མགོན་པོ་ཡེ་ཤེས།
———
གྲོང་ཚོའི་ཁ་བྱང་དུ་བསྟན་པའི་རི་ཁུག་ཞིག་ནས། ངུ་ཤུམ་ཞིག་གྲགས་ཀྱིན་འདུག ཉན་ཀྱིན་ཉན་ཀྱིན་སྐད་ངོ་ཤེས་ལ་ཁད་ཅིག་རེད། འོན་ཀྱང་ང་རང་གི་སེམས་ཁམས་གངས་རིའི་རྩེ་ལ་ཐུག་ཡོད་པས། དེ་ལ་དོ་སྣང་དེ་ཙམ་མ་བྱས། དེ་མུར་གླུ་རེ་བླངས་ནས་དེབ་ཅིག་ཀློག་སྟེ་བསྡད། མྱི་ཞིག་སླེབས་བྱུང་། ཁོས་ནམ་རྒྱུན་ང་ངོ་ཤེས་ཀྱང་། དེ་རིང་ང་ལའང་གཡོལ་ནས་ཕྱིན་སོང་། ཁོའི་ངོ་གདོང་ལ་མེ་ཤུགས་ཅུང་ཆེ་བའི་ཤེལ་མིག་ཞིག་གཡོག་ཡོད་པས། དེ་ནི་ཁོ་ལ་མཚོན་ན། ངོ་ཕོད་ཆེ་བྱེད་ཀྱི་རམ་འདེགས་རང་རེད། ཁོས་རྒྱུན་དུ་ཡུལ་སྨད་ཕྱོགས་ཀྱི་རིགས་རྒྱུད་ཅིག་ཡིན་ཚུལ་བཤད་ཀྱང་། དེ་ནི་ཁོ་རང་གི་སེམས་འཕང་མཐོ་རོགས་ཙམ་སྟེ། ཁོའི་གཟུགས་བྱད་དང་། ཀུན་སྤྱོད་དེས་ཀྱང་ཁོ་ལ་ངོས་ལེན་བྱེད་ཀྱིན་མེད། གང་ལྟར་ཁོ་རང་གཡོན་ལྟ་གཡོན་ལྟ་ཞིག་གིས་ཕྱིན་སོང་། ཁོས་ང་ལ་བྱིན་པའི་ཚོར་སྣང་ནི། དོགས་མ་བདེ་བ་ཞིག་རེད། དེ་མ་ཐག་ངས་ཀྱང་བསྡད་ས་དེ་ཕར་ཙམ་སྤོས་ནས་ཁོའི་རྗེས་ལ་ཕྱོགས།
ལགས་ལགས་སོ། ལགས་ལགས་སོ། ངས་གོ་བ་ནི་འདི་འདྲ་ཞིག་རེད། ད་རུང་ཁོ་ཚོའི་སྐད་ཤུགས་ཆེ་རུ་ཕྱིན་བ་དེས་འདི་འདྲ་ཞིག་ཀྱང་ཐོས་ཀྱིན་འདུག“ངས་ཁྱོད་རང་ཕག་གསོས་གསོས་བྱས་པ་དེ། ད་འདི་རེད་བ། ཁྱོད་ཀྱིས་ང་ལ་ཕག་ཞིག་གི་གོ་ཆོད་རྒྱུར་ཕར་ཞོགས། ཕག་སྐྱག་ཞིག་ཡིན་ན། དེས་ཞིང་ཁའི་ནང་ལ་ལུད་བྱ་ཆོག་གི་རེད་ད།”
ཁོས “ལགས་ལགས་སོ། ངས་ཁྱབ་བསྒྲགས་གང་ཐུབ་ཐུབ་ཅིག་ཞུས་པས་ནི། མང་ཚོགས་བསོད་ནམས་སྐམ་པ་རང་རེད། ཁོ་ཚོས་ཁྱེད་རང་གིས་དེ་སྔོན་ང་ལ་འདི་ལྟར་དྲིན་གྱིས་སྐྱོང་བའང་མགོ་ཚོས་མི་འདུག” མོས། “ག་རེ་མང་ཚོགས། ང་ཚོའི་མང་ཚོགས་ནི། ད་ལྟ་རྩྭ་ཆུ་མ་རག་པའི་སེམས་ཅན་དང་གཅིག་པ་རེད། དེ་རྣམས་ལ་གཟན་ཡག་པོ་ཞིག་སྟེར་བ་ཡིན་ན། སྟེར་མཁན་དེ་ལམ་སང་ངོ་ཤེས་ཀྱི་རེད། ཡིན་ནའང་ངས་བསྐུར་བའི་དངུལ་རྣམས་གཏོང་ས་ལ་མ་གཏོང་བ། རང་གིས་ཉར་ནས་བསྡད་པ་རེད། ད་སྤོ་ཏོ་ཤི་ཁ་ལ་མོ། དེ་ཙམ་གྱི་གོ་རྟོགས་ཡང་སྐྱེས་མི་འདུག”ཟེར་བ་དང་། ཁོས་ལྕེ་ལེ་དེ་བྲང་ངོར་ཕབ་ནས། གཉེར་མ་འདུས་པའི་ལག་པ་དེས་ཕྱག་རྒྱ་ཞིག་བཅའ་ཁུལ་གྱིས
“ ལགས། ལགས་སོ། ང་ད་རེས་ལྷོ་ཕྱོགས་ལ་འགྲོ་ནས་ཁྱབ་བསྒྲགས་ཡག་པོ་ཞིག་བྱ་རྒྱུའི་བསམ་ཚུལ་དེ་ལྕམ་ལགས་ལ་ཞུ་དགོས་དྲན་བསྡད་ཡོད། གདན་ས་རྣམས་ལ་སྐོར་ཐུབ་དགོས་ཀྱི་ཡོད་རབས་འདུག ལགས་སོ། ངས་ད་རེས་ང་རང་གི་བུ་ལའང་ཨུ་ཚུགས་རྒྱག་ཆོག སྤྱིར་བཏང་ལྕམ་ལགས་ཀྱིས་མིག་ཆུ་དེ་ད་རེས་གང་མང་མང་གཏོང་དགོས་ད། ང་ཚོའི་མང་ཚོགས་ལ་སྙིང་རྗེ་ཟེར་བ་དང་། ཡིད་ཆེས་བྱེད་ཆོག་ཆོག་ཞིག་ནམ་རྒྱུན་ནས་ཡོད་རེད་བ་ལགས།”
མོས་ “ད་ཁྱོད་ཀྱིས་ག་རེ་ལབ་ཀྱིན་ཡོད། ངས་ད་ག་རེ་བྱེད་དགོས་རེད། ཨ་་་ ངས་ཇོ་ལགས་ལ་ག་རེ་ཞུ་དགོས་རེད།”ཅེས་ལབ་སོང་། འོ་ཡ། ངུ་སྐད་ད་ག་རང་རྒྱག་བྱུང་། མིག་ཆུ་ད་ག་རང་ནས་གཏོང་བྱུང་། མོས་ངུ་སྐད་འདྲེས་མའི་ངང་ “ཇོ་ལགས་ཀྱིས། ཁ་སྔོན་ང་ལ། ཁྱོད་རང་ཧམ་པ་ཆེ་དྲགས་འདུགལས་དཀའ་ཡག་ཉེས་ཆེན་པོ་དེ་འདྲ་མ་བཟོ་གསུངས་སོང་། ངས་ཁོང་ལ་ད་རེས་ང་ལ་གདེང་ཚོད་ཡོད། ང་ལའང་མང་ཚོགས་འགུགས་པའི་ཆ་རྐྱེན་བོད་ཆོལ་ཁ་གསུམ་གྱི་ཨ་ཕྲུག་དེ་འདྲ་ཡག་པོ་ཡོད། ཞུས་པ་ཡིན། ཇོ་ལགས་ཀྱིས། དེ་ནས་ང་ལ་གཏམ་ལན་མ་སྦྱར་བ། ཡཡཡ། ད་ཁྱོད་རང་ཆུང་ཆུང་མ་རེད།
དེ་ག་ནང་བཞིན་ཆབ་སྲིད་ཀྱི་སྡིངས་ཆ་ལ་སླེབས་ནས་དུས་ཡུན་གང་མཚམས་སོང་ཟིན་པ་རེད། ངས་དྲན་ན། ད་རེས་སྤྱི་མཐུས་ནང་རང་འཇག་ཕྱིན་ནས། བསྟན་འཛིན་རྣམ་རྒྱལ་ལ་འབྲེལ་བ་འགྲོ་བཞིན་པ་འདིའི་རྒྱུན་སྐྱོང་བའི་ཐོག བློ་བཟང་སེང་གེ་ཟེར་མཁན་དེ་ལའང་འདྲིས་པོ་བྱས་ན། གོ་སྐབས་ཞིག་གིས་སོ་སོར་ཚུར་བཙལ་ཡོང་གི་རེད། ཡཡ། ད་ཁྱོད་རང་འདོད་མོས་གྱིས། ལས་དཀའ་ག་རེ་བྱས་ནའང་དངུལ་དགོས་རེད། དེའི་ནང་ནས། སྔོན་མ་དང་འདྲ་མ་རེད། བཀའ་ཁྲིའི་འོས་མིར་ལངས་ན། མང་ཚོགས་ནང་དངུལ་འགྲོ་སྒོ་ཆེ་རེད། བྱས་ཙང་། དངུལ་དེ་ཚོ་སྤྲུལ་སྐུའི་འགྲམ་ནས་བླངས་ན་འགྲིག་གི་རེད་གསུངས་སོང་། ད་ང་གང་དྲགས” ཟེར་ནས་ངུ་ཤུགས་དེའང་ཆེ་རུ་ཆེ་རུ་འགྲོ་ཀྱིན་འདུག
ངས་གོ་སྐབས་འདི་བཟུང་ནས་སྒེའུ་ཁུང་གི་བར་གསེང་ནས་ཁོ་གཉིས་ཀྱི་གློག་བརྙན་བལྟས། ཁོས “ལགས་ལགས་སོ། སྐུ་ངོ་ལགས་དངོས་གནས་དྲིན་ཆེན་ཡིན། སྤྱིར་བཏང་ཞུས་ན། ལྕམ་ལགས་ཀྱིས་བདེ་སྲུང་བཀའ་བློན་འགྲོ་ཐུབ་པ་ཞིག་གསུངས་མ་སོང་བས། ངས་མང་ཚོགས་ལ་འབྲེལ་བཤད་རྒྱག་དུས། ལྕམ་ལགས་ནི། བདེ་སྲུང་ལས་དཀའི་ཐོག་འཇོན་པོ་ཡོད་རེད་ཞུས་པ་ཡིན། མི་འགའ་རེས་ལབ་ཀྱིན་འདུག བདེ་སྲུང་ནང་ལ། ཕོ་གསར་རྫིག་པོ་ཏག་ཏག་ཡོད་རེད། བྱུས་ཡག་པོ་འདུག་ལབ་ཀྱིན་འདུག ངས་ཀྱང་ཕོ་གསར་ཚོ་ལ་ལས་དཀའ་བསྐོ་མཁན་ལྕམ་ལགས་ཡག་པོ་ཡོད་རེད་ལབ་པ་ཡིན” ལབ་སོང་།
མོས་ “ག་རེ་ལས་དཀའ་བསྐོ་མཁན། ལྟས་ངན་ཁྱོད་ཡིན། ད་རེས་ང་རང་ལ་འོས་ཤོག་ཏོག་ཙམ་རག་པ་འདི། དགེ་བཤེས་྾྾྾྾ལགས་དང་། གྲྭ་ཚང་ ྾྾྾྾ རྣམས་ཀྱི་བཀའ་དྲིན་རེད། ཁྱོད་ཚོ་ཁ་ཟ་རྐུབ་ལུགས་རང་རེད། ང་རང་ད་རེས་འོས་ཤོག་ཚད་མཐོན་པོ་ཞིག་སླེབས་པའི་ཡིད་ཆེས་ཤིག་བྱས་ཡོད། དེ་ལྟར་བྱུང་བ་ཡིན་ན། དེའི་རྗེས་སུ། སྤོབས་པ་དེ་ཁྱེར་ནས། བཀའ་ཁྲིའི་འོས་ཤོར་ནའང་འཇུ་ས་ཡོད་པ་ཞིག་གི་ཆེད། བློ་བཟང་སེང་གེ་ལ་འབྲེལ་བ་བྱ་རྒྱུའི་འཆར་གཞི་ཡོད། ཡིན་ནའང་ད་ནི། བཤད་ན་ངོས་ལེན་མི་བྱེད་པ་ཞིག་དང་། སོང་ན་རྗེས་མི་ཟིན་པའི་དུས་ཚོད་ཅིག་ལ་ལྷག་སོང་། ད་རེས་ངའི་ལག་ནང་གི་རྒྱུ་ཤོར། རྐུབ་འོག་གི་གདན་ཤོར། མ་འོངས་པའི་དམིགས་འདུན་ཤོར། ཚང་མ་ཤོར་སོང་། དཀོན་མཆོག་མཁྱེན། ང་ལ་ཐུགས་རྗེས་གཟིགས་རོགས།” ཟེར་ནས་ལག་པ་གཉིས་ཀྱིས་གདོང་བ་ཡོངས་རྫོགས་ཤུགས་ཀྱིས་འཕུར་སོང་བས། མིག་ཀྱང་དམར་པོ་ཆགས་བྱུང་།
ཁོ་ཉལ་ཁྲིའི་ཐོག་ནས་མར་ལྷོད་ཀྱིས་ས་ལ་བབ་སྟེ། ས་ངོས་ཀྱི་གྲུམ་གདན་སྟེང་དུ་བསྡད་ཞོར “ལགས་ལགས་སོ། ལྕམ་ལགས། ཞབས་སྙུང་གི་འདུག་གམ། ངས་འཕུར་མཉེ་ཞིག་གཏོང་དགོས་སམ། རླུང་ལ་ཕན་གྱི་རེད་ད” མོས། ག་དུས་ཤིག་ནས་བྱེད་སྟངས་དེ་ལ་ཆ་རྒྱུས་ཡོད་པའི་ཟོལ་གྱིས་ལན་ཅིའང་བྱིན་མ་སོང་། ཁོས་ཅི་ཞིག་གི་བརྡ་འཕྲོད་པ་ལྟར། ཡར་ཙམ་ནུད་ནས། མོའི་རྐང་ལྷམ་ཕུད་ཏེ། འཕུར་མཉེའི་བཀུར་སྟི་བྱེད་འགོ་བརྩམས་སོང་། གློ་བུར་བ་ཞིག་གིས། “དཀོན་མཆོག་མཁྱེན། ཨ་རོ་རོརོ་རོ་་་་་་་་་་ ངའི་འགྲམ་རུས་བཅག་སོང་། ཨ་འོ། ལྕམ་ལགས། དེ་འདྲ་བཞུ་ཉེན་ཡོད་་རེད་བས། ཨ་རོ་རོ་རོ་་་” ཟེར་ནས་ཡར་ལང་ཞོར། ཁོས་ལག་སྙོབ་བྱེད་ཀྱིན་ཅི་ཞིག་འཚོལ་བཞིན་འདུག
མོས “ཁྱོད་རང་ཉི་མ་དེ་རིང་ནས་རྒྱུགས་ཤིག ད་རེས་དངོས་གཞིའི་འོས་བསྡུའི་ནང་ལ། འོས་ཤོག་ཡག་པོ་ཞིག་རག་ཐུབ་པ་ཞིག་དང་། དེའི་སྔོན་ལ་ཁྱབ་བསྒྲགས་ཡིད་ཚིམ་པ་ཞིག་བྱོས་ཤོག་མ་གཏོགས། ངས་ཁྱོད་མི་འཇོག་ཐག་ཆོད་ཡིན། ཁྱབ་བསྒྲགས་ཚང་མ་བློ་བཟང་སེང་གེ་ལ་དགའ་མོས་བྱེད་ས་ག་བ་འདུག་ན། དེ་ལ་བྱོས། དཔེར་ན། འབྲས་སྤུངས་དང་། གཞིས་ཆགས་ཁག་ནང་ལ་ཟེར་བཞིན་ཡིན། སེ་ར་དང་རྣམ་གྲོལ་གླིང་ལ་འགྲོ་མི་དགོས”
ཁོས “ལགས་ལགས་སོ། ལྕམ་ལགས། སྐུ་མཁྱེན་ངའི་མྱིག་ཤེལ་དེ་གང་ན་འདུག་གམ། ངས་ལྕམ་ལགས་ཡག་པོ་ཞིག་གཏན་ནས་མཐོང་གི་མི་འདུག ང་ལ་མྱིག་ཤེལ་མེད་ན། ལྕམ་ལགས་ཁྱབ་བསྒྲགས་གང་འདྲས་ཟེར་བྱེད་དགོས་རེད།” ཅེས་ཟེར་ལབ་སོང་། དེ་ཙམ་ན། ཁོ་མོ་ལ་ཅི་ཞིག་གིས་བྱམས་སེམས་སྐྱེས་པ་ལྟར། སྒོ་ཁུག་ཏུ་གཡུག་ཡོད་པའི་མྱིག་ཤེལ་དེ་ཡར་བླངས་ནས། པང་གདན་དེས་ཡག་པོ་ཞིག་ཕྱིས་སོང་བ་མ་ཟད། ཁོའི་གདོང་ལའང་གཡོག་རོགས་བྱས་སོང་། དེ་ཙམ་དུ་མ་ཟད། ཁོའི་དཔུང་པ་ནས་བཟུང་སྟེ། ཡར་སློང་ཞོར། “ད་གས་བྱས་མ་བྱུང་བ། ང་རླུང་ལངས་ན། ངས་ང་རང་ལ་ཚད་བཀག་བྱེད་ཐུབ་ཀྱིན་མི་འདུག སྤྱིར་བཏང་དེ་ཚོའི་ཐད་ལ་ང་ལས་ཀྱང་ཁྱོད་རང་རྒྱུས་ཆེ་བ་ཡོད་འགྲོ།”
ཁོས་ལག་གཡོན་པས་འགྲམ་པ་སྐྱོར་བཞིན “ལགས་ལགས་སོ། ངའི་འགྲམ་པ་འདི་ན་གིན་འདུག ཨ་རོ་རོ་རོ་་། ང་ནང་ལ་སླེབས་ན། ནང་མིས་ག་རེ་རེད་སོང་ལབ་ཀྱི་རེད། སྔོན་མ་ཞིག་ངས་རིལ་སོང་ཞེས་ནང་མིར་བཤད་ཡིན་པས། ཁོང་ཚོས་ཡིད་མ་ཆེས་པའི་ཟོལ་འདྲ་བྱེད་ཀྱིན་འདུག ཨ་རོ་རོ་རོ་་་” ཏོག་ཙམ་རྗེས་སུ། ཁང་བ་སྦུག་མ་དེ་ནས་སྒམ་ཞིག་གི་ཁྲོག་སྒྲ་ཡིན་ནམ་སྙམ་པ་ཞིག་གྲགས་སོང་། སྐར་མ་ཁ་ཤས་ཤིག་གི་རྗེས་སུ་ཁོ་མོ་ཕྱིར་སླེབས་སོང་། ཁོ་མོར་མཚོན་ན། ཉམ་ཐག་པའི་ཚོར་བ་ཞིག་གདོང་བའི་ཤ་གསེང་རུས་གསེང་ན་ཡོད་པ་དཔོག་ཐུབ་ཀྱི་འདུག་ཀྱང་། ད་དུང་འཛུམ་ཁ་ཞིག་བཙན་གྱིས་བསུས་ནས།
“ཡཡཡ། ད་སྐྱོན་མ་རེད། འདི་ཁྱེར་སོང་། ད་གཏོང་དགོས་ས་ལ་ཐོངས། གོ་ཆོད་པ་གྱིས་ཤོག ངས་ཁྱོད་ཚོ་ལ་རེ་བ་ཆེན་པོ་བཅོལ་ཡོད་ད། ད་རེས་སྔོན་མ་དང་མི་འདྲ་བ། ངའི་སྐོར་ནས་འགྲེལ་བཤད་རྒྱག་སྐབས། དེང་སང་བོད་པའི་སྤྱི་ཚོགས་ནང་། སྐྱེས་དམན་ཞིག་ལ་ཤེས་འཇོན་གཉིས་ལྡན་ཞིག་དགོས་ན། ང་ལས་ལྷག་པ་ཞིག་ཡོད་མ་རེད་ལོབ། དེ་འདྲ་བའི་འཇོན་ཐང་ཅན་ཞིག་བཀའ་ཁྲི་དང་བཀའ་བློན་གང་རུང་ནང་མ་སླེབས་ན། བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པའི་རྟགས་རེད་ལོབ། དེ་ག་ནང་བཞིན། ང་ཚོའི་ཇོ་ཇོ་ལགས་ཀྱང་དགོངས་པ་ཞུ་སྲིད་ཀྱི་རེད་ལོབ སྔོན་མའི་ཁྱབ་བསྒྲགས་ཡིག་ཆ་དེ་རྣམས་རྫོགས་སོང་ན། ང་ཚོའི་ལས་ཁུངས་ནང་ནས་བླངས། ད་རེས་ལྷོ་ཕྱོགས་ལ་གནམ་གྲུའི་ནང་སོང་། དངུལ་ལ་སེམས་འཁྲལ་མ་བྱེད། དངུལ་གྱི་བཟོ་གྲྭ་ཡོད་དྲན་སྡོད། ཡཡ། ད་ང་ཏོག་ཙམ་ཉལ་གྱི་ཡིན། བྲང་ཁ་ན་གི་འདུག”
སྐད་ཆ་མཐའ་མ་དེ་གོ་མ་ཐག་ང་རང་བྲོས་སོང་བ་ཡིན། གྲོགས་པོ། སྐུ་མཁྱེན་ཁྱེད་ཀྱིས་གནས་ཚུལ་འདི་ཀློག་ཚར་རྗེས། ངས་བཤད་སོང་མ་ལབ་ལོ། རེད་རེད། ད་སྐྱོན་གས་མི་འདུག ངས་གནས་ལུགས་ཡོད་པ་ཞིག་བཤད་ཀྱིན་པ་ལས། ཁོ་ཚོའི་ལད་ཟློས་ལས་ནི་བརྒལ་མེད།
བོད་མི་རིགས་ཀྱི་ཆེད་དུ་ལོ་མང་དཀའ་ལས་རྒྱབ་མཁན་དག་ལ་དེང་སང་སྐྱོན་བརྗོད་བྱེད་རྒྱུ་མེད་དུས་སྒྲུང་གསར་པ་དེ་འདྲ་ཡང་བཟོ་ཡོང་གི་འདུག། ད་དངོས་གནས་རང་ངོ་རང་གི་མི་ཤེས་མཁན་དེ་ཚོ་སྙིང་རྗེ།
མགོན་པོ་ཡེ་ཤེས་ཡིན་ན་འདིས་ཉ་ཉོག་མང་པོ་ཞིག་བྲིས་པ་ལས་ཚིག་ཉུང་དོན་འདུས་ཞིག་བྲིས་ཡོད་ན་ང་ཚོར་ཀློག་བདེ་ལ་བསམ་ཚུལ་རེ་ཡང་ཞུས་ན་ལོས་ཆོག་མོད། དྲ་ཐོག་གི་རྩོ་ཡིག་འདི་ཚོ་རིང་དྲག་ན་ཀློག་མཁན་ངལ་བའི་རྒྱུ་རུ་འགྱུར།
སྐྱོན་བརྗོད་བྱེད་དགོས་ངེས་ལ་དོན་དངོས་ཡིན་དགོས། དོན་ལ་སྙེགས་པའི་སྐྱོན་བརྗོད་དང་དུ་མི་ལེན་མཁན་དེ་ནི་བླུན་པོ་ལས་ཀྱང་ཆེས་བླུན་པོའོ།།
དངོས་སྒྲུང་འདི་ལ་ངར་ཤུགས་དང་རྒྱབ་ལྗོངས་ཆེན་པོ་ཞ་དྲག་འདུག དངོས་གནས་ཡིན།
རྩོམ་ཡིག་འདི་ཀློག་ཤེས་ན་ཧ་ཅང་ཡག་པོ་འདུག
ང་ཚོ་བཀའ་ཁྲི་དང་སྤྱི་འཐུས་འོས་ལང་མཁན་ཚོས་དངུལ་སྤྲོད་ནས་འོས་སློང་གི་ཡོད་རེད་ཟེར་བ་དེ་དཀྲོག་གཏམ་རང་རེད།
སྤྱིར་འཛམ་གླིང་ནས་དེ་འདྲའི་ལུགས་སྲོལ་ཡོད་ཀྱང་། ད་ལྟའི་སྐབས་ང་ཚོ་བོད་པ་ཚང་ལ་དེ་ཙམ་གྱི་རེ་དོགས་ཡོད་མ་རེད།
གལ་སྲིད་ང་ཚོ་བོད་པ་ཚང་གིས་འགྲོ་སོང་ཕོན་ཆེར་བཏང་ནས་འོས་ཐོབ་ན་དེའི་གུན་སོབ་གང་འདྲ་བྱེད་ནས་ཐུབ།
ཡིན་ནའང་ཡར་མར་གཞིས་ཆགས་ཁག་ཏུ་འགྲོ་རྒྱུ་དང་། ཡིག་རིགས་བཀྲམས་པའི་ཆེད་དུ་དངུལ་ཅུང་ཟད་ཙམ་བཏང་བ་ནི། ཧང་སང་དགོས་པ་གང་ཡང་མ་རེད།
སྒྲུང་དེའི་ནང་གི་མི་སྣ་དེ་ནི་རྒྱ་རི་སྒྲོལ་མ་རེད། ཁ་སྔོན་བཀའ་ཁྲི་ཡི་འཐོབ་པའི་སླད་དུ་གང་སར་དངུལ་སྤྲད་པ་རེད། དེང་སང་བློ་ལ་ཡང་སྤྲེལ་ལད་འཁྲབ་གི་འདུག་ཟེར།
ཁོ་མོས་རྣམ་གྲོལ་གླིང་དུ་ཡོང་ནས་དགོན་པའི་ལས་འཛིན་པ་ཚོ་ལ་ཁོ་མོ་ལ་བཀའ་ཁྲི་དང་།རྒྱ་རི་བུ་ཕྲུག་ལ་རྙིང་མའི་སྤྱི་འཐུས་འོས་འཕངས་ན་བྷེང་ལོ་ནས་ས་ཁང་ཞིག་ཡོད་པ་དེ་རྣམ་གྲོལ་གླིང་ལ་འབུལ་ཆོག་ལབ་འདུག
ཡག་པོ་བྲིས་འདུག
གོ་རྒྱུ་ཅན་ཞིག་རེད་འདུག
རྒྱ་རི་སྒྲོལ་མ་བཀའ་ཁྲིར་དགའ།
རྣམ་གྲོལ་གླིང་པ་ཁང་པར་དགའ། །
དེ་ཡིས་ཁ་ཚོང་འགྲིག་འདུག་པས། །
ཁྲི་དགའ་ཁང་དགའི་བཀྲ་ཤིས་ཤོག །
མགོན་པོ་ཡེ་ཤེས་དེ་ངོ་མ་བྱང་སུ་ཆུད་པའི་སོ་ཉུལ་བ་ཞིག་དང་ ཚིག་དོན་དྲན་པར་བཟུང་དགོས་ན་ཐོན་གསར་ཤོས་ཀྱི་ཁམ་པུ་ཀྲར་གྱི་དྲན་པ་བཞིན་ཡོད་ལེ་བདའ་ སོ་ཉུལ་གྱི་སྦྱོང་དར་དེ་འདྲ་ཨ་རིའི་ སི་ ཨཡེ་ ཨེ་ ནས་ཐོན་ལེ་ཡིན་ནམ་ རུ་སུའི་ ཀེ་ རྗི་ སྦི་ ནས་ཐོན་ལེ་ཡིན་ སྒྲུང་སྙན་པོ་ཀྲ་མ་ཞིག་བདའ་ སྒྲུང་འདི་ངོ་མ་ཡིན་ན་དེ་འདྲའི་རྔམ་ཀྲགས་དང་བརྡིག་ར་གཏོང་སྟང་ དངུལ་མགྲོན་ཕང་མེད་གཏོང་སྟང་ལ་ཞིག་ན་བཀའ་ཁྲིར་ལང་རྒྱུའི་དམིགས་ཡུལ་ངོ་མ་དེ་རང་ཉིད་གྱི་ཁེ་ཕན་དོན་དུ་ལས་བོད་སྤྱིའི་རྩ་དོན་ཁ་རུ་ཁྱེར་བ་དེ་ལག་ཆ་བཞིན་བེད་སྤྱོད་གཏོང་བའི་ཚོར་སྣང་ཆེན་པོ་ཞིག་སྟེར་བྱུང་ འོ་ད་མཁྱེན་ནོ་ མཁྱེན་ནོ་ བོད་རྒྱ་ཆེའི་མང་ཚོགས་ཀྱི་རྣམ་སྤྱོད་ཡངས་པོ་དེ་མཁྱེན་ནོ་།
ངས་ཞིབ་ཏུ་ཀློག་དུས། སྒྲུང་འདིའི་ནང་གི་དངུལ་སྤྲོད་མཁན་དེ་ནི་རྒྱ་རི་སྒྲོལ་མ་ལགས་དང་། དངུལ་ཟོས་ནས་རྒྱུག་ཁྱི་གནང་མཁན་ཁོང་ནི། ཟླ་བ་ཚེ་རིང་བོད་གཞུང་ཁྲིམས་ཁང་ནང་བསྐྱལ་མཁན་ཕག་རི་བ་པ་སངས་ཚེ་དབང་རེད་འདུག
ཁོང་གིས་ད་ལོ་རྒྱ་རི་སྒྲོོལ་མའི་རྒྱུག་ཁྱི་བྱས་ནས། ཁོ་རང་གི་ཁེ་སངས་དེ། ཁོ་རང་དབུས་གཙང་སྤྱི་མཐུས་ནང་སླེབས་ཐུབ་རྒྱུའི་ཐབས་ཤེས་དེ་རྒྱ་རི་སྒྲོལ་མས་འཐེན་པ་རེད།
རྒྱ་རི་སྒྲོལ་མས་མོ་རང་སྒེར་དྲུང་རྨོག་ཏུ་བསྟན་པ་ལགས་བརྒྱུད་མངག་གིས། ཟླ་བ་ཚེ་རིང་འགྲམ་དུ་སོང་ནས། ཟླ་བ་ཚེ་རིང་དང་། པ་སངས་ཚེ་དབང་བར་གྱི་འགལ་ཟླ་དེ་ཟླུམ་ཐབས་བྱས་ཡོད།
ལས་ཀ་འདི་འདྲའི་ཡོང་ཁུངས་གཙང་མ་ཟིག་ནི་ཡབ་པ་སངས་ཚེ་དབང་ལགས། ད་ལོ་སྤྱི་མཐུས་ལང་པ་དེས་རེད་འདུག ཁོང་སྤྱི་མཐུས་ལང་པའི་བློ་ཁོག་དེ་ནི་རྒྱ་རི་སྒྲོལ་མས་བསྐྲུན་པ་རེད། གོ་སྐབས་དེ་བཟུང་ནས་ཡོང་བའི་རྒྱ་རི་སྒྲོལ་མས། པ་སངས་ཚེ་དབང་ལ་དངུལ་དངོས་ཀྱི་ལྐོག་མངན་སྤྲོད་པའི་ལོ་རྒྱུས་ཁོ་རང་རང་གིས་ཨ་རག་གིས་བཟི་དུས་བཤད་ཡོད་པ་ནི། རྡ་སར་གནས་སྡོད་ཁོང་གི་ཨ་རག་བཏུང་རོགས། རྒྱ་དཔོན་བཀྲ་ཤིས་ལགས་ཡོད།
ད་ཚར་ཚར་སོང་དེ་གླེང་མ་གླེང་མི་འདུག་དྲ་གྲོགས་ཚོ་འི་ཚོས་གཞན་གླེང་རྒྱུ་མེད་པ་མ་རེད། ད་སྐབས་སྤྱི་འཐུས་ཁ་ཤས་ཞིག་ཡིན་འདོག་དང་སྤྱོད་པ་ཡང་ངོ་བྱས་ནས་འགྲོ་བ་མཐོང་ན་ང་ངོ་མ་ངོ་ཚ་གི་ཁྱེད་ཚོ་དེ་འདྲ་འི་རེད། ཁ་ནས་གོང་ས་མཆོག་ཟེར་ཁ་བྱས་ནས་རྒྱབ་ནས་ཇི་འདྲ་བདེ་མོ་རེ་དྲན་གྱི་འདུག་ངོ་མཐོང་མཐོང་སོ་ད་འགྲིག་འདུག་ཐུགས་རྗེ་ཆེ་རྗེས་སུ་ཕེབས་མ་དགོས།
གོང་གི་དེ་ང་ཚོའི་བུད་མེད་འཇོན་ཤོས་དེ་མ་རེད་དམ། དེ་ཡང་དེ་འདྲ་རེད་པེ་ངོ་མ་ད་ཧ་མི་གོ་གི་ཡ་ད་ཚར་སོང་།
གོང་གི་བུད་མེད་དེ་ང་ཚོའི་ནང་གི་འཇོན་ཤོས་དང་། དྲགས་ཤོས་རེད་ལབ་ནའང་འདྲ་མ་རེད་ལབ་ནའང་འདྲ། གང་ལྟར། བོད་མི་ཡོད་ཚད་ཕྱི་རྒྱལ་ལ་གཏོང་གི་ཡིན་ལབ་ནས། བཀའ་ཁྲིའི་འོས་སློང་མཁན་དེ་རེད་བ། དེ་ནི་ང་ཚོས་ཕན་ཚུན་གོ་བརྡ་འཕྲོད་ཐབས་གནང་མི་དགོས་པ། འདིའི་སྔོན་འགྲོའི་འོས་བསྡུ་སྐབས་མོ་རང་རང་གིས་གསལ་པོ་བཟོས་ཡོད་ལ། དེ་ལས་ཀྱང་། རྡ་སའི་ཟློས་གར་ཁང་དུ་བཀའ་ཁྲིའི་འོས་མི་བཞི་བགྲོ་གླེང་སྐབས་སུའང་མོ་རང་གིས་བཤད་ཡོད་པ་དག་ད་འོད་སྡེར་ཐོག་ཉན་ཉན་ཆོག་བཟོས་འདུག
ད་འདུག་མོ། རྒྱ་རི་བུ་ཕྲུག་གིས་རྙིང་མ་ཚང་ལ་ལོ་རེ་བཞྀན་སྦྱིན་བདག་བྱེད་ཀྱིན་ཡོད་རེད་ཟེར་བ་ལའང་གནས་ལུགས་མི་འདུག་གམ། ཁོས་རྙིང་མ་ཚང་གི་ཚེ་བདུན་གསོལ་འདེབས་ཟེར་བ་དེའང་ཤེས་ཀྱི་མི་འདུག་པའི་ལོ་རྒྱུས་དངོས་ཡོད་རེད། ད་དུང་རྙིང་མའི་སྤྱི་མཐུས་ཀྱི་སྐུབ་སྟེགས་ཐོག་ནས་རྫིག་རྫིག་བྱས་ཏེ་འདུག་ཡོད་ཟིག
ཁོ་ཚོས་གསོས་ཕྲུག་དངོས་གནས་བོ། སྨི་གྲོལ་གླང་གི་ཁོ་ཁྱིམ་ཟེར་བ་དང་། རི་འགོ་སྤྲུལ་སྐུ་ཟེར་བ་དེ་གཉིས་ཟེར་ཟེར་མོ། འདིའི་ཚོའི་སྐོར་ནས་གནས་སྟངས་གསལ་པོ་ཤེས་མཁན་ཡོད་ན་འདིར་བཤད་རོགས་དང་། ང་ཚོ་ལ་ཕན་ཐོག་ཡོད་པ་རེད། དེ་རེད། ད་ལྟ་ང་ཚོས་དངོས་གཞྀའི་འོས་བླུགས་གྲབས་ཡོད་ཟི་བོ། བོད་མི་རིགས་དང་། གཞིས་བྱིས་གཉི་ཀྱི་ཚབ་ཐུབ་པ་ཞིག་གནང་ཐུབ་དགོས།
རྙིང་མའི་སྤྱི་འཐུས་རྙིང་མའི་དགོན་པར་ལོ་རེ་བཞིན་སྦྱིན་བདག་བྱེད་གིན་འདུག་ན་རྗེས་སུ་ཡི་རངས་བྱོས།
རྙིང་མའི་སྤྱི་འཐུས་རྙིང་མའི་བླ་མ་དང་འབྲེལ་བ་འདུག་ན་ཡག་རྟགས་རེད།
རྙིང་མའི་སྤྱི་འཐུས་ཚིག་བདུན་གསོལ་འདེབས་འདོན་མ་ཤེས་ན་ཞབས་འདྲེན་རེད།
ཡང་ཁྱོད་ཀྱིས་༼རྙིང་མ་ཚང་གི་ཚིག་བདུན་གསོལ་འདེབས་ཟེར་བ་འདི་༽འདི་འདྲ་ཅང་སྙན་པོ་ཞིག་མིན་འདུག་མོད། ད་གཡུག་ཞོགས། ཁ་བརྡས་མཆན་བུ་འགོག་གི་རེད། ཚིག་རྒྱག་རེས་བྱེད་དགོས་ན་ང་དང་ཁྱོད་ལ་ཁྱད་པར་མེད་ངེས། ད་དམངས་གཙོ་རེད། ༥༩ གོང་གི་དགེ་ལུགས་པའི་དགོན་ཆེན་གསུམ་གྱིས་གནོན་ཤུགས་བྱས་པ་བཞིན་ད་ཕན་གཏན་ནས་ཡོངས་ཐབས་ཡོད་མ་རེད། དེ་འདྲ་ཞིག་ཉི་མ་ནུབ་ནས་ཤར་ན་མ་གཏོགས་ཡོང་གི་མ་རེད་ལོ།
དེ་ལས་་་་་་་་་
མེ་ཏོག་དཀར་པོ་ཟེར་མཁན་ལགས། ཁྱེད་རང་གིས་དགེ་ལུགས་པ་ཟེར་ནས་མིང་མ་འབོད་དང་ཡག་པོ་རེད། ག་རེ་ལབ་ཡ་ཡོད་ན་ང་ལ་ལབ་རོགས་གནང་དང་དེ་གས་འགྲིག
ཚིག་བདུན་གསོལ་འདེབས་མ་རེད་དམ། ཁྱེད་རང་ཚོ་ལ་འཇོན་ཐང་དང་། རྙིང་མ་ལ་ལྷག་བསམ་ཡོད་ན། རྙིང་མ་ཚང་སྲ་ཐག་ཐག་བྱོས་དང་དེ་གས་འགྲིག་པ་རེད། སྔོན་མ་ཁ་བརྡའི་ནང་དུ་པད་ནོར་རིན་པོ་ལ་སྐུལ་འདེབས་བྱེད་དུས་ཁྱེད་ཚོ་སུ་གང་ཐོན་ཡོང་བ་མི་འདུག
ཁྱེད་ཚོ་ལ་ཡི་གེ་ཤེས་མཁན་ཡོད་འགྲོ འོན་ཀྱང་དེ་ཚོ་ལ་ལན་ཙམ་མེད་པ་ག་རེ་བྱས་ནས་ལུས་སོང་བ་རེད།
ད་ལོའི་བོད་གཞུང་མང་ཚོགས་ཆེན་ནང་དུ་ཆོས་བརྒྱུད་སྤྱི་མཐུས་མི་དགོས་ཟེར་མཁན་ཆོས་བརྒྱུད་སྤྱི་མཐུས་དེ་སུ་རེད། མ་ཤེས་ན་ངས་ལབ་ཆོག དེ་ནི་ཁྱེད་རང་ཚོའི་སྦྱིན་བདག་རྒྱ་རི་ཚང་གི་བུ། རྙིང་མའི་སྤྱི་མཐུས་རེད།
ད་དུང་མང་མང་པོ་ཟིག་བཤད་རྒྱུ་ཡོད་པས། ཁྱེད་རང་གིས་དང་པོ་ནས་ལན་ལ་རག་ལས་ཡོད་དོ།
ཉིད་ཀྱིས་ཀྱང་རྒྱ་རི་བུ་ལ་གང་ཟེར་ན་ཁྱེད་རང་གི་འདོད་པ་རེད་ལ་རྙིང་མ་དང་རྙིང་མ་མ་ཟེར་ན་ཡག་པོ་རེད།
ད་ཁྱེད་རྣམ་པས་དགེ་ལུགས་དང་རྙིང་མའི་སྐོར་མ་ཤོད་དང། ཤོད་སྙིང་འདོད་ན་བཀའ་རྒྱུད་ཚང་ལ་ཤོད བཀའ་རྒྱུད་ཚང་གི་མི་རྫོགས་ཚར་བ་འདྲ། ཁོ་ཚོའི་སྤྱི་འཐུས་ལ་མི་ར་བཟི་ཕན་མེད་གཅིག་བསྒྱུགས་འདུག ཁོ་པ་ནི་དབུས་གཙང་ཆོལ་ཁས་གད་སྙིགས་ཁྲོད་གཡུག་ཟིན་པའི་གད་སྙིགས་ཤིག་རེད། འོན་ཀྱང་བཀའ་རྒྱུད་ཚང་གིས་བསྒྲུགས་པའི་རྒྱབ་ལྗོངས་ལ་དཔྱོད།