗེས་བཙན་བྱོལ་བོད་གཞུང་ཚར་འགྲོ་བའི་རྨི་ལམ་དེ་དག་གིས།བོད་མི་ཤེས་ལྡན་པ་མང་པོ་ཞིག་གིས་བློ་སེང་ལ་རེ་བ་ཆེན་པོ་བཟུང་བ་ནི།བློ་སེང་ལ་འོས་ཤོག་གི་གྲངས་འབོར་ཡོངས་ཁུངས་ཀྱི་ཆ་ཤས་གཙོ་བོ་གཅིག་ཡིན།
དེ་བཞིན་ཆ་ཤས་གཞན་ཞིག་ནི་བོད་ཀྱི་སྲིད་གཞུང་འདི་ནི་སྤྱི་ཚོགས་རྙིང་བའི་གཞུང་འཛིན་ལམ་སྲོལ་ཞིག་ལ་ངོས་འཛིན་དང་འབྲེལ།བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ལམ་སྲོལ་རྙིང་བས་བོད་ཀྱི་རྒྱལ་ཁམས་འདི།ད་ལྟའི་གནས་སྟངས་འདིར་སྐྱེལ་བར་འདོད་པའི་མི་རབས་གསར་བ་སྟེ་ཞོགས་དུང་སོགས་ཀྱི་རྗེས་སྐྱོང་པ་ཁག་ཅིག་གི་ཨ་གསར་ཁྲོད་ནས་ཀྱང་འོས་ཤོག་མི་ཉུང་བ་ཞིག་སླེབས་ཡོད།
ཡང་ཆ་ཤས་གཞན་ཞིག་ཆོལ་ཁའི་ཕྱོགས་ཞེན་ཁོ་ནར་ཤི་སྦར་འཐམས་པ་ལས་བློ་མིག་ཆེ་ཙམ་གདང་རྒྱུ་མེད་པའི་རིགས་ཤིག་ནས་ཡོང་ཡོད།འདི་གསུམ་ནི་ཐེངས་འདིའི་བློ་བཟང་སེངྒེ་ལ་འོས་ཤོག་ཡོང་ཁོངས་ཀྱི་ཆ་ཤས་གཙོ་བོ་གསུམ་ཡིན་པ་དང༌།ད་དུང་གཞན་ཟེར་རྗེས་འབྲང་དང༌།ལུང་མ་བསྟན།བསམ་ཚུལ་ཉི་ཚེ་བ་སོགས་ནས་ཀྱང་འོས་ཤོག་གང་འཚམས་ཡོང་ཡོད་མོད།གོང་གསལ་གསུམ་ནི་རྣམ་རིག་གསལ་བའི་འོས་ཤོག་ཡོང་སྟངས་ཤིག་ལ་བརྟེན་དེ་གསུམ་རི་བོ་གསུམ་ལ་དཔེ་མཚོན་ན། བློ་སེང་འདི་རི་བོ་གང་ཞིག་གི་རི་སུལ་དུ་ལྷུང་རྒྱུ་ཡིན་ནམ།
གལ་ཆེ་ཤོས་ནི་རྗེས་སོར་བློ་སེང་འདི་བཀའ་ཁྲི་ཆགས་ཚེ་འོས་ཤོག་ཡོང་ཁུངས་འདི་གསུམ་གང་གི་རྗེས་སུ་འགྲོ་ལྡོག་བྱེད་མིན་དེ་མ་ཡིན་ནམ།ངས་དྲན་སོས་པ་ཞིག་ལ་འདས་པའི་ལོ་བཅུ་གོང་ཙམ་དུ་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་དུ་ཆོས་སྲིད་སྲུང་འབྲེལ་གྱི་བགྲོ་གླེང་འདུ་ཚོགས་ཤིག་གི་སྐབས།བློ་སེང་གི་གཏམ་བཤད་ཅིག་ཏུ་དངོས་ཤུགས་གཉིས་ནས་སྲོལ་རྒྱུན་རིག་གཞུང་གིས་ལན་ཚུལ་དང་སྲོལ་རྒྱུན་རིག་གཞུང་རྗེས་ལུས་ཡིན་ཚུལ་ཞིག་ཞེ་འདོད་དུ་ཡོད་པ་སྐབས་དེར་དངོས་སུ་མིག་མཐོང་ལག་ཟིན་བྱུང་སྟབས།སྔ་ལོའི་འབྲུག་དོང་དེ་འདི་ལོའི་འབྲུག་དོང་ཡིན་མིན་མི་ཤེས་ཀྱང་རི་སུལ་གཉིས་པ་དེར་ལྷུང་སྲིད་པའི་བག་ཆགས་སམ་དན་རྟགས་ཤིག་གསལ་བོ་ཡོད་པ་ཡིན།
དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི་ཉིན་ཤས་གོང་གློག་འཕྲིན་ཞིག་འབྱོར་བའི་ནང༌།བློ་སེང་རྡོར་གླིང་ཁུལ་དུ་སྐོར་སྐྱོད་སྐབས་ཀྱི་དྲི་བ་དྲིས་ལན་གྱི་བརྙན་འཕྲིན་ཚན་པ་ཞིག་ཡོད་པ་དང༌།ཚན་པ་དེའི་ནང་ལོ་རབས་བརྒྱད་ཅུའི་ནང་བློ་སེང་རྡོར་གླིང་སེན་ཇོ་སེབ་མཐོ་སློབ་འགྲིམས་སྐབས།བློ་སེང་དང་ད་ལྟ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྫ་ཡུལ་བློ་བཟང་སྙན་གྲགས།དངོས་གྲུབ་ཚེ་རིང་ཞེས་པའི་མི་གསུམ་རྡོར་གླིང་ས་གནས་གཞོན་ནུའི་སར་ཆེད་བཅར་གྱིས་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་རྒྱུ་བསམ་ཚུལ་བཏོན་ཏེ་རྙོག་གླེང་བྱུང་སྟབས།མཐའ་མའི་ཐག་གཅོད་དེ་ཉིན་གཉིས་ཀྱི་རྗེས་སྐབས་དེའི་རྡོར་གླིང་གཞིས་འགོ་སྐུ་ངོ་རྨ་བྱས་མི་ཆོག་ཚུལ་བརྗོད་དེ་ཕྱིར་འཐེན་བྱ་དགོས་བྱུང་བའི་གནས་ཚུལ་གསལ་བོ་ཞིག་ཡོད་པ་རེད།
གོང་གསལ་ནི་ཁུངས་མེད་བསྙོན་འཛུགས་ཤིག་མ་ཡིན་པར་སྐབས་དེའི་རྡོར་གླིང་ས་གནས་གཞོན་ནུ་ཚོགས་གཙོ་དཔལ་འབྱོར་དང༌།ཚོགས་གཞོན་བོད་གཞུང་གཏན་སློབ་ཀྱི་སློབ་དགེ་འབྲུག་རྒྱལ།དྲུང་ཆེ་ཉི་མ་བསམ་དཀར།དངུལ་གཉེར་བྱམས་པ་བསྟན་འཛིན།རྩིས་པ་ཚེ་རིང་རྡོ་རྗེ་བཅས་ཡིན་ཞིང་མི་ངོ་སྐོར་ཞིག་ད་དུང་སྐུ་འཚོ་བཞུགས་ཡིན་སྟབས་དོགས་འདྲི་གནང་ན་མཁྱེན་ངེས་དང༌།དེ་ལས་ཀྱང་ཁུངས་བཙུན་པ་ཞིག་ལ་གནད་དོན་དེ་སྐོར་དྲི་བ་དྲིས་ལན་སྐབས་ཀྱང་བློ་སེང་གིས་ཡིན་སྲིད་པ་རེད་ཅེས་ལན་འདེབས་གནང་བ་དེ་ནི་བདེན་པའི་དཔང་པོ་ཞིག་རེད།
གནས་ཚུལ་འདི་དང་ཁད་རིང་བའི་ཆ་ནས་བལྟས་ན།ལི་ཐང་བརྟན་བཞུགས་དེ་ཡིན་ལ།སྐབས་དེར་བློ་སེང་གིས་ང་གཅིག་པུ་ཡིན་ནའང་དཔུང་བསྒྲིགས་པར་ཡོང་བ་ཡིན་ཞེས་ཚིག་ཐག་ཆོད་པོ་དང༌།འདི་དང་ཁད་མི་རིང་བའི་ཆ་ནས་བལྟས་ན་ད་ལྟའི་བཀའ་བློན་ཁྲི་བའི་འོས་གཞི་འདི་ཡིན་པ་རེད།དེ་གཉིས་ཀྱིས་བློ་སེང་གི་སེམས་འགྱུ་ན་ཕྱོགས་ཞེན་ཀྱི་ནད་རྟགས་ཤིག་ཡོད་པ་གསལ་བོར་མཚོན་ཐུབ་པ་དང༌།ནད་རྟགས་འདིས་ངས་བལྟས་ན་བློ་སེང་འདི་དངོས་ཤུགས་བརྒྱུད་གསུམ་ནས་རི་སུལ་གསུམ་པ་དེར་ཤོར་སྲིད་པའི་ཉེན་ཁ་ཆེ་བར་མཐོང༌།གལ་སྲིད་བློ་སེང་འདི་རི་བོ་ཕྱི་མ་གཉིས་གང་རུང་ཞིག་གི་རི་སུལ་དུ་ལྷུང་ཚེ།ད་གཟོད་ང་ཚོའི་མགོ་ཐོག་ལ་སྤྲིན་པ་ནག་པོ་ཞིག་བབས་པ་རེད་ལ། སྤྲིན་ནག་དེ་རང་གིས་ཐོབ་ཐང་འོས་ཤོག་གཅིག་པུ་དེ་སྤྱད་ནས་བླུས་པ་མ་ཡིན་ནམ། བོད་མི་ཚོ་བསམ་བློ་ཞིབ་ཏུ་ཐོངས། བློ་སེང་ཞིབ་ཏུ་འཚོལ།
རྩོམ་ཡིག་ཆ་ཚང་ཀློག་ཟིན། དྲང་མོར་བཤད་ན། རྩོམ་དོན་དང་དབྱེ་ཞིབ་ཡག་པོ་གནང་འདུག
ཡིན་ནའང་། དོན་དག་གཉིས་ཀྱི་སྒང་ལ་གྲོས་བསྡུར་བྱེད་དགོས་བསམ་བྱུང་།
༡ ༼ཞོགས་དུང་སོགས་ཀྱི་རྗེས་སྐྱོང་པ་ཁག་ཅིག་གི་ཨ་གསར་ཁྲོད་ནས་ཀྱང་འོས་ཤོག་མི་ཉུང་བ་ཞིག་སླེབས་ཡོད།༽
༢༼ བློ་སེང་དང་ད་ལྟ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྫ་ཡུལ་བློ་བཟང་སྙན་གྲགས།དངོས་གྲུབ་ཚེ་རིང་ཞེས་པའི་མི་གསུམ་རྡོར་གླིང་ས་གནས་གཞོན་ནུའི་སར་ཆེད་བཅར་གྱིས་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་རྒྱུ་བསམ་ཚུལ་བཏོན།༽
སྔ་མར་མཚོན་ན། བོད་ཀྱི་སྤྱི་ཚོགས་ནང་གོ་ལོག་ཆེན་པོ་ཞིག་ཐེབས་ཡོད། དོན་ལ་བཤད་སྟངས་ཙམ་མ་གཏོགས་ཞོགས་དུང་སོགས་ཀྱིས་དེང་སྐབས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་བཞིན་པའི༼རང་ཉིད་རང་གི་མགོན་ཡིན༽པ་གཙོར་འདོན་གྱིས་ནང་ཆོས་དག་ཐེར་བྱེད་ཀྱིན་པ་ལས་ཐ་གཅིག་ཏུ་བསྙོན་འབྱིན་བྱས་མེད། ཡིན་ནའང་། མ་འདྲ་ས་གང་ཡིན་ཞེས་ན། རྒྱལ་བ་རིན་པོ་ཆེ་ནས་ཆོས་ལུགས་ཀྱི་ངོ་བོ་གཙོར་འདོན་གནང་བཞིན་པ་དང་། ཞོགས་དུང་བཅས་ཀྱིས་མི་རིགས་རིང་ལུགས་གཙོར་འདོན་བྱེད་ཀྱིན་ཡོད། དེ་བས། སྐུ་ཞབས་ཞོགས་དུང་ནི་བོད་དོན་སེལ་ཐབས་སུ་བཞེངས་པའི་རྟུལ་ཕོད་ཅན་ཞིག་ལས་ནང་ཆོས་བསྣུབས་མཁན་དུ་བཞེངས་མེད། གཙོ་བོ་ཆོས་པ་ཚོས་ནང་ཆོས་ངོས་འཛིན་དང་ལག་ལེན་ནང་ཇི་ལྟར་འཇུག་མིན་ལ་ཐུག་ཡོད། འདིའི་སྒང་ནས་ལྟ་སྐབས། སྐྱ་ཆད་སྔོ་སྡུག་གི་དུས་འདིར་བོད་མི་ཚོས་མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་མཐའ་དག་རང་ནོམ་དུ་ལེན་རྒྱུ་ལས་བསལ་འདེམས་ཀྱི་ཆུ་ཚོད་ལྷག་མེད།
ཕྱི་མར་མཚོན་ན། བློ་སེང་དང་བློ་སྙན། དངོས་ཚེ་སོགས་ཀྱིས་སྔར་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་གྲབས་གནང་བ་ཙམ་གནད་དོན་མ་རེད། དཔེར་ན། ཆོལ་ཁ་གསུམ་ལ་གཞོན་ནུ་ཚོགས་པ་ཡོད་ཆོག་གི་རེད་ལ། དེ་བཞིན་དབུས་གཞོན་ལྷན་སྲ་བརྟན་དང་ཚགས་ཚུད་ཀྱི་རྨང་གཞིར་གྱུར་ཡོད། གལ་སྲིད་དེ་ལྟ་མ་རེད་ཟེར་ན། ཆོལ་ཁ་གསུམ་གྱི་སྐྱིད་སྡུག་དང་ཆོལ་ཁུང་སྐྱིད་སྡུག་གང་ཡིན་ནའང་བརྒྱ་ཆའི་དྲུག་ཅུ་ཙམ་མཐུན་ཕྱོགས་སུ་འཁོར་ཡོད་པས། དེ་དང་ངོ་བོ་གཅིག་མཚུངས་སུ་ལྟ་ཆོག་པར་འདོད། ཕྱོགས་གཞན་ཞིག་ནས་བཤད་ན། མི་སུ་ཞིག་ཡིན་ནའང་། ནང་མི་ནས་ཚོ་བ། དེ་ནས་སྡེ་བ་དང་ཆོལ་ཁ། དེ་ནས་སྤྱི་དོན་སྒང་གོམ་པ་རིམ་བགྲོད་ཀྱིས་ཡོང་ཞིག་རེད་མ་གཏོགས་དང་ཐོག་ནས་སྤྱི་དོན་སྒང་བསམ་བློ་གཏོང་མཁན་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་ལས་བྱུང་མི་སྲིད་པ་ཞིག་རེད། དེའང་གཞན་མ་ཡིན་པར་དམིགས་བསལ་ལས་འགན་དང་སྦྱོང་བརྡར་གྱིས་བསྐྲུན་ཡོད་པ་ཞིག་ཡིན། འདིའི་ཆ་ནས་བཤད་ན། གལ་སྲིད་བློ་སེང་ལགས་བཀའ་ཁྲིར་གདམ་པ་ཡིན་ན། ཁོང་གིས་རང་ཉིད་འཚར་ལོངས་བྱུང་བའི་གོ་རིམ་ཆ་ཚང་དོ་མཉམ་དུ་བསྐུལ་འདེད་བྱེད་སྲིད་པ་ཐེངས་འདིར་བཀའ་ཁྲིའི་འོས་མིར་བཞེངས་སྟངས་ལས་གསལ་བོ་ཆགས་ཡོད། རྒྱུ་མཚན་ནི་བཀའ་ཁྲིའི་བཞུགས་ཁྲི་བོད་མི་བྱིངས་ཀྱི་ཡིན་པ་དང་ལོ་ལྔ་ཚན་རེ་ནང་དུ་བསྐྱར་འདེམས་གནང་བཞིན་པ་ཤེས་གསལ་རེད་ལ། ལོ་རྒྱུས་གསར་བ་ཞིག་གི་ཤོག་ལྷེ་སྒང་གོམ་པ་གསར་བ་ཞིག་གི་ཡིག་ཆུང་ཕབ་ཐུབ་མིན་ཡང༼དོ་མཉམ་སྲིད་ཇུས༽ཤིག་ལ་རག་ལས་ཡོད་པ་མཁྱེན་གསལ་རེད།
དེ་དེ་བཞིན་ནོ།།༼བློ་སེང་བསྙད་པ་༽ཞེས་པའི་རྩོམ་ཞིག་བོད་ཀྱི་དུས་བབ་ཏུ་འདུག་འདི་བསྡུར་ནས་བལྟས་ན་བློ་སེང་ཡག་པོ་ཤེས་ཐུབ་ངེས་རེད།འདི་ནི་བོད་སྤྱི་དོན་ཆེན་པོ་རེད།
བཀའ་ཁྲིའི་འོས་མི་བློ་སེང་གི་རང་གཤིས་ཀྱི་ལྟ་བ་དང་བོད་མི་དམངས་ལ་བཅིངས་པའི་དམིགས་ཡུལ་གཙོ་བོ་གང་འདྲ་ཞིག་ཡིན་མིན་གསལ་བོ་མི་ཤེས་ཀྱང་སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་དེའི་སྲིད་འཛིན་ལ་སོགས་པའི་འགོ་ཁྲིད་རྣམས་ནི་ཕྱོགས་ལྷུང་མེད་པ་ཞིག་དང་ཤེས་ཡོན་ལྡན་པ། ཉམས་མྱོང་གཏིང་ཟབ་ཡོད་པ། ལྷག་པར་དུ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་བརྩི་བཀུར་དང་སྲུང་སྐྱོབ། ཡར་རྒྱས་གཏོང་ཐབས་བཅས་ལ་འབད་བརྩོན་གནང་མཁན་ཞིག་ངེས་པར་དུ་དགོས་ངེས་ཡིན་པས་གོང་དུ་བཤད་པའི་རྟ་མགྲིན་རྡོ་རྗེའི་བསམ་ཚུལ་དག་ལ་བོད་རིགས་རྒན་གཞོན་བར་གསུམ་གྱིས་བསམ་གཞིགས་མཛད་པར་རིགས་སོ། །
སྔོན་ཆད་ངས་ཡང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་ཡིིན།དོན་དག་མང་པོ་ཞིགགིས་ཡི་ཆེད་མི་འདུག
སུ་ལ་འསོ་སྡུག་དགོས་སམ།
ངས་བསམ་པར་བློ་སེང་བཀའ་ཁྲིར་སླེབས་ན་བཤད་ཉེས་བྱེད་ཉེས་ཀྱི་རྙོག་དྲ་མི་ཉུང་བ་ཞིག་བཟོ་གི་རེད། དེ་ནས་མི་མང་གིས་སྐྱོན་འཛུགས་དང་ངོ་རྒོལ་གྱི་རྣམ་པ་སྣ་ཚོགས་ཡོང་གི་རེད། དེ་དུས་སེང་གེས་དེ་དག་ཆོལ་ཁའི་རྙོག་དྲར་རྙོག་དྲར་ཁ་བསྒྱུར་ནས་རང་ཉེས་འགེབས་ཐབས་བྱེད་སྲིད་པ་རེད། ཁོ་མདོ་སྟོད་ཡིན་ཙང་མ་དགའ་བ་དང་ཁོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་རྣམ་པ་སྤྱད་དེ། མདོ་སྟོད་མི་མང་ཁོ་རང་གི་བཤད་ཉེས་བྱས་ཉེས་རིགས་འགེབ་སྲུང་བྱེད་ཆེད་བེད་སྤྱོད་གཏོང་ཨེ་ཐུབ་ལྟ་གི་རེད་བསམ་གི། ཁྲམ་པ་རྐུན་མ་མང་པོ་ཆོལ་ཁའི་འཐེན་ཁྱེར་གྱི་ཐབས་ལམ་འདི་སྤྱད་ནས་རང་ཉིད་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ་རེད། ཨ་ཐར་ལྟ་བུ་དང་ཐེ་ཝན་གྱི་ཕོག་ཟོས་པའི་རྙོག་དྲ་རེད། མཐའ་མ་ཆོལ་ཁའི་རྙོག་དྲ་ཁོ་ན་བཤད་ནས་རང་ཉིད་སྲུང་སྐྱོབ་བྱེད་ཐབས་བྱས་པ་ལས། ཐེ་ཝན་གྱི་ཕོག་གི་རྙོག་དྲ་དེ་རྙོག་ཆུང་བར་བསྒྱུར། ཆོལ་ཁའི་རྙོག་དྲ་དེ་རྙོག་དྲ་ཆེ་ཤོས་བཟོས་པ་རེད།
བློ་སེང་གིས་མདོ་སྟོད་གཞུ་ནུ་ཚོགས་པ་འཛུགས་འདོད་བྱས་པ་ལ་ཧ་ལས་རྒྱུ་ཅང་མེད་ཁི། དེ་ལས་ཀྱང་ཚབས་ཆེ་བ་ནི་འཇུ་ཆེན་དང་ཨ་ཐར་འདས་པོ་སོགས་ཀྱིས་ཁམས་རང་སྐྱོངས་འཛུགས་རྩིས་བྱས་པ་དེ་རེད། མ་ཟད་ཐའི་ཝན་མཉམ་དུ་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་བཞག་པ་སོགས་རེད། གལ་ཏེ་བློ་སེང་བཀའ་ཁྲིར་འཁོད་པ་ཡིན་ན་བཀའ་ཁྲིའི་མིང་ཐོག་ནས་ས་ཡིག་རྒྱག་ཐེངས་གཅིག་གིས་དེ་སྔོན་ཨ་ཐར་སོགས་ཀྱིས་བཞག་པའི་གྲོས་ཆོད་འཇུག་བསྐྱངས་ན་འདི་ནི་ཞེད་སྣང་སྐྱེ་དགོས་པ་ཞིག་རེད། བྱས་གཙང་བསམ་བློ་ཞིབ་ཏུ་གཏོང་། འགྱོད་པ་སྐྱེ་དུས་ཕྱིས་དྲག་པ་རེད། གྱོང་རག་དུས་ཆོལ་གསུམ་བོད་མི་ཡོངས་ལ་རེག་རྒྱུ་ལས་ཆོལ་ཁ་བྱེ་བྲག་པ་ཞིག་ལ་རེག་གི་མ་རེད། ལྷག་དོན་བློ་སེང་གིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཁག་གཡོག་བྱེད་པ་ནི་མ་འོས་པའི་གནས་ཤིག་རེད། གང་ལྟར་ཆུ་མ་ཡོང་གོང་ནས་རག་དང་རྐྱེན་མ་ཡོང་གོང་ནས་བཟློག་པ་རྒྱག་དགོས་པར་འདོད།
ནོར་བཅོས།
ངས་བསམ་པར་བློ་སེང་བཀའ་ཁྲིར་སླེབས་ན་བཤད་ཉེས་བྱེད་ཉེས་ཀྱི་རྙོག་དྲ་མི་ཉུང་བ་ཞིག་བཟོ་གི་རེད། དེ་ནས་མི་མང་གིས་སྐྱོན་འཛུགས་དང་ངོ་རྒོལ་གྱི་རྣམ་པ་སྣ་ཚོགས་ཡོང་གི་རེད། དེ་དུས་སེང་གེས་དེ་དག་ཆོལ་ཁའི་རྙོག་དྲར་ཁ་བསྒྱུར་ནས་རང་ཉེས་འགེབས་ཐབས་བྱེད་སྲིད་པ་རེད། ཁོ་མདོ་སྟོད་ཡིན་ཙང་མ་དགའ་བ་དང་ཁོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་རྣམ་པ་སྤྱད་དེ། མདོ་སྟོད་མི་མང་ཁོ་རང་གི་བཤད་ཉེས་བྱས་ཉེས་རིགས་འགེབ་སྲུང་བྱེད་ཆེད་བེད་སྤྱོད་གཏོང་ཨེ་ཐུབ་ལྟ་གི་རེད་བསམ་གི། ཁྲམ་པ་རྐུན་མ་མང་པོ་ཆོལ་ཁའི་འཐེན་ཁྱེར་གྱི་ཐབས་ལམ་འདི་སྤྱད་ནས་རང་ཉིད་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ་རེད། ཨ་ཐར་ལྟ་བུ་དང་པོ་ཐེ་ཝན་གྱི་ཕོག་ཟོས་པའི་རྙོག་དྲ་རེད། མཐའ་མ་ཆོལ་ཁའི་རྙོག་དྲར་བསྒྱུར་ནས་རང་ཉིད་སྲུང་སྐྱོབ་བྱེད་ཐབས་བྱས་པ་ལས། ཐེ་ཝན་གྱི་ཕོག་གི་རྙོག་དྲ་དེ་རྙོག་ཆུང་བ་དང་ཆོལ་ཁའི་རྙོག་དྲ་དེ་རྙོག་དྲ་ཆེ་བར་བསྒྱུར་བ་རེད།
སྟག་སྨྱོན་ཁྱོད་ཀྱིས་བཤད་པ་དེ་མ་འོངས་ལུང་བསྟན་རང་རེད།
མཚུངས་མེད་ལྷན་རྒྱས་་ཀྱི་དྲུང་།
གུས་པ་ཡང་དེ་གའི་དྲ་སྟེང་དུ་འབུད་འདོད་ན་གནང་ཆོག་བཀའ་འཁྲོད་གནང་སྐྱོང་བ་དང་བཅས་ཕུལ།
བློ་སེང་ལས་བཀྲིས་དབང་འདུས་ལེགས་པར་མཐོང་།
གཤམ་གསལ་གྱི་གནས་ཚུལ་ཁག་ནས་བློ་སེང་ལ་ཤེས་རྟོགས་བྱོས་དང།་ང་ཚོས་ད་བར་བློ་སེང་ངོ་མ་དེ་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་ཆེ་ཙམ་འདུག་གང་ཡིན་ཞེན་ན་བློ་སེང་སྨྲ་བརྗོད་བདེ་པོ་སོང་ཙང་མི་གང་མང་ཞིག་བསླུ་འཁྲིད་འོག་སོང་ནས་རང་ཉིད་ངོ་མ་ལས་ལྷག་པ་ཞིག་ག་དུས་ཡིན་ནའང་སྟོན་བྱེད་ཀྱི་འདུག
དང་པོ།
བློ་བཟང་སེང་གེའི་བོད་པའི་སྤྱི་ཚོགས་སུ་གཏམ་བཤད་གནང་དུས། ཧར་བ་སྒྲི་(Harvard)ཞེས་བའི་གཙུག་ལག་སློབ་ཆེན་གྱི་མིང་འདི་བདེ་སྤྱོད་མང་པོ་གཏོང་གི་འདུག
ཁོང་ལ་ཧར་བ་སྒྲིའི་(Harvard)ནང་ན་ལས་ཀ་ཡག་པོ་ཡོད་ཚུལ་དང་ཁོང་གི་གོ་གནས་མཐོ་ཚུལ་སོགས་གླེང་གི་འདུག ད་དུང་ཁོང་ལ་ཧར་བ་སྒྲི་གཙུག་ལག་སློབ་ཆེན་(Harvard University)གྱིས་ལས་ཀ་སྤྲད་ཡོད་ཚུལ་སོགས་བཤད་ཀྱི་འདུག
ཁོང་ལ་རྒྱུས་མེད་མཁན་ཚོས་སྐད་ཆ་འདི་དག་བདེན་པར་འཛིན་གི་ཡོད།
བློ་བཟང་སེང་གེ་ཧར་བ་སྒྲི་ནས་སློབ་མཐར་ཕྱིན་ཡོད་རུང་ཁོང་སློབ་གྲའི་ལས་བྱེད་ཀྱི་ཁོངས་ན་མེད་ལ་ཧར་བ་སྒྲི་སློབ་གྲའི་དགེ་རྒན་ཡང་རེད་མི་འདུག
ཁོང་ལ་གཏན་འཇགས་ཕོགས་ཐོབ་ཀྱི་ལས་ཀ་མེད་པར་མ་ཟད་ཉམས་ཞིབ་ཀྱི་ལས་ཀ་དེ་ཡང་གཏན་འཇགས་རེད་མི་འདུག ད་དུང་ཞིབ་འཇུག་པའི་མིང་འཛིན་རྒྱུར་ཡང་ཕར་སྒོར་མོ་སྤྲོད་དགོས་བའི་གནས་ཚུལ་ཞིག་འདུག
དེའི་སྐོར་འོག་གི་འབྲེལ་ཐག་བརྒྱུད་ནས་གཟིགས་ན་དངོས་ཡོད་གནས་ཚུལ་ཇེ་གསལ་ལ་འགྲོ་གི་རེད།
http://www.law.harvard.edu/programs/eals/visitingscholars.html
གཉིས།
མི་ཞིག་ཡིན་ན་དྲང་ཚུགས་དགོས་རྒྱུ་དེ་གལ་ཆེ་བར་མ་ཟད་ལྷག་པར་དུ་ཤེས་ཡོན་པ་ཞིག་ཡིན་ན་སོ་སོར་ལངས་ཕྱོགས་བརྟན་པོ་ཞིག་དགོས། བོད་པ་ཚོས་མཁས་དབང་ཞེས་འབོད་སའི་བློ་བཟང་སེང་གེ་ལ་དེ་མེད།
ཁོང་གིས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོ་དང་ཐུག་དུས་རང་བཙན་བཤད་གི་འདུག ཁོང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་དང་ཐུག་དུས་དེ་ལ་རྒྱབ་སྐྱོར་ཡོད་ཟེར་གི་འདུག
ད་དུང་རྒྱལ་བ་རིན་པོ་ཆེ་ལ་ཞབས་ཞུ་སྒྲུབ་གི་ཡིན་ཟེར་གྱི་འདུག རྡ་ལམ་ས་ལའི་སྒྲིག་འཛུགས་ཀྱི་ཁོངས་ལ་ཡོང་ནས་ལས་ཀ་བྱེད་འདོད་ཡོད་ཟེར་གི་འདུག འོན་ཀྱང་། ༡༩༩༥ལོར་ཨ་རིར་སློབ་སྦྱོང་ལ་ཕྱིན་རྗེས།
བོད་གཞུང་གི་སྒྲིག་གཞི་ལྟར་ན་༡༩༩༨།༩༩ལ་ཕྱིར་རྡ་སར་ལོག་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། བློ་བཟང་སེང་གེ་ལོག་མི་འདུག ༢༠༠༤ལོར་གཞི་ནས་ཤེས་རིག་ལྷན་ཁང་ལ་དེའི་སྐོར་སྙན་ཞུ་ཕུལ་འདུག
རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་བློ་བཟང་སེང་གེར་ཤེས་རིག་གི་མཆོག་མཆན་དེ་རག་མིན་ང་ཚོས་མི་ཤེས། ནམ་རྒྱུན་ཤེས་རིག་གིས་འདི་ལྟར་ཕྱིར་ལོག་མ་བྱས་བ་རྣམས་ལ་སྤྱི་རྒྱུ་སྒེར་ཟོས་བྱས་ལུགས་ཀྱི་གསལ་བསྒྲགས་གནང་བཞིན་ཡོད། བློ་བཟང་སེང་གེས་༢༠༠༤ལོར་ཤེས་རིག་ལ་སྙན་ཞུ་ཕུལ་དོན་ག་རེ་རེད།
གསུམ།
མི་མི་འདྲ་བར་ཁྱད་ཆོས་འདྲ་མིན་ཡོད་པ་བཞིན། བློ་བཟང་སེང་གེའི་ཁྱད་རྩལ་ངོ་མ་དེ་གཏམ་བཤད་ཀྱི་རྩལ་དེ་རེད། ཁོང་གི་གཏམ་བཤད་ཀྱི་རྩལ་དེས་ན་གཞོན་མང་པོའི་བློ་ཁ་འགུག་ཐུབ་ཀྱི་ཡོད།
ཁོང་གིས་ད་དུང་དབྱིན་ཡིག་ཏུ་རྩོམ་མང་པོ་སྤེལ་གྱི་འདུག བཀའ་བློན་ཁྲི་བའི་འོས་འདེམས་སླེབས་ལ་ཉེ་དུས་ཁོང་བོད་ཡིག་གི་ཐོག་ལ་ཡང་རྩོམ་འབྲི་ཐུབ་མཁན་ཞིག་ཆགས་འདུག འདི་ནི་ཧ་ཅང་ཁྱད་མཚར་ཞིག་རེད། ཁོང་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་ཁོང་གིས་བོད་ཡིག་གི་ཐོག་ལ་རྩོམ་སྤེལ་མི་ཐུབ་པ་ཤེས་ཀྱི་ཡོད། འོན་ཀྱང་། བློ་བཟང་སེང་གེས་བོད་ཡིག་གི་རྩོམ་བྲིས་སྒང་ལ་ཡང་སོ་སོས་བྲིས་བ་དང་སོ་སོའི་བསྒྱུར་བ་ཡིན་མདོག་གི་མིང་འཁུར་ནས་རྩོམ་སྤེལ་གྱི་འདུག
བྱེད་སྟངས་འདི་ནི་ཧ་ཅང་བྱབ་ཆུང་གི་ལས་ཀ་ཞིག་ཡིན་པ་མ་ཟད་ཁོང་ལ་རྒྱུས་ཡོད་མཁན་ཚཽའི་མིག་ལ་དེ་ལས་ཀྱང་བྱབ་ཆུང་དུ་ཕྱིན་ཡོད།
ཁོང་གིས་སོ་སོའི་མིང་ཐད་ཀར་བརྒྱབ་ནས་བོད་ཡིག་གི་སྒང་ལ་རྩོམ་གསུམ་སྤེལ་འདུག འདི་ནས་གཟིགས།
1) http://www.tibettimes.net/news.php?cat=5&&id=2825
2) http://www.tibettimes.net/news.php?cat=5&&id=2409
3) http://www.tibettimes.net/news.php?cat=5&&id=2260
བཀའ་བློན་ཁྲི་བ་དེ་བོད་ཡིག་ཐོག་ལ་རྩོམ་འབྲི་ཐུབ་མཁན་ཞིག་ཡོང་དགོས་མིན་ནི་གནད་འགག་མ་རེད། འོན་ཀྱང་། བཀའ་བློན་ཁྲི་བ་དེ་སོ་སོས་སོ་སོར་མགོ་སྐོར་མི་གཏོང་མཁན་ཞིག་དང་གཞན་གྱི་མིག་གི་མཐོང་སར་རྫུན་མི་བཤད་མཁན་ཞིག་དགོས། བློ་བཟང་སེང་གེས་འདི་ལྟར་བཀའ་བློན་ཁྲི་བའི་ཞབས་སྟེགས་སྒང་ལ་མ་སླེབས་སྔོན་ནས་རྫུན་བཤད་རྒྱུར་འཛེམ་སོན་བྱེད་ཀྱི་མི་འདུག
བཀའ་ཁྲིའི་རྐུབ་སྟེགས་རག་རྒྱུར་རྫུན་བཤད། བཀའ་ཁྲི་རག་ན་རྫུན་ག་ཚོད་བཤད་ཀྱི་ཡིན་ནམ།
དོན་ཚན་འདི་དག་བློ་བཟང་སེང་གེར་མ་དགའ་ནས་བྲིས་བ་མིན་ལ་དབྱེན་དཀྲུགས་ཀྱི་བསམ་བློ་བཏང་ནས་བྲིས་བ་ཡང་མིན། གཙོ་བོ་བོད་མི་མང་གིས་བློ་བཟང་སེང་གེ་མི་སྒེར་དང་ཁོང་གི་གཤིས་ཀ་ངོ་འཕྲོད་པའི་སླད་དུ་བྲིས་བ་ཡིན།
རྩོམ་འབྲི་བ་དང་མཆན་འགོད་པ་དག་ལ་མཚམས་འདྲི་ཞུ་བ་སྒྲགས།
ལི་ཐང་གཏན་བཞུགས་སྐབས་སུ་བློ་སེང་གིས་ང་མི་གཅིག་ཡིན་ནའང་འདིར་དཔུང་བསྒྲིགས་ནས་ཡོང་བ་ཡིན་ཞེས་བརྗོད་ཡོད་པ་གསལ་པོ་རེད། ཡིན་ན་ཡང་ལས་དོན་གང་གི་ཆེད་དུ་དཔུང་བསྒྲིགས་ཡོད་མེད་དང་། ད་དུང་སྐད་ཆ་དེ་བཤད་དགོས་པའི་རྒྱབ་ལྗོངས་མཁྱེན་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་ལས། བརྙན་སྡེར་དེའི་ཚན་པ་ཆུང་ཆུང་ཞིག་བླང་ནས་ཁོས་ང་དཔུང་བསྒྲིགས་ནས་ཡོང་བ་ཡིན་ཞེས་བཤད་འདུག་ཞེས་སྐྱོན་བརྗོད་བྱས་པ་ནི་བློ་ཆུང་བྱས་པས་རྩེད་མོ་རང་རེད། རང་ཅག་གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང་དང་སྤྲལ་བའི་མིག་ལྟར་བུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་རྒྱལ་གཏན་པའི་ཆེད་དུ་དཔུང་བསྒྲིགས་པ་དེ་མ་འོས་པ་ཞིག་ལ་ངོས་འཛིན་བྱས་པ་ནི་སྐྱོན་བརྗོད་བྱེད་མ་ཤེས་པའི་སྐྱོན་ཡིན་པ་ལས་སེམས་སྟེང་ནས་དེ་འདྲ་ཞིག་ངོས་འཛིན་མེད་པའི་རེ་བ་ཡོད། བོད་མི་སུ་ཡིན་རུང་༧གོང་ས་མཆོག་སྐུ་ཚེ་རྟེན་པའི་ཆེད་དུ་དཔུང་བསྒྲིགས་འདོད་མེད་ན་དེ་ནི་ནོར་འཁྲུལ་ཡིན་པས་ངེས་པར་དུ་དེའི་སྐབས་དཔུང་སྒྲིགས་དགོས། བློ་སེང་གིས་སྐད་ཆ་དེ་བཤད་དགོས་པའི་རྒྱབ་ལྗོངས་ལ་བསམ་བློ་གཏང་ན། སྤྱིའི་དེང་གི་དུས་འདིར་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་༧གོང་ས་མཆོག་དང་བོད་སྤྱིའི་རྩ་དོན་དག་ལ་རྒྱབ་འགལ་བྱས་ནས་རྒྱ་ནག་དམར་པོ་དང་ངན་འབྲེལ་བྱེད་ཀྱི་ཡོད་པ་ཡོངས་གྲགས་དང་བྱེ་བྲག་ལི་ཐང་མི་མང་ནང་ཁུལ་དོལ་རྒྱལ་རྗེས་འབྲང་པ་མང་པོ་ཡོད་པར་སྤྱི་ཚོགས་ཐོག་གསལ་པོ་ཡིན་པ་རྟེན། བློ་སེང་ཁོ་རང་མི་གཅིག་ཡིན་རུང་དོལ་ཚོགས་དང་འབྲེལ་མེད་ཐོག་༧གོང་ས་མཆོག་སྐུ་ཚེ་གཏན་པའི་ཆེད་དུ་དཔུང་བསྒྲིགས་པ་ཡིན་ཟེར་ཀྱི་ཡོད་པ་གསལ་པོ་རེད། ཡིན་ན་ཡང་བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལས་ལོག་འཇལ་བྱེད་མཁན་དེ་དག་གིས་རང་ཉིད་བློ་སེང་ལ་མི་དགའ་བའི་རྒྱུ་མཚན་ནམ་ཡང་ན་གང་ཟག་གཞན་ཞིག་གི་ཆེད་ཡིན་མིན་མི་ཤེས་ཀྱང་དངོས་ཡོད་ལ་ལོག་བཤད་བྱས་པ་དག་གསལ་པོ་མ་བཟོས་ན་མི་མང་མགོ་བོ་རྨོང་བའི་རྒྱུ་ལས་མ་འདས་པའི་གུས་པས་མ་བཤད་ཐབས་མེད་བྱུང།
གོང་གི་མཆན་འདེབས་མཁན་སྟག་སྨྱོ་དང་BBCལགས་གཉིས་ཀྱི་མཆན་བུ་ལ་བལྟས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་ཏུ་དགྲ་མཐོང་མཐོང་བྱས་མཁན་ཡིན་པར་གསལ་པོ་རེད་འདུག བློ་སེང་ལ་སྐྱོན་བརྗོད་བྱེད་སྟངས་མ་ཤེས་ན་ཁྱོད་ཚོའི་འདོད་ཐོག་ཏུ་འགྲོ་བ་ཕན་མེད་པར་གནོད་ཀྱི་རེད།
ང་ཅོ་རི་ཁམས་པ་གཙང་མ་གཙང་རྐྱང་ཞིག་ཡིན་ཀྱང་བློ་སེང་ཁམས་པ་ཡིན་པས་རྒྱུ་མཚན་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་མེད་པར་མ་ཟད་ཞེན་ཁོག་ཆེ་བའི་དབུས་གཙང་པ་སྐུ་དྲག་བཀྲ་མཐོང་ལགས་སུ་རྒྱབ་སྐྱོར་བྱས་ཀྱི་ཡོད།
ཁྱོད་གཉིས་ཀྱིས་བློ་སེང་ཨ་ཐར་ནོར་བུའི་ལྟ་བ་འཛིན་མཁན་ཞིག་རེད་ཟེར་བ་ནི་མི་སུས་ཀྱང་ཡིད་ཆེས་བྱེད་མ་རེད། བློ་སེང་ནི་དེ་ལས་ལྡོག་ཏེ་ཨ་ཐར་བུའི་ཁ་གཏད་ཏུ་ལངས་ནས་ཆུ་སྒང་རྫུན་མ་གསར་འཛུགས་བྱས་མཁན་གྱི་མི་སྣ་ཞིག་ཡིན་པར་ཡོངས་གྲགས་རེད།
གལ་སྲིད་བཀྲ་མཐོང་ལགས་སུ་འོས་ཐོབ་འདོད་འདུག་ན་སྐྱོན་བརྗོད་བྱེད་སྟངས་ཤེས་པ་བྱོས། མ་གཏོགས་བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨོད་མི་ཤེས་མཁན་གྱིས་སྨོད་ན་དགའ་ཟེར་བ་དེ་ཆགས་བཞིན་འདུག་པས་བསམ་བློ་ཐོངས།
མ་ཟད་ཆོལ་ཁ་དང་ཆོལ་ཁའི་བར་དུ་དཀྲིགས་ཤིང་ཁོ་ན་བྱས་ནས་མི་ཚེ་བསྐྱེལ་མཁན་མི་ཁྱོད་ཚོ་འདྲ་པོར་ཡིད་ཐང་ཆད་ཡོང་གི་འདུག ང་ཚོ་མདོ་ཁམས་སྒང་དྲུག་ཡུལ་གྱི་མི་དམངས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ངོས་ནས་བསམ་བློ་གུ་ཡངས་དང་བོད་སྤྱི་པའི་རྩ་དོན་རྩ་བའི་རྩེ་ལ་བཞག་ནས་ཕྱོགས་རུས་དང་འཐེན་འཁྱེར་བྱས་ཀྱི་མེད་ཀྱང་ཁྱོད་ཚོས་འདི་འདྲ་དགྲ་མཐོང་མཐོང་བཟོ་དགོས་དོན་གང་ཡིན་ནམ།
རྒྱ་དམར་པོས་ལྟོ་ཕོག་སྤྲད་བྱུང་ངམ། ཁྱོད་ཚོའི་མིག་མདུན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སུ་ཡིན་ནའང་གནད་ལུགས་ཡོད་མེད་ལ་མ་ལྟོས་པ་དགག་པ་རྒྱག་རྐྱང་བྱས་བསྡད་པརམཐོང་དུས་སུ་བོད་མི་རིགས་འདིར་ཆིག་སྒྲིལ་གྱི་ནུས་པ་ཞིག་ཡོང་ཡ་མེད་པའི་ཟོལ་འདྲ་པོ་མཐོང་གི་འདུག
ཁྱོད་གཉིས་བུ་རྒོད་པོ་ཡིན་ན་དགྲ་བོ་ཕར་ཕྱོགས་སུ་སྟོབས་རྒྱས་མངའ་ཐང་དར་ནས་བསྡད་ཡོད་རེད། དེར་ཁྱོད་གཉིས་འདྲ་པོ་ཚོས་ཚིག་གཅིག་བཤད་ཐུབ་ཀྱི་ཡོད་དམ། མི་དགོས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ཐོག་ཏུ་དགྲ་མཐོང་མཐོང་བཟོ་དགོས་ན་ང་ཚོ་མདོ་ཁམས་མི་དམངས་ཀྱིས་དགའ་བསུ་མི་ཞུ།
ཅོ་རི་ཉི་མའི་སྐད་ཆ་ལ་སྤྱི་དོན་ཞེ་དྲག་མེད་པ་ཞིག་ལ་ལུང་ཚན་གྱི་སྐད་ཆ་ཤུགས་ཆེན་པོ་འདུག ད་ལྟ་གོང་དེར་ལྟོས་དང་ང་ཚོ་མདོ་ཁམས་ཆུ་བཞི་སྒང་དྲུག་སོགས་་་་་་་་་་་་
དེ་ངའི་མཐོང་སྣང་ཙམ་ཡིན།
ཅོ་རི་ཉི་མ་སྐུ་རླུང་ཞེ་དྲག་བཞེངས་འདུག དགོངས་འགལ་མེད་པ་མཁྱེན། གོ་བ་ལེན་སྐབས་ལྡོག་ཕྱོགས་ནས་གོ་སྲིད། བརྟག་དཔྱད་ཞིབ་འཇུག་ཡག་པོ་གནང་རོགས། ལྷག་དོན་བརྟག་པ་མཐའ་བཟུང་དུ་བཤད་པའི་སྐད་ཆ་ལ་ཁ་ཚོན་བཅད་ན་སྐྱོན་དུ་འགྱུར་སྲིད། སྐད་ཆའི་འབྲེལ་མཚམས་སུ་ཡི་གེ ༼ན་༽ཞེས་པ་འདི་སྦྱར་བའི་དགོས་པ་ཤེས་དགོས།
མེ་ཏོག་དཀར་པོ་ལགས།
ཆུ་ཕོར་པ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་མཐོང་སྟངས་མི་འདྲ་བ་གསུམ་མཐོང་གི་རེད། ལྷ་མིག་གི་ནང་དུ་བདུད་རྩི་དང་མི་ཡི་མིག་གི་ནང་དུ་ཆུ་ཡི་དྭགས་ཀྱི་མིག་གི་ནང་དུ་ཁྲག་གནག་རེད།
འདི་ནི་སོ་སོའི་རྣམ་དཔྱོད་ཀྱི་ཁྱད་པ་ཡིན་པ་ལས་ཡུལ་གྱི་ངོས་ནས་ཁྱད་པ་མེད་པ་རེད། དེ་བརྟེན་ཁྱོད་རང་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་ཏུ་ལྟ་སྟངས་མཐོང་སྟངས་གཅིག་པ་ཡོད་མཁན་ཞིག་ཡིན་པས་རེད།
རེད་ང་ལ་མཐོང་སྟངས་ཞིག་ཡོད། དེ་ཁམས་པ་དཔའ་བོ་ཞེས་པ་དེ་རེད། ཡིན་ནའང་ཁྱེད་འདྲ་བ་རེ་ཟུང་གིས་ཁམས་པ་དཔའ་བོ་ཚོའི་ཚབ་ག་ལ་རུང་།
མེ་ཏོག་དཀར་པོ་ལགས་་་་་ངས་ང་ཅོ་རི་ཁམས་པའི་དཔའ་བོ་ཚོའི་སྐུ་ཚབ་ཡིན་ལབ་བྱུང་ངམ། ཁས་ལེན་མེད་པའི་དགག་ལེན་འདི་ག་རེ་རེད་དམ།
དགེ་ཆོས་མཆོག་གིས།
སོ་སོར་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་བརྟེན་པའི་ཚུལ་གསུམ་རྟོག་གེ་རིག་པ་འདི་རང་གིས་རང་ཉིད་གཞོལ་བའི་ཐབས་ཙམ་བྱེད་ན་བཟང་མོས་ཁས་ལེན་མེད་པའི་ལྟ་བ་ལ་གནོད་པའི་ལག་ཆ་བྱེད་ན་ཆོས་ཀྱི་དབྱིག་ལ་འཇུག་སྐབས་མེད་དོ།ཞེས་གསུངས་ཡོད་ལེ་རེད་གོ
རེད། དེ་འདྲ་ཉིད་ཀྱིས་གསུངས་མ་བྱུང་།
རྟ་མགྲིན་རྡོ་རྗེ་མཆོག་གིས་ཐོག་དང་པོར་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་བཤད་ཀྱི་ཡོད་ཟེར།
ངས་བལྟས་ན་འདི་ལྟར་མཐོང་སོང་།
འོས་ཤོག་ཡོང་ཁུང་གི་དོན་ཚན་གསུམ་ཡོད་པའི་ནང་ནས་གཉིས་པ་དང་གསུམ་པ་ལ་དཔྱད་ཞིབ་གཅིག་བྱེད་འདོད་བྱུང་།
དོན་ཚན་གཉིས་པའི་ནང་འོས་འཕེན་མཁན་ཚོས་བོད་ཀྱི་རྩ་དོན་དང་རིགས་གཞུང་སོགས་ལ་བསམ་བློ་མེད་པར་ཨ་གསར་བྱས་པ་རེད་ཟེར། དེ་ལྟར་ཡིན་ཚེ་༧གོང་ས་མཆོག་སྐུ་ངོ་མས་བཀའ་ཁྲི་གཞོན་སྐྱེས་ཤིག་བྱུང་ན་ལེགས་པའི་བཀའ་གནང་བ་དེས་ན། ༧གོང་ས་མཆོག་ཀྱང་བོད་ཀྱི་རྩ་དོན་སོགས་ལ་དགོངས་པ་མི་བཞེས་པར་ཨ་གསར་ཅན་ཞིག་ཡིན་ནམ།
དོན་ཚན་གསུམ་པའི་ནང་འོས་འཕེན་མཁན་ཚོས་ཆོལ་ཁའི་ཞེན་ཁོག་བྱས་པ་ལས་རྩ་དོན་སོགས་ལ་བསམ་བློ་མེད་པར་རེད་ཟེར། དེ་ནི་གཞི་མེད་སྨྱོན་འཛུགས་ལས་ཆུ་གཞི་སྒང་དྲུག་དབུས་རྒྱུན་ལས་ཀྱི་ཚོགས་གཙོས་བཀའ་ཁྲིའི་འོས་མི་ཡོངས་ཁྱབ་བྱས་པའི་ནང་མཁས་དབང་བློ་བཟང་སེང་གེ་ཚུད་མེད་པས་ཇི་ལྟར་ཆོལ་ཁའི་ཞེན་ཁོག་བྱས་པ་རེད།
ད་ཁོ་རང་སྐུ་སྒེར་ལ་གང་ཡང་ཞུ་རྒྱུ་མ་རྙེད་ནས་འོས་འཕེན་མཁན་ཚོ་ལ་གུས་བརྩི་གང་ཡང་མེད་པའི་ཐོག་གང་བྱུང་མ་བཤད་ན་ལེགས།
དེ་བཞིན་དུ་ཅོ་རི་དང་མེ་དཀར་སོགས་ཀྱིས་ཆོལ་ཁའི་སྐད་ཆ་མ་བཤད་རོགས།
ཨེ་ཞིང་པའི་བུ་ལགས།
འཇིག་རྟེན་གྱི་དཔེར། འབུ་ཉལ་ཉལ་དེ་ལ་ཤིང་ཐུར་འཛུགས། འདྲེ་ཉལ་ཉལ་བ་དེ་ཝ་མོས་དཀྲོག་ཟེར་བ་ལྟར་ང་ཅོ་རི་ཁ་བཙུམ་ནས་བསྡད་ཡོད་སྐབས་སུ་གོང་དུ་སྟག་སྨྱོན་གྱི་བཤད་ལ་བལྟས་དང་།
འགོ་བཙུགས་མཁན་ང་རེད་པས། ཁྱོད་ཀྱིས་ཆོལ་ཁའི་ཕྱོགས་ཞེན་སྐད་ཆ་མ་བཤད་ཞེས་ལབ་དགོས་ས་དེར་ལབ་རོགས་བྱོས།
བི་བི་སི་དང་། སྟག་སྨྱོན་གཉིས་ཀྱིས་ཆུ་སྒང་རྙིང་པས་ཆོལ་ཁའི་འཐེན་འཁྱེར་གྱིས་མཁས་དབང་ཟམ་གདོང་ལ་རྒྱབ་སྐྱོར་དང་འགེབས་སྲུང་བྱེད་ཀྱི་རེད་ཅེས་པའི་གཏམ་ཕུག་མེད་འདིའི་ལན་དུ།
སྔོན་འགྲོའི་བཀའ་བློན་ཁྲི་པའི་འོས་མི་ནང་མཁས་དབང་བློ་བཟང་སེང་གེ་མེད་པ་འདི་ཁོ་ནས་ཤེས་ནུས་བཞིན་དུ་བཤད་འདུག་པ་འདིས་ཐོག་ནས་གསལ་པོར་ཆགས་ཡོད།
ཁ་སེང་ནས་ཅོ་རི་འདིས་བློ་སེང་ལ་ཅིག་ཅིག་གཉིས་གཉིས་མང་དག་ཅིག་ལབ་གི་འདུག་ད་བྱེད་དུས་བློ་སེང་གི་ཆུ་སྒང་གསར་པའི་ནང་འཛུལ་བཞུགས་བྱས་པའི་རྐྱེན་གི་རེད་འདུག་ལ་ཅོ་རི་ཁོ་རང་ཆུ་སྒང་རྙིང་པར་རྒྱབ་སྐྱོར་ཡིན་ཚོད་འདུག་ད་བྱེད་དུས་ན་ཚ་དེ་རེད་འདུག་།xxxxxxxxxxxxxxxxxx།
xxxxxxxxxxxxxxxxxx
འོ་རེད་མཆན་པ་བ་རྣམ་པས་རྩོད་བཞིན་འདིའི་ཐོག་ཚིག་རེ་གཉིས་ཞུ་འདོད་བྱུང་།བློ་སེང་ཁོང་གོ་དྲུག་ལོའི་དཔྱིད་ཀའི་ཉིན་ཤིག་ལ་ཐོག་དང་པོར་ངོ་ཤེས་སོང་ལ་ཁོས་བོད་ཀྱི་ལོ་རྒྱུས་ཁ་རྒྱུན་ཙམ་ལས་ཤེས་ཀྱིས་མི་འདུག
གོ་བརྒྱད་ལོ་དང་ཉིས་སྟོང་ཐམ་པ་གཉིས་ཁོང་ལྡི་ལིའི་ཆུ་བཞི་སྒང་དྲུག་གི་ནང་ལ་རྒྱུགས་བཞིན་པ་རེད།་་ཡང་ལོ་འགའི་གོང་ཨ་རིའི་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་ཐོག་ལ་འཇུ་ཆེན་དང་ལྷན་འཚོགས་་ཞུགས་གནང་འདུག
རྒྱུ་མཚན་འདི་དག་ལ་དཔྱད་ཞིབ་དགོས་ན།
༡་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནང་ཡོད་པའི་ཁོས་ཐོག་དང་པོར་ཨ་རིའི་སློབ་ཆེན་ཞིག་གི་རྒྱ་རིགས་མཁས་པ་ཤིག་མཉམ་བགྲོ་གླེང་བྱས་པའི་སྒྲ་ཐག་གཟིགས་རོགས་གནོང་།
༢་ལྡི་ལིའི་ཆུ་སྒང་གིས་བཏོན་པའི་ཆུ་སྒང་གི་ལོ་རྒྱུས་རྙིང་བ་དེབ་དེའི་གནད་ཡོད་མི་སྣ་ནང་ལ་གཟིགས་རོགས
༣་ཐེངས་དང་པོར་ཨ་རིར་ཚོགས་པའི་ཆུ་སྒང་གི་འོད་བརྡར་དེར་གཟིགས་རོགས།
བི་བི་སི་དང་དྲང་བདེན་གྱི་སླང་མོ་བ་ཨ་བུ་དང་ལ་རྒྱའི་བདག་པོ་སོགས་ཡི་རངས་ཏེ་སྟག་སྨྱོན་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
ཕྲན་གྱིས་ལོ་རྒྱུས་ཐོག་ཉམས་ཞིབ་ཐབས་ཆག་ཅིག་རྒྱུན་བསྲིངས་ཀྱིན་པས། ཆུ་སྒང་གསར་རྙིང་གི་རྩོད་རྙོག་འདི་འདུམ་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ལི་ཐང་ཨ་ཐར་ལགས་མ་གྲོངས་པའི་ཡར་སྔོན་ཁོང་གིས་གཙོས་པའི་མི་དྲུག་རྒྱལ་བ་རིན་པོ་ཆེ་ལ་དགོངས་དག་ཐུགས་བདེན་སླད་མཇལ་དུ་ཡོང་བ་དངོས་སུ་མཐོང་མཁན་ཞིག་ཡིན་པར་མ་ཟད། སྔར་ཐའེ་ཝན་བོད་སོག་ལྷན་ཁང་གི་ལྷན་དུ་གྲོས་ཆོད་ཅིག་འཇོག་རྩིས་བྱས་པ་དེའང་དེ་ནས་མཇུག་གྲིལ་སོང་བ་ཞིག་ཡིན་འོས་ལ། སྐབས་དེ་ཤེད་ནས་ལྟོས་ས་ལྟོས་འཇོག་གིས་ཆུ་སྒང་གསར་རྙིང་ཡང་གཅིག་སྒྲིལ་གྱི་སྒང་ལ་ཡོང་ཡོད།
དྲ་གྲོགས་པ་རྣམས། ཧ་ཅང་བློ་ཕམ་རེད་ལ་བོད་མི་ས་ཡ་དྲུག་གི་ཞ་འདྲེན་རེད། གྲོག་པོ་ལགས་ལྟ་དང་དུས་རབ་ག་ཚོད་ལ་སླེབས་འདུག། འདི་ནི་དུས་རབ་ཉི་ཤུ་ཙ་གཅིག་རེད་ད། མི་རིག་གཞན་རི་མགོ་ལ་ཐོན་ཚར་དུས།
ང་ཚོ་ད་དུང་རི་འཐའ་ནས་ཆོལ་ཁ་ཆོས་ལུགས་ཕྱོགས་རིས་ལ་རྩོད་གླིང་བྱེད། ན་ཚ་འདི་ཡིས་བོད་གྱི་རྩ་དོན་དང་བོད་མི་རིགས་ཀྱི་སྤྱི་ཚོགས་ཆ་མཐུན་གནོད་ཚེ་འཏོང་བ་ལས་མཆིས། བོད་ནང་ལ་ལྟོས་དང་ཆོལ་ཁ་དང་ཆོས་ལུགས་ཟེར་བའི་དབྱེ་འབྱེད་མེད་ད། ན་ཚ་འདི་བཙན་གྱོན་བ་ནང་དང་རྒྱ་གར་བ་ཡུལ་འབྲུག་གཅས་ཀྱི་བོད་མི་ཚོ་ནས་འགོས་ནད་རིད། རྗེས་ལུས་རེད། ཐབ་སྡུག་རེད། དེ་ཡིན་སྲིན་ན། ཡིན་སྲིད་གི་མ་རེད། ང་ཚོ་ཁ་རིའི་སྤུན་ཟླ་ལགས། ཤེས་རབ་ཆེན་པོས་དོན་འབྲས་བཟང་ངན་དང་བྱ་བ་ལེགས་ཉེས་ཤན་ཕྱེས་ནས། བོད་མི་རིགས་ཀྱི་མཐུན་འབྲེལ་ལ་འབད་པ་དང་། མིག་རྒྱང་རིང་ལྟ་། ཕུགས་འདུན་ཡོད་པ། སྐྱོན་ཡོན་ཕྱེད་པ། སྙིང་སྟོབས་དང་། བློ་རྒྱ་གུ་ཡངས། པོ་བློ་རྒྱ་གུ་ཡངས་པོ། པོ་བློ་རྒྱ་གུ་ཡངས་པོ། པོ་བློ་རྒྱ་གུ་ཡངས་པོ། ང་དང་ཁྱོད་ཕོ་དང་མོ། ཆོལ་ཁ་དང་ཆོས་ལུགས། ཞན་ཁོག་དང་ཕྱོགས་སློངས། དེ་དགས་སྤོངས་བར་གྱིས་ཤིག། དེ་ནས་བོད་ཀྱི་བསམ་དོན་མྱུར་འགྲུབས་སོ།། ” be Unite Tibet “
འདི་ལྟར་གོང་གི་རྩོམ་ཡིག་འདི་ཀློག་མ་ཐག་ངས་ཀྱང་བསམ་ཚུལ་ཞིག་དང་བརྡ་སྟོན་དགོས་པ་ཞིག་ལ། ཉེ་བའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་སྔོན་འགྲོའི་འོས་བླུགས་སྐབས་འོས་མི་སུ་ཡིན་རུང་གཏམ་བཤད་དང་ཁྱབ་བསྒྲགས་གང་མང་གང་ཐུབ་བྱེད་ཀྱི་ཡོད་པ་དེ་ཚུལ་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་སྐབས་དེར་བློ་འཚབ་སྐྱེས་གཞི་ཞིག་ལ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བློ་སེང་ཁོས་བོད་གཞུང་མང་ལ་སྔར་བོད་གཞུང་ལ་ཞབས་ཞུ་འདི་དང་འདི་སྒྲུབ་ཡོད་མེད་དང་། མ་འོངས་འབྱུང་འགྱུར་བོད་གཞུང་མང་ལ་ཕན་གནོད་ཀྱི་གསལ་བསྒྲགས་བྱེད་རྒྱུའི་འབད་བརྩོན་མི་བྱེད་པར་འོས་མི་གཞན་སུ་ཞིག་ཡིན་རུང་པར་མགོའི་སྐེ་གཏུབ་སྟེ་ཁྱབ་བསྒྲགས་བྱེད་དུ་འཇུག་གི་མེད་པ་དེས་རྒྱབ་སྐྱོར་བྱེད་མཁན་དེ་དག་གི་བསམ་བློ་དང་དམིགས་ཡུལ་གསལ་བོ་ཤེས་ལ་བློ་སེང་ཁོ་ཡང་རྒྱབ་སྐྱོར་བྱེད་མཁན་ཚོའི་དམིགས་ཡུལ་སྒྲུབ་མཁན་ཞིག་ཡིན་པ་ཐེ་ཚོམ་མེད་ལ་མི་སྒྲུབ་ཐབས་མེད་རེད། དེས་ན་ཁོང་ཚོའི་དམིགས་ཡུལ་དང་བསམ་ཚུལ་ལྟར་སྒྲུབ་མཁན་ཞིག་ཡིན་ཕྱིན་ང་ཚོའི་སྤྱི་ཚོགས་དང་འཁོར་ཡུག་ལ་མཐུན་སྒྲིལ་ཞིག་མི་ཡོང་བ་གསལ་བོ་རེད། སྤྱིར་རང་ཉིད་རྒྱལ་འདོད་ལ་དགག་པ་ནམ་ཡང་རྒྱག་གི་མེད་ཀྱང་། གཞན་ཕམ་འདོད་ཀྱི་བསམ་པ་དེ་ལ་ངོ་རྒོལ་ཡོད་པས་འབྲི་དགོས་བྱུང་སོང་།
དྲ་གྲོགས་ཚོ་དོན་ངོམ་མའི་བརྗོད་གཞིའི་ཐོག་ལ་འབབ་པ་གནང་རོགས།་
དེ་མིན་ང་ཚོས་ཆུ་སྒང་གསར་རྙིང་དང་།་སྐུ་དྲག་སོགས་ཀྱི་སྐོར་གླེང་རིན་མེད།་དེ་དག་ནི་ལོ་རྒྱུས་ཆགས་ཟིན་པའི་གནས་ཚུལ་ཞིག་རེད།བློ་སེང་མདོ་ཁམས་ནས་ཡིན་པས་ཆུ་སྒང་གསར་རྙིང་གང་དུ་སོང་ཡང་ཁོ་རང་གི་འདོད་མོས་རེད།་ཡིན་ནའང་གལ་ཆེ་ཤོས་ནི་ཁོ་ཕྱོགས་གང་དུ་སོང་ཡང་བློ་སེང་ཁོང་གིས་གསལ་པོ་བཟོས་རྒྱུ་གལ་ཆེན་པོ་ཡིན་མོད།་དེར་ཁོང་གིས་གསལ་པོ་གསུངས་མྱོང་མེད།་
གཞན་ཡང་དྲ་གྲོགས་འགའ་ཤས་ཀྱིས་ད་དུང་ཡང་བཀའ་ཟུར་བཀྲས་མཐོང་ལ་སྐུ་དྲག་ཅེས་འབོད་ཀྱི་འདུག་
སོ་སོས་སོ་སོའི་རང་མདོག་སྟོན་པ་རང་རེད།་་་་་དོན་དངོས་ཐོག་ནས་བརྗོད་ན།
བཀའ་ཟུར་བཀྲས་མཐོང་མཆོག་བོད་ནང་སྐུ་དྲག་ཉིན་གཅིག་བྱེད་མྱོང་མེད་ཅིང།ཁོང་བཙན་བྱོལ་ནང་འབྲས་རྡལ་བཟས་ནས་སློབ་གསོའི་གོ་རིམ་ཚང་མ་འགྲིམས་ཏེ་ཚར་ལོངས་བྱུང་བའི་མི་ཞིག་ལ་སྐུ་དྲག་ཅེས་བརྗོད་ན།་དེ་ནི་གླེན་རྟགས་རང་རེད།བཙན་བྱོལ་ནང་གཞུང་ཞབས་དང་བཀའ་བློན་བྱེད་མྱོང་བར་སྐུ་དྲག་ཅེས་བརྗོད་ཀྱི་ཡོད་ཅེས་ན།་་ཟམ་གདོང་རིན་པོ་ཆེས་མཚོན་པའི་ད་ལྟའི་བཀའ་བློན་དང་མ་འོངས་པའི་བཀའ་བློན་ཚང་མ་སྐུ་དྲག་ཅེས་འབོད་དགོས་ཀྱི་ཡོད།
དེ་ན་ང་ཚོས་སྐུ་དང་།་ཁྱིམ་བརྒྱུད།བཀའ་བཀོད་བརྒྱུད་འཛིན་ཟེར་བ།་ཆུ་སྒར་གསར་རྙིང་ཟེར་བའི་ན་ཚ་རྙིང་པ་བསླངས་ཡོང་ན་ང་ཚོའི་ནང་མི་མངོན་པའི་རྨ་ཁ་དེ་ཆེ་རུ་སོང་ནས་རྙོག་རྫིང་ཆེན་པོ་ཆགས་གཞིར་འགྱུར་གྱི་རེད།་་་དྲ་གྲོགས་ཚོས་ན་ཚ་རྙིང་པ་དེ་དག་རྦས་ནས་རུལ་བཅུག་ན་ལེགས་པར་སྙམ།
བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིད་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།
གུས་པས་རེ་འདུན་བྱས་སའི་མ་འོང་བཀའ་ཁྲི་དང་སྤྱི་འཐུས་རེའུ་མིག་གཤམ་གསལ་།
༼ བཀའ་ཁྲི ༽
ལི་ཐང་་་་་་ཤེས་འཇོན་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་།
༼ སྤྱི་འཐུས་༽
མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ཉེ་ཤུ་རྩ་གཅིག་ཡོད་ན་ཡང་གུས་པས་རེ་འདུན་བྱས་ས་།
འབའ་པ་་་་་་་་སྐལ་བཟང་རྒྱལ་མཚན་།
གསེར་རྟ་་་་་་་་་ཚུལ་ཁྲིམས་།
གླིང་ཚང་་་་་་་་་་པདྨ་བདེ་ལེགས་།
ལི་ཐང་་་་་་་་་་་་འཇམ་དབྱངས་བཟོད་པ་།
སྡེ་དགེ་་་་་་་་་་་་དབྱངས་ཅན་སྒྲོལ་དཀར་།
ཆབ་མདོ་་་་་་་་་་དབུ་དཀར་ཚང་གཡུ་སྒྲོན་།
བཅས་དྲུག་པོ་འདི་ལས་གཞན་མ་རྙེད་།
དྲ་གྲོགས་ཚོའི་འདི་འོས་དང་མི་འོས་ཀྱི་ལམ་སྟོན་གནང་མཁན་ཕེབས་ན་དགའ་བསུ་ཞུ་//
ད་དུང་གཅིག་ལྷག་འདུག ཆོས་བརྒྱུད་སྤྱི་འཐུས་བསྟན་འཕགས་པ།
བསྟན་འཛི་འཕགས་པ་ལགས་དགོངས་འགལ་མེད་པ་མཁྱེན། ང་ཚོས་བློ་སེང་མཆོག་ལ་ཆེད་མངགས་གཞི་མེད་སྐྱོན་འཛུགས་བྱས་མེད། དྲང་པོའི་ལམ་ནས་བདེན་པའི་གཞུང་སྲོང་བཞིན་ཡོད། འདི་ཡང་བོད་སྤྱི་པའི་བདེ་དོན་ལ་བསམ་ནས་བྱས་པ་མ་གཏོགས་སྒེར་དོན་དང་འབྲེལ་བ་རྩ་བ་ནས་མེད། ཁྱེད་རང་དང་བསམ་ཚུལ་མི་མཐུན་པ་ཙམ་གྱིས་མི་སྡུག་ཅག་ཡིན་པའི་ངེས་པ་མེད། འོ་ན་ངས་བློ་སེང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་གཅིག་རང་ཁྱེད་ཀྱིས་སྟོན་དང་། དེ་ལ་ངས་ཁུངས་སྐྱེལ་གྱི་ལན་བཏབ་ཆོག
དྲ་གྲོགས་BBCམཆོག་ལ།
གང་ཉིད་ཀྱི་དགོངས་འཆར་བཞིན་གུས་ཀྱང་དེ་དེ་སྟེ།་དེ་དེ་བཞིན་ནོ།
ཁྱེད་གསུངས་པོར་མངོན་པར་བསྟོད་དོ།
བཀུར་འོས་ལྷ་སྡེ་གནམ་ལོ་ཡག་ལ།
ལས་དོན་ཙག་ཙིག་གིས་དེ་རིང་མིན་དྲ་ཚིགས་ཁ་འབྱེད་རྒྱུ་མ་བྱུང༌།གྲོས་ལན་དུས་ཐོག་འབུལ་མ་ཐུབ་པར་དགོངས་སེལ་ཞུ། རྩ་བས་ཞོགས་དུང་སོགས་ཀྱི་གཞི་རྩའི་བསམ་བློ་ལ་དོགས་པ་དེ་ཙམ་མེད། མིག་སྔའི་རང་རེའི་གནས་སྟངས་སམ་ལས་དབང་ལ་མ་བཟོད་སྟབས།མི་རིགས་རིང་ལུགས་གཙོ་འདོན་གནང་བ་ལས་སྲོལ་རྒྱུན་རིག་གཞུང་ལ་ཞེ་གཏིང་ནས་སྡང་ཀྱིན་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་འདི་ནས་ཁག་ཅིག་གིས་གནད་དོན་ཇི་བཞིན་མ་ཤེས་པར་རི་བོང་ཅལ་འདྲོགས་བྱེད་བཞིན་མཆིས།ཁ་ནས་རྙིང་ཧྲིལ་གོག་ཟད་དང་ཀླད་རྙིང་མཁྲེགས་འཛིན་སོགས་རང་དགར་འབོད་ཚིག་ཅི་རིགས་བསྒྲགས་ཏེ་འདས་པའི་ལོ་རྒྱུས་ལ་ཅི་མི་སྙམ་པའི་སྡང་ཟུག་ཆེ།དེའི་ཁོར་ཡུག་ཁྱབ་རྒྱ་ཆེ་རུ་ཕྱིན་ན་དེ་ཡང་ཉེན་ཁའི་རྩ་བ་ཞིག་ལ་ཐུག་ཡོད།མ་གཞི་གནད་དོན་འདི་དང༌།སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་ཐད་བཟུང་བའི་ཞོགས་དུང་སོགས་ཀྱི་བསམ་བློའི་སྐོར་ལ་ཤོད་སྙིང་འདོད་པ་ད་དུང་ཡོད་ཀྱང༌། དེ་དག་རྗེས་སོར་ཁོམ་སྐབས་དང་བསྟུན་ནས་གླེང༌།ཁྱེད་ཀྱིས་གསལ་བཤད་ཅིག་བྱས་པ་དེས་མི་དེ་དག་ལ་གོ་རྟོགས་སྐྱེད་པའི་རེ་བ་ཡོད།
གནད་དོན་གཉིས་པའི་ཐད་ཚོགས་པ་བཙུགས་མ་བཙུགས་དེ་གཅིག་པོའི་ངོ་བོའི་ཐོག་ནས་ལྟ་བཞིན་མེད།ཁྱེད་རང་སྤྱི་ཚོགས་ཉམས་ཞིབ་ཐད་རྒྱུས་མྱོང་ཆེ་བ་ཞིག་རེད།ལོ་རབས་བརྒྱད་ཅུའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་འགལ་ཟླ་དང༌།དེའི་ཤུགས་རྐྱེན་རྣམས་ཕྱོགས་གང་ནས་སླེབས་མིན་ཁྱེད་ཀྱིས་མི་མཁྱེན་པ་ག་ལ་སྲིད།སྐབས་དེ་འདྲ་ཞིག་ལ་དབུས་བོད་ཀྱི་གཞོན་ནུ་ཚོགས་པ་དང༌།ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་ཡོད་བཞིན་མདོ་སྟོད་གཞོན་ནུ་ཚོགས་པ་ཞིག་འཚང་ཁ་རྒྱག་དགོས་སམ།འདས་པའི་དཀའ་རྙོག་ཁག་ཅིག་ལུང་པ་གཅིག་གི་ཉིན་སྲིབ་དང་ཆུ་རྙོག་གཅིག་གི་ཆུ་རྒྱུན་མིན་པ་ཁྱེད་ལ་གདེང་ཚོད་ཡོད་དམ།གང་ལྟར་ང་ཚོས་གྲ་སྒྲིག་སྡུག་ས་དང་རེ་བ་ཡག་ས་ནས་བརྒྱག་དགོས་པ་དེ་གནད་ཀྱི་དོན་པོ་དེ་ཡིན་པར་འདོད།