དུས་ཚོད། རེས་གཟའ་པ་སངས། སྤྱི་ལོ་༢༠༡༡ཟླ་བ་གཉིས་པའི་ཚེས་༡༡ཉིན།
ཆུ་ཚོད། ༦-༨བར།
ས་གནས། ལ་རྩེ་དཔེ་མཛོད་ཁང་།
Trace Foundation’s Latse Library
132 Perry St., #2B
New York, NY 10014
ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ལ་བརྩེ་དུང་གི་དུས་སྟོན་ལ་ཕེབས་རོགས།
ཟླ་བ་གཉིས་པའི་ཚེས་༡༡ཉིན་གྱི་དགོང་དྲོར། བོད་ཀྱི་རྩོམ་རིག་གི་ཡིག་ཆ་ཁག་དང་། ལོ་རྒྱུས་ཀྱི་ཡིག་ཆ། དེ་བཞིན་ཕོ་མོའི་མཛའ་གཞས་སོགས་དཔྱད་གཞིར་བཅོལ་ནས་བོད་ཀྱི་རིག་གཞུང་ནང་ལ་ཕོ་མོའི་བརྩེ་དུང་དང་འདོད་པའི་རྣམ་འགྱུར་སྟོན་སྟངས་ཀྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་པས། ལྷན་རྒྱས་ཕེབས་རོགས་གནང་། ཚོགས་འདུ་འདིར་ཆེད་མངགས་གདན་ཞུ་བྱས་པའི་གསུང་བཤད་གནང་མཁན་ཚོས། དངོས་བྱུང་དང་རྟོག་བཟོ་བྱས་པའི་བརྩེ་དུང་གི་གཏམ་རྒྱུད་དང་། བརྩེ་དུང་དང་སྐྱོ་གདུང་གི་གླུ་གཞས། དེ་བཞིན་བརྩེ་དུང་གི་མཛའ་འཕྲིན་སྤེལ་སྟངས་དང་དེའི་གོ་རིམ་སོགས་ངོ་སྤྲོད་གནང་རྒྱུ་ཡིན། ཚོགས་འདུ་དེར་ད་དུང་མཛའ་འཕྲིན་འགྲན་བསྡུར་གྱི་ལས་འགུལ་སྤེལ་ནས་ ༼འགྲན་བསྡྲུར་གྱི་ལས་རིམ་དེ་ངེད་ཚོའི་དྲ་རྒྱའི་ཐོག་ལ་གཟིགས་རོགས།༽ གཟིགས་མོ་བ་ཚོས་མཛའ་འཕྲིན་ལེགས་ཤོས་དེ་གདམ་རྒྱུ་ཡིན། ཚོགས་འདུའི་སྐབས་ལ། མངར་ཟས་ཅོག་ལེ་ (chocolate) དང་རྒུན་ཆང་དྲངས་ནས། ཅིའི་ཕྱིར་སྙིང་གི་ཚི་ལུ་ཞེས་པ་ནི་སྙིང་གི་དུམ་བུ་གཉོམ་ཤོས་དང་ལེགས་ཤོས་ཡིན་པ་རྟོགས་པར་འགྱུར་རོ།
ཅིག་འབྲི་ན་འདོད་ཀི་ར་ངོ་ཚ་ནས་འབར་མ་ཐལ་ན་ཁྱོའི་ཤ
ད་ཐེངས། སྙིང་གི་ཚི་ལུ་མ་དེར་ཅིག་འབྲི་གི་ཡིན།
ཁ་བརྡ་ཚང་གིས་རྟོག་བཟོ་ཡང་འགྲིག་ཟེར་གི ད་འདི་ཚང་གིས་འདུག་གི་མ་བཞུག་ནི་རེད། ཅིག་འབྲི་ཡ།
ཀླུ་སྨྱོན་འདི་རང་ང་བཞག་ན་བརྩོག་བཤད་རྒྱུན་མི་ཆད། ད་ལབ་ཙེ་ཚང་གིས་བཀོད་སྒྲིག་བྱས་ནས་ཤོག་ཟེར་དུས་ངོ་ཚ་གི་ཡིན་ན་ཅིག་ཟེར། ད་ཤི་ཐ་ཡ། ཤི་རེ་བྱོས་དང་གཅིག་བྱས་ན་ལབ་ཙེ་ཚང་གི་སྙིང་གི་ཚི་ལུ་ཞིག་ངོ་སྤྲོད་བྱེད་ན་ཐང་ཡ། དྲང་མོར་ཤོད་ཞོག་ད་འགྲིག་ནི་རེད། དེ་ཅང་མི་སྲིད་པ་དེ་འདྲ་མ་རེད། ཡིག་ཆུང་ཞིག་བྲིས་ཞོག་དང་། ལྕགས་ཀྱུ་ཉ་ལ་ཇི་བཞིན་དུ།། ཟེར་བ་ཞིག་འཇུས་ཡོང་ན་ཐང་ཡ།
ཁྱོད་འདི་ཉ་བརྡ་ཞིག་གི་སྐྱེ་བ་ཡིན་ས་རེད། རིག་རིག་ཐུག་ཐུག་ཚང་མ་འཇུ་ན་འདོད་ཀོ་ནོ། ལ་རྩེ་ཚང་ནས་མཐོང་ད་མཐོང་སོང་སྟེ་དེང་སང་དེ་ན་མི་རབས་ཟེར་གི ང་འདི་ད་ཤོག་ཟེར་ན་སྙིང་མེད། ད་རྒྱོབས་ཟེར་ན་སྣེ་མེད་ཟེར་བ་དེ་ཡིན་ནི་རེད། མཛེས་མ་ངོ་མ་ཞིག་ལ་ཐུག་དུས་རླིག་པ་ཁོག་ལ་འཛུལ་འགྲོ་ནི་རེད་ཀོ
སྙིང་གི་ཚིལ་ལུ་མ་ལུ་ཟོ་གཡུགས་ཞོག འཆི་ཁ་རྒས་ཁར་ལག་ག་ཇ་ཚ་འདེ་རེ་འཇོག་ནི་ཟིག་མེད་ལ་མི་བ་གི་ཡ། ས་མཐའ་སྡེ་མཐའ་ཟིག་ནས་ངོ་མ་ཅིག་དཀའ་གི འུ་གཉིས་ཀའི་ནང་གཏམ་ཡིན་ད། མཚམས་རེར་ཁ་ནང་ལ་ཟ་མ་ར་མི་ཡོང་གི་ཨ་རོ། ཨ་རི་ཡིན་ན་མུག་རི་ཡིན་ན་འདི་ནས་ངས་མུ་གེ་མྱང་ངས་མི་བ་གི ད་ལག་ཐོག་ག་ཆུ་ལྡུག་ནི་ཟིག་ར། ལག་འོག་ག་མྱེ་འདྲུ་ནི་ཟིག་ལེན་ན་འདོད་ཀི
མྱི་ལྡང་ཁྱོད་ར་རང་ང་མ་འདུག ཁྱོད་འདི་རྒྱགས་ནི་གི་ར་ཉི་མ་གཅིག་རྒས་ཀི་བཞུག་ར་གསང་སྤྱོད་ནང་ང་ར་ཐོན་ནི་མ་རེད། དེ་ལས་ཆབ་ཏོ་འཁུར་ནི་ཟིག་ར་རྒྱབ་བ་འཕྲུག་ནི་ཟིག་ད་ད་ནས་ཚུལ་ར་ཧྲ་ག
ཀུན་ཕན་ཚང་ད་ངོ་ནས་ཀུན་ཕན་་ཚང་རེད་ཡ། ད་ནས་མྱི་རྐྱང་དང་མོར་རྐྱང་ཚོར་ཕན་ནི་ཞིག་ལས་རྒྱུ་ཡིན་ས་རེད། དེའི་ཞོར་ལ་སྐྱ་མིན་སེར་མིན་ཚང་མ་ལ་ཡང་ཕན་ནི་ཟིག་ལས་རྒྱུ་རེད་པ། ལོ་རྒས་གི་རྒས་གི་ངོ་ནས་སྙིང་གི་ཚི་ལི་ཞིག་ལ་དུང་ནི་ཟིག་རེད། ད་དུང་ས་མཐའ་སྡེ་མཐའ་ཞིག་ནས་རྣ་ལམ་ལ་སྐད་སྙན་མོ་ཞིག་བཤད་ནི་ཡོད་ན་ལ་ཧྲ་ཀི
ད་ཐེངས་ད་་་་ཨ་ལགས་ཁྱེད་ཚང་དང་་་་ཨ་ཁུ་ཟླ་མེད་སོགས་ལ་ལབ་རྩེ་ཚང་གིས་བུ་མོ་རེག་ཐབས་གོ་སྒྲིག་ཡག་པོ་ཟིག་བྱས་ཡོད་ཀི གོ་སྐབས་འདི་ཤོར་གི་འཇུག་མི་ཉན་གོ
ཀླུ་སྨྱོན་གི་གོ་སྐབས་ཡག་ཤོག་ད་ཐེངས་རེད། འཆོར་གི་མ་འཇུག ནམ་ནམ་ཞར་ཞར་ལ་རྨི་ལམ་འཁྲིགས་སོང་། བུ་མོ་དྲན་བྱུང་ཟེར་རྒྱུ་མང་ང་། ད་དུང་འབྲི་མི་ཤེས་ན་ཁ་སང་སྔོན་མའི་ཚེ་སྐྱིད་དང་ཁྱེད་གཉིས་ཀྱི་བརྩེ་མགུར་དྲོན་མོ་བསྐུར་ར་ཆོག་གི ་་་་་་་་་་་་་་་་་་་་ངས་ཀྱང་འདུག་མ་ཐུབ་ནས་ཅིག་བསྐུར་ཡོད། ཧེ་ཧེ།
ཀླུ་སྨྱོན་གྱིས་ད་ཐང་གོ་སྐབས་ཤོར་ན་རྗེས་ནས་དེ་འདྲ་རག་ཁག་པོ་རེད། ད་རྒྱུགས་ན་ཀླུ་སྨྱོན་ལ་རྒན་མོ་མགོ་སེར་ཞིག་རགས་ས་རེད་ཚང་མའི་དགས་བསུ་བྱེད་རོགས།
ད་ཐང་ཀླུ་སྨྱོན་ངོ་མ་ཀླུ་སྨྱོན་ཡིན་མིན་ལྟ་ཆོག ད་ཁོ་ལ་ཡོད་པ་མ་རེད་ཚང་མའི་གཟིགས་ཤིག
སྙིང་ལས་ཚིལ་ལུ་ཆུང་བ་དེང་སང་གི་སྲོལ་རེད་གདའ། ཧ་གོ་སོང་ངེ་། དེ་མིན་ན་མོ་རྒྱགས་ལུག་གཅིག་ལ་གོ
i love you ཟེར་རྒྱུ་བོ་རེད་དྰ། ཁ་མིན་དོན། ཞེ་སྙིང་གཏིང་ནས་དགོས་པའི་རྣམ་འགྱུར་སྟོན་རན་ནི་རེད། ད་ང་ཚོས་འབྲི་ཡ། ཨང་དང་པོ་དེ་སྔགས་ལོག་གམ་བན་ལོག་ཁ་མཁས་ཞིག་གི་ལེན་རྒྱུ་རེད། གང་ལྟར་ད་ནི་རྟོག་བརྟགས་ཀྱིས་བཟོས་པའི་སྙིང་གི་ཚུལ་ལུ་མ་ངོམ་རན་ཐལ་ལོ། །
ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས་བཤད་ན། སྙིང་གི་ཚི་ལུ་ཞེས་པའི་ཚིག་དེ་སྙན་པོ་འདུག་མོད། དེའི་རྒྱབ་ལྗོངས་ག་འདྲ་ཞིག་ཡིན་མིན་ད་དུང་ཚོམ་ཉིའི་དྲ་བར་ཚུད་འདུག ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། འདིར་མཉམ་ཞུགས་བྱེད་འདོད་ཡོད་ཀི་དཱ། ང་ལ་ག་ཚོད་ཅིག་ཡོད་མེད་མི་ཤེས་པས་ན། སྙིང་སྟོབས་ཀྱིས་འདང་གི་མི་འདུག ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གྲྭ་པ་དེ་ཚོས་འདིར་མཆན་བུ་བཏབས་ན། མོས་མཐུན་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། གྲྭ་པ་གྲྭ་པར་སྡོད་གནས་ཤིག་དང་བཤད་སྟངས་ཤིག་ཡོད་རྒྱུ་རེད་བསམ་གི ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། བུད་མེད་ཀྱི་ནུས་པ་དང་དགའ་ཕྱོགས། ཕུགས་བསམ་དང་ཁ་ཕྱོགས་སོགས་ཀྱི་ཐོག་ལ་རྩོམ་ཡིག་རེ་འབྲི་བར་འདོད་ཀྱང་། རྔམ་སྟུག་པའི་བག་ཆགས་དང་གུ་དོག་པའི་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས། འབྲི་ཐུབ་ཀྱི་མི་འདུག འདི་ནི། ང་རང་བུད་མེད་ཡིན་པའི་ཆ་ནས། སྙིང་སྟོབས་དང་ཆོད་སེམས་ཀྱིས་མ་འདང་བ་ཡིན་རྒྱུ་རེད་ལ། ཁོར་ཡུག་དང་བག་ཆགས་ངན་པ་དེའི་དབང་ཤུགས་ཀྱིས་ཡིན་སྲིད་པ་ཞིག་ཀྱང་རེད།
རྔ་པ་ཚེ་སྐྱིད་ལགས།
སེམས་ཤུགས་མ་ཆགས།
ངས་བུད་མེད་ཀྱི་ཐོབ་ཐང་དང་ང་ཚོའི་རིག་གཞུང་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད།
མེ་ཏོག་ལྷ་མཛེས་ལ་གཟིགས་དང་། བྱེད་མ་ཐུབ་པ་གང་ཡོད་རེད།
རྔ་པ་མཚོ་སྐྱིད་ཀྱི་སྙིང་གི་ཚིལ་ལུ་དེ་དང་། ལ་ཙེའིབོད་ཡིག་ཡིག་ཆེན་སྙིང་གི་ཚིལ་ལུ་འདི་གཉིས་འདྲ་སེ་ཡོད་ཟ་རེད། གྲྭ་པ་མ་ཡིན་ཚོས་འབྲི་ཆོག་པ་དང་། གྲྭ་པ་ཚོས་བསམ་ཆོག་པ་ལས་བྲི་མི་ཆོག་ཟེར། ཡ་ཡ།
སྙིང་གི་ཚི་ལུ་ཞེས་པའི་ཚོགས་འདུ་ལ།
གྲྭ་པ་ཨ་ནེ་མཉམ་ཞུགས་ཆོག་མིན་དང།
འདོད་པའི་རྣམ་འགྱུར་བསྟན་ན་འགྲིགས་མིན་སོགས།
ཀུན་ཕན་ཐེབས་རྩའི་ལན་ཞིག་ཡོད་པ་ཞུ།
རྔ་བ་ཚེ་སྐྱིད་ལགས།
ཁྱེད་བུད་མེད་ཀྱི་སྐྱེ་བར་བླངས་པར་དེ་འདྲ་སེམས་ཤུགས་ཆག་དགོས་དོན་མི་འདུག
བོད་མོ་དེ་ཚོས་ག་འདྲ་བྱེད་ཀྱི་འདུག་གཟིགས་དང།
མེ་ཏོག་ལྷ་མཛེས་ལ་གཟིགས་དང།
དེ་ནས་གཅིན་པ་ལང་ནས་གཏོང་མཁན་བོད་མོ་དེ་གསུམ་ལ་གཟིགས་དང་།
དེ་འདྲ་བོད་ཀྱི་བུ་ཡིས་ཀྱང་བྱེད་ཐུབ་མེད།
ད་བློ་སྤོབས་སྐྱེ་དགོས།་གྲྭ་བ་དེ་ཚོས་གང་ཡང་བྱེད་ཀྱི་མ་རེད།
ཁ་ཡིས་ཀྱང་བཤད་ཀྱང་ལག་ཏུ་ལེན་གྱི་མ་རེད།
དེ་ལས་མི་སྐྱ་དེ་ཚོར་དོགྭས་པ་བྱེད་ན་མ་གཏོགས་དཀའ་སེ་ཡོང།
ཞི་མོ་ལོ་ལོ། གྲྭ་པ་ཨ་ནེ་ཚོའི་སྐལ་བ་དེ་གཅོད་རྩིས་མ་བྱེད་རོགས། གྲྭ་པ་ཨ་ནེ་ཚོ་ཡང་མི་ཞིག་རེད། གལ་སྲིད་ཁྱོད་ཀྱང་ཨ་ནེ་ཞིག་ཡིན་ན་ཁྱོད་ལ་ཡང་དགའ་རོགས་ཤིག་ལོས་ཡོད་བསམ་གི
ཨ་ཙི་ལ་རྩེ་ནི་ལ་རྩེ་རང་རེད།
ལུང་གི་གནས་སྟངས་མ་ཤེས་པ་འདི་སྐྱོ་བ་ལ།
ངོས་རང་སྙན་རྩོམ་དེ་འདྲ་འབྲི་རྒྱུ་ལ་དགའ་བོ་ཡོད་ཀྱང་བརྗོད་གཞི་འདི་དང་གོ་སྒྲིགས་པ་འདི་འདྲ་ལ་སྙན་རྩོམས་མི་འབྲི།
གང་ཡིན་ཟེར་ན།
ལ་རྩེ་མ་རེད།
ལ་བཙས་རེད་དེ་གཅིག་བྱས།
སྙིང་གི་ཚི་ལུས་ཞེས་བརྗོད་དུས་ང་ཡི་སྙིང་རྩ་འདར་ཡོང་གི་འདུག
གང་ཡིན་ཟེར་ན་ང་ཡི་ལྷ་རྗེ་ཡིས་གཟུགས་སྦྱོང་ཡག་པོ་བྱེད་དགོས།
རྟག་ཏུ་ཞག་རྩི་ཅན་གྱི་རིགས་བཟའ་མི་ཉན།
ཚི་ལུ་དཱ་ཨ་ཅང་ཅང།
གལ་ཏེ་དེ་ལྟར་མ་བྱས་ན་ཁྱོད་ཀྱི་སྙིང་ལ་ཚི་ལུས་བཏུམས་ནས་བློ་བུར་ཐོལ་བྱུང་དུ་ཤི་ཉེན་འདུག་ཅེས་བཤད་མྱོང།
ད་གཟིགས་དང་བོད་རིགས་འདི་ནི་ད་དུང་ཡང་རྗེས་ལུས་རེད་འདུག
ཁྱེད་རང་བུ་ཡིན་པའི་དབང་དུ་བྱས།་་
ཕྱི་རྒྱལ་གྲོགས་མོ་ཞིག་ལ་ང་ཡི་སྙིང་གི་ཚི་ལུ་ཞེས་བརྗོད་དང།
ག་རེ་ལན་རྒྱབ་ཡོང་གཞི་ནས་ཤེས་ཐུབ།
དེང་དུས་ཀྱི་ཨེམ་རྗེ་ཚང་མས་སྙིང་ལ་ཚི་ལུ་གསོག་མི་རུང།
འཕྲོད་བསྟེན་ལེགས་པོ་བྱེད་ཅེས་བསླབ་བྱ་རྒྱབ་ཡོང་གི་རེད།
ང་ཚོས་སྙིང་གི་ཚི་ལུ་དེ་ནི་ལེགས་ཤོས་དགའ་ཤོས་བརྩེ་བ་ཆེ་ཤོས་རྩ་ཆེ་ཤོས་ཞིག་ལ་བརྩིས་པ་ནི་རྗེས་ལུས་ནི་རྗེས་ལུས་རང་རེད།
སྙིང་ལ་ཚི་ལུ་མི་འབྱུང་བའི་སྨོན་དང་བཅས་ཏེ།
ཨ་རོགས་ཚོ་། ལ་གཞེས་བླང་ན་ཨུ་ཆོགས་གི། གལ་ཏེ་ལ་གཞེས་བླང་འགྲིགས་གི་ཡོད་ན་། ངས་ངེད་ཚང་གི་ན་མ་ཁྲིད་ནས་ལེན་གཏུག་ཏུ་ཡོང་གི་ཡིན། གྲ་བ་ཡོང་ན། སྔགས་པ་ཡོང་ན་སུ་ཡོང་ན་ཤོ་།
ཚིལ་ལི་དེ་གཟུགས་པོའི་སྟོངས་ཤུགས་རེད། ཡག་པོ་ཡོད་པ་རེད། མང་དྲགས་ན་ན་ཚ་རེད། སྙིང་རྩ་འགག་ནས་ཤི་གི་རེད།
ཆོས་དེ་བསམ་བློའི་བདེ་ཐང་དང་སྟོབས་ཤུགས་རེད། ཡག་པོ་ཡོད་པ་རེད། མང་དྲགས་ན། སྤྱི་ཚོགས་དང་ཁྱིམ་སྲིད་ཡར་རྒྱས་ཀྱི་འགོག་རྐྱེན་རེད།
ཚིལ་ལི་ཡིན་ན་འདྲ། ཆོས་ཡིན་ན་འདྲ། གཟུགས་ཁམས་དང་རན་པ་ཏག་ཏག་ཅིག་ཡོད་ན་ཡག་པོ་ཡོད་རེད།
ཕྱི་རྒྱལ་པ་དང་ཚན་རིག་པ་དེ་ཚོས་སྙིང་ལ་ཚི་ལུ་ཟིན་ན་ཉེན་ཁ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ང་ཚོས་དགའ་རོགས་སྙིང་ལ་འཐད་ཤོས་དེར་སྙིང་གི་ཚི་ལུ་ཞེས་བོས་ན་ཉེན་ཁ་ཚ་ཤོས་ངོས་བཟུང་བ་གཅིག་མཚུངས་རེད།
xxxxxxxxxxxxxx
སྙིང་གི་ཚི་ལུས་སྲོག་གི་རྒྱུ་བ་འགོག །
སྙིང་གི་ཚི་ལུས་ཁྲག་ལ་འབགས་རྩོག་ཐེབས།།
སྙིང་གི་ཚི་ལུས་སྙིང་གི་བྱ་བར་རྒོལ།།
སྙིང་གི་ཚི་ལུ་རང་གི་དགྲ་དང་མཚུངས།།
སྙིང་གི་གྲོགས་དང་སྙིང་གི་ཐིག་ལེ་དང་།།
སྙིང་གི་གཏད་སོ་སྙིང་གི་མེ་ལོང་དང་།།
སྙིང་དང་འདྲ་ཞིང་སྙིང་ལས་བརྩེ་འོ་ཞེས།།
གནའ་བོའི་བོད་ཀྱི་བརྡའ་སྤྲོད་གཞུང་དུ་གསལ།།
ཡ་ད་དེ་རིང་ནས་བཟུང་བདུན་ཕྲག་གཅིག་གི་རིང་ལ་མཚམས་ལ་བསྡད་ནས་བརྩེ་འཕྲིན་ཞིག་ཨེ་འཁྱོང་ལྟ་གི་ཡིན།
དྲ་ཐོག་གི་སྤུན་ཟླ་ཚོ་ལགས། འབྲེལ་ཐག་འདི་ལ་ཡིན་་གཅིག་མིན་གཅིག་ཞིབ་དུ་གསན་རོགས་ཞུ།
http://www.youtube.com/watch?v=nkbmFPjA0MU&feature=player_embedded#at=65
སྙིང་གི་ཚི་ལུའི་མིང་གི་རྣམ་གྲངས་ལ། དགའ་མ། སྙིག་སྡུག དགའ་གྲོགས། དགའ་རོགས། ཡིད་བཅུག་མ་སོགས་སོ།
ཁ་བརྡ་དྲ་བ་དང་ཁ་བརྡའི་རྩོམ་འགོད་པ་ཚོར་ཀླན་ཀ་འཚོལ་བའི་མཆན་ལ་ཁ་བརྡས་དགའ་བསུ་མི་ཞུ།
མཆན་དེའི་རིགས་འགོག་བཞིན་ཡོད། གོང་གི་ཨ་རིག་དགེ་མཐོང་གི་མཆན་དེ་བསུབ་ཡོད།
རྔ་བ་ཚེ་སྐྱིད་ཟེར་ནས་མཆན་རྒྱག་མཁན་དེ་ཁ་བརྡའི་རྩོམ་སྒྲིག་པ་དང་རྩོམ་འགོད་པ་དེ་འདྲ་མིན།
མཆན་རྒྱག་མཁན་དེའི་གློག་འཕྲིན་ཁ་བྱང་ (lamp_editor@yahoo.com) འདི་རེད།
IP ཁ་བྱང་ (114.69.245.66) འདི་རེད།
ཡོང་ས། རྒྱ་གར་ནས་རེད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
མིན་ན་དགོངས་དག་ཞུ། ངས་ཞིབ་འཇུག་ཅིག་བྱེད་རྒྱུ་ཡིན། ངས་རྒྱུ་མཚན་མེད་པར་བྲིས་པ་མིན། ཁ་བརྡ་ཚང་ལ་ཕོག་མི་ཉན་ལགས།
རྔ་བ་ཚེ་སྐྱིད་ཀྱི་བསམ་འཆར་ཁ་ཤས་ལ་ངོས་ལེན་ཞུ་རྒྱུ་ཡིན། བསམ་འཆར་ཁ་ཤས་ལ་ངོ་རྒོལ་ཞུ་རྒྱུ་ཡིན། ངོས་ལེན་ཞུ་འོས་པ། ༼ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གྲྭ་པ་དེ་ཚོས་འདིར་མཆན་བུ་བཏབས་ན། མོས་མཐུན་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། གྲྭ་པ་གྲྭ་པར་སྡོད་གནས་ཤིག་དང་བཤད་སྟངས་ཤིག་ཡོད་རྒྱུ་རེད་བསམ་གི༽ ཚིག་འདི་ལ་ངོས་ལེན་བརྒྱ་ཆ་ལྔ་ཅུ་ཡོད།
ངོ་རྒོལ་ཞུ་འོས་པ་ནི། ༼རྔམ་སྟུག་པའི་བག་ཆགས་དང་གུ་དོག་པའི་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས། འབྲི་ཐུབ་ཀྱི་མི་འདུག འདི་ནི། ང་རང་བུད་མེད་ཡིན་པའི་ཆ་ནས། སྙིང་སྟོབས་དང་ཆོད་སེམས་ཀྱིས་མ་འདང་བ་ཡིན་རྒྱུ་རེད་ལ། ཁོར་ཡུག་དང་བག་ཆགས་ངན་པ་དེའི་དབང་ཤུགས་ཀྱིས་ཡིན་སྲིད་པ་ཞིག་ཀྱང་རེད།༽འདི་རེད། ཚིག་འདིའི་ཡང་དམར་སྲུང་དམག་ཞིག་ཡིན་པ་བསྟན་ཡོང་གི་འདུག བོད་ཀྱི་ཡུལ་སྲོལ་གོམས་གཤིས་ནི་ཁྱོད་རང་གི་བཀག་རྡོ་རེད། དེ་མ་གཏོགས་ཁྱེད་རང་སླེབས་ས་ཞིག་ཏུ་སླེབས་རྒྱུ་འེ་རེད། ཁྱོད་རང་གིས་ཡི་གེ་འབྲི་མི་ཐུབ་པ་ནི་ཡུལ་སྲོལ་གོམས་གཤིས་ཀྱིས་བཏགས་པ་འེ་རེད། འོ་ན་ཁྱོད་ཀྱིས་གོང་དུ་གྲྭ་བ་ཁ་ཤས་ཀྱི་འདིའི་སྐོར་ལ་ཡི་གེ་འབྲི་བ་འགོག་དོན་གང་ཡིན། གུ་ཡངས་དགོས་ན་ཁྱོད་ཀྱིས་གཞན་འགོག་དོན་ཅི་ཡིན། དེ་ནི་ནང་འགལ་མ་རེད་དམ།
ད་དུང་འཁོར་ཡུག་དང་བག་ཆགས་ངན་པ་ཟེར་བ་དེ་ཅི་རེད། ཁྱོད་རང་ལ་བོད་ཀྱི་འཁོར་ཡུག་དང་། བོད་ཀྱི་བག་ཆགས་ཚང་མ་ངན་པ་ཡིན་ན། རྙིང་བཞི་རྩ་གཏོར་གྱི་དམར་སྲུང་དམག་གི་ཁུངས་སུ་སྡོད་དང་དེ་འོས་མཚམས་ཡོད་པ་རེད། ག་དུས་ཡིན་ན་ཡང་རང་གི་མི་རིགས་ལ་དམའ་འབེབས་དང་། མི་རིགས་ཀྱི་གོམས་གཤིས་ལ་དམའ་འབེབས། མི་རིགས་ཀྱི་ལྟ་ཚུལ་ལ་དམའ་འབེབས། མི་རིགས་ཀྱི་སྲོལ་རྒྱུན་ལ་དམའ་འབེབས་བྱེད་པ་འདིའི་རིགས་ལ་ངོ་རྒོལ་ཡོད།
སྙིང་གི་ཚི་ལུ་ལ་འབོད་སྟངས་མི་འདྲ་བ་ཁག
དགའ་མ།
སྙིག་སྡུག
དགའ་གྲོགས།
དགའ་རོགས།
ཡིད་བཅུག་མ།
སྙིང་མཐུན།
སྙིང་གི་ཚིལ་ལུ།
རོགས་ཆུང་ལོ།
སྙིང་སྡུག
འགྲོགས་བཟང་།
བཟང་མཐུན།
སྙིང་ལགས།
མ་སྐྱེས་ཨ་མ།
སྙིང་གི་དུམ་བུ།
སེམས་ཀྱི་ཟླ་བ།
སྙིང་གི་ཕྱེད་ཀ
ལྟ་བུ་རྣམས་སོ།
ས྄ྙིང་གི་ཚི་ལུས་ཤ་ཟད་རུས་ཟད་བཟོ།
ས྄ྙིང་གི་ཚི་ལུས་དངུལ་ཁུག་ས྄ྟོང་པ་བཟོ།
ས྄ྙིང་གི་ཚི་ལུས་བ྄ློ་བུར་འཆི་ར྄ྐ྄ྱེན་བཟོ།
ས྄ྙིང་གི་ཚི་ལུས་ཐམས་ཅད་ཕུང་ལ་ས྄ྦ྄ྱོར།
དགོངས་དག་བཅོས་ཡོད།
སྙིང་གི་ཚི་ལུས་ཤ་ཟད་རུས་ཟད་བཟོ།
སྙིང་གི་ཚི་ལུས་དངུལ་ཁུག་སྟོང་པ་བཟོ།
སྙིང་གི་ཚི་ལུས་བློ་བུར་འཆི་རྐྱེན་བཟོ།
སྙིང་གི་ཚི་ལུས་ཐམས་ཅད་ཕུང་ལ་སྦྱོར།
ཨ་རོགས་ཚོ། གོང་གསལ་འདིས་སྐོར། སྐྱ་སེར་གཉིས་ཀྱི་རིག་གནས་ལ་གསུང་གི་ཡོད་དམ། སྐྱ་པོའི་རིག་གནས་ཁོ་ན་ལ་སྦྱངས་པ་ཡོད་མཁན་ཚོར་གསུང་གི་ཡོད་།
ཁྱེད་ཚོ་ངོ་བཤད་རྒྱུ་མང་གི་གྲྭ་པ་དང་ ཨ་ནེ་ཚོ་ཡང་དགའ་གྲོགས་རེད་དེ་ཡིན་ཨེ་ཤེས་ངོ་མ་མཚར་བོ་བཤད་རྒྱུ་འདུག་ཧཧཧཧཧཧཧཧཧཧཧཧཧཧཧཧཧ་ད་ཧ་སང་སོང་ངོ་མ་ཡིན།
ཚེ་སྐྱེད་མོ་རང་བུད་མེད་གང་འདྲ་ཞིག་ཡིན་ན་ངོ་སྤྱོད་བཟང་ཞིག་ཡིན་ས་རེད་ཡིན་ཡང་ཁ་ཤོར་མ་ཞིག་ཡིན་འདོག་ཁག་པོ་རེད་དེ་འདྲ་འེ་རེད།
བཀུར་འོས་དྲ་གྲོགས་མང་པོ་ཞིག་གི་བསམ་ཚུལ་བཏོན་ཡོད་པར་དགའ་ཡོད།
དེ་རིང་ངས་ང་རང་གི་སྐོར་དེ་ངོ་སྤྲོད་ཙམ་བྱེད་འདོད་བྱུང་སོང་བ་ལགས་ན། དེའི་རྒྱུ་མཚན་ཡང་དྲ་གྲོགས་རྣམ་པས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས། ང་རང་བོད་ནས་རྒྱ་གར་ལ་ཡོང་ནས་ཟླ་གཅིག་ཙམ་ལས་འགོར་གི་མེད། ད་སྐབས་སློབ་གྲྭའི་གུང་སང་ཡིན་སྟབས། ངའི་ཕུ་བོ་ནང་དུ་བསྡད་ནས་བོད་ཕྱི་ནང་གི་དྲ་ཚུགས་ཁག་ལ་ལྟ་ཀློག་བྱེད་ཀྱིན་པའི་སྒང་ཡིན་ལ། ལྷག་པར་དུ། ངའི་ཕུ་བོས་སྐུལ་མ་དང་ང་རང་གི་དགའ་ཕྱོགས་ཀྱི་དབང་གིས། མཆན་བུ་རེ་འདེབས་བཞིན་པ་ཡིན། དེའི་རྒྱུ་མཚན་ནི། རང་ལ་བསམ་ཚུལ་གང་ཡོད་སེམས་དབུས་སུ་མ་ཉར་བར་སྤྱིའི་གླེང་སྟེགས་ཤིག་གི་ཐོག་ཏུ་འགྲེམས་སྟོན་བྱས་པ་ཡིན་ན། རང་གི་གནས་ཚད་དང་གཞན་གྱི་ཕྱོགས་སྟོན་སོགས་མང་པོ་ཞིག་ལ་ཕན་པའི་ཕྱིར་དུ་ཡིན།
༡》 བཀུར་འོས་དྲ་གྲོགས་ཞིང་པའི་བུ་ལགས། རྟིང་སྐུལ་དང་སེམས་ཤུགས་བསྐྱེད་པར་བཀའ་དྲིན་ཆེ་ཞུ།
༢》 བཀུར་འོས་དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས། ང་ཚོར་ཐུན་མོང་ལ་དབང་བའི་《ཁ་བརྡ》འི་དྲ་ཚུགས་ཀྱི་སྤེལ་བའི་བརྗོད་གཞི་དེའི་དམིགས་ཡུལ་དང་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་རེད་དེ། ངས་དེ་ཚོར་མ་བལྟས་པར་དྲན་ཚོད་ཙམ་ཞིག་ཡིག་ཐོག་ཏུ་བཀོད་པ་ཡིན་པས་ན། མི་འདྲ་སའི་ཁྱད་པར་ཆེན་པོ་ཞིག་དེ་ག་རང་རེད།
༣》 བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས། ངས་བལྟས་ན། དེང་སང་། ལེགས་དང་བཟང་སོགས་དགོས་མཁོ་ཆེ་མདོག་གིས་ཁ་ཕོ་སྤྱི་བསྒྲགས་བྱས་ཀྱང་། དོན་དམ་དུ། རྩིང་སྤྱོད་ལག་ལེན་དུ་བསྟར་མཁན་མང་པ་ཞིག་ཡིན་པ་ལྟ་ཉན་མྱོང་གསུམ་གྱི་ཐོག་ནས་ར་འཕྲོད་ཀི་འདུག
༤》 བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས། སྙན་ངག་གི་སེམས་ཁམས་དང་ངོས་འཛིན་གྱིས་སྐྱེད་སྲིང་བྱས་པའི་གཟས་ཕྱོགས་དང་གོ་དོན་མི་འདྲ་བ་རེ་ཡོད་པ་དེ། སྙན་ངག་ཁོ་རང་གི་རིན་ཐང་དང་ནུས་པ་ཡིན་རྒྱུ་རེད་དེ། དེ་རིང་ཡིན་ན། ཐད་བརྗོད་དང་གསང་གྲོལ་ལམ་ལུགས་ཀྱི་མཆན་བུ་འདེབས་སྟངས་ལ་བལྟ་ཞིབ་བྱས་པ་ཡིན་ན། དེ་ཡང་གནད་དོན་ཆེན་པོ་ཞིག་ཡོད་རྒྱུ་བསམ་པས་ན། སྤྱི་བསྒྲགས་བྱས་པའི་མཇུག་འབྲས་ཀྱིས། རང་རེའི་རིག་གནས་ཀྱི་འཁོར་ཕྱོགས་དང་དེས་བསླངས་པའི་ཀུན་སྤྱོད་ལ་ཞན་སྐྱོན་ཞིག་ཆགས་ཡོང་སྟབས། སྐབས་དེར། ཁྱེད་གྲྭ་བཙུན་རྣམས་ཀྱི་ག་རེ་བྱེད་རྩིས་ཡོད་དམ།
༥》 བཀུར་འོས་ཁ་བརྡ་རྩོམ་སྒྲིག་པས་གསལ་སྟོན་གནང་བ་ལྟར། གློག་འཕྲིན་འདིའི་ཁ་བྱང་ནི། ངའི་ཕུ་བོ་རེད། དེ་ངས་བེད་སྤྱོད་བྱེད་དགོས་དོན་ནི། ད་སྐབས་ང་ལ་གློག་འཕྲིན་འདིའི་རིགས་ཀྱི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་པས་ཡིན། ཐུགས་དོགས་རྩ་བ་ནས་མ་གནང་རོགས། རྗེས་ཕྱོགས་ང་རང་གི་འདྲ་པར་དང་བཅར་འདྲི་དང་ལེན་བྱས་པ་སོགས་རིམ་གྱིས་འགོད་ངེས་ཡིན་ལ། ངའི་མིང་ཆ་ཚང་ནི། ཚེ་རིང་སྐྱིད་ཟེར་བ་ཡིན་མོད། མིང་འདི་བཀོལ་སྤྱོད་བྱེད་མཁན་མང་པས་ན། འཚར་ལོངས་བྱུང་ཡུལ་གྱི་མིང་དེ་འགོར་བཞག་པ་ཡིན་ལ། ད་ལྟ་རང་ལོ་ ༢༡ ལ་ཉེ་བ་ཞིག་ཀྱང་ཡིན། བཀུར་འོས་དྲ་གྲོགས་རྣམ་པ་ཚོས་ཐུགས་འཇགས་ཡོང་བར་ཞུ།
༦》 བཀུར་འོས་གཞོན་ནུ་ཟླ་མེད་ལགས། གཅིག་ནས། རྒྱབ་སྐྱོར་ཡོད་སྟངས་ཀྱི་རྒྱུ་མཚན་བཤད་མེད་སྟབས། ངས་ཀྱང་ཉིད་ཀྱིས་ངོས་ལེན་བྱེད་ཕྱོགས་དེར། མོས་མཐུན་བྱེད་ཐུབ་མ་སོང་། གཉིས་ནས། ངོ་རྒོལ་བྱེད་སྟངས་ཀྱི་རྣམ་འགྱུར་ལ་གཞིགས་སྐབས། བོད་རང་གི་སྐད་ཡིག་རིག་གནས་ཀྱིས་བསྐྱེད་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་སླད་མེད་པའི་སྒོ་ནས་གཅེས་སེམས་ཤིག་བསྟན་འདུག་ཀྱང་། གཅེས་སྟངས་དང་སྲུང་འཛིན་བྱེད་ཕྱོགས་ལ། ཐབས་བྱུས་དང་རིགས་ལམ་མང་པོ་ཡོད་རྒྱུ་རེད་དེ། ངས་བསམ་ཞིབ་བྱེད་སྐབས། བོད་མི་རིགས་དེ། བག་ཁུམས་ཤིང་རྗེས་སུ་ལུས་པའི་མི་རིགས་རིགས་ཤིོག་རེད་འདོད་ཀི། དེའི་རྒྱུ་མཚན་ནི། གསར་བརྗེའི་སྙིང་སྟོབས་དང་གསར་གཏོད་ཀྱི་རྣམ་དཔྱོད་སོགས་ཆེས་བུལ་ཞིང་ཞན་པས་རེད་བསམ་གི། རྒྱབ་རྟེན་གང་ཡིན་ཟེར་ན། གསར་བརྗེའི་བསམ་བློ་དུས་སྐབས་རེར་བྱུང་ཡོད་ཀྱང་། ལག་ལེན་དུ་བསྟར་བའི་གྲུབ་འབྲས་མེད་པ་བློ་སྤོམས་ཀྱིས་མ་འདང་བ་རེད། རྣམ་དཔྱོད་ཅན་གྱི་སྐྱེ་བུ་རླབས་ཆེན་རེ་བྱུང་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་གྱིས་མ་འདང་བ་ནི། བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཁ་ཕྱོགས་མ་རྙེད་པས་རེད། ད་དུང་། གསར་གཏོད་ཀྱི་ཐབས་ལམ་དང་བློས་བཏང་མེད་པ་ནི། ང་ཚོའི་རིག་གནས་ཀྱིས་བསྐྲུན་པའི་སྟོང་ཆ་ཆེན་པོ་ཞིག་རེད། ལྷག་པར་དུ། འདུ་ཤེས་གཅིག་དང་ལམ་བུ་གཅིག་གི་ཐོག་ཏུ་མང་ཤོས་བསྐྱོད་དགོས་པ་ནི། ང་ཚོའི་རིག་གནས་ཀྱི་དགོས་དོན་ཞིག་ཀྱང་རེད། དེ་ནས། ང་ཚོའི་རིག་གནས་ཀྱི་ནུས་པ་ནི། དཔེར་ན། རྩོམ་པ་པོ་
ལས་རྩོམ་སྒྲིག་པར་བསྒྱུར་བ་རེད། གསར་གཏོད་པ་ལས་རྒྱུན་སྐྱོང་བར་བསྒྱུར་བ་རེད།
ཨ་མམམ། ལོ་ཉི་ཤུ་རྩ་གཅིག དངོས་གནས་ན་ཚོད་སྨིན་པའི་སྒང་རེད་འདུག ཟླ་མེད་ལྐུགས་པ་ཁྱོས་སྙིང་གི་ཚུ་ལུ་ལ་གང་མྱུར་དགོངས་དག་ཞུས་ཤོག
བཀུར་འོས་དྲ་གྲོགས་བརྩོན་རྒྱམ་ལགས།
བཟང་སྤྱོད་ཅན་ཞིག་ཡིན་མིན་ནི། མི་རང་གི་དགའ་ཕྱོགས་དང་མོས་པ་སོགས་ཀྱིས་མཚོན་པའི་སྣང་ཚུལ་འདྲ་མིན་ཞིག་ཡོང་སྲིད་ཀི་རེད་དེ། ང་ལས་ལྷག་པའི་རང་ལ་རྒྱུས་ཡོད་ཀྱི་མི་ཞིག་ཡོད་རྒྱུ་མ་རེད། དེས་ན། ང་རང་ང་རང་ལ་ཐང་ཆད་མྱོང་མེད།
ཨོ་རེད། ཐད་ཀར་དྲན་ཚུལ་བཤད་མཁན་ཞིག་ཡིན་པ་དེ། ཉིད་ཀྱིས་ནོར་མི་འདུག་གོ།།
ཚེ་སྐྱིད་ལགས་ཀྱིས་ལན་དུས་ཐོག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ། ཉིད་ངོ་དེབ་ཏུ་ཡོད་པའི་རྔ་བ་ཚེ་སྐྱིད་དེ་ཨེ་ཡིན། ཡིན་ན་ནི་མཛེས་མ་ཞིག་ཀྱང་ཡོད་ཀི ཨོ་ང་ནི་གྲྭ་པ་ཞིག་མིན་པར་སྔགས་པ་ཞིག་ཡིན། ཡིན་ན་ཡང་སྔགས་པ་གྲྭ་ཆས་གྱོན་པ་ཞིག་ཡིན། གྲྭ་ཆས་དེའི་འོག་ནས་བརྩེ་དུང་གི་སྙན་ངག་འབྲི་མཁན་ཞིག་ཡིན། སྤྱིར་ཡིན་ན་ངའི་ལོ་ཚོད་འདིའི་སྟེང་དུ་མ་ཎི་དང་བཛྲ་གུ་རུ་རེ་གསོག་བཞིན་ལ་མགོའི་ཉི་མར་སེར་སྣ་རེ་བྱེད་བཞིན་བསྡད་ན་འོས་པ་ཞིག་ཡིན་མོད། ལོ་ཆུང་ཆུང་ཡིན་དུས་ནས་སྙན་ངག་གི་མཚོ་འགྲམ་ནས་འཆམ་འཆམ་བྱེད་རྒྱུ་ཅུང་མང་དྲགས་པ་དང་། མཚོ་བྱུང་ལྷ་མོའི་ཟུར་མིག་གིས་སྙིང་ལ་དཀྱིལ་དུ་རྨ་ཁ་བཟོས་པ་ཡང་ཅུང་ཚབས་ཆེ་བས། དེ་རིང་གི་སྐྲ་དཀར་གྱི་བཙོན་ཁང་དང་རྒས་གཉེར་གྱི་གདུག་རྩུབ་འོག་ནས་ཀྱང་སེམས་ལ་གང་ཤར་ཡིག་ཐོག་ཏུ་མ་བྲིས་ཐབས་མེད་ཅིག་གི་ངང་དུ་གནས་ཡོད། ངས་མ་ཤི་བར་དུ་ལུས་ཀྱི་གཟན་ཤམ་ཐེད་པོ་འདི་འདོར་འདོད་མི་འདུག་ལ། ངས་མ་ཤི་བར་དུ་སྙན་ངག་ཆག་པོ་འདི་ཡང་བསྐྱུར་ཐབས་མི་འདུག གང་ལྟར་སང་ཉིན་ནི་ཁྱོད་ཚོའི་རེད་ལ་ངེད་ཅག་གི་ཡང་ཡིན་པས། སང་ཉིན་རྡ་རམ་ས་ལའི་རི་ཞོད་ཅིག་ཏུ་ཇ་དང་ཆང་ལ་རོལ་བཞིན་སྙན་ངག་པའི་སེམས་ཁམས་ཡིན་ན་འདིའི་ངོས་སུ་བྱུགས་ཡོད་པའི་ཚོར་སྣང་གི་ཚོན་མདངས་སྣ་ཚོགས་ཤིག་གི་འགྲེམ་སྟོན་ལ་རེ་ལ་ཡང་མཉམ་རོལ་བྱེད་ཐུབ་པའི་རེ་བ་ཡོད།
བུ་མེད་ཀྱི་གོ་ཐོབ་གཟེས་མཁན་ཞིག་ཡིན་ན། ཚེ་སྐྱིད་འདི་ངའི་ཚིལ་ལུ་མིན་ཁོ་ཐག་རེད་། ད་དྲྭ་གྲོགས་ཚོ། ཆང་ཁ་ནས་དུས་ཚོད་་མ་བརླག་ན
དྲ་གྲོགས་མེ་ཏོག་དཀར་པོ་ལགས།
སྤྱིར་བཏང་བུད་མེད་ཅིག་ལ་མཚོན་ན། ཡིན་རྒྱུ་རེད་དེ། ངས་དེ་ཚོར་དོ་སྣང་ཆེན་པོ་བྱེད་ཀི་མེད་མོད། འོན་ཀྱང་བུད་མེད་ཀྱི་སེམས་ཁམས་དང་མོས་པ་ཡོད་པའི་ཆ་ནས། ཅུང་ཙམ་རེར་གཟབ་གཟབ་བྱེད་ཀི་ཡོད་ཡ།
ཚེ་སྐྱིད་ལགས རྔ་བ་དེ་བླངས་དང་ན། ང་ལྟ་བུ་ཞིག ་ཁྱོ་དགའ་ཆི་མོ་དགའ་རུང་། རྔ་སྐད་དེ་ཡིད་ལ་དྲན་ན། བལྟས་བསྡད་འཇོག་རྒྱོ་མ་གཏོགས། འབྲེལ་པ་བཟིག་ལ། རེ་བ་ཞིག་མེད་ཁོ་ཐག་རེད་།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
བཀའ་དྲིན་ཆེ། དུས་ཐོག་ཏུ་ལན་ཞིག་བྲིས་པ་དེ་དངོས་གནས་དགའ་སོང་བདེ་སོང་། གོམས་སོང་བ་དང་བསྒྱུར་ཐབས་མེད་པའི་སྐུ་ཉིད་ཀྱི་སྙན་ངག་གི་ཁ་ཕྱོགས་དེ། ཆེས་སླད་པ་ཞིག་རེད་ཨང་། ལྷག་པར་དུ། སྙན་ངག་ལ་བཅིངས་པའི་དུང་བ་དང་། དེའི་དྲངས་པའི་གྲུབ་འབྲས་ནི། ཆབ་སྲིད་དང་ཚོང་དོན། བྲེལ་སླད་དང་ཨ་གསར་སོགས་ལ་མ་འདྲེས་པ་ཞིག་ཡིན་པ་སྔར་ནས་ཚོར་ཟིན་ལ། དེ་རིང་ཡང་། སྐུ་ཉིད་ཀྱིས་གསལ་འདེབས་བགྱིས་པར་ཡང་བསྐྱར་བཀའ་དྲིན་ཆེ། གང་གིས་ཟེར་ན། མང་པོ་མང་པོ་ཞིག་བསྲེས་བཞག་པ་ཡིན་ན། རང་རང་གི་རིན་ཐང་དང་ཁ་ཕྱོགས་རང་བཞིན་གྱིས་བོར་བརླགས་བྱུང་འགྲོ་བས་རེད་བསམ་གི།
བཀུར་འོས་དྲ་གྲོགས་འབའ་ལུ་གུ་ལགས།
བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་ཟེར་ས་ཡོད་པའི་གཞི་ཞིག་ཡོད་པ་མ་རེད། གང་ལགས་ཞེ་ན། བཙན་བྱོལ་བོད་མིའི་བུད་མེད་ཀྱི་ཁ་ཕྱོགས་ནི། དཔལ་འབྱོར་གྱི་དབྱིངས་སུ་ཐིམ་ཟིན་པ་རེད་ལ། གཞིས་སྡོད་བོད་མིའི་བུད་མེད་ཀྱི་ནུས་པ་ནི། བཙན་གཅུན་གྱིས་བརླགས་སོང་ཡོད་པ་རེད། དེར་བརྟེན། གཞི་རྟེན་མེད་ས་ཞིག་ནས་རྐང་ཇི་ལྟར་བྱས་ནས་འཛུགས་དགོས་སམ།
ཚེ་སྐྱིད་ལགས། ཁྱེད་ཀྱི་བསམ་པའི་འཁོར་ཕྱོགས་དང་བོད་ཡིག་གི་ཤེས་ཚད་ལ་སྔགས་རྒན་ཡིད་སྨོན་འཆོར་གི མི་རེ་རེར་རང་རང་གི་དགའ་ཕྱོགས་དང་མི་ཚེའི་མི་འདྲ་བའི་དབང་གིས་ཁྱོད་ཀྱི་ལྟ་བ་དེ་དང་ལེན་བྱེད་དང་མི་ཐུབ་ཀྱི་ས་མཚམས་ཤིག་རྡ་སའི་རི་རྒྱུད་རིང་མོ་དེ་ཇི་བཞིན་ཤར་ནུབ་ཏུ་བརྐྱངས་ནས་བསྡད་ཡོད་པ་རེད། གང་ལྟར་ཁྱོད་ལྟ་བུའི་ཞི་མོ་ཁ་གསལ་ཞིག་དྲ་ངོས་འདིར་ཡོད་པ་འདི་ཡང་མྱི་རྐྱང་ངེད་ཅག་གི་བསོད་ནམས་རེད་ཡ།
རྔ་བ་ཚེ་སྐྱིད་ལགས་ཀྱིས་མཆན་སྔ་མའི་ནང་དུ་རང་གི་བསམ་ཚུལ་ཙམ་ལས་རྒྱུ་མཚན་གསུངས་མེད་པས། ངས་ཀྱང་བསམ་ཚུལ་ཙམ་ལས་རྒྱུ་མཚན་བྲིས་མེད། ད་ཡིན་ན་རྒྱུ་མཚན་འབྲི་གི་ཡིན། དགེ་འདུན་པ་ཞིག་ཡིན་ན་སྙིང་གི་ཚི་ལུའི་སྐོར་འདི་དམ་པའི་ཆོས་འདུལ་བའི་ཆ་ནས་བཤད་ན་ཐད་ཀ་ཐད་ཀར་དགའ་ལུགས་འབྲི་བའི་རྩོམ་ཡིག་གི་ཚོགས་འདུ་ཞིག་ཡིན་པ་དང་། ཡང་ཐད་ཀ་ཐད་ཀར་སྙིང་གི་ཚི་ལུ་ལ་སྙིང་གཏམ་བཤད་པའི་སྐོར་ཞིག་ཡིན་པས་ན་དམ་པའི་ཆོས་འདུལ་བ་དང་མི་མཐུན་པ་རེད། དེ་བས་ན་བརྒྱ་ཆ་ལྔ་བཅུ་རྒྱབ་སྐྱོར་བྱས་པ་ཡིན། འོན་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་མ་བྱས་པ་གང་ཡིན་ཟེར་ན། སྙན་ངག་རིག་པའི་ཆ་ནས་དང་། རྩོམ་རིག་རིག་པའི་ཆ་ནས་བཤད་ཡོང་ན། སྔར་རྒྱལ་དབང་ལྔ་བ་དང་། བོད་མཁས་པ་མི་ཙམ་དགེ་ལེགས་རྣམ་རྒྱལ། དེ་བཞིན་དུ་འཇུ་མི་ཕམ་སོགས་གནས་གཏན་འདུལ་བ་འཛིན་པ་ཆེ་ཆེ་དྲག་དྲག་ཚང་མས་ཀྱང་རྩོམ་ཡིག་རིག་པའི་ཕྱོགས་ནས་འདོད་པའི་ཕྱོགས་ཀྱི་སྙན་རྩོམ་བྲིས་ཡོད་འདུག་ན་ཁྱོད་ལ་བརྒྱ་ཆ་ལྔ་བཅུ་རྒྱབ་སྐྱོར་ཞུ་ཐུབ་མ་སོང་།
དེ་ནས་ཁྱོད་ཀྱིས ༼བོད་མི་རིགས་དེ། བག་ཁུམས་ཤིང་རྗེས་སུ་ལུས་པའི་མི་རིགས་རིགས་ཤིོག་རེད་འདོད་ཀི། དེའི་རྒྱུ་མཚན་ནི། གསར་བརྗེའི་སྙིང་སྟོབས་དང་གསར་གཏོད་ཀྱི་རྣམ་དཔྱོད་སོགས་ཆེས་བུལ་ཞིང་ཞན་པས་རེད་བསམ་གི། རྒྱབ་རྟེན་གང་ཡིན་ཟེར་ན། གསར་བརྗེའི་བསམ་བློ་དུས་སྐབས་རེར་བྱུང་ཡོད་ཀྱང་། ལག་ལེན་དུ་བསྟར་བའི་གྲུབ་འབྲས་མེད་པ་བློ་སྤོམས་ཀྱིས་མ་འདང་བ་རེད། རྣམ་དཔྱོད་ཅན་གྱི་སྐྱེ་བུ་རླབས་ཆེན་རེ་བྱུང་ཡོད་ཀྱང་ང་ཚོའི་མི་རིགས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་གྱིས་མ་འདང་བ་ནི། བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཁ་ཕྱོགས་མ་རྙེད་པས་རེད། ད་དུང་། གསར་གཏོད་ཀྱི་ཐབས་ལམ་དང་བློས་བཏང་མེད་པ་ནི། ང་ཚོའི་རིག་གནས་ཀྱིས་བསྐྲུན་པའི་སྟོང་ཆ་ཆེན་པོ་ཞིག་རེད།༽ ཟེར་བ་འདི་རེད། གསར་བརྗེ་དང་། གསར་གཏོད་ཀྱི་བསམ་བློ་མེད་སོང་པ་མ་རེད། ང་ཚོ་ལ་ཆབ་སྲིད་ཀྱི་སྟེང་ནས་རང་དབང་མེད་སོང་པ་རེད། ངས་ཁྱོད་ལ་དཔེ་མཚོན་ཁ་ཤས་ཞིག་བཤད། ཁྱོད་རང་རྔ་བ་ཕྱོགས་ནས་ཡིན་པས་ན། ཟུང་ཇ་ཟེར་བའི་ཇ་སྐད་གྲགས་ཆེན་པོ་དེ་ཤེས་རྒྱུ་རེད། སྤྱི་ཚོགས་རྙིང་པ་ནས་བཟུང་སྟེ་བོད་པས་བཟོས་པའི་ཇ་རེད། ཇའི་ཐོན་ཁུངས་ཀྱང་ཕྱོགས་དེ་ག་རང་ནས་རེད། ཡིན་ན་ཡང་ལོ་ཤས་སྔོན་ནས་བཟུང་སྟེ། ཇ་དེ་སྔར་གྱི་ས་ཆ་དེར་བཟོ་ཆོག་གི་མེད་པ་རེད། དེ་ནས་ཡང་དཔེ་མཚོན་གཅིག་བཤད་ན། གཡག་དེའི་ཐོན་ཁུངས་བོད་རེད། འོན་ཀྱང་ཕྱི་རྒྱལ་གྱི་ཟས་རིགས་ཚོང་ཁང་གང་ན་ཡང་གཡག་ཤའི་ཚོང་རྫས་ཚང་མ་ཧྲང་ཧེ་གཡག་ཤ་བཟོ་གྲྭ་ནས་ཡིན་དགོས་པ་རེད། ག་རེ་བྱས་ནས་ཆིན་ཧེ་༼མཚོ་སྔོན་གཡག་ཤ་བཟོ་གྲྭ་༽ནས་ཐོན་མ་ཆོག་པ་རེད། ད་དུང་སྨན་རྫས་རིགས་རེད། བོད་ཀྱི་སྨན་རྫས་ཚང་མ་ལ་ཡང་རྒྱལ་སྤྱིའི་ནང་ཚོང་འགྲེམ་བྱས་ཆོག་པའི་ཁྲིམས་མཐུན་མེད་པ་རེད། མང་ཆེ་བ་ཧྲང་ཧེ་དང་ཀྲུང་གོའི་ས་གནས་གཞན་དག་གི་བཟོ་གྲྭ་ནས་མ་ཐོན་ན་ཚོང་འགྲེམ་བྱས་ཆོག་གི་མ་རེད། འདི་ལྟར་བསམ་ན་ཚོང་ལས་ཕྱོགས་ནས་རང་དབང་དང་བདག་དབང་མེད་པ་རེད། མ་རེད་དམ། དེ་བས་ན་རང་ལ་ཡོད་པའི་ཐོན་ཁུང་རྙིང་པ་ཡང་འགྲེམ་སྤེལ་བྱེད་པ་ཁྲིམས་མཐུན་མིན་ན། གསར་གཏོད་ལ་ཁྲིམས་ལུགས་སྟེང་ནས་གནོན་ཤུགས་བླ་ན་མེད་པ་ཡོད་པ་ནི་ལོས་མཁྱེན།
དེ་བས་ན་གསར་གཏོད་དང་གསར་བརྗེ་ཟེར་བ་དེ་ཚོ་ནང་ཁུལ་དབྱེ་འབྱེད་ཀྱི་མིང་ཚིག་ཅིག་ཡིན་པ་ལས། གཞན་གང་ཡང་མེད་པ་རེད། འདི་ནི་རིགས་གནས་གསར་བརྗེས་སྐབས་ཀྱི་བརྗོད་ཚིག་རྙིང་པ་ཞིག་ཡིན་པས། ཁ་ནས་གསར་བརྗེས་ཟེར་ན་ཡང་གསར་བ་གང་ཡང་མ་རེད། རྒྱ་ནག་ནང་ནས་ཀྱང་རིག་གནས་གསར་བརྗེའི་སྐབས་ཀྱི་བརྗོད་ཚིག་འདིའི་རིགས་མཇུག་རྫོགས་པ་མ་རེད་དམ། སྐུ་ཉིད་ཀྱིས་གསུངས་པ་ལྟར། རྒྱ་གར་ལ་སླེབས་ནས་ཟླ་གཅིག་ལས་མ་འགོར་བར། རིག་གནས་གསར་བརྗེས་དྲན་གསོ་བྱས་པ་འདི་ནི་ངོ་ནས་ངོ་རྒོལ་བྱེད་་འོས་པ་ཞིག་མ་རེད་དམ།།
བཀུར་འོས་དྲ་གྲོགས་འབའ་ལུ་གུ་ལགས།
སེམས་ངལ་མ་གནང་རོགས། ད། ག་དུས་ཡིན་རུང་། རྔ་བ་ཟེར་བ་དེ་ངའི་མིང་གི་འགོར་ནས་ཕལ་ཆེར་ལེན་མདོག་ཁ་བོ་མ་རེད་དེ། ཡིན་ཅིག་མིན་ཅིག་གིས་ཨུ་ཚུགས་མཐའ་བསྐྱལ་བྱས་ནས་འཇོག་དགོས་པ་དེ་འདྲའང་མིན། སྐབས་དང་དུས་ལ་འགྱུར་བ་འགྲོ་འཇོག་གི་བསམ་གི་འདུག
ཟླ་མེད་ལོ་ལོ། ཁྱོད་འདིས་ཡང་ཞི་མོ་འདི་དཀྲོགས་ས་རེད་ཀོ མྱི་བསོད་ཟད་ཟེར་ནོ་ད་ཁྱོད་རེད་ལ།
ཨིན་ཨིན རིག་བཟང་མ ཤག་པ་འཕངས་བ་དང་གཅིག་རེད་། ད་འདི་སྐབས་ཏག་ཏག་རེད་། འགྱུར་པ་བཏང་ཤོག དེ་ཤེས་ར་ད་། སྟོད་ཉི་མ་ལྷ་ས ་ད་འབྲི་ན་འབྲི་ཡ ། རོགས་ཆུང་ལོ་་་་་་ཨ་བོ་འདིས་རྗེས་ནས་གང་རེད་།
དྲ་ངོས་འདི་ནས་འདུལ་བ་མ་བཤད། འདུལ་བ་བཞིན་བྱས་ན་ཡར་ལངས་ན་མགོ་བརྡབ་ཀི་རེད། མར་བསྡད་ན་རྐུབ་བརྡབ་ཀི་རེད་ལོ།
རྔ་བ་ཚང་ལ་བུ་མོ་བོད་ཡིག་ཀློག་ཤེས་མཁན་དཀོན་པོ་རེད། འདིར་བཀོད་ཡོད་པའི་རྔ་བ་ཚེ་སྐྱིད་ནི་སྐྱ་མིན་སེང་མིན་གྱི་རྔ་བ་པ་ཞིག་རེད་ལགས།
ཨ། མི་སྲིད།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
ཐུགས་རྗེ་ཆེ། གདེང་འཇོག་བྱས་པ་དེས། ངའི་འདུན་པ་དྲག་ཏུ་འཕྱུར་གི་འདུག
གཞན་ཡང་། རྒྱུས་ལོན་དང་འདྲེས་གཤིབ་ཁྲོད་ནས། ཕན་ཚུན་གྱི་ལྟ་ཚུལ་དང་ལངས་ཕྱོགས་སོགས་གསལ་ཡོང་བ་ཞིག་ཡིན་པ་ལས། ངས་ཤར་ནུབ་ཀྱི་ཁྱད་པར་འཇོག་གི་མེད། ཡང་མིན་ན། ཤར་ནུབ་ཀྱི་ལྟ་བ་དང་ལམ་ལུགས་མ་འདྲེས་པ་ཞིག་དགོས་ཀི།
ད་ནམ་གུང་ཞིག་རེད། ཉལ་ས་འཁྱག་པོ་དེའི་ནང་དུ་མི་འཛུལ་ཀ་མེད་རེད། སང་ཉིན་ཞིག་ལ་ཐུག་ཡ།
ཡ་ཡཡ ད ་ཨ་ལགས་ཀི་ཁ་ཉན སང་ཉིན་འཇལ
ཀླུ་སྨྱོན་ལགས་སྔགས་འཆང་ཡིན་མདོག་མདོག་དང་། རྔ་པ་ཚེ་སྐྱིད་ལགས་ཨ་ནི་རེད་མདོག་མདོག་གསུངས་པ་འདིས། ངས་དྲ་གྲོགས་ཀྱི་ལོ་རྒྱུས་ཚོད་དཔག་ལ་འཁྲུགས་ཆེན་པོ་ཅིག་ཐེབས་སོང་། འོན་ཀྱང་ངས་ཇུས་གཏོགས་བྱེད་མི་ངན་པ། དེ་ཡང་ང་རང་གི་དྲན་ཤེས་བསྟེན་ནས་བསྡད་ཡོད་ལགས། སྔགས་བཙུན་གང་གི་གཟུགས་སུ་ཡོད་ན་ཡང་། ཁྱེད་གཉིས་སྐུ་ཚེ་ཡུན་བརྟན་ཤོག །
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ངོས་ལེན་བྱེད་ཕྱོགས་ཀྱི་རྒྱུ་མཚན་དང་པོ་དེ་སྣང་བ་འགྲོ་སོང་། བཀའ་དྲིན་ཆེ་ཞུ།
གཞན་ཡང་། རྒྱ་གཞུང་གིས་དབང་བསྒྱུར་བྱས་ཕྱིན་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པ་དེ་བདེན་པར་འཁུམས་ཀྱང་རུང་། སྔར་ཆབ་སྲིད་ཀྱི་དཀའ་ངལ་མེད་པར་རང་མགོ་རང་ཐོན་བྱེད་པའི་སྐབས་སུའང་། ནང་འཁྲུག་དང་ཕྱོགས་ཞེན་གྱིས་ང་ཚོའི་དཀྲུགས་པ་ལས་ཕྱོགས་གཅིག་ཏུ་སྤུངས་པ་ཞིག་མི་འདུག་ལ། རིག་གནས་ཀྱི་ཕྱོགས་ནས་བཤད་ན། མིའི་ལོ་རྒྱུས་ལ་ཆོས་ལུགས་ཀྱི་མིག་གིས་ལྟ་སྟངས་བཟུང་ཡོད་པ་མ་ཟད། ཕྱོགས་བསྡོམས་ཀྱང་བྱས་པ་དེ་སྒེར་གཅོད་ལམ་ལུགས་ཤིག་རེད། ལྷག་པར་རྩོམ་རིག་གི་གཞུང་ལུགས་ཤིག་དང་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ག་རེ་བྱས་ན་མ་ཡོད་པ་རེད་དམ། དེ་ནས། རྒྱལ་ཁབ་དང་མི་རིགས་ཤིག་གི་ངོས་འཛིན་ཀྱང་གསལ་བོ་དག་པོ་ཞིག་ཐོབ་མེད་དེ། གཞན་གྱི་རིག་གནས་གཡར་མ་དང་བསྒྱུར་མ། རྒྱུན་འཛིན་དང་སྒེར་གཅོད་ལམ་ལུགས་ཀྱི་དབང་གིས་མ་རེད། འདི་ཚོ་ཚང་མ་ཆབ་སྲིད་ལ་ཁ་གཡར་རྒྱུ་ཡིན་ནམ། ད་དུང་། བོད་ཀྱི་སྐད་ཡིག་དེ་ཡང་འཚོ་བའི་ཡོ་སྤྱད་ཅིག་ཏུ་མ་བསྒྱུར་བར་ཆོིས་ཁོ་ནར་འཆད་ཉན་སྤེལ་གསུམ་གྱིས་ལག་ཆ་ཙམ་ཞིག་ལ་དམིགས་པ་དེ། བོད་ཀྱི་སྐད་ཡིག་གི་ནུས་པ་དང་ཁྱབ་ཚད་མཐོང་ཆུང་བྱས་པ་མ་རེད་དམ། མདོར་ན། བོད་ཀྱི་སྤྱི་ཚོགས་གསར་བརྗེ་ཞིག་མ་བྱས་ན། བོད་མི་རིགས་ལ་བྱས་རྗེས་དང་བཀའ་དྲིན་ཆེ་བའི་མི་གཅིག་གི་མིང་ཐོབ་ཀྱི་ཆེད་དུ། དེང་སང་གི་དུས་ཚོད་འདི་ཡིན་རུང་། འདོད་རྔམ་དང་ཧམ་སེམས་ཆེ་བའི་མི་བཞི་བཅུ་རེས་འཚང་ཁ་རྒྱག་གིན་པའི་ཅི་ཞིག་གསལ་སྟོན་བྱེད་ཀི་ཡོད་པ་རེད་དམ། ལམ་ནི། ག་དུས་ཡིན་རུང་། མིའི་རིགས་ཀྱི་རྐང་བའི་འོག་ན་ཡོད་པ་ཞིག་ཡིན་དུས། ལམ་བཏོད་ཐུབ་པ་ཞིག་དང་ཆོག་པ་ཞིག་ཀྱང་རེད། ལུགས་སྲོལ་ནི། བརྗེ་དགོས་པ་ཞིག་ཡིན་པའི་མི་ཚད་བརྗེ་སྟངས་ཀྱང་གསར་གཏོད་ཀྱི་སྒོ་ནས་འགྲོ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ལམ་སྲོལ་ནི་འཆིང་རྒྱ་ཞིག་ཡིན་པ་རེད། དེས་ན། རྒྱུན་སྐྱོིང་དང་ལུགས་སྲོལ་ནི་སྒེར་གཅོད་ཁག་གིས་ཁེ་བཟང་བདའ་བྱེད་ཙམ་ཞིག་ལ་གྱུར་འདུག་ན། འདི་དག་རྙིང་བརྗེ་གསར་གཏོད་མ་བྱས་ན། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དེ་ཆེས་གུ་དོག་དང་མཁྲེགས་འཛིན་ཅན་དུ་འགྱུར་གི་རེད། དེ་དུས། ང་ཚོའི་མི་རིགས་ཀྱི་ནུས་པ་དང་གཟི་བརྗིད་སོགས་ཕྱི་རྫིགས་ནང་སྟོང་གི་ངོ་བོར་གྱུར་ཚར་བ་རེད།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
དྲ་གྲོགས་གཞོན་ནུ་ཟླ་མེད་ཀྱིས་ཅུང་ཙམ་འདར་དུ་བཅུགས་སོང་རུང་། རང་ཉམས་ཤོར་གི་བཅུགས་མེད་ཀོ།།
བཀུར་འོས་དྲ་གྲོགས་འབའ་ལུ་གུ་ལགས།
རིག་བཟང་མ་ཞེས་པའི་བསྟོད་ཚིག་དེས། ཕྱོགས་གཅིག་ནས། དགའ་བས་ཚིག་སོང་། ཕྱོགས་གཞན་ཞིག་ནས། སོམ་ཉིའི་ཀློང་དུ་ཚུད་སོང་། དང་པོའི་རྒྱུ་མཚན་ནི། སྟོད་ན་མི་དགའ་བ་མེད་པས་ཡིན་རྒྱུ་རེད། གཉིས་པའི་རྒྱབ་ལྗོངས་ནི། ངོ་མ་ཡིན། རིག་བཟང་མ་ཞེས་པའི་ཚད་དེ་ག་དུས་ཤིག་ལ་སླེབས་ཐུབ་པ་བསམ་ས་གི།
དྲ་གྲོགས་བསིལ་རླུང་ལགས།
དང་པོར་ཞིབ་འཇུག་བྱེད་རྒྱུ་ཡོད་རེད་བསམ་གི་དཱ། ཨོ་རེད། དཀོན་པོ་ཡིན་པའི་རྒྱུ་མཚན་ལུང་ཁུངས་གང་གང་འདྲེན་རྒྱུ་ཡོད་དམ།
ང་ནི་ང་རང་དེ། གཞན་ཞིག་གིས་ཅི་ཞིག་བཤད་ཀྱང་། དམའ་འབེབས་བཏང་རུང་། དེར་སྐྱོན་ཆེན་པོ་རེད་བསམ་གི་མེད་དེ། མ་ཤེས་བཞིན་དུ་ཤེས་ཁུལ་བྱེད་པ་དང་ཤེས་བཞིན་དུ་མ་ཤེས་ཁུལ་བྱེད་པའི་འདུ་ཤེས་ཉི་ཚེ་བའི་རིགས་ལ། ག་དུས་ཡིན་རུང་ཁ་གཏད་ལ་ལངས་ངེས་ཡིན་ལ། དེ་ཡང་། རྒྱུ་མཚན་དང་རྒྱབ་ལྗོངས་ཡོད་པའི་ཐོག་ནས། གུ་ཡངས་དང་གུས་བརྩི་ཡོད་པའི་ཐོག་ནས། བསམ་ཚུལ་བརྗེ་རེས་བྱེད་པ་ལས་སྤྱི་ཚོགས་རྙིང་བའི་ལམ་དང་ལུགས་སྲོལ། ཕྱོགས་ཞེན་དང་ཕྲག་དོག་གིས་བཟི་ནས། རང་གཞན་གྱི་མི་ཕན་པའི་བཤད་སྟངས་དང་སྤྱོད་སྟངས་སྤེལ་གི་མིན་ནོ།།
བཀུར་འོས་དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས།
དེ་རིང་གླེང་བཞིན་པའི་བརྗོད་གཞི་ངོ་མ་ནི། གསར་བརྗེ་དང་གསར་གཏོད་བྱེད་ཕྱོགས་སྐོར་ཡིན་མོད། ཉིད་ཀྱི་བསམ་ཚུལ་ཡིན་ན། ཇི་ལྟར་བྱས་ན་གསར་བརྗེ་བྱེད་དགོས་པ་རེད་དམ། གསར་གཏོད་ཀྱི་རྣམ་གཞག་བཏོད་དུས། དཀའ་ངལ་དང་བློས་བཏང་མང་པོ་ཞིག་ཡིན་རྒྱུ་རེད་དེ། དེ་ནི་ཐོག་མའི་དམ་བཅའ་ཙམ་ཞིག་རེད་མོད། འོན་ཀྱང་། གསར་གཏོད་ཀྱི་རྣམ་གཞག་སྤེལ་དུས། བོད་མི་རིགས་ཀྱི་བསམ་བློ་དང་ལག་ལེན་གྱི་ཁ་ཕྱོགས་གང་ཞིག་ཏུ་བསྐོར་དགོས་པ་རེད་དམ། འདི་ནི། ཁྱེད་རབ་འབྱམས་པའི་མིང་ཞིག་འཁུར་མཁན་ཞིག་ཡིན་པའི་ཆ་ནས་གོང་གི་དྲིས་ཚིག་དེ་དག་རང་བཞིན་གྱིས་ཤོར་སོང་བ་ལགས་ན། ཁོམ་ལོངས་རེ་བྱུང་ན། ལན་མདོར་བསྡུས་རེ་ཡོད་པའི་རེ་འདུན་ཆེའོ།།
གསར་བརྗེ་དང་གསར་གཏོད་ངས་མི་ཤེས། །
མྰ་འོ་ཡིས་གསར་བརྗེ་དེ་མ་རབས་ལུགས། །
གསར་བརྗེ་དང་གསར་གཏོད་འགྲོ་བཞིན་པ། །
༸ཀུན་མདུན་ཀྱིས་གསར་གཏོད་ཡ་རབས་ལུགས། །
རྙིང་པ་རྩ་གཏོར་གསར་བརྗེ་མིན།
རྙིང་ཞེན་རྩ་གཏོར་གསར་བརྗེ་མིན།
རྙིང་ལུགས་རྩ་གཏོར་གསར་བརྗེ་མིན།
རྙིང་པའི་སྙིགས་དོར་གསར་བརྗེ་ཡིན།
རྙིང་པ་ཡོད་ཐོག་གསར་བརྗེ་དགོས།
རྙིང་པའི་ཞན་ཆ་་གསར་བཅོས་དགོས།
རྙིང་པ་ཟུར་འཇོག་གསར་ཚབ་དགོས།
རྙིང་ལས་ལྷག་བཟོ་གསར་བརྗེ་ཡིན།
གསར་པས་རྙིང་སྐྱོབས་འགྲེམས་སྟོན་བཞིན།
གསར་པས་རྙིང་གཅེས་རྒན་གསོ་ཁང་།
གསར་པས་རྙིང་འཁྱོང་ཁོར་ཡུག་བཞིན།
གསར་པས་རྙིང་དད་ཆོས་བརྒྱུད་ལ།
གསར་པས་རྙིང་བཅོམ་གསར་བརྗེ་མིན།
གསར་པས་རྙིང་བཅུད་བཟུང་བ་དང་།
གསར་པས་རྙིང་ལུགས་རྗེས་རབས་མིར།
གསར་དུ་གསར་སྤྲོད་གསར་བརྗེ་ཡིན།
རྔ་སྐྱིད་ལན་དུ་ཤ་མར་བྲིས་པ་དགེའོ། །
བཀུར་འཌྷོས་དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས།
ཚིགས་བཅད་ཀྱི་ལམ་ནས་ལན་ཞིག་གནང་བར་སྐུ་དྲིན་ཆེའོ།། ྇
འོ་ཡ་རྔ་བ་ཚེ་སྐྱིད། ཁྱེད་རང་གིས་བོད་ཀྱི་སྤྱི་ཚོགས་རྙིང་པ་ལ་ད་ལྟའི་བསམ་བློ་ཐོག་ནས་བལྟ་ཞིབ་བྱས་པ་ཡིན་ན་སྐྱོན་ཆ་གང་མང་ཞིག་ཡོད་ཀྱི་རེད། དེ་ནི་བཽད་ཀྱི་སྤྱི་ཚོགས་གཅིག་བུ་མ་རེད། འཛམ་གླིང་གི་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་ལ་དུས་རབས་སྔ་མ་དག་གི་གནས་ཚུལ་ལ་དུས་རབས་ཕྱི་མིའི་སྐབས་སུ་བལྟས་ན་སྐྱོན་མཐོང་གི་རེད། དེ་ནི་དུས་རབས་རེ་རེའི་འགྱུར་འགྲོས་ལས་རེད། དེ་བཞིན་དུ་ནང་་འཁྲུག་གི་ཆ་ནས་ཀྱང་གཅིག་པ་རེད། རྒྱ་ནག་དང་བསྡུར་བ་ཡིན་ན་ནང་འཁྲུག་ཆུང་ཆུང་རེད། ཁྱོད་ཀྱིས་ཐུགས་བསམ་བཞེས་དང་། རྒྱལ་བོའི་རིང་ལུགས་དེ་གོ་མིན་ཏང་གིས་ཅི་ལྟར་ཕམ་པར་བརྒྱབ་པ། དེ་བཞིན་དུ་གོ་མིན་ཏང་དེ་གུང་ཁྲན་ཏང་གིས་ཅི་ལྟར་ཕམ་པ་བརྒྱབ་པ། དེ་བཞིན་དུ་གུང་ཁྲན་ཏང་ནང་ལོག་ནས་ཀྱང་ལིན་དགག་ཁུང་དགག དམར་སྲུང་དམག གྲལ་རིམ་འཐབ་རྩོད་སོགས་གྲང་ལས་འདས་པའི་ལས་འགུལ་ཡོད་ཚད་པོ་ནང་འཁྲུག་རེད། ནང་འཁྲུག་ནང་དུ་རྒྱ་ནག་གི་མི་སེར་ག་ཚོད་ཅིག་བསད་ཡོད་པ་རེད། འདི་དག་དང་བསྡུར་བ་ཡིན་ན་བོད་ལ་ནང་འཁྲུག་རྩ་ནས་མེད་ཟེར་ཆོག་གི་རེད། མ་རེད་དམ།
དེ་ནས་ཆབ་སྲིད་ལྟ་གྲུབ་ཀྱི་ཐད་ནས་ཆབ་སྲིད་ལྟ་གྲུབ་ལོས་ཡོད། ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་ད་ལྟའི་བར་གྱི་ཆབ་སྲིད་ལྟ་གྲུབ་རེད། ཆབ་སྲིད་ཀྱི་གནས་སྟངས་རེད། ད་ལྟའི་བར་དུ་དེ་ལྟར་འོང་པ་རེད། འོན་ཀྱང་བོད་ཤོར་བའི་ཐད་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ན། དེ་ནི་བོད་སྤྱི་ཚོགས་གཅིག་བུའི་སྐྱོན་མ་རེད། དེ་ནི་བོད་དེ་དམག་ཤེད་ཅན་གྱི་བཙན་འཛུལ་བཏང་བ་ཞིག་ཡིན་པས། དམག་ཤེད་གཅིག་བུས་ཐོག་ནས་དབང་བསྒྱུར་བ་ཞིག་ཡིན་པས་བྱས་ཡ་གང་ཡང་མེད་པ་རེད། དམག་ཤེད་ཀྱི་ཐོག་ནས་དབང་བསྒྱུར་ན་དམག་གི་སྟོབས་ལ་བལྟས་ནས་ཕམ་ཉེས་འབྱུང་སྲིད་པ་ཞིག་རེད། དཔེར་ན་དུས་རབས་གོང་མའི་ནང་དུ་ཀྲུང་གོ་ལ་རི་པིན་གྱིས་དམག་ཤེད་ཐོག་ནས་བཙན་འཛུལ་བྱས་པ་དེ་ག་རེད། ཀྲུང་གོ་ལ་བྱས་ཡ་གང་ཡང་མེད་པ་རེད། འོན་ཀྱང་ཨ་རིས་རི་པིན་གྱི་དམག་འཁྲུག་ཕམ་པར་བརྒྱབ་རྗེས་རི་པིན་ཁུ་སུམ་སུམ་ཆགས་ནས་འཛམ་གླིང་གི་གང་སར་གནས་པའི་དམག་ཤུགས་རྣམས་མཚམས་འཇོག་བྱས་པ་ཞིག་ལ། རྒྱ་ནག་གིས་མི་རབས་རྗེས་མ་རྣམས་ལ་གུང་ཁྲན་ཏང་གིས་རི་པིན་ཀྲུང་གོ་ནས་ཕམ་པར་བརྒྱབ་ནས་རང་ས་རང་སྲུང་བྱས་ཡོད་ལུགས་ཀྱི་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཀྲུང་གོས་རང་གིས་འདི་ལྟར་རྫུན་བྱེད་པ་ལ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་བལྟས་པ་ཡིན་ན་དགོས་དབང་ཁྱད་པར་ཅན་ལོས་ཡོད། རང་གི་སྲིད་གཞུང་ལ་མི་རབས་རྗེས་མ་རྣམས་ཡིད་ཆེས་བློ་འགེལ་ཡོང་ཆེད་དང་། རང་གི་སྲིད་གཞུང་སྲ་ཐག་ཐག་སྡོད་ཐུབ་པ། དེ་བཞིན་དུ་ཀྲུང་གོ་རྒྱལ་ཁབ་ཐོར་བཤིག་མི་འགྲོ་བའི་ཆེད་དུ་ལོས་ཡིན།
ཁྱོད་ཀྱིས་གོང་དུ་བཀོད་བཞིན་པའི་ཆོས་ལུགས་ཀྱི་ཕྱོགས་འཐེན་ཟེར་བ་འདི་རེད། འོན་ཀྱང་ཁྱོད་ཀྱིས་གསར་བརྗེས་དང་གསར་བརྗེས་ཟེར་ནས་འོང་བཞིན་པ། དེ་བཞིན་དུ་༼སྤྱི་ཚོགས་རྙིང་བའི་ལམ་དང་ལུགས་སྲོལ། ཕྱོགས་ཞེན་དང་ཕྲག་དོག་གིས་བཟི་ནས། རང་གཞན་གྱི་མི་ཕན་པའི་བཤད་སྟངས་དང་སྤྱོད་སྟངས་སྤེལ་གི་མིན་ནོ༽ ཞེས་ཟེར་གྱི་ཡོད་པ་རེད། ལྟ་ཚུལ་འདི་ཡང་གོང་གི་ལྟ་གྲུབ་མི་མཐུན་པའི་རྩོད་པའི་ཆ་ཤས་གསར་བ་གཅིག་འགོ་འབུས་བཞིན་ཡོད་པ་རེད། གང་ཡིན་ཟེར་ནས་ཁྱོད་བོད་ཀྱི་ནང་ཁུལ་ཏུ་གསར་རྙིང་གི་ཕྱོགས་གཉིས་སུ་ཕྱེས་ནས་འཐབ་རྩོད་བྱེད་ཀྱི་ཡོད་པས་སོ། ཁྱོད་ཀྱིས་གྲལ་རིམ་འཐབ་རྩོད་ལ་བསམ་བློ་ཐོང་དང་། ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ། གྲོང་སྡེ་སོགས་རེ་རེ་བཞིན་འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་གཉིས་གཉིས་ངེས་པར་དུ་ཕྱེས་དགོས་པ་རེད། ཐ་ན་གྲོང་གསེབ་སྤྱི་ཡོངས་ནས་སྐྱོ་བོ་ཡིན་པ་གཅིག་ལ་ཆ་བཞག་ན་ཡང་གྲལ་རིམ་གཉིས་པོ་དེ་དགོས་པ་རེད། དེའི་ནང་དུ་འཐབ་རྩོད་དགོས་པ་རེད། འདི་དག་ལ་བསམ་བློ་བཏང་ན་གྲལ་རིམ་སོགས་ཀྱི་དབྱེ་བ་བགར་ཡོང་བ་འདི་དག་ཆབ་སྲིད་ལ་བྱང་ཆ་ཡོད་པ་དག་གིས་དབྱེ་བ་ཕྱེས་ནས་ཡོང་གི་ཡོད་པ་ཞིག་རེད། དེའི་རྗེས་ལ་དམར་སྲུང་དམག་ཚོ་འབྲང་བཞིན་པ་ཞིག་རེད། དེ་ན་དེང་སང་གསར་བརྗེ་དང་གསར་བརྗེ་ཟེར་ནས་མཆོང་བསྐྱོད་པ་དག་ཐོན་བཞིན་པ་དང་། རྙིང་ཞེན་དང་རྙིང་ཞེན་ཟེར་ནས་གང་ཞིག་ལ་འཐབ་རྩོད་བྱས་ནས་ཡོང་བ་འདི་དག་ནི། གྲལ་རིམ་འཐབ་རྩོད་ཀྱི་རྗེས་འབྲས་ཞིག་ལས་གང་ཡང་མིན། མ་རེད་དམ།
འོ་དྲ་གྲོགས་རྣམས་པ་དགོངས་དག སྙིང་གི་ཚི་ལུ་འབྲི་སར་སྙིང་གི་ཚི་ལུ་མ་བྲིས་པར་དགག་སྒྲུབ་རྩོམ་ཡིག་བྲིས་ཡོང་གི་ཡོད་པ་རེད། འོན་ཀྱང་ཁྱོད་ཚོས་ཁ་ཡག་གི་ལམ་ནས་ཚེ་སྐྱིད་འགུགས་ཐབས་བྱས། ངས་ནི་འཐབ་མོའི་ལམ་ནས་ཚེ་སྐྱིད་འགུགས་ཐབས་བྱེད་ཀྱི་ཡིན། འདི་ཡང་སྙིང་གི་ཚི་ལུ་འགུགས་ཐབས་གཞན་ཞིག་རེད། མི་རྣམས་ནི་སྲོག་ཆགས་ཞིག་རེད། སྲོག་ཆགས་ཚང་མ་ལ་སྙིང་གི་ཚི་ལུ་འགུགས་སྟངས་མ་འདྲ་བ་རེ་ཡོད་པ་རེད། གླང་ངུ་དང་ཁྱི་སོགས་ལ་མཚོན་ན་ལྡག་ནས་སྙིང་གི་ཚི་ལུ་འགུགས་གི་ཡོད་པ་རེད། ཞི་མི༼བྱི་ལ༽ ལ་མཚོན་ན་འཐབ་མོའི་ལམ་ནས་སྙིང་གི་ཚི་ལུ་འགུགས་བཞིན་ཡོད་པ་རེད། འཐབ་མོའི་ལམ་འགུགས་པ་འདི་ཡང་སྙིང་གི་ཚི་ལུ་འགུགས་པའི་རྣམ་གྲངས་གཞན་ཞིག་རེད། མིའི་སྤྱི་ཚོགས་ཐོག་ན་འཐབ་མོའི་ལམ་ནས་སྙིང་གི་ཚི་ལུ་འགུགས་པའི་རིགས་ཤིན་ཏུ་མང་ནི་རེད།
མ་ཅིག་སྐྱིད་ནི་རབ་བརྟན་རྒྱ་ཡི་སྙིང་གི་ཚི་ལུ་ཡིན། ཁོང་གཉིས་ག་དུས་ཡིན་ན་ཡང་རྒྱག་རེ་རྒྱག་དགོས། རྒྱག་རེ་རྒྱག་སྐབས་ཁྱིམ་ནས་རྒྱག་རེས་མ་རྒྱབ་པར་ཕྱི་ལ་འོང་ནས་སྡེ་བའི་དཀྱིལ་ནས་རྒྱག་རེས་རྒྱག་གི་རེད། ཟླ་བ་གཅིག་ལ་མ་མཐའ་ཡང་རྒྱག་རེས་ཚར་གཉིས་གསུམ་རེ་རྒྱག་གི་རེད། སྡེ་བའི་མི་རྣམས་ཁོང་གཉིས་ལ་སུན་བསྡད་ཡོད་པ་རེད། འོན་ཀྱང་ཁོང་གཉིས་ཀས་མི་ཚེ་རིང་པོའི་དཀའ་སྡུག་གི་ཁྲོད་དུ། ཁོང་གཉིས་ལ་གཅིག་གིས་གཅིག་ལ་བརྩེ་བ་དང་འགན་ཁུར། སེམས་ཁུར་བྱེད་བཞིན་པ་ནི་མི་གཞན་དག་དང་་བསྡུར་ཐབས་མེད་པ་ཞིག་རེད། དཔེར་ན་རབ་བརྟན་རྒྱ་བཙོན་ཁང་ལ་བཟུང་བའི་སྐབས་སུ་མ་ཅིག་སྐྱིད་སོང་གོ་སྐབས་བཙལ་ནས་བཙོན་ཁང་ལ་སོང་ནས། བཙོན་ཁང་གི་གསང་སྤྱོད་ནས་རབ་བརྟན་རྒྱ་ཡི་བྱིས་པ་ཁོག་ལ་འཁུར་ཡོང་པ་རེད། དེ་བཞིན་དུ་ཟ་མ་དཀའ་ངལ་བྱུང་བའི་ལོ་ལ་མི་མང་པོ་མུག་ཤི་འཐེབ་ཡོང་དུས། རབ་བརྟན་རྒྱ་ཉིན་ལམ་གཅིག་གི་ས་ལ་སོང་ནས་ཞོག་ཁོག་རྐུ་མ་བརྒྱབ་ནས་མ་ཅིག་སྐྱིད་མུ་གེ་ལས་སྐྱོབས་ཐབས་བྱས་པའི་བརྩེ་བ་དང་ནི་གཅིག་གཅིག་ལ་ཁ་ཡག་བཤད་པའི་བརྩེ་བ་དག་གིས་མཚོན་པར་མི་ནུས་པའི་སྒྲུང་སྙིང་རྗེ་བོ་དེ་འདྲ་ཡོད་པ་རེད།
མ་ཅིག་སྐྱིད་ཀྱི་ཕ་མ་དང་ནང་མི་རྣམས་ཀྱིས་རབ་བརྟན་རྒྱ་དང་ཁྱེད་གཉིས་རྒྱག་ནས་འགྲིག་ཐབས་མེད་བཟོ་འདུག་པས་བཟའ་འཐོར་བྱེད་དགོས་ཟེར་དུས། མ་ཅིག་སྐྱིད་ཀྱིས་ང་རང་མི་ཚེ་ནང་དུ་རབ་བརྟན་རྒྱ་གཅིག་བུ་ལ་མ་གཏོགས་དགའ་མི་སྲིད་ཟེར། ཁྱོད་ཚོ་ནང་མི་སུས་ཀྱང་ངེད་གཉིས་ཀ་ཁ་ཐོར་གཏོང་མི་ཆོག་ཟེར་ནས་ངོ་ལོག་བྱས། སྡེ་བའི་མི་རྣམས་ཀྱིས་ཁོང་གཉིས་ཀའི་རྒྱག་རེ་ནི་བརྩེ་བ་རེད་ཟེར་ནས་ལྐོག་ཏུ་ལབ་བཞིན་ཡོད། ཁོང་གཉིས་ལོ་དྲུག་ཅུ་སོན་ན་ཡང་ད་དུང་རྒྱག་རེས་ལམ་ནས་བརྩེ་བ་ཐག་གཅོད་བྱེད་བཞིན་ཡོད།
སྡེ་བའི་ལོ་གཞོན་བྲ་ཚགས་ཁ་ཤས་ཀྱིས་ཁོང་གཉིས་ཀས་མཚན་མོའི་བརྩེ་བ་ཐག་གཅོད་བྱེད་སྟངས་ཅི་འདྲ་ཞིག་ཡིན་མིན་ཐད་དོག་པ་ཆེན་པོ་ཡོད། བྲ་ཚག་ཁ་ཤས་རྐང་འཇབ་ལག་འཇབ་ཐོག་སོང་ནས་སྒེའུ་ཁུང་གི་འགྲམ་ནས་ཉན་འོང་ནས། སྙིང་མེད་དག་ལ་བསྒྲགས་པ་ལྟར་ན། མཚན་མོའི་གཉིད་མ་ཁུག་སྔ་རོལ་གྱི་བརྩེ་བ་ཡང་རྒྱག་རེས་ལམ་ནས་རེད་ཟེར། ཐོག་མར་ཁ་འཛིང་བྱེད་བཞིན་བྱེད་བཞིན། ཁ་འཛིང་དེ་ངུ་འཛིང་ལྟ་བུ་རེད་ཟེར། དེ་ནས་གཅིག་གཅིག་ལ་ལག་འཛིང་ཡང་བྱེད་བཞིན་པའི་བཟོ་འདུག་ཟེར། འོན་ཀྱང་མཇུག་མཐར་ཁུ་སུམ་སུམ་ངང་གཉིད་ཀྱི་ཞིང་ཁམས་སུ་བུད་འགྲོ་ཟེར། འདི་ནི་འཐབ་མོའི་ལམ་ནས་སྙིང་གི་ཚི་ལུ་སྒྲིག་སྟངས་ཞིག་ཡིན།
ཁྱོད་ལ་བཤད་རྒྱུ་མང་གི སྔོན་ཆད་ས་གནས་གཅིག་ཏུ་ཡོད་དུས་ཁྱོད་འདི་ལ་འདི་མོ་བཤད་རྒྱུ་ཡོད་ནོ་མ་རེད། དེ་དུས་ཁྱོད་འདི་ཁུ་སུམ་པོ་སྣང་བ་སྐྱིད་པོ་ཞིག་ལས་གཞན་དུ་མ་མཐོང་། དེང་སྐབས་ས་མཐའ་ནས་བཤད་རྒྱུ་མང་ག གནའ་གཏམ་ད་གཏམ་གྱི་བང་མཛོད་འདྲ་ཞིག་རེད། ཁྱད་པར་དུ་བརྩེ་བའི་སྐོར་ནས་ཀྱང་ཞིབ་འཇུག་པ་ཚད་ལྡན་ཞིག་གི་ཚད་ལ་ཐོན་ཡོད་ཀི འདིའི་སྐོར་ལ་ཁྱོས་དེབ་རྒན་ཞིག་འབྲི་མི་ཐུབ་ཀི་ན་ཁྱོའི་རླིག་རྡོག གང་ལྟར་དགའ་བསུ་ཡོད། ངའི་མི་ཚེའི་ནང་གི་གྲོགས་པོ་ཡག་ཤོས་ཤིག་གི་ཚད་ན་ཡོད། མ་ཤི་ཚེ་རིང་བྱུང་ན་ཉི་མ་གཅིག་ཐུག་གི་རེད། ཕལ་ཆེར་འདི་ལོའི་དུས་དབང་སྐབས་ཐུག་ས་རེད་ཀོ ཡིན་ན་ཡང་དེ་དུས་ང་སྙིང་གི་ཚི་ལུ་ཞིག་དང་མཉམ་དུ་ཅུང་བྲེལ་བ་ཡོད་ནའང་ཐང་། དེ་དུས་ངའི་སྙིང་གི་ཚི་ལུ་མར་མིག་ལོག་དང་ང་ལ་ཕྲག་དོག་མ་བྱེད་ཨ། མྱི་བསམ་ཤེས་ཤིག་གི་ཚུལ་དུ་མ་མཐོང་བའི་ཚུལ་དུ་སྡོད། ཁྱོད་འདི་མྱི་མ་རབས་ཤིག་ཡིན་པས་ངའི་སྙིང་གི་ཚི་ལུ་རྐུན་མ་རྒྱག་བསམས་པ་དང་ཡང་ན་ལག་པ་འཆང་ཙམ་བྱེད་བསམ་ཙམ་ཡང་རྒྱུད་ལ་སྐྱེ་མི་ཉན། ངའི་ཆོས་སྐྱོང་འདི་ཚོ་གཅིག་གཉན་ནོ་ཚོད་ཅིག་མེད། རང་ང་ཚོད་ཚོད་ལ་ཁ་རྣ་ལྟག་ཅིག་ལ་ཁྱེར་འགྲོ སེམས་ཆུང་བྱོས།
རྔ་བ་ཚེ་སྐྱིད་ཀྱི་མིང་ཐོག་ནས་ཡོང་མཁན་ལགས། སྤྱིར་བཏང་རྔ་བ་ན་མཁས་པའི་ངོ་བོར་གྱུར་བའི་བུད་མེད་མེད་ཁུ་ལབ་ནི་མིན་འདྲ། ད་ལྟའི་བཙན་བྱོལ་དུ་གསར་དུ་འབྱོར་བའི་རྔ་བའི་ཚེ་སྐྱིད་འབོད་པའི་ཞི་མོ་ཞིག་མེད་པ་ཐག་ཆོད་ཡིན། འོན་ཀྱང་གོང་དུ་ཡིན་པའི་སྒྲུབ་བྱེད་བཅར་འདྲི་ཞིག་དང་སྤུན་གྱི་ཁ་བྱང་བེད་སྤྱོད་གཏོང་བཞིན་ཡོད་པའི་སྐོར་ལ་ཡིད་ཆེས་མེད། གལ་སྲིད་ཁྱེད་རང་རྔ་བའི་བུ་མོ་ཞིག་ཡིན་ན་ངས་དེ་ཤེས་པ་ནས་དགོངས་དག་བལྟས་ན་རིག་རྒྱུ་ཡོད་ནི་ཞིག་ཉན་ན་གོ་རྒྱུ་ཡོད་ནི་ཞིག་བྱེད་ངེས་ཡིན། དེ་མིན་པར་རྒད་པོ་ཞིག་གིས་འཁྲབ་སྟོན་ཡིན་ན་རྒད་པོ་དེས་ཕྱོགས་མང་བོ་ཞིག་ནས་འཁྲབ་ཡོད་པས་ངས་སྤྱི་ཚོགས་ནང་དུ་གསལ་བཤད་ཅིག་བྱེད་ངེས་ཡིན། ད་ལྟ་བརྟགས་དཔྱོད་འཐེན་པའི་སྒང་ཡིན། ཁ་བརྡ་དྲ་བས་མཆན་འདི་བཀག་ཀྱང་འགྱོད་པ་མེད།
ངོ་དེབ་ནང་དུ་ཟི་ཁྲོན་ཚེ་སྐྱིད་ཟེར་བའི་མཛེས་མ་ཞིག་འདུག ཡིན་ན་ཡང་ང་ལ་མཚོན་ན་རྒྱལ་སའི་ཚེ་སྐྱིད་ལྷག་ཅིག་མི་དགོས་ཐག་ཆོད་ཡིན།
ཀླུ་སྨྱོན། སྔར་ང་རང་གནས་ས་དེར་ཁུ་སུམ་སུམ་བསྡད་ཡོད་པ་ནི་སེམས་ཀྱི་ནང་ལོག་གི་ཚོར་བ་གང་ཡང་མེད་པ་མིན་ལ། མི་གཞན་དག་གི་བརྩེ་བ་མ་ཤེས་པ་ཡང་ག་ལ་ཡིན། དེ་དུས་དགོན་པའི་ཁྲིམས་ལུགས་ཟེར་ནོ་མེ་འབར་འབར་དང་ཆུ་འཁོལ་འཁོལ་ཡིན་ནོ་ཤེས་ཀ
ད་དེ་ཚོ་གཡུག་ཞོག དེ་ལས་ངེད་ཚོས་སྙིང་གི་ཚི་ལུ་སྐོར་མུ་མཐུད་གླེང་། ངེད་ཚོ་སློབ་གྲྭའི་དགེ་རྒན་བུའུ་མན་ཀོ་ནི་བོད་ཡིག་ཤེས་པའི་རྒྱ་རིགས་དགེ་རྒན་དེ་རེད། ཁོང་གིས་བོད་ཡིག་ཡག་པོ་ཤེས་ན་ཡང་བོད་སྐད་བཤད་སྐབས་དག་དག་ཅིག་མི་འཁྱུངས། ཁོང་གི་སྙིང་གི་ཚི་ལུ་ནི་མིག་གཡས་ཞར་མ་ཞིག་ཡིན། མི་རྣམས་ཀྱིས་ལོ་སི་བུའུ་མན་ཀོ ཁྱོད་ནི་དགེ་རྒན་ཞིག་དང་མི་བཟོ་ལྟ་ཅན་ཞིག་རེད། ཆུང་མ་རྣམ་པ་ཡག་པོ་ཞིག་མ་བསུ་པར་མིག་ཞ་ར་ཅིག་བླངས་ནས་ཅི་བྱེད་ཅེས་འདྲི་སྐབས། ཁོང་གིས་(ཁྱོད་ཚོས་བལྟས་ནས་ང་གི་ཆུང་མ་ཞ་ར་རེད། ང་གི་བལྟས་ན་ང་གི་ཆུང་མ་མེ་ཏོག་རེད)ཟེར། འདི་ནི་སྙིང་གི་ཚི་ལུ་ལ་བལྟ་སྟངས་གཞན་ཞིག་ཡིན། འདི་ལྟར་བལྟས་ན་སྙིང་གི་ཚི་ལུ་ཟེར་བ་དེ་རང་གི་སྙིང་གི་ནང་ལོག་ལ་ཡོད་དགོས་པའི་ཚོར་བ་ཞིག་ལས། ཕྱི་ཡི་རྣམ་པའི་ཐོག་ནས་གལ་ཆེན་པོ་མེད་པ་གསལ་བོ་རེད་ལ། སེམས་ཙམ་པས་ལྟ་གྲུབ་སྟེ། (ལྷན་ཅིག་དམིགས་པ་ངེས་པའི་ཕྱིར།། བསྔོ་སོགས་དེ་བློ་གཞན་མ་ཡིན) གསུངས་པ་དང་ཤིན་ཏུ་མཐུན་ཀི
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ང་རང་བུད་མེད་ཅིག་ཡིན་རུང་། བོད་མི་རིགས་ཀྱི་མ་འོངས་པ་དང་མདུན་ལམ་གྱི་ཆེད་དུ། སེམས་འཚབ་ཀྱིས་བསླངས་པའི་འདུ་ཤེས་ཤིག་གིས། སྔ་ཕྱིའི་གནས་ཚུལ་མང་པོ་ཞིག་ལ་བསམ་བློ་གཏོང་ཁུལ་བྱས་དང་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་། བསམ་བློ་གཏོང་སྟངས་དང་ཐབས་ཚུལ་བཏོན་པ་དེ་ཡང་། ནོར་འཁྲུལ་གྱི་ཆ་ཡོད་པ་ངོས་ལེན་བྱེད་ཀྱིན་པའི་བློ་སྤོབས་ཡོད་དེ། རྒྱུ་མཚན་དང་རྒྱབ་ལྗོངས་བློ་ངོར་འབབ་ངེས་དགོས་པ་ནི། ཆེས་མ་མཐའ་ཆ་རྐྱེན་ཞིག་ཡིན། འདི་ནི། སྤྱིར་བཏང་གི་བསམ་ཚུལ་ཙམ་ཞིག་སྔོན་དུ་བཀོད་པའོ།། དེ་ནས། སྤྱིར་བཏང་གི་ཆ་ནས་བསམ་སྐབས། ནང་ཆོས་ཞེས་པ་དེ་བདེ་དོན་དང་བདེན་དོན་སྒྲུབ་བྱེད་ཀྱི་རིགས་ལམ་དང་ཐབས་ཚུལ་ཡིན་པ་ལས། དབང་བསྒྱུར་དང་དབང་ཤུགས་བཀོལ་བྱེད་ཀྱི་ལག་ཆ་ཙམ་ཞིག་ལ་དམིགས་པ་ནི། ཆེས་ཐལ་ཤར་བའི་ཀུན་སྤྱོད་ཙམ་དུ་ཟད། ཡིན་ནའང་། ནང་ཆོས་ཁོ་རང་གི་ངོ་བོ་དང་ནུས་པའི་ཁྱབ་ཚད་དེ་ནི། དེ་འདྲ་ཞིག་མ་ཡིན་རུང་། དེར་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་མཁན་རྣམས་ཀྱིས་སྒེར་དོན་དང་ཕྱོགས་ཞེན་གྱི་འདུ་ཤེས་ཤུགས་དྲག་གི་དབང་གིས། འདི་ལྟར། བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཁྲ་ཁྲ་དང་གོ་རིམ་མེད་པ་ཅན་ཞིག་ཏུ་བསྒྱུར་བ་རེད། དེས་ན། ཐོག་མར་ང་ཚོའི་མི་རིགས་ཀྱིས་རྒྱུན་འཛིན་བྱས་དང་བྱེད་བཞིན་པའི་རིག་གནས་དག་གི་ཕན་ནུས་ཐོན་མིན་ལ་བལྟས་ཏེ། འཐུས་ཚང་གི་སྒོ་ནས་སྤྱི་དམངས་ཀྱི་རིག་གནས་ཅན་ཞིག་ཏུ་ཁ་ཕྱོགས་དགོས་པ་ནི། ད་ལྟ་དང་མ་འོངས་པའི་ལམ་བུའི་ཆེད་དུ་རེད། དེའི་ཕྱིར་ན། ཆབ་སྲིད་ཀྱི་རིག་གཞུང་ཕྱོགས་ནས་བཤད་ཀྱང་རུང་། ནང་ཆོས་ཁོ་རང་གི་རིན་ཐང་དང་ནུས་པ་མཐའ་རུ་བཏང་ནས། ཆབ་སྲིད་པ་སྒེར་གཅོད་ཅན་རྣམས་ཀྱིས། མི་དམངས་སྤྱི་ཡོངས་ཀྱི་བདེ་སྡུག་དང་དགོས་དོན་ལ་མ་བལྟ་བར་རང་དོན་རྐྱང་བའི་དོན་དུ། མགོ་བསྐོར་བསླུ་བྲིད་ཅན་དང་སྒེར་གཅོད་ཀྱི་ལམ་ལུགས་སུ་བསྒྱུར་བ་ལྟ་བུ་ཞིག་རེད། དེ་འདྲ་ཡིན་དུས། ཆོས་སྲིད་ཟུང་འབྲེལ་ཞེས་ངོ་གདོང་ལ་བལྟས་ན་ཚིག་སྙན་པོ་ཞིག་ཡོད་ཀྱང་རུང་། དོན་དམ་དུ་བཤད་ན། ཆོས་ཆོས་དང་སྲིད་སྲིད་ཅེས་པ་ལ་གོ་དོན་དང་དགོས་པ། འཇུག་ཚུལ་དང་མཇུག་འབྲས་སོགས་རྦད་དེ་ཁ་ཁ་སོ་སོ་ཡིན་རུང་། མགོ་བདེ་དྲན་འཁྲུལ་ཆེ་བ་དང་སྒེར་དོན་ལས་བསམ་བློ་མེད་མཁན་རིགས་ཀྱིས་འདི་ལྟར། བསྲེས་སྤྱོར་བྱས་པའི་རིག་གནས་གཉིས་ཀྱི་གྲུབ་དོན་ནིོ། ད་ལྟའི་བོད་ཀྱི་གནས་བབ་དང་མ་འོངས་པའི་ལམ་སོགས་གང་ལ་བསམ་གཞིགས་བྱས་ན་གསལ་ཐང་ཐང་ཆགས་ཡོང་བ་ཞིག་རེད།
ངས་གྲལ་རིམ་དང་དབང་ཐང་རྩོད་ཀི་མེད་ལ། འདྲ་མཉམ་དང་སྤྱི་སྙོམ་གྱི་ལམ་ལུགས་ཤིག་བཤད་ཀི་ཡོད། གལ་ཏེ། གནད་ལ་ཐུག་ན་བློས་བཏང་བྱེད་རྒྱུའི་ཆོད་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་འཕྱུར་ཡོང་གི་འདུག དེའི་རྒྱུ་མཚན་ནི། ཆོས་སྲིད་ཟུང་འབྲེལ་ཟེར་བ་དང་ཆོས་ལྡན་ཞི་བདེའི་མི་རིགས་ཟེར་བ་སོགས་ཡོད་ཚད་ཆོས་དང་འབྲེལ་བ། ཡོད་ཚད་ཆོས་ཀྱི་དབང་བསྒྱུར་འོག་ཚུད་པ། ཡོད་ཚད་ཆོས་ཀྱི་མཐུ་འོག་ནས་འདའ་ཐུབ་ཀི་མེད་པ། ཐ་ན། སྐད་ཆ་ཞིག་བཤད་སྐབས་དང་རྣམ་འགྱུར་ཞིག་སྟོན་སྐབས་ཀྱང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་རྐྱང་རྐྱང་རེད། གལ་སྲིད། ཆོས་མེད་ན་འཚོ་གནས་རྫོགས་སོང་བ་འདྲ་བོ་ཞིག་ཡིན་ན། ཐབས་གཞན་ཡོད་པ་མ་རེད། ཡིན་ན་ཡང་། ཆོས་དང་དེའི་ནུས་ཤུགས་མེད་རུང་། མདུན་བསྐྱོད་མི་ཐུབ་པ་སོགས་དེ་འདྲ་ནི་མ་རེད། གང་ལྟར། ནང་ཆོས་གཅེས་སྐྱོང་བྱས་ཟིན། བཀག་རྒྱ་ཞིག་ཡོད་ཡོད་པ་རེད། དེས་ན། དྲ་རྒྱའི་ནང་ཚུད་པའི་མི་རིགས་ཤིག་ལ་མཚོན་ན། འགུལ་སྐྱོད་བྱེད་སའི་ས་མིག་ག་ཚོད་ཅིག་ལྷགས་ཡོད་པ་རེད་དམ།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། གང་ལྟར། ཉི་མ་གཅིག་ལ་ཚེ་རོགས་ཤིག་དགོས་པ་ནི། སྤྱིར་བཏང་གི་གནས་ཚུལ་ཙམ་ཞིག་རེད་དེ། ངས་དྲང་པོར་བཤད་ན། ངའི་ཚེ་རོགས་ནི། རྣམ་པ་ཡོད་མཁན་ཞིག་དང་འབྱོར་ལྡན་ཞིག་མི་དགོས་ལ། ལྷག་པར་དུ། སྤྱི་བྱེའི་འགན་འཁུར་མེད་མཁན་རིགས་དང་རང་ཚུགས་རང་རྟོན་མེད་མཁན་རིགས་དེ་བས་ཀྱང་མི་དགོས། འདི་ནི། ངའི་སྙིང་གི་གས་ཁ་ཡིན། ང་དགོས་པ་ནི། སྙིང་གི་ཚི་ལུ་དེ། གསར་བརྗེ་དང་གསར་གཏོད་ཀྱི་བློ་ཁོག་དང་ཐབས་ཚུལ་ཡོད་མཁན། ད་དུང་། ལག་ལེན་དང་ཁ་བཤད་དོན་ལ་གནས་མཁན་རིགས་དེས་སྙིང་གི་ཚི་ལུ་ནང་གི་ཡང་ཚི་ཡིན་ཡ། གང་ལྟར། དྲ་གྲོགས་ཟླ་མེད་ལགས་ཀྱིས་བསམ་བློ་དང་དུས་ཚོད་ཀྱིས་གྲོན་ནས། དུས་ཐོག་ཏུ་ལན་རེ་རེར་བཞིན་བཀོད་པ་དེས་ཀྱང་ངའི་སྙིང་གི་ཚི་ལུ་འགུལ་ག་བཅུགས་སོང་བས་ན། བཀའ་དྲིན་ཆེ་ཞུ། རྗེས་ཕྱོགས་ཡིན་ནའང་། རོགས་འདེགས་ཡོང་བའི་རེ་འདུན་བཏོན་པ་ཡིན་ལགས།
བཀུར་འོས་དྲ་གྲོགས་ཨ་རིག་དགེ་མཐོང་ལགས།
ཐག་བཅད་བཞག་ཡོད་ཀི དེ་ནས་ཅང་ཁ་བརྡ་བྱེད་རྒྱུ་མེད། གཞན་ཡང་། ཡིད་ཆེས་མེད་ནི་བོ་ཁག་མེད་ཀི། ཡིན་ནའང་། རིམ་གྱིས་ངས་འགུགས་ཐབས་བྱེད་ཀི་ཡིན་དཱ། ང་ནི་ཁྱོད་ལ། ཡིད་ཆེས་ཟབ་མོ་ཡོད་མཁན་ཞིག་ཡིན། གང་ཡིན་ཟེར་ན། རྒྱུ་མཚན་ཁ་ཤས་ཡོད། དང་པོ་ནི། ང་བོད་ལ་ཡོད་སྐབས་མཚོ་སྔོན་པོ་ཟིན་བྲིས་ནང་ལ་ཉུལ་ཐེངས་རེར། ཉིད་ཀྱི་ཟིན་བྲིས་སྤེལ་ཕྱོགས་སོགས་རྒྱུས་ལོན་དང་ལྟ་ཞིབ་མང་པོ་བྱས་པའི་ཉམས་མྱོང་གིས། ཁྱེད་ནི། མི་རིགས་ལ་བསམ་པ་དཀར་མཁན་ཡིན་པའི་ཚོར་སྣང་བྱུང་སོང་། གཉིས་པ་ནི། ཨ་རིའི་བརྙན་འཕྲིན་ནང་ནས་ཐེངས་གཅིག་མཐོང་བྱུང་། དེ་དུས། ཡུལ་ཤུལ་ས་འགུལ་གྱི་དོན་རྐྱེན་བྱུང་ཅང་མ་འགོར་བའི་སྐབས་སུ། སེམས་པ་དང་སེམས་པ་སྤྲེལ་ནས་མྱ་ངན་རྩོམ་ཡིག་ཕྱོགས་བསྒྲིགས་བྱས་པ་ཞིག་མཐོང་སྐབས། དངོས་གནས་ཡིན། མིག་ཆུག་ཐོར་སོང་། སྤྱིར་ན། བུད་མེད་ཀྱི་མིག་ཆུ་ལ་ཡིད་ཆེས་བྱེད་རྒྱུ་མེད་ཀྱང་རུང་། སྐབས་དེའི་མིག་ཆུ་སེམས་ཀྱི་མིག་ཆུ་ཡིན། མདོ་དོན། དེ་འདྲའི་རིམ་བརྒྱུད་ཀྱི་ཁྲོད་ནས། ངས་དྲ་གྲོགས་ཉིད་ཀྱི་མིང་དང་སེམས་འདུན་ཉུང་ངུ་ཞིག་རྟོགས་ནས་ཚུགས་ཀ་རེད། གསུམ་ནི། འདི་ཕྱོགས་ཀྱི་དྲ་ཚུགས་ནང་དུ་འགྲོ་དུས། ཉིད་ཀྱི་ཟིན་བྲིས་དང་བསམ་ཚུལ་གང་འཚམ་ཞིག་ལྟ་ཀློག་བྱས་མྱོང་ཡོད་པས་ན། བག་ཆགས་བབ་ཆགས་ཤིག་བཞག་སོང་སྟེ། དེ་རིང་ལྟ་བུ་ཡིན་ན། ང་སུ་ཞིག་ཡིན་མིན་གསལ་གསལ་ཐང་ཐང་བཟོ་ངེས་ཡིན་ཚུལ་དང་། ལྷག་པར་དུ། ང་ལ་འཁྲབ་སྟོན་པའི་མིང་ཞིག་བཀབས་ནས་འགྲོ་སྟངས་སོགས་ལ་བལྟས་ཡོང་བ་ཡིན་ན། ཕྱོགས་གཅིག་ནས། ངའི་བཤད་སྟངས་དང་སྤྱོད་སྟངས་ལ་ཕྱིར་དྲན་དང་གསལ་འདེབས་བྱས་སོང་། གཞན་ཞིག་ནས། དེ་འདྲའི་བཙིར་དགོས་དོན་ཡང་ཤེས་མ་སོང་ལ། དགོས་པ་ཞིག་ཡོད་རྒྱུ་རེད་དེ། ཡང་གསལ་བཤད་ནི་མི་འདུག སྐབས་འདིར་ཆེས་མི་བདེ་བ་ཞིག་བྱུང་བ་ནི། ངས་བཏབས་ཟིན་པའི་མཆན་བུ་དག་གི་ནང་དོན་ལ་སྔོག་འདོན་མི་བྱེད་པར་ངའི་མིང་དེ་གཙོར་འཛིན་བྱེད་དགོས་པ་ག་རེ་ཡིན་ནམ། ངའི་རེ་བ་ཡིན་ན། ངས་བཏབས་ཚར་བའི་མཆན་བུ་རྣམས་ཀྱི་རྒྱབ་མདུན་བལྟ་རོགས་ཞུ། ཨོ་རེད། དྲ་རོགས་ཉིད་ལ་མཚོན་ན། ང་སུ་ཡིན་མིན་གལ་འགངས་ཆེན་པོ་འདུག་སྟབས། དེ་ནི། དྲ་གྲོགས་ཀྱི་རང་དབང་དང་ཐོབ་ཐང་རེད་ལ། བཙལ་གཅོད་བྱེད་ཆོག་ཆོག་ཡིན་ལགས།
ངས་ཉེ་སྔོན་གསལ་བསྒྲགས་འདི་མཐོང་བ་དང་མི་བདེ་བའི་སྣང་བ་ཞིག་སྐྱེས་སོང་། དེར་བརྟེན་བོད་ཀྱི་ལ་རྩེ་དཔེ་མཛོད་ཁང་དུ་གློག་འཕྲིན་ཞིག་ཀྱང་བཏང་མོད་དེ་ནི་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ལྟར་གྲགས་འགུལ་ཅི་ཡང་མེད་པར་གྱུར། དེ་ནི་དོན་དམ་གང་ཡིན་ནམ་ཞེ་ན་༼སྙིང་གི་ཚི་ལུ་༽དེ་དེ་མ་ཡིན་པར་༼སྙིང་གི་ཚིལ་ལུ་༽དེ་འདི་ཡིན་པར་སྙམ་མོད་བོད་ཀྱི་དུས་བབས་དྲ་ཚིགས་དང་བོད་ཀྱི་ཁ་བརྡ་དྲ་ཚིགས།་ད་དུང་དེ་མིན་ཟིན་བྲིས་ཁག་ཅིག་དང་བཅས་པས་ཡང་བསྐྱར་༼སྙིང་གི་ཚི་ལུ་༽འདི་དེ་ག་རང་སྤྱད་ཡོད་ལ་སྤྱོད་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་རྣམས་འདིར་དྲ་གྲོགས་སུས་ཤེས་ན་ཕྲན་ལ་འགྲེལ་བརྗོད་གང་ལེགས་ཡོད་པའི་རེ་བ་ཞུ།
ཁ་དྲོ་བཀྲ་ཤིས་དང་བོད་སྐད་ཡིག་གཙང་མ་ཁྲི་ལོར་ཤོག་བཅས།
བཀུར་འོས་དྲ་གྲོགས་ཡེ་ཤེས་ལགས།
ཐག་བཅད་ཚར་བའི་གནས་སྟངས་ལ་ཐེ་གཏོགས་བྱེད་འདོད་མེད་དེ། བསྐྱར་ཞིབ་བྱས་ན། དེ་ནས་ཡག་དང་དྲག་པ་ཉིད་ཀྱི་ལག་ཏུ་རག་སྲིད་ཀི་རེད། སྤྱིར་བཏང་གི་ཅ་དགོས་གང་ཞིག་ཡིན་རུང་། རྙིང་རྒྱུ་དང་བཀོལ་སྤྱོད་མེད་པ་ཆགས་རྒྱུ་ཏན་ཏན་ཡོད་པ་རེད་བསམ་གི་འདུག་ན། བསྐྱར་ཞིབ་ནན་ཏན་དང་མཐུལ་ཕྱིན་བྱས་པ་ཡིན་ན། དྲ་གྲོགས་ཉིད་ཀྱི་སྙིང་གི་ཚི་ལུ་ངོ་མ་དེ་རག་མདོག་ཁ་བོ་རེད།
ཚི་ལུ་དང་ཚིལ་ལུ་གཉིས་ཀར་ཐད་ཀྱང་། ཚི་ཙམ་གྱིས་ཚིལ་ལ་གོ་དཀའ་བས། ཚིལ་དང་ཚིལ་ལུ་འདི། བརྗོད་བདེ་བས་བེད་སྤྱོད་མང་ཙམ་ཡོད་པ་བཅས། སྤྱན་ཆབ་ལགས་སུ་སྤྱན་འབུལ་ཞུས་པ་ཡིན་ལགས།
རྔ་བ་ཚེ་སྐྱིད་ཡིན་ན། རྔ་བ་རྨེའུ་དཀོན་རྒྱམ་ལགས། མཛེས་མ་ཚེ་སྐྱིད་ཀྱི་མིང་བེད་སྤྱོད་མ་གནང་དཱ།
ཨ་རྫི་མི་འདི་དག་ལ་ཅི་བྱུང་བ་རེད། རྔ་བ་ཚེ་སྐྱིད་བུ་ཡིན་ན་བུ་ཡིན། བུ་མོ་ཡིན་ན་བུ་མོ་ཡིན། མོ་རང་སྙིང་གི་ཚི་ལུ་སྒྲིག་སར་བུ་མོ་བྱས་ནས་ཡོང་ན། ང་ཚོས་མོ་རང་ལ་བུ་མོ་ལ་ལས་རྒྱུ་བོ་ལས་དགོས་པ་རེད། དེ་ལ་བུ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་ནས་ག་རེ་བྱེད་དགོས་རེད། དེང་སང་བོད་པའི་སྤྱི་ཚོགས་ནང་དུ་བུ་དེ་ཚོ་བུ་མོ་བཟོས་ནས་མནའ་མར་འགྲོ་བཞིན་པ་མང་རུ་མང་རུ་རེད་འདུག་ཀ གང་ལྟར་ངས་བསམ་ཚུལ་བྱས་ན་དོན་དུ་བུ་ཡིན་མིན་ལ་ཁྱད་པར་མི་འདུག ཁོ་རང་ངམ་མོ་རང་བུ་བྱས་ནས་ཡོང་དང་བུ་མོ་བྱས་ནས་ཡོང་། མོ་རང་གི་འདོད་པ་དང་བསྟུན་ན་ཡག་པོ་ཡོད་པ་རེད།
གནའ་རབས་ཀྱི་ཕོ་མོ་བགར་སྟངས་བྱས་ན་ཕོ་མོའི་རྣམ་གྲངས་བཅུ་དྲུག་ཡིན་ན་ཅིག་དམ་པའི་ཆོས་འདུལ་བ་ནས་གསུངས་འདུག ཕོ་མོ་རྣམ་གྲངས་དབྱེ་པས་ལྔ་ལྔ་བཅུ།། མཚན་གཉིས་བྱུང་དང་མཚན་དུག་མཚན་མེད་དང་། ། མཚན་ལན་གསུམ་འགྱུར་མ་ནིང་འགྱུར་བརྟན་སོགས།། ལྟ་བུ་རེད། དེ་ཚོ་སྔར་ནས་བཟུང་ཁྲིམས་ཐོག་ནས་དེ་ག་རེད། མ་རེད་དམ།
བརྗོད་གཞི་དང་མ་འབྲེལ་བས་དགོངས་འགལ་མེད་པར་ཞུ།
མཆོག་ཏུ་བཀུར་འོས་ཁ་བརྡ་ དྲ་རྒྱའི་ལས་འཛིན་རྒན་རབ་གསལ་དང་རྡོ་དབང་། བེ་རི་འཇིགས་མེད་ལགས། ཨ་ལགས་ཀླུ་སྨྱོན་ཚང་། གཞོན་ནུ་ཟླ་མེད་དབུས་དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ།
ངེད་གསེར་གྱི་གཟེངས་རྟགས་ དུས་དེབ་རྩོམ་སྒྲིག་ཁང་ནང་ད་ལོར་དམིགས་བསལ་༸གོང་ས་མཆོག་གི་ཡང་སྲིད་ངོས་ འཛིན་ཞུ་སྟངས་བསྐོར་འབྲས་སྤྱི་བློན་ཆེན་སར་ འབི་སིལ་ འགུ་ལོ་ཊ་ སིའི་ ཨེམ་ འཇིའི་ སིའི་ ཨ་ཡི་མཆོག་གྱིས་དབྱིན་ཡིག་ཏུ་བྲིས་ཤིང་། ར་ཎི་ཆོས་ཉིད་རྡོ་རྗེ་དང་། ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོ་གཉིས་ཀྱིས་བོད་ཡིག་ཏུ་ཕབས་བསྒྱུར་བྱས་པའི་《ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་ཞུ་ཚུལ་དང་། གསེར་ཁྲིར་མངའ་གསོལ་སོགས་མདོ་ཙམ་བཀོད་པ》ཞེས་ པའི་དཔེ་རིང་རྩ་་ཆེན་ཞིག་འདུག་ཀྱང་། ཡ་མཚན་པ་ཞིག་ལ་ད་ལྟའི་དབར་དུ་སུས་ཀྱང་དེབ་ཏུ་པར་བསྐྲུན་བྱས་མི་འདུག་ལ། ང་ཚོའི་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་ཡང་ཕྱིན་མི་འདུག དེབ་འདི་ལ།
༡ བོད་དང་བོད་པའི་ལེའུ། ༢ བོད་གཞུང་གི་ལེའུ། ༣རྒྱལ་བ་སྐུ་ཕྲེང་སྤྱན་རས་གཟིགས་ཡིན་སྐོར་གྱི་ལེའུ། ༤༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཞིང་དུ་གཤེས་ཚུལ་གྱི་ལེའུ། ༥པཎ་ཆེན་རིན་པོ་ཆེའི་ལེའུ། ༦རྒྱལ་བའི་ཡང་སྲིད་སྐོར་ཐོག་མའི་རྟགས་དང་མཚན་མའི་ལེའུ། ༧ ཡང་སྲིད་རྩད་གཅོད་དུ་ཕེབས་པའི་ལེའུ་༼ད་དུང་ལེའུ་མང་༽སོགས་ཆོས་སྲིད་གཉིས་ འཐད་ནས་གལ་གནད་ཧ་ཅང་ཆེ་བའི་དཔེ་དེབ་འདི་སྤྱི་ཟླ་ ༢ པའི་ནང་པར་བསྐྲུན་བྱེད་འཆར་ཡང་སྟབས་མ་ལེགས་པ་ཞིག་ལ་གོང་གི་ཤོག་ངོས་༣ པ་དང་། འོག་གི་ཤོག་ངོས་༢༤ པར་གཉིས་ལ་པར་སྐྱོན་ཅུང་འདུག་པས་རྣམ་པ་ཚོས་སྐྱོན་མེད་ཞིག་ཐབས་ཤེས་རེ་ཐུབ་ན་ ངེད་རྩོམ་སྒྲིག་ཁང་ལ་འབྲེལ་བ་གནང་རོགས་ཞུ།།
ང་ཚོའི་དྲ་བྱང་།
tsonkha@gmail.com
ལ་རྩེ་ཚང་ལགས། མཛའ་འཕྲིན་འགྲན་བསྡུར་དེའི་ཆེད་དུ་བྲིས་པའི་རྩོམ་ཡིག་དག་ལ་རྩེ་ཚང་གི་ཁ་བྱང་སྟེང་བསྐུར་དགོས་སམ་འདི་ག་ཁ་བརྡ་སྟེང་ད་ལྟ་ནས་བཟུང་སྤེལ་ན་འགྲིག་གི་ཡོད། རྩོམ་པ་པོ་དག་གིས་འདིའི་སྐོར་ཤེས་ན་འདོད་པས། ལན་ཁ་གསལ་ཞིག་གནང་རོགས།
བཀུར་འོས་དྲ་གྲོགས་བོད་ཀྱི་ཕོ་གསར་ལགས།
རེད་ལགས། དངོས་གནས་རེད། ངའི་ཕུ་བོ་ཁྱོད་ཀྱིས་ཤེས་ཡོད་རུང་། ང་ནི་ཉིད་ཀྱིས་ཤེས་མེད་ཀི། དེས་ན། ཉིད་ཀྱིས་རྗེས་ཕྱོགས་ང་བཙལ་འདོད་ཡོད་ན། གསར་བརྗེ་དང་གསར་གཏོད་ཀྱི་སྙིང་སྟོབས་དང་ཐབས་ལམ་བསྒྲིག་ཤོག་དང་། དེ་ནས་བལྟ་ཆོག་གི་རེད་མ་གཏོགས་ངས་བཏབས་ཟིན་པའི་མཆན་བུ་དག་གི་ཁོག་སྙིང་མི་བསྔོགས་པར་ངེས་པར་དུ། ང་དང་ངའི་མིང་དེ་གཙོ་འདོན་བྱེད་པའི་དགོས་པ་ཤེས་མ་སོང་མོད། དེ་སྐྱོན་མེད་ཀི། ངས་བཏབས་ཟིན་པའི་མཆན་བུ་དག་གི་འགན་ངས་འཁུར་གི་རེད་ལ། གལ་གནད་ལ་ཐུག་དུས། དངོས་སུ་སྦྱང་བཤད་བྱེད་ཆོག་གི་རེད།
ཡེ་ཤེས་ལགས།
ལ་རྩེར་སྐད་ཆ་དྲིས་བ་ཡིན། མཛའ་འཕྲིན་འགྲན་བསྡུར་གྱི་ཆེད་དུ་ཡིན་ན། ལ་རྩེའི་གློག་འཕྲིན་ཁ་བྱང་ཐོག་བསྐུར་རོགས་ཟེར། དྲ་གྲོགས་ཚོས་ཀྱང་། མཛའ་འཕྲིན་འགྲན་བསྡུར་གྱི་ཆེད་དུ་དམིགས་པའི་རྩོམ་ཡིན་ན། ཁ་བརྡའི་ཐོག་གནས་སྐབས་རིང་མ་བསྐུར་རོགས། ཐད་ཀར་ལ་རྩེའི་གློག་འཕྲིན་(info@latse.org ) འདིའི་ཐོག་བསྐུར་རོགས། འདི་གསལ་བཤད་ཙམ་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཐོག་མར་བཀའ་དྲིན་ཆེ་ཞུ་འདོད་ཅིག་བྱུང་སོང་། གང་གིས་ཟེར་ན། གུ་ཡངས་དང་དཔྱད་ཞིབ་ཀྱི་སྒོ་ནས། བསམ་ཤེས་དང་རྩེད་མཚར་གྱི་ཁྲོད་ནས། ང་ནི། ལྷག་པར་དུ་འདྲེས་སོང་། དངོས་གནས་ཡིན་དཱ། ཡང་། ང་རང་བུད་མེད་ཅིག་ཡིན་མིན་ནི་དྲ་གྲོགས་རྣམ་པར་དེ་འདྲའི་གལ་གནད་ཆེ་བ་མ་རེད་ལ། རྩོད་གླེང་བྱས་པའི་དབང་དུ་བཏང་དོན་སྙིང་ཆུང་གི་བསམ་གྱི་འདུག ཨ། ཁྱེད་རྣམ་པའི་ཐུགས་གཞིགས་གནོངས་དང་དགོས་དོན་ཅང་མེད་ཀི་ཀོ། དེ་ནས། བཀུར་འོས་དྲ་གྲོགས་གཞོན་ཟླས་བསྙད་པ་ལྟར། དེང་སང་གི་དུས་སུ། ཕོ་མོའི་ནུས་པར་བར་ཁྱད་ཆེན་པོ་མེད་དུས། ཕོ་མོ་དབྱེ་འབྱེད་ཀྱི་བསམ་བློ་དེ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་དང་དེས་བསྐྱེད་པའི་ཡུལ་སྲོལ་གོམས་གཤིས་གུ་དོག་ཅན་གྱི་བར་གསེང་ནས། ད་དུང་། བོད་ཀྱི་བུད་མེད་རྣམས་ཀྱི་ཁྱད་ནུས་ལ་བརྩི་མཐོང་ཐོབ་མི་འདུག དེའི་དབང་གིས། འདས་པ་བཤད་ཉན་ཡོད་པ་མ་རེད་དེ། ད་ལྟ་བའི་བོད་ཀྱི་བུད་མེད་གནས་སྟངས་དེ་ཆེས་ཁ་སྟབས་ཞན་པའི་འོབས་སུ་ལྷུངས་ཡོད་ཀི། མ་འོངས་པར་ཡིན་རུང་། འདི་ལྟར། རྒྱུན་མཐུད་ནས་སོང་ན། རེ་བ་ཆེ་ཞིག་མེད་ནོ་ཤེས་གསལ་རེད། དེས་ན། གསར་གཏོད་དང་གསར་བརྗེ་བྱེད་དགོས་དོན་གྱི་བསྒྲགས་གཏམ་དེའང་། ཐ་ན། ང་བུད་མེད་ཅིག་གིས་ཆིག་ལབ་ལྟ་བུར་རྒྱག་དགོས་ཐུག་པ་རེད།
ང་ཡི་༼སྙིང་གི་ཚིལ་ལུ།༽
ཐོར་རྒོད་པ་སྤྱན་ཆབ།
“*ཕྱི་དགྲའི་མཚོན་གྱིས་རྨ་ཁ་ལུས་ལ་བཏབ།།
ནང་དགྲ་སྲིན་འབུ་ཕྲ་མོས་སྙིང་རྩ་ཟོས།།
ཕྱི་ནང་གཉིས་ཀའི་ནད་ཀྱིས་ཟིན་པ་ཡི།།
བོད་ཀྱི་སྐད་ཡིག་འདི་ལ་སྙིང་རེ་རྗེ།”
ཨ་རི་ཡིན་པ་ལ་དམིགས་བསལ་ཅི་ཞིག་ཡོད།།
ཕྱི་རྒྱལ་ཡིན་ན་ཡང་ཁག་འགེལ་གང་ཞིག་འདུག།།
ཆུང་ས་ཕྲ་ས་ནས་སྣང་བ་མི་འཇོག་མཁན།།
བོད་པའི་ཆེ་མཐོ་ཚོའི་སྡུག་ཅིག་མི་མཐོང་གི།
ང་ལ་མི་བདེ་བའི་༼སྙིང་གི་ཚི་ལུ་༽དེ།།
ག་ས་གང་ས་ནས་བསྐྱར་དཔར་ཡང་མངོན་བྱས།།
སེམས་དང་བསམ་པ་ཡིས་ལྟ་ཚུལ་ཉུང་ཉུང་ཞིག།།
ལ་རྩེ་དཔེ་མཛོད་ཀྱི་ཡིག་སྒམ་ནང་དུ་བླུགས།།
ཉི་ཟླ་ཡང་ཤར་གྱིས་སླར་ཡང་ནུབ་ནས་ཐལ།།
ང་ཡི་བསམ་ཚུལ་དེ་མཚོ་ལ་རྡེའུ་ལྟར།།
༼སྙིང་གི་ཚིལ་ལུ་༽དང་བཅས་དེ་བོར་ནས་ཐལ།།
༼ཚུ་ལི་༽གཞན་པ་འདི་མ་དག་འབྱམས་ནས་ཐལ།།
བརྗོད་དོན་ཀྱི་འགྲེལ།
ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་གི་གསལ་བསྒྲགས་འདི་མཐོང་བ་ནས་ང་མི་བདེ་བའི་སྣང་བ་དེས་ཡོངས་སུ་གཅུན་ཞིང་།
རང་ངོས་ནས་བཀའ་འདྲི་ཐུང་ངུ་ཞིག་དང་བཅས་གློག་འཕྲིན་ཞིག་ཀྱང་བཏང་ནས་ཉིན་མཚན་ཕྱེད་དང་དྲུག་ཙམ་ཕྱིན་མོད།
ཕྲན་ལ་དེའི་ཕྱོགས་ཀྱི་ལན་གང་ཡང་མ་འབྱོར་བ་དང་ལྷག་པར་དུ།
བོད་ཀྱི་དུས་བབས་དྲ་ཚིགས་དང་ཁ་བརྡ་དྲ་ཚིགས། ད་དུང་ཟིན་བྲིས་དང་རྩོམ་ཡིག་གང་མང་ཞིག་ཏུ།
༼སྙིང་གི་ཚི་ལུ་༽འདི་ཡང་ཡང་མངོན་ཡོངས་པར་སྙིང་ནས་མ་ཟོད་པས།
དྲ་གྲོགས་ཚོར་བཀའ་འདྲི་ཞིག་གི་དོོད་དུ་ཤར་མར་བྲིས་པ་དགེ་གྱུར་ཅིག།།
ཁ་དྲོ་བཀྲ་ཤིས་དང་བོད་སྐད་ཡིག་གཙང་མ་ཁྲི་ལོར་ཤིག་བཅས་མཐའ་འཚོལ་བ་སྐྲན་གྱིས།
*འབའ་སྲས་ བསམ་གཏན་ལགས་ཀྱི་ཚིག་སྤྱད།
ཨུ་་་ཧུ་་་་ཨུ་ཧུ་་་་་
གོང་བཀོད་རྩོམ་ཡིག་འདི་ལ་གྲོགས་རབ་འབྱམས་པ་དང་གཞོན་ནུ་ཟླ་མེད།རྔ་བ་ཚེ་རིང་སྐྱིད་བཅས་ནས་བསམ་ཚུལ་རེ་གསུང་བའི་རེ་བ་ཞུ་ཞུ་ཞུ་་་་་ཞུའོ།།
འདི་ན་རྒྱལ་དབང་ཀརྨ་པ་ལ་སྒོར་མོའི་་སྐོར་གྱི་གནད་དོན་ཞིག་བྱུང་ཚུལ་བརྗོད་འདུག བདེན་པ་ཡིན་མིན་གྱི་བོད་ཡིག་གསལ་འགྱུར་ཁ་གསལ་ཡོད་ན་འགོད་པར་ཞུ། ། 印度警方訊問大寶法王 瞭解大筆資金來源
更新日期:2011/01/29 19:35
印度警方詢問西藏大寶法王噶瑪巴,瞭解噶瑪巴寺院大筆資金來源。
這次詢問起因是一筆非法土地交易,然而,是否也有政治因素,不得而知。
印度警方星期三逮捕兩名印度男子,指控他們牽涉一起非法土地交易,前天印度警察進入噶瑪巴的寺廟,查獲一筆資金,這筆資金主要是人民幣,約合76萬5千美元,將近兩千三百萬新台幣。
印度警方說,這筆資金非法帶入印度,是那兩名印度男子準備購買土地的資金。但為什麼這筆資金在噶瑪巴的寺廟,以及噶瑪巴是否有牽連,還要再調查。
噶瑪巴2000年從中國逃到印度達蘭沙拉,投奔達賴喇嘛,但印度政府一直嚴密控制噶瑪巴行動,至今只讓他出國一次。印度媒體說,噶瑪巴可能是中國間諜,中共讓他前往印度,目的是讓他成為海外藏胞的領袖。
ངའི་བསམ་ཚུལ་བྱས་ན་སྙིང་གི་ཚི་ལུ། ཡི་གེ་འདི་དག་པར་སེམས། འོན་ཀྱང་འདིའི་བསྡུ་ཚིག་འབྲི་ན་སྙིང་ཚིལ་ཟེར་ནས་འབྲི་དགོས་བསམ། ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབས།། གསུངས་པ་ལྟ་བུ། ལུ་གུ་འུ། ཡི་གེ་འདི་ཚོས་ཆུང་ཆུང་སྟོན། རིལ་བུ་ལ་རི་ལུ་༼འདི་དག་གསར་ན་གསལ༽ཚིལ་དང་ཚི་ལུ། ལུག་དང་ལུ་གུ རྟ་དང་རྟེའུ། འདི་ལྟར་བསམ་དགོས་པ་མིན་འགྲོ དེ་ནས་ཚིལ་དེ་ཡང་ཚིལ་ཆེན་མ་ཡིན་པར། ཚིལ་ཆུང་ཆུང་ཞིག་སྟོན་གྱི་ཡོད། རོགས་ཆུང་ལོ་ཟེར་བ་ལྟར་ཆུང་ཆུང་ཞིག་སྟོན་གྱི་ཡོད། འོན་ཀྱང་ཆུང་ཆུང་སྟོན་པ་འདིས་སྙིང་གི་ཚི་ལུ་དེ་སེམས་ནང་གི་གལ་ཆུང་ཆུང་གི་དོན་མ་ཡིན་པར། སྲོག་ཆགས་སོགས་གང་ཞིག་ཡིན་ན་ཡང་ཆུང་ཆུང་སྐབས་སུ་སྙིང་རྗེ་བོ་ཡིན་པ་དེས་ཆུང་ཆུང་ཞིག་སྟོན་བཞིན་ཡོད་པ་རེད། ཁ་སང་ནས་མི་ཁ་ཤས་ཀྱི་ཚིལ་གསོག་ན་ཡག་པོ་མིན་ལུགས་མང་པོ་ཞིག་གསུང་སོང་ང་། དེ་ནི་འདི་ལྟར་མིང་གི་ངོས་ནས་ཆུང་ཆུང་སྟོན་གྱི་ཡོད་པ་མ་ཤེས་པས་ལན་པ་རེད།
སྙིང་གི་ཚི་ལུ་ཟེར་བ་འདིས་ཕྱི་རྒྱལ་ནས་ཡག་པོ་མ་ཡིན་པར་ལྟ་བའི་རྒྱགས་པའི་ཆིལ་ཆེན་དེ་སྟོན་གྱི་མེད་ལ། འཕྲོད་རྟེན་ཐོག་གི་ཚད་བརྒལ་གྱི་ཚིལ་ཆེན་དེ་སྟོན་གྱི་མེད། འོན་ཀྱང་ལུས་སྟེང་དུ་མེད་དུ་མི་རུང་བའི་ཚི་ལུ་སྟེ་དྭངས་མའམ་ཡང་ན་ཚིལ་ཆུང་ཆུང་ཞིག་སྟོན་གྱི་ཡོད། ལུས་སྟེང་ན་ཚིལ་ཅུང་ཟད་ཙམ་ཡང་མེད་ན་སྲོག་འཚོ་མིན་མི་ཤེས་པས་ཚི་ལུ་དེ་ངེས་པར་དུ་སྲོག་འཚོ་བ་ལ་གལ་ཆེན་ལོས་ཀྱང་ཡིན། དེ་བཞིན་དུ་འཇིག་རྟེན་འཚོ་བའི་ཁྲོད་དུ་སྙིང་གི་ཚི་ལུ་དེ་འཚོ་བ་རོལ་བ་ལ་མེད་དུ་མི་རུང་བ་ཡིན་པས་ན། སྙིང་གི་ཚི་ལུ་འདི་མིང་གི་ཆ་ནས་ཀྱང་གལ་ཆེན་ནང་གི་དོན་ཆེན་ཞིག་འཚོ་བའི་ཁྲོད་དུ་སྟོན་གྱི་ཡོད་པ་རེད་བསམ།
དེ་ནི་དཔལ་རྒྱལ་བ་རྐ་མ་པ་མཆོག་ལ་དད་ལྡན་མི་མང་གི་བསྔོ་རྟེན་སོགས་ཕུལ་བའི་སྒོར་མོ་ཡིན་པ་ལས་གཞན་གྱི་གནད་དོན་གང་ཡང་མ་ཡིན་པ་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ནས་བཀའ་གསལ་པོ་གནང་འདུག་ན་ཐུགས་ཁྲལ་ཆེར་མེད་པར་མཁྱེན། ཞིབ་ཕྲའི་གནས་ཚུལ་མཁྱེན་པར་འདོད་ན་བོད་དུས་འབབ་དྲྭ་རྒྱར་གཟིགས་པར་འཚལ་ལོ།
ལ་རྩེའི་སྒང་ལ་ཚི་ལུའི་དར་དམར་བཙུགས།།
བྲིས་རྩོམ་གཙུག་ལ་ཡིག་ནོར་ཅོད་པན་འཆིང་།།
ལྷང་ལྷང་སྟོང་སྐད་མགྲིན་བའི་རྒྱན་དུ་ཆེ།།
ལྡེམ་ལྡེམ་སྔོ་ལོ་སྣང་བའི་རྒྱལ་མཚན་མཛེསེེ།།
གྲོགས་པོ་གཞོན་ནུ་ཟླ་མེད་དང་Sosགཉིས་ལ་ལྷན་དུ་ཞུ་གསོལ།
རེད་ལགས་ངས་རང་ཉིད་ཀྱི་ནོར་འཁྲུལ་ནོར་འཁྲུལ་དུ་ངོས་ལེན་པར་ཁ་སྐྱེངས་དང་ངོ་ཚ་གང་ཡང་མེད་པས་གོང་བཀོད་༼ཚུ་ལུ༽དེ་བཏགས་ནོར་ཐེབས་འདུག
སྥྱིར་བཏང་གང་ལ་དཔྱད་པར་བྱ་བ་དེ་ཉིད་ཞིབ་ཀློག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་དང་ཡང་ང་ཚོས་འཆད་བཞིན་པ་དེ་ཚིལ་ཆེན་དང་ཚིལ་ཆུང་གྱིས་ཞིབ་ཆ་གཏན་ནས་མི་དགོས་པར་དེ་ནི་ཤ་དང་ཚིལ་ཟེར་བའི་སྤྱི་བཤད་རགས་པ་དེས་གོ་ནུས་མོད་ད་དུང་ཨུ་ཚུགས་ཅི་ཞིག་བྱེད་དམ།ཚིལ་ཆེན་ཚིལ་ཆུང་གཉིས་ལ་ལ་མཐའ་དགོས་པ་རང་གིས་བཀོད་བཞིན་དུ་ཚིལ་ལུ་ལ་ལ་མཐའ་མེད་པར་ཇི་ལྟར་བསྒྲུབ་བམ།ཚུལ་དང་ཚི་གཉིས་བར་གྱི་ཧེ་བག་དང་ཁྱད་པར་དག་ཡིག་གསར་བསྒྲིགས་ལས་ཞིབ་ཏུ་གཟིགས་རོགས་ཞུ།
ད་དུང་དག་ཡིག་གསར་བསྒྲིགས་སུ་རིལ་བུའི་བསྡུས་ཚིག་ཏུ་རིལ་འབྲི་བར་བཀོད་པ་༼དཔེར་ན་་་སྨན་རིལ་ལྟ་བུ༽ལས་ཁྱོད་ཀྱིས་གསུངས་པའི་་་་་་ རིལ་བུ་ལ་རི་ལུ། ཚིལ་དང་ཚི་ལུ། ལུག་དང་ལུ་གུ རྟ་དང་རྟེའུ། ཟེར་བ་དེ་ཤོག་ངོས་གང་དུ་ཡོད་དམ་ཁ་གསལ་གསུངས་རོགས།
ཁ་དྲོ་བཀྲ་ཤིས་དང་བོད་སྐད་ཡིག་གཙང་མ་ཁྲི་ལོར་ཤོག་བཅས་མཐའ་འཚོལ་བ་སྤྱན་ཆབ་ཀྱིས།
ལུག་གུ ལུག་གི་ཆུང་མིང་དུ་གོ་ཡང་། ཚིལ་ལུ། ཚིལ་ལུའི་ཆུང་ཆུང་ལ་གོ་བ་ཁུངས་མཐོང་མ་སོང་ལགས།
དྲ་རྒྱའི་ནང་སྙིང་གི་ཚི་ལུའི་སྐོར་གླེང་གིན་འདུག་་་་ངོ་མ་བཤད་ན་ང་ལ་རང་གི་བསམ་ངོར་མཐུན་པའི་སྙིང་གི་ཚི་ལུ་ཞིག་ད་བར་མ་རེག་ཐད།་་་ངའི་སྙིང་གི་ཚི་ལུའི་ཆ་རྐྱེན་དང་པོ་ནི།ཨ་རག་མི་འཐུང་བ་ཞིག་དགོས།གཉིས་པ་ནི་ཐ་མ་མི་འཐེན་པ་ཞིག་དགོས།གསུམ་པ་ནི་སེམས་སྟེང་གི་བརྩེ་བ་སྤྲོད་ཤེས་མཁན་ཞིག་དགོས།
ཆ་རྐྱེན་འདི་དག་འཛོམས་ན་ཕོ་སྒོ་དང་།རང་གཤིས་ལ་དེ་ཙམ་ཁྱད་པར་མེད།
རེད་རེད་་་་དེ་དེ་བཞིན་ཡིན་པར་ཆགས་ཞོག དེས་ན་ཚི་ལུ་ནི་ཚིལ་ཆུང་ཆུང་གི་དོན་ཡིན་པ་གཞུང་གང་ཞིག་དང་སྤྱི་ལོའི་དུས་རབས་ག་ཚོད་ཅིག་ལ་བཀས་བཅད་ཡོད་དམ་། ཡང་དེ་ཉིད་དེ་ལྟར་སྤྱད་ཡོད་པ་སྔོན་བྱོན་མཁས་པའི་གསུང་རབས་གང་ཞིག་ནས་མཐོང་སོང་།
རིགས་པའི་སྤྱི་འགྲོས་དེ་དང་དག་གསར་བོད་རྒྱ་དང་དབྱིན་བོད་ཤན་སྦྱར་དག་ལས་ཁུངས་སྐྱེལ་གཞན་ཞིག་གམ་བཙན་པོ་ཞིག་མེད་དམ།
གང་་་་རབ་འབྱམས་པ་ལགས་རེད་རེད་་་དེ་དེ་བཞིན་ཡིན་པར་ཆགས་ཞོག དེས་ན་ཁྱོད་ཀྱིས་ཚིལ་ཆུང་ཆུང་གི་དོན་ཚི་ལུ་བྲིས་ཡོད་པ་གང་ཞིག་ནས་མཐོང་སོང་།དེ་ཡང་རིག་གཞུང་གང་ཞིག་ཏུ་སྤྱི་ལོའི་དུས་རབས་ནམ་ཞིག་ལ་བཀས་བཅད་ཡོད་པ་རེད་དམ།
ཡང་སྔོན་བྱོན་མཁས་པའི་གསུང་རབ་རི་བོའི་གཏོས་དང་མཉམ་པ་དེ་དག་ཏུ་ཚི་ལི་་དེ་ཉིད་ཤ་དང་ཚིལ་གྱི་ཚིལ་ལ་གོ་བ་ཞིག་བྲིས་ཡོད་པ་དྲང་རྒྱུ་མེད་ན་ནི་རིགས་པའི་སྤྱི་འགྲོས་རགས་པ་དེ་དང་དག་གསར་རྒྱ་བོད་བོད་དབྱིན་ཤན་སྤྱར་དེ་དག་གིས་ང་ལ་གསལ་ཁ་མི་འདོན་པར་མཁྱེན་ལགས།
ཧ་ཧ་། ད་གླེན་པས་གླེན་པ་མ་འཁྲིད་རོགས། ཚི་ལུ་ཞེས་པ་འདི་ཚིལ་ཆེ་ཆུང་གི་སྐད་ཆ་མ་རེད། ཚིལ་ཞེས་པ་འདིས་བསྡུས་ཚིག་རེད། ཚི་ལུ་ཞེས་པ་བསྡུས་ཏེ་བརྗོད་བདེར་ཚིལ་ཞེས་བྲིས་པ་རེད།
ཚིལ་ཞེས་པ་འདི་བསྡུས་ཚིག་རེད།
bbc ལགས་ཀྱིས་ཚི་ལུ་བསྡུས་ན་ཚིལ་ཞེས་གྲུབ་པ་རེད་གསུངས་པ་བདེན་པ་རེད།
སྙིང་གི་ཚི་ལུ་མེད་ཀྱང་།།
སྙིང་གཏམ་ཤོད་ས་ཡོད་པས།།
སྙིང་གི་བུ་ཆུང་འདི་ལ།།
སྙིང་རྗེ་སྐྱེ་དོན་མི་འདུག
ལ་རྩེའི་རླུང་བུ་བརྒྱབ་བྱུང་།།
དྲ་གྲོགས་རླུང་གིས་བདས་སོང་།།
གྲྭ་བཙུན་སྡོམ་ལྡན་རྣམས་ཀྱང་།།
སྙིང་གི་ཚི་ལུ་ཟེར་གྱི།
འཆར་ཡན་རྟོག་བཟོ་ཡིན་ཀྱང་།།
འདོད་གཏམ་གྲྭ་པས་གླེང་ན།།
སྡོམ་ལྡན་སྡོམ་ལྡན་ཟེར་ཡང་།།
འཆལ་པོ་ང་འདྲ་མིན་ནམ།།
གྲོགས་པོ་BBCལགས།
ཁྱེད་ཀྱིས་དེ་ལས་ལྷག་པའི་རྒྱུ་མཚན་ཞིག་དང་བདེན་པ་ཞིག་དྲང་ཐུབ་བམ།དཔེར་ན་སྔོན་བྱོན་མཁས་པའི་གསུང་རབ་ཀྱི་ལྟེབ་སྒྲིལ་་འདི་དང་འདི་རུ་གདའ་ཟེར་རྒྱུ་ཞིག་མེད་དམ། གླེན་པས་གླེན་པ་དང་ཞ་རས་ཞ་རར་སྐུལ་པ་གཅིག་པ་མིན་ནམ། གསལ་བཤད་དགོས་ན་ངའི་སྙིང་གི་ཚིལ་ལུ་ཞེས་པའི་རྩོམ་ཡིག་དེའི་མཇུག་གི་མཆན་ལ་གཟིགས་རོགས་ཞུ།
ཡང་སྤྱན་ཆབ་ཀྱིས་ང་མཁས་པ་གདན་དྲངས་འདུག སློབ་ཕྲུག་འདི་ཚོས་ང་རྒྱ་འཁོགས་སྡོད་དུ་མི་འཇུག གོང་དུ་ཅིའི་ཕྱིར་སྙིང་གི་ཚི་ལུ་ཞེས་པ་ནི་སྙིང་གི་དུམ་བུ་གཉོམ་ཤོས་དང་ལེགས་ཤོས་ཡིན་པ་རྟོགས་པར་འགྱུར་རོ། ཞེས་འཀོད་འདུག་པར་དོན་དང་མི་འཚམ་པ་ཅང་མེད། སྤྱིར་བཏང་སྙིང་གི་ཚི་ལུང་ཞེས་པ་སྙིང་གི་ཕྱི་ངོས་སུ་ཆགས་པའི་ཚི་ལུའམ་ཚིལ་ལ་གོ་དགོས། འདིའི་དོན་ནི་སྙིང་དང་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཙང་བྲལ་ཐབས་མེད་པའི་དཔེ་ལེགས་ཤོས་སུ་དྲངས་པར་སེམས། སྙིང་གི་ཤ་ཆས་ཕན་ཚུན་བྲལ་བ་ཡིན་ན་གསོན་པོར་གནས་མི་ཐུབ་པ་ལྟར། ཕན་ཚུན་བརྩེ་དུང་ཟབ་མོ་ཡོད་སྟབས་ཁྱེད་མེད་ན་ང་གསོན་ཐུབ་ས་མ་རེད་ཅེས་རྒྱུན་སྤྱོད་ཀྱི་འཚོ་བའི་ཁྲོད་ཤོད་བཞིན་པ་དངོས་མཐོང་རེད། ཁྱོད་ཀྱིས་ཚི་ལུའི་བསྡུས་ཚིག་ཚིལ་ཡིན་པའི་ཁུངས་ཁྱེར་ཤོག་ཟེར། ཁུངས་ཞེས་པ་མདོ་བསྟན་བཅོས་འདིའི་ནང་ཡོད་ཅེས་འདྲེན་དུ་མེད་ཀྱང་། ཡུལ་སྐད་ཁྲོད་ལྷ་སའི་ཁ་སྐད་དུ་ཚི་ལུ་ཞེས་སྤྱོད་པ་ཤས་ཆེ་བ་དང་། དེ་མིན་ས་ཁུལ་མང་ཆེ་བར་ཚིལ་ཞེས་ཤོད་སྲོལ་དར་ཁྱབ་ཆེ། དཔེར་ན། ཤ་ཡི་ཚབ་ཏུ་ཚི་ལུ་བླུགས་པའི་མོག་མོག་ལ་བག་ཚིལ་ཞེས་པ་དང་། དེ་བཞིན་མི་ཡི་ཚི་ལུ་ལ་ཚིལ་ཆེན་ཞེས་གསང་སྔགས་ཀྱི་གཞུང་ལས་བྱུང་། དེ་བཞིན་ཚི་ལུ་ལ་ཚིལ་བུ་ཞེས་འབོད་པའང་ཡོད། གོང་དུ་བཤད་པའི་ལ་རྩེའི་འགྲེལ་བཤད་དོན་ལ་འབྱོར་ཀྱང་མཐའ་གཅིག་ཏུ་ངེས་ཚིག་ཡིན་དགོས་པའི་གཏན་ཚིགས་གང་ཡང་མ་མཆིས་སོ། །གང་ལྟར་ཁྱོད་རང་གིས་ཚི་ལུ་དང་། ཚིལ་བུ། ཚིལ་ཞེས་པ་སོགས་ནས་གང་བདེ་བ་དེ་འབོད་ན་འགྲིག དོན་ལ་ཁྱད་པར་མེད།
རྒན་འཁོགས་དང། བཀོད་འདུག་པར། ལུང་ཞེས་པ་ལུ། གོང་གི་ཡིག་ནོར་རྣམས་བཅོས་རོགས་ཞུ།
བཀུར་འོས་རིགས་མཐུན་དྲ་གྲོགས་རྣམ་པས།
བགྲོ་གླེང་གནང་ཕྱོགས་ལ་དོན་སྙིང་དོན་ལྡན་པས་ན། རྗེས་སུ་ཡི་རངས་དང་དགའ་སྤྲོའང་འཕེལ་སོང་། ང་རང་གིས་ཀྱང་རྗེས་ཕྱོགས་ཁྱེད་རྣམ་པའི་དཔེ་སྟོན་ལྟར། མཁྲེགས་འཛིན་དམའ་འབེབས་མི་བྱེད་པར་གཞན་བཀུར་བསམ་ཤེས་ཀྱི་སྒོ་ནས། ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་དང་གསེད་གྲོལ་བྱེད་རེས་གུ་ཡངས་ཀྱི་ལམ་ནས་འགྲོ་ཐུབ་ན། འུ་ཅག་གི་རིག་གནས་བགྲོ་གླེང་ཁོར་ཡུག་དེ་གཏིང་ཇེ་ཟབ་ཏུ་འགྲོ་བ་མ་ཟད། སྤུས་ཚད་ཀྱང་ཇེ་མཐོར་སོང་ནས། ང་ཚོའི་རིག་གནས་ཀྱི་འཁོར་ཕྱོགས་དེའང་དེང་རབས་དང་མཛམ་གླིང་ཅན་དུ་འགྱུར་རྒྱུ་རེད། དེའི་སྐབས་དེར། ང་ཚོའི་ངོས་ནས་ཀྱང་རྙིང་བརྗེ་གསར་གཏོད་ཀྱི་བསམ་བློ་ཞིག་དང་ཐབས་ཚུལ་གསར་བ་ཞིག་གྲ་སྒྲིག་བྱེད་དགོས་པ་ནི། དུས་བབ་ཀྱིས་དེད་པའི་བསྐྱོད་སྟངས་ཤིག་རེད་འདོད། གང་ལྟར། ང་ནི། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཡོད་པའི་ཐོག་ནས། གསར་བརྗེ་གསར་གཏོད་ཀྱི་ཆ་དྲག་ཏུ་འདོད་མཁན་ཞིག་ཡིན། དེའི་རྒྱབ་ལྗོངས། ང་རང་གི་བསམ་ཕྱོགས་ཡིན་ན། དུས་ནམ་ཡང་བོད་མི་རིགས་དེ་བཀག་རྒྱ་ཞིག་ཏུ་ཚུད་ཡོད་པ་འདོད་ཀྱི་ཡོད་ལ། དེ་ཡང་། དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་མི་ཐུབ་པ། གསར་བརྗེ་གསར་གཏོད་ཀྱི་ཆ་ཆེས་ཉུང་བ། རང་ཚུགས་རང་རྟོན་ཐུབ་པའི་དཔྱོད་ཤེས་མེད་པ་སོགས་ཀྱི་རྐྱེན་རྩ་ནི། ཆོས་ལུགས་རིག་གནས་ཀྱི་ཆ་གཅིག་པུ་ཁོ་ནར་འབད་འབད་དུང་དུང་གིས་བཞག་པའི་བག་ཆགས་སྟུག་པོའི་འོག་ནས། འཚར་ལོངས་བྱུང་བའི་བསམ་བློ་དང་ལག་ལེན་གྱི་འགྲོ་སྟངས་རྣམས་ནི། ཆོས་ལུགས་རིག་གནས་ཀྱི་ཁྱབ་ཁོངས་ལས་བརྒལ་མ་ཐུབ་པས་ན། འདི་ལྟར། འགྲོས་དལ་ཞིང་གུ་དོག་པའི་འཕྲང་ལམ་དུ་བསྐྱལ་བ་མ་རེད་དམ།
དང་པོ་ཁྱོད་རང་གསར་བརྗེའི་ལམ་དུ་རྒྱུགས་ཨང། ཁྱོད་ལ་འབྲས་བུ་ཐོབ་མཚམས་ང་ཚོས་ཀྱང་རྗེས་སུ་འབྲང་ཡོང།
མཁྱེན་ལྡན་མ་རྔ་བ་ཚེ་སྐྱིད་སླར་ཡང་ཕེབས་འདུག ང་ནི་ཉིན་ཤས་རིང་ཁྱེད་ལ་སྒུག་ནས་བསྡད་པ་ཡིན། ད་ཡིན་ན་ངེད་གཉིས་དཔུང་པ་མཉམ་དུ་བཤིབ་ནས་གསར་བརྗེས་ལམ་དུ་བསྐྱོད། ཁྱིམ་ཚང་གསར་བའི་ནང་དགའ་སྟོན་རྟེན་འབྲེལ་བྱེད། གསར་བརྗེའི་མདུན་ལམ་གཅིག་ནས་བུ་ཕྲུག་གསར་བཟོ་བྱེད། མ་འོངས་མི་རབས་ཚང་མ་གསར་བའི་ལམ་དུ་འདེད། ངེད་ཚང་གི་ཁྱིམ་ལ་གསར་བརྗེས་འོད་སྣང་འཕྲོ་བར་བྱ།
ད་དུང་ངས་ཀྱང་རྙིང་ཟིན་པའི་ཀླད་པ་འདི་བརྗེས་བོ་བརྒྱབ་ནས། མགོ་གསར་བ་ཞིག་སྤྲད་དེ་ཁྱོད་ཀྱི་རུམ་ལ་འཛུལ། དེ་ནས་མགོ་རྔས་ཐོག་གཅིག་ལ་བཞག་ནས་གསར་བརྗེའི་སྙིང་གཏམ་ཤབ་ཤུབ་ཏུ་གླེང་ཡ།
ཟླ་མེད་ཁྱེད་ལ་སྐལ་པ་བཟང་པོ་དེ་མི་འདུག ཚེ་སྐྱིད་ཀྱི་སེམས་ཁུག་རྟའི་སྟེང་ཤོར་ཚར་འདུག ད་ལྟོག་སླ་མ་བྱེད།
ནོར་བར་ནོར་འདུག་དང་ཆད་པར་ཆད་འདུག་པར།།
ཞེ་སེམས་དྲང་བོའི་མདའ་གཟས་པའི་འབེན་ལ་ཕོག།
ལུག་ལ་ལུ་གུ་དང་རྡོ་ལ་རྡེའུ་ཡི།།
རིགས་པའི་སྤྱི་འགྲོས་དེས་འདི་ལ་ཇི་ལྟར་འགྲེལ།།
ནོར་བ་ཆུང་ན་ཆུང་ནོར་ཡུལ་མཐོ་ཡང་མཐོ།།
བོད་རྒྱ་ཚིག་མཛོད་དང་དག་གསར་བདེན་ཡང་སྲིད།།
སྔོན་བྱོན་མཁས་མང་གི་གསུངས་རབས་ལྷུན་པོའི་ཁྲོད།།
ལ་མཐའ་མེད་པ་ཡི་ཚི་* འདི་སུ་ཡིས་མཐོང་།
དེ་རུ་མཐོང་བ་དེ་བདེན་པ་མཐར་ཐུག་ཡིན།།
འདི་རུ་དྲངས་བས་ཀྱང་གུས་པའི་ཐལ་མོ་ཡོད།།
དག་གསར་བོད་རྒྱ་དང་དབྱིན་བོད་ཤན་སྦྱར་འདིས།།
ཁོ་བོར་བདེན་པ་ཡི་གཏན་ཚིགས་མ་གསོལ་ལོ།།
ཡོད་ན་ཡོད་ཚོད་ཀྱིས་འདི་རུ་དྲོངས་ནས་ཤོག།།
མེད་ན་མེད་ཚོད་ཀྱིས་མི་ཁ་ཚུམས་ནས་སྡོད།།
མ་དག་རྒྱུན་འབྱམས་འདིས་རིག་གཞུང་རྙོག་ནས་ཐལ།།
རིག་པའི་སྤྱི་འགྲོས་དེས་མི་སེམས་འཁྲུལ་ནས་ཐལ།།
ནག་པོ་གདོང་ལ་གཏོད།།དཀར་པོ་སེམས་ཀྱིས་མྱོངས།།
སྐད་ཆ་དྲང་བོར་གསུངས།།ཞེ་ཕུགས་ཕན་པར་དམིགས།།
*ཤ་དང་ཚིལ་གཉིས་ཀྱི་ཐ་མར་གོ་བ་ཞིག་ལ་ཟེར་གྱིནཡོད།
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
ཕེབས་ནས་གསལ་འདེབས་གནང་བར་དགའ་སོང་ལ། ངས་ཀྱང་། དེ་འདྲ་ཞིག་བསམ་གྱིན་པའི་སྒང་ལ་ཡིན་པ་མ་ཟད། གྲ་སྒྲིག་ཀྱང་གང་འཚམ་རེ་བྱེད་བཞིན་པའི་སྒང་ཡང་ཡིན་ཟེར་ཆོག་གི། ཡིན་ཏེ། ད་དུང་། ཤེས་ཚད་དང་དམིགས་ཚད་སོགས་ཀྱི་ཁ་ཕྱོགས་ཏག་ཏག་ཅིག་ཆགས་མ་ཐུབ་སྟབས། དུས་ནམ་ཞིག་ལ་མགོ་འཛུགས་ཐུབ་པ་ཤེས་མ་སོང་མོད། འོན་ཀྱང་། སྔ་ཕྱི་མ་གཏོགས། ང་ཙམ་མིན་པར། བོད་ཀྱི་སྤྱི་ཚོགས་ནང་ནས་གསར་གཏོད་པ་དང་གསར་བརྗེ་བ་གང་མང་ཞིག་མི་འབྱུང་རང་འབྱུང་ཆགས་ཀྱི་རེད། དེའི་རྒྱུ་མཚན་ནི། བོད་མི་རིགས་དང་རིག་གནས་ཀྱི་ཁ་ཕྱོགས་དེ། གཞན་དབང་སྟབས་བསྟུན་དང་གཞན་བཀུར་རང་དམའི་འདུ་ཤེས་ཁོ་ན་འཛིན་བཞིན་ཡོད་པས་ན། དེས་ང་ཚོའི་མཐའ་སྲུང་དང་སྔོན་བསྐྱོད་མི་ཐུབ་པ་ནི། གཞན་དཔེ་རང་ལེན་བྱས་ན་འདྲ། རང་ཉམས་གཞན་ལ་སྟོན་ན་འདྲ། གང་ལྟར། ལྷིང་ལ་བུད་ཡོད་པ་རེད།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཁམས་བཟང་། ཉིན་ཤས་རིང་ང་རང་ཡང་བྲེལ་འཚུབ་ཀྱི་ཀློང་དུ་ཚུད་པས་ན། དུས་ཐོག་ཏུ་ལན་འདེབས་དང་ལྟ་ཀློག་ཐུབ་མ་སོང་། ཨོ་རེད། མཁྱེན་ལྡན་མ་ཞེས་པའི་ཆེ་བསྟོད་ཀྱི་ཚིག་དེ་ངའི་མིང་གི་མགོར་དངོས་གནས་མི་མཛའ་བ་བྱུང་སོང་། གང་ཡིན་ཟེར་ན། ད་དུང་མཁྱེན་ལྡན་མའི་ཚད་གཞི་དང་མཁྱེན་ལྡན་མ་ཞིག་གི་གྲུབ་འབྲས་གང་ཡང་མེད་སྟབས། ཉིད་ཀྱིས་དེ་ལྟར་མི་འབོད་པའི་རེ་སྐུལ་ཡང་ཟུར་དུ་བཏོན་པ་ཡིན་ལགས། གང་ལྟར། ཉིད་ཀྱི་བསམ་ཕྱོགས་ལྟར་ན། ངེད་གཉིས་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་བསྐྱོད་ཀྱི་སྒོ་ནས། གསར་བརྗེ་གསར་གཏོད་ཀྱི་ལམ་དུ་བསྐྱོད་འདུན་ཡོད་པ་དེ། སེམས་བསམ་པའི་གཏིང་རིམ་ནས་དགའ་སོང་བདེ་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ང་རང་ཡིན་རུང་། བོད་ཀྱི་ཁོར་ཡུག་དང་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི་ཙམ་ཞིག་ཏུ་ཟད་ཀྱང་རུང་། ད་ལྟའི་ཁོར་ཡུག་གི་འགྱུར་ལྡོག་དང་རིག་གནས་ཀྱི་འཕེལ་ཕྱོགས་སོགས་གང་ལ་གཞིགས་ཀྱང་བསམ་རུང་། ངེས་པར་དུ། གསར་བརྗེ་གསར་གཏོད་ཀྱི་ལམ་བུ་ཞིག་བཏོན་དགོས་པའི་ཚད་ལ་སླེབས་ཡོད་པར་འདོད་མཁན་ཞིག་ཡིན། གང་གིས་ཟེར་ན། ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ།
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
དེ་རིང་ངས་སྐད་ཆ་དྲང་མོར་བཤད་ཀིན་ཡོད། ལ་རྩེ་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་《སྙིང་གི་ཚི་ལུ་》ཞེས་པའི་བརྗོད་གཞིའི་གཤམ་དུ་མཆན་འདེབས་པ་ཚང་མའི་ནང་ནས། བུ་མོ་ངའི་ཡིད་སེམས་ཅུང་འདར་དུ་འཇུག་མཁན་ནི། དྲ་གྲོགས་གཞོན་ནུ་ཟླ་མེད་ལས་གཞན་སུ་གང་བྱུང་མ་སོང་། དེའི་རྒྱུ་མཚན་ཡང་། ཁ་ཅིག་གིས་ངས་གང་བཤད་ཀྱིན་པའི་དོན་དག་ལ་མི་བལྟ་བར་ངའི་མིང་དེ་གཙོ་འདོན་བྱེད་ཀི་འདུག ཡང་ཁ་ཤས་ཀྱིས་འབྲེལ་མེད་དོན་གཞན་རྐྱང་རྐྱང་གིས་བཀང་ཡོང་གིན་འདུག རེ་འགས་ལུང་མ་ལུང་གིས་གཏམ་རེ་འཕྲོས་བཤད་བྱེད་ཀྱིན་འདུག་སྟབས། འདི་ཚོ་ཚང་མས་ཡིད་སེམས་མ་དགོས་མིག་ལྡེབ་ཙམ་ཡང་འགུལ་ཐུབ་མ་སོང་།
སྤྱན་ཆབ་ཀྱི་དོགས་པར་སྤྲིངས་པ། ཡང་ཁྱོད་ཀྱིས་བོད་རྒྱ་ཚིག་མཛོད་དང་དག་གསར་སོགས་ལ་ཡིད་བརྟན་མེད་ཟེར། སྔོན་གྱི་གསུང་རབ་ཁྲོད་དུ་ཚི་ལུ་ཞེས་པ་ཡོད་དམ་མེད་ཟེར། ངས་གོང་དུ་བཤད་པ་བཞིན་ཚི་ལུ་ཞེས་པ་འདི་བོད་དབུས་ཁུལ་གྱི་ཁ་སྐད་ཅུང་གྲགས་ཆེ་བ་ཞིག་ལས་ས་ཁུལ་མང་ཆེ་བར་ཚིལ་ཞེས་པ་དར་ཁྱབ་ཆེ་ཞེས་བཤད་པ་ལྟར་རེད། སྔོན་གྱི་གསུང་རབ་ཁྲོད་དུ་ཚི་ལུ་ཞེས་པ་འདི་ཡོད་དང་མེད་དྲན་པའི་ལམ་དུ་ཅང་མི་འཁོར། འོན་ཀྱང་ཚིལ་ཞེས་པ་འདི་གང་སར་མཐོང་རྒྱུ་ཡོད་པ་ཡིན། དཔེར་ན། ཚིལ་ཆེན་ཞེས་པ་དང་། གདུག་དཀར་མོའི་མདོ་ལས་ཟས་སུ་ཚིལ་ཟ་བ་དང་། ཞེས་སོགས་གསང་སྔགས་ཀྱི་གཞུང་ལས་ལན་མང་དུ་གསུངས་ཡོད། འོན་ཀྱང་ཚི་ལུ་ཞེས་པ་འབྲི་སྲོལ་མེད་པའང་མ་ཡིན་ཏེ། དཔེར་ན། བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་གྲགས་ཅན་སྐར་མ་འོད་ཀྱི་མཛེས་མ་ཞེས་པའི་ནང་། བུ་ཆུང་སྔར་ལས་དར་བ་དམག་ལ་ཐོན་ཁར་རང་གི་གཏན་གྲོགས་སྐར་མ་འོད་ཀྱི་མཛེས་མར་གླུ་བླངས་པ་འདི་ལྟར་ཏེ།
ཚུར་གཅིག་ཚུར་ལ་གསོན་དང་། །
སྒྱུ་སྐར་འོད་ཀྱི་མཛེས་མ། །
བུ་ཆུང་སྔར་ལས་དར་བར། །
ལྷ་ཡི་ལུང་བསྟན་བྱུང་ནས། །
སྙིང་གི་ཚི་ལུ་ཁྱེད་དང་། །
རེ་ཞིག་བྲལ་དགོས་བྱུང་སོང་། །
མགྱོགས་ན་ལོ་ངོ་གསུམ་དང་། །
འགོར་ན་ལོ་ངོ་ལྔ་རིང་། །
ཁྱེད་ཀྱིས་ཁོ་བོ་དགོངས་ནས། །
གཞིས་སུ་སྒུག་རོགས་གནང་དང་། །
ཡབ་ཡུམ་རྒན་རྒོན་གཉིས་ལ། །
ཁོ་བོས་ཕར་ལམ་བལྟས་ཆོག །
ཅེས་སྒྲུང་འདི་ལ་སོགས་པའི་ནང་སྙིང་གི་ཚི་ལུ་ཞེས་བཤད་པ་བཞིན་སྤྱི་ཚོགས་ཐོག་སྤྱོད་བཞིན་པའི་ཚིག་གསོན་པོ་ཞིག་རེད། བརྩེ་སྒྲུང་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྲུང་གྲགས་ཅན་ཞིག་རོད་དོ། །སོང་ཙང་དོན་མེད་ཀླན་ཀ་བཙལ་ན་དགོས་པ་མེད་པས་དེ་དོན་ཡིད་འདོམས་གྱིས། །
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ང་ཚོས་མི་གཞན་གྱིས་གསར་གཏོད་དང་གསར་བརྗེའི་སྒོ་ནས་རྙེད་པའི་གྲུབ་དོན་གྱིས། ང་ཚོ་འཚོ་བཞིན་ཡོད་པ་མ་ཟད། ལམ་ཁ་ཡང་ཡངས་པོར་ཕྱེ་བཞིན་པ་རེད་མོད། འོན་ཀྱང་། གཞན་གྱིས་བཞག་པ་དེ་གཞན་ལ་དབང་བ་ལས་དུས་ནམ་ཡང་ང་ཚོའི་གྲུབ་འབྲས་མ་རེད། དེ་འདྲ་ཡིན་དུས། ང་ཚོས་ཀྱང་ངེས་པར་དུ་གསར་གཏོད་ཀྱི་འདུ་ཤེས་དང་གསར་བརྗེའི་སྙིང་སྟོབས་བཅིངས་དགོས་པ་མ་ཟད། གྲུབ་འབྲས་ཀྱིས་ཀྱང་གཞན་ལ་ཕན་ནུས་ཐོན་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པ་བྱ་དགོས་པ་དུས་བབ་ཀྱིས་དེད་པའི་འགྲོ་སྟངས་ཤིག་རེད། ཡང་། བསམ་ན། སྟེས་དབང་གིས་གསར་གཏོད་ཐེངས་གཅིག་བྱས་མྱོང་ཡོད་རྒྱུ་མ་རེད་ལ། གསར་བརྗེ་བ་དང་གསར་གཏོད་པ་ཚང་མས་མནོ་བསམ་གཏིང་ཟབ་བཏང་ནས། ཚོད་ལྟ་ཡང་ཡང་བྱས་པའི་འབྲས་བུ་ཁོ་ན་ལས་བྱུང་བ་ཡིན་རྒྱུ་བསམ་གི། དེས་ན། ང་ཚོའི་ངོས་ནས་ཀྱང་བསམ་བློའི་གྲ་སྒྲིག་དང་འཆར་གཞི་བཀོད་ནས་མ་འོངས་པའི་ང་ཚོ་བོད་གངས་ཅན་པའི་མདུན་ལྗོངས་ཀྱི་ཆེད་དུ། ནུས་ཤུགས་ཡོད་རྒུ་འདོན་དགོས་པ་ནི། བོད་མི་ཞིག་ལ་འཁྲི་བའི་ཆེས་མ་མཐའི་ཆ་རྐྱེན་ལྟ་བུ་ཞིག་རེད།
ཚེ་སྐྱིད་ལགས་སུ་ཆེད་ཞུ། ཁྱེད་ཀྱིས་རང་མི་རིགས་ལ་བཅངས་པའི་ཞེན་པ་དཀར་པོ་དེར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ། མ་ཟད་ཁྱེད་ཀྱིས་བོད་ཡིག་ཡག་པོ་བྲི་བཞིན་འདུག་སྟབས་དགའ་པོ་བྱུང་། འོན་ཀྱང་ཁྱེད་ཀྱིས་༼ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ།༽ཞེས་བཤད་པའི་དོན་ལ་ཀུན་རྟོག་འདྲ་མིན་འཆར་བཞིན་འདུག་ན་འདིའི་རྒྱབ་ཀྱི་ཀུན་སློང་ཇི་ཡིིན་དང་། དོན་གང་འདྲ་ཞིག་ལ་གོ་དགོས་པ་ཡིན་མིན་སོགས་དཀྱུས་ས་བོར་བའི་རྟ་བཞིན་ཁ་ཚོན་མ་ཆོད་པར་ལྷག ངས་ཐད་ཀར་ཤོད་ཐུབ་པ་ནི་ཁྱེད་ཀྱིས་མི་རིགས་གཅིག་གིས་དོན་དུ་ལས་དོན་གང་ཞིག་བསྒྲུབ་ཀྱང་རང་དབང་གི་ལུང་པ་འདིར་འགོག་རྐྱེན་གང་ཡང་འཕྲད་མི་སྲིད་ལ། དེ་ལ་སུས་ཀྱང་བཀག་འགོག་བྱ་མི་སྲིད་པ་ཞིག་རེད། གཙོ་བོ་སོ་སོའི་འཇོ་ཐང་ལ་རག་ལས། འོན་ཀྱང་སོ་སོས་མི་འཇོན་པའི་ཁག་གཞན་ལ་དཀྲི་བ་ནི་ཐབས་སྐྱོ་བའི་ངང་ཚུལ་ལས་མ་འདས། ཁྱེད་ཀྱིས་བཤད་པའི་གསར་བརྗེ་དེ་གང་ཡིན། དབྱིན་སྐད་དུ་Revolution ཡིན་ནམ། གསར་བརྗེ་ཞེས་པ་འདི་ལ་རིགས་མང་པོ་ཡོད། གོང་གི་ཁྱེད་རང་གི་སྐད་ཆ་དུམ་བུ་དེ་ལ་ཀུན་སློང་གི་སྐྱོན་ཆེན་པོ་ཞིག་མེད་དམ་སྙམ་དུ་འཕྱང་མོ་ཉུགགང་ལྟར་རང་རྒྱུས་རང་གིས་ལོན་པ་དང་་སོ་སོའི་གནས་བབ་སོ་སོས་ཤེས་པ་བྱ་རྒྱུ་གལ་ཆེ་སྙམ་ཞིང་ནུས་པ་དཔག་པའི་ལས་དོན་བསྒྲུབ་དགོས།
ནོར་བཅོས།
ཁྱེད་ཀྱིས་མི་རིགས་གཅིག་གི་དོན་དུ་
གཙོ་བོ་སོ་སོའི་འཇོན་ཐང་ལ་རག་ལས།
དབྱིན་སྐད་དུ་Revolution ཞེས་པ་དེ་ཡིན་ནམ།
སྙམ་དུ་འཕྱང་མོ་ཉུག གང་ལྟར་རང་རྒྱུས་རང་གིས་
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ངའི་རྨི་ལམ་ནི། གསར་གཏོད་བྱེད་རྒྱུ་ཡིན་ལ། ངའི་ཁ་ཕྱོགས་ནི། མ་འོངས་པར་མཆེད་རྒྱུ་དེ་ཡིན། ངའི་ཡིད་རྟོན་ནི། རང་ཉིད་ཀྱི་སྒལ་ཚིགས་ཡིན་ལ། ངའི་དཔའ་ངར་ནི། གསར་བརྗེའི་བསམ་བློ་དེ་ཡིན། ངའི་དམིགས་ཚད་ནི། ཡོངས་སུ་ཁྱབ་ཐུབ་པ་ཞིག་ལ་འབད་རྒྱུ་ཡིན་ལ། ངའི་སྙིང་སྟོབས་ནི། ཚེ་སྲོག་གཏའ་མར་འཇོག་རྒྱུ་དེ་ཡིན། འདི་ནི། ངའི་འབྱུང་འགྱུར་གྱི་ལམ་བུ་ཡིན་ལ། འདི་ནི། ད་ལྟའི་འགན་ལེན་བྱེད་སྟངས་ཀྱང་ཡིན། འདི་ནི། ངའི་རྣམ་གཞག་ཅིག་འདོན་ཐུབ་པའི་གྲུབ་འབྲས་སུའང་བརྩི་ཆོག གང་ལྟར།
གསར་གཏོད་ཀྱི་རྣམ་གཞག་ཅིག་བསྐྲུན་དགོས་ན།
བློས་བཏང་དང་རང་ཉིད་ཐབས་ལམ་ཞིག་ཏུ་བསྒྱུར་དགོས་པ་ངས་ཤེས་རྟོགས་རྙེད་ཡོད། ཡོད་དེ། ཤེས་པ་ཙམ་གྱིས་ལག་ལེན་གྱི་འབྲས་བུ་མ་ཁྱབ་པས་ན། གྲུབ་དོན་ཞིག་ཡོད་པར་འབད་ངེས་ཡིན་ལགས།
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
ལན་ཞིག་དུས་ཐོག་ཏུ་འབྱོར་བར་བཀའ་དྲིན་ཆེ་ཞུའོ།། དེ་ནས། ངས་བཤད་ཀྱིན་པའི་གསར་བརྗེ་ཟེར་བ་ནི། མི་རིགས་ཀྱི་བཙན་པོ་ཞིག་དང་མི་རིགས་ཀྱི་ལས་དོན་གཙོ་བོ་ཞིག་བསྒྲུབ་དགོས་པའི་བསྟན་ཡོད། དཔེར་ན། ད་སྐབས་ཕྱི་ནང་གིས་དཀའ་ངལ་བཙིར་ཡོང་བའི་ཉམས་མྱོང་གིས་བསླངས་པའི་བོད་མི་རིགས་ཟེར་བ་དང་བོད་མི་རིགས་ཀྱི་འདུ་ཤེས་ཉི་ཚེ་བའི་རིགས་ཅུང་ཙམ་འཕེལ་བཞིན་ཡོད་ཀྱང་རུང་། ད་དུང་འཐུས་སྒོ་ཚང་བ་ཞིག་དང་ཡང་དག་པ་ཞིག་མ་རེད་འདོད། རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོ་མི་རིགས་ཀྱི་ནུས་སྟོབས་ཡོད་ཚད་ཆོས་ལུགས་རིག་གནས་དང་འབྲེལ་བ་རྐྱང་རྐྱང་གིས་ཟིན་ཡོད་པས་ན། མཐར་གཏུགས་ན། གལ་གནད་ལ་ཐུག་དུས། ཆོས་ལུགས་རིག་གནས་ཀྱི་དྲ་རྒྱ་ལས་བརྒལ་ཐུབ་ཀྱི་མེད་ལ། མ་ཚད། དེས་བསྐྱེད་པའི་ངོས་འཛིན་གཅིག་པོའི་བཀག་རྒྱར་ཚུད་ཡོད། དེ་འདྲ་ཡིན་དུས། གསར་བརྗེ་བྱེད་རྒྱུ་རང་ཤུགས་ཀྱིས་མང་པོ་ཞིག་བརྡ་སྟོན་བྱེད་སླ་བ་ཞིག་རེད།
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
དངོས་གནས་རེད། ངའི་འདོད་ཚུལ་ངོ་མ་ནི། ཐོག་དང་པོར། གསར་གཏོད་ཀྱི་རྣམ་གཞག་ཅིག་བཏོད་ནས། དེ་ནས། གསར་བརྗེ་ཡི་ལམ་དུ་བསྐྱོད་རྒྱུ་ཡིན། བསྐྱོད་སྟངས་དེའང་གོ་རིམ་ཡོད་པ་ཞིག་དང་ཐབས་ཚུལ་ཡོད་པ་ཞིག་བྱེད་རྒྱུ་ཡིན། ལྷག་པར་དུ། འཆར་གཞི་དང་གྲ་སྒྲིག་ཡོད་པའི་རིམ་བསྐྱོད་བྱེད་རྒྱུ་ཡིན་མོད། ད་དུང་གསར་གཏོད་རིག་པའི་གཞུང་ལུགས་དང་གསར་བརྗེ་བའི་དཀའ་ཁག་ལ་གདོང་ལེན་བྱེད་ཕྱོགས་སོགས་ལ། སློབ་སྤྱོང་དང་སྦྱང་བརྡར་བྱས་ཏེ། རིམ་གྱིས། ངའི་བསམ་འདུན་དེ་མངོན་འགྱུར་ཡོང་ཐབས་སུ་འབད་རྒྱུ་ཡིན་ནོ།།
དྲ་གྲོགས་རྔ་བ་ཚེ་སྐྱིད་ལགས་ཀྱི་ལྟ་ཚུལ་གཅིག་གི་ཐད་ནས་ང་ལ་མོས་འདུན་ཧ་ཅང་ཡོད།
དེ་ནི་གང་ཡིན་ཟེར་ན། ད་ལྟའི་བཅོས་བསྒྱུར་དང་མ་འོངས་པའི་བྱེད་ཕྱོགས་ཐད་རེད།
ད་ལྟའི་གམས་བབ་འདི་ལ་གཞིགས་ཚེ་ང་ཚོས་ངེས་པར་བྱེད་དགོས་པ་ཞིག་ལ་བོད་ཕྱི་ནང་གཉིས་ནས་ཆོས་དད་རང་མོས་ཡིན་པ་དང་། ཆོས་པས་སྒེར་གཅོད་མེད་པ་དེ་ངེས་པར་བྱེད་དགོས།
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དེ་རིང་དུས་ཚོད་ཀྱི་རྐྱེན་པས་ལན་འདེབས་མང་པོ་ཞིག་མ་ཐུབ་མོད། རྗེས་ཕྱོགས་ངས་དུས་ཐོག་ལ་འཁེལ་བ་བྱས་ནས། ལན་འདེབས་དང་བསམ་ཚུལ་གང་ཡོད་མ་གསང་དྲང་བོ་འབྲི་ངེས་ཡིན་ལ། བྲིས་པ་ཙམ་དུ་མ་ཟད། ལག་ལེན་དུ་འཁེལ་ཐབས་ལ་འབད་རྒྱུ་ཡིན། ད་དུང་། དྲ་གྲོགས་གང་མང་མང་ཞིག་གིས། དཔྱོད་ཤེས་ཀྱི་སྒོ་ནས་དགོངས་ཚུལ་དང་བསམ་འཆར་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན་ལགས། གང་གིས་ཟེར་ན། ད་ལྟའི་དུས་བབ་འདིར། ཞིབ་འཇུག་དང་དཔྱད་གླེང་གིས་ང་ཚོའི་རིགས་ཀྱི་མ་འོངས་པ་དང་རིག་གནས་ཀྱི་ཁ་ཕྱོགས་དེ་ཡང་འཐུས་ཚང་དང་སྒོ་ཇེ་ཡངས་ཅན་དུ་བསྒྱུར་དགོས་པ་ང་ཚོའི་མི་རབས་ལ་འཁྲི་བའི་ལས་འགན་ཞིག་ཏུ་འཁུམས། ལྷག་པར་དུ། ང་བུད་མེད་ཅིག་གི་སྙིང་སྟོབས་བསྐྱེད་ནས། གསར་བརྗེ་དང་གསར་གཏོད་ཀྱི་ལམ་ལ། བསྐྱོད་མགོ་རྩོམ་པའི་རྣམ་འགྱུར་ནི། མི་རིགས་ལ་བཅིངས་པའི་བརྩེ་དུང་དང་མིག་ཆུ་སླད་མེད་པ་ཞིག་ཡིན་པར་ང་རང་ང་རང་ལ་ཡིད་སྨོན་ཡང་ཤོར་ཡོད། འདི་ནི། དངོས་གནས་ཡིན་ལ་དོན་དངོས་ཀྱང་ཡིན་ནོ།།
དྲ་གྲོགས་BBC ལགས་ལ་ཞུ་གསོལ།
སྤྱིར་ཕ་རོལ་བོས་གང་ཟེར་གོ་གལ།།
དགོས་རང་ཉིད་ཀྱིས་ཅི་ཟེར་གསལ་གལ།།
འདིར་ཁ་བརྡ་ཡི་དྲ་བའི་ངོགས་སུ།།
གྲོགས་འུ་གཉིས་ཀྱིས་མགྱོགས་ཤིག་མེད་སོང་།།
ཁྱོད་ཁ་སྐད་ལ་མཁས་པར་ཆ་ཞོག།
ང་བསྡུས་ཚིག་ལ་སྡང་བར་དཔེ་ལེན།།
འདི་བོད་པ་ཚོའི་འགན་ཞིག་མིན་ན།།
ང་གཅིག་པུ་ལའང་ཡི་ག་མི་འདུག།
གྲོགས་ཁྱོད་རང་དྲངས་པ་ལུང་རེད།།
ངས་ཁྱོད་རང་ཚོར་ཟེར་བའང་ལུང་ཡིན།།
ང་ཡིན་པ་ཡིན་པར་གཏུགས་ན།།
ངས་མ་ཡིན་པས་ཨུ་ཚུགས་ཆེ་བྱེད།།
སྤྱིར་རང་ཉིད་ལ་གཏད་སོ་གཅིག་ཡོད།།
བོད་རིགས་ལམ་གྱིས་རྙོག་པ་མང་འདུག།
དགོས་ལུང་སྐད་དང་ཁ་སྐད་ཆོལ་ཁ།།
ཕྱོགས་འཐེན་འཁྱེར་དེར་ཡིད་སེམས་མེར་ཀི།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
དགོངས་ཚུལ་བཏོན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས། བསམ་ཕྱོགས་མཐུན་རྒྱུ་གལ་གནད་ཆེན་པོ་ཡིན་རྒྱུ་རེད་ལ། ཕྱོགས་གཞན་ཞིག་ནས་བསམ་སྐབས། མི་མཐུན་པའི་ཆ་དང་འགལ་ཟླའི་བར་གླགས་དང་པོར་ནས་གླེང་སློང་དང་གྲོས་བསྡུར་བགྱི་ཐུབ་ན། རང་གཞན་གྱི་ལྟ་ཚུལ་ལ་ཕན་ནུས་ཐོན་ཐུབ་པས་སོ། ལྷག་པར་དུ། གུ་ཡངས་དང་གུས་བརྩི་ཡོད་པའི་སྒོ་ནས་ངེད་ཅག་དྲ་གྲོགས་ཀུན་གྱིས། དུས་ལ་བབས་ཤིང་དོན་སྙིང་ཡོད་པའི་བརྗོད་གཞིའི་ཐོག་ཏུ། རང་རང་གི་རིགས་ལམ་དང་རྣམ་དཔྱོད་བཏོན་ནས། བསམ་ཚུལ་བརྗེ་རེས་ཀྱི་སྒོ་ནས་མུ་མཐུད་དེ་བསྐྱོད་ཐུབ་པ་བྱ་དགོས་པ་ནི། ང་ཚོའི་མི་རབས་ལ་རང་ཤུགས་ཀྱིས་འཁྲི་བའི་ལས་འགན་རླབས་ཆེན་ཞིག་རེད། དེའི་ཕྱིར་ན། བུ་མོ་ངས་ཀྱང་དུས་ལ་བབས་ཤིང་དགོས་མཁོ་ཆེ་བའི་བརྗོད་གཞི་ཞིག་བཟུང་ནས་བགྲོ་གླེང་གི་རྣམ་འགྱུར་བཟུང་བ་ནི། ངས་མི་རིགས་ཤིག་ལ་བཅིངས་པའི་འདུ་ཤེས་རྨ་མེད་པ་དང་སྙིང་སྟོབས་ཡིན་ཟེར་ཆོག་མོད། འོན་ཀྱང་། ད་དུང་། མ་འདང་བའི་ཆ་དང་མ་རྟོགས་པའི་ཆ་སོགས་ཤིན་ཏུ་མང་པོ་ཞིག་ཡོད་པས་ན། དྲ་གྲོགས་ཉིད་ཀྱིས་གུས་མོར་དྲན་སྐུལ་དང་གསལ་འདེབས་ཡོང་རྒྱུར་རེ་འདུན་བཞག་ཡོད། གང་ལྟར། དེང་སང་གི་དུས་འདིར། བྱེས་སུ་གྱར་བའི་བོད་མི་ཕལ་མོ་ཆེ་ནི་དཔལ་འབྱོར་གྱི་ཕྱོགས་སུ་འཐིམ་བཞིན་ཡོད་པ་དང་། གཞིས་སྡོད་བོད་མི་རྣམས་ཀྱི་རང་དབང་དང་ཐོབ་ཐང་གཞན་གཅུན་དབང་བསྒྱུར་གྱིས་གཙེས་བཞིན་པ་ཡིན་སྟབས། ང་ཚོ་དེ། གོ་སྐབས་ཡོད་ཅིང་ཕྱི་ནང་གི་གནས་ཚུལ་ཤེས་པ། རང་དབང་དང་རང་རྣམ་རང་ལ་དབང་བ་རྣམས་ཀྱི་ངོས་ནས། དལ་ལྷོད་ཅིག་གེར་མི་འདུག་པར། ང་ཚོའི་མ་འོངས་པ་དང་ང་ཚོའི་མི་རིགས་ཀྱི་ཆེད་དུ། རྣམ་དཔྱོད་དང་ནུས་པ། བློས་བཏང་དང་མདུན་བསྐྱོད་བྱེད་དགོས་པ་དེ། ཕྱི་ནང་གིས་དཀའ་རྙོག་མང་པོ་བཙུར་འོང་བས་རེད་བསམ་མོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ངས་བཤད་ཀྱིན་པའི་འདོད་ཚུལ་ནི། རིགས་ལམ་ཞིག་གི་སྒོ་མོ་འབྱེད་ཕྱིར་དང་། གཞུང་ལུགས་ཤིག་གི་ཁོག་སྙིང་བསྔོག་ཕྱིར་ཡིན། མ་ཟད། བུ་མོ་ངའི་འདོད་ཚུལ་ཟེར་ན་ཆོག་གི། ལྟ་ཚུལ་དེ་ཡང་འཐུས་སྒོ་ཚང་བ་ཞིག་དང་ནུས་ཤུགས་ལྡན་པ་ཞིག་ཏུ་འགྱུར་བའི་ཆེད་དུ། འབད་འབུངས་བྱེད་ཀྱིན་པའི་ཁུལ་ལྟ་བུ་ཡིན་མོད། ཡིན་ཡང་། ཐོག་དང་པོར་གཞི་རྐང་རང་ཉིད་ཀྱི་ཐོག་ཏུ་འཛུགས་ཐུབ་པ་བྱ་དགོས་པ་དེ། གལ་འགངས་ཆེན་པོ་ཞིག་ཤེས་པ་ནས་བཟུང་། རང་ཉིད་ཀྱི་བཤད་སྟངས་དང་འབྲི་སྟངས། ང་རང་གི་འདོད་ཕྱོགས་དང་ལྟ་ཚུལ་དེའང་བུ་མོ་ངའི་ལུས་ངག་ཡིད་གསུམ་ལ་ཟིན་པར་བྱས་ནས། དེ་ནས། གལ་གནད་ཐུག་དུས། བུ་མོ་ངའི་ལྟ་ཚུལ་དེ་ཕྱིར་འཐེན་མེད་པའི་སྤྱི་བསྒྲགས་དང་འགྱུར་བ་མེད་པའི་ལངས་ཕྱོགས་ཤིག་བཟུང་སྟེ། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་གསར་བརྗེ་གསར་གཏོད་ཀྱི་ལམ་དུ་སྐུལ་འདེད་བྱེད་ངེས་ཡིན་ལ། དེ་ལྟར་བྱེད་པའི་དགོས་དོན་ནི། གཅིག་ནས། ང་རང་གི་དམིགས་ཡུལ་འཛིན་ཕྱོགས་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། གཉིས་ནས། ངེས་པར་དུ་འགྱུར་བ་མ་བཏང་ན་བོད་ཀྱི་སྤྱི་ཚོགས་དེ་རྣམ་པ་རུལ་སུངས་ཅན་དང་བག་ཁུམས་ཅན་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་གནས་ཚུལ་དེའི་རྐྱེན་པས་རེད། གསུམ་ནས། བུ་མོ་ང་རང་རང་ཉིད་ལ་ཡིད་ཆེས་དང་རང་རྟོན་ཆེན་པོ་ཞིག་ཡོད་སྟབས། འདི་ལྟར། ཚོད་ལྟ་དང་དཔྱད་གླེང་གི་ཁྲོད་ནས། བོད་ཀྱི་སྤྱི་ཚོགས་ཀྱི་ནང་ཉམས་ལ་ལྟ་ཐེངས་རེར། ཡིད་མུག་ཅིག་ཐང་ཆད་པའི་གནད་དོན་མང་པོ་མང་པོ་ཞིག་དང་འཕྲད་པས་རེད། མདོར་ན། བུ་མོ་ངའི་ལྟ་ཚུལ་དེ་འཐུས་ཚང་དང་ནུས་ཤུགས་ལྡན་པ་ཞིག་ལ་བསྒྱུར་དགོས་པ་དེ། གུས་མོའི་དམིགས་འབེན་དང་ལངས་ཕྱོགས་འབྲེལ་གནད་ཆེན་པོ་ཞིག་ཡོད་པས་སོ།།
རེད་དེ་བདག་གི་ལྟ་ཚུལ་དང་འདོད་ཚུལ་ཕྱོགས་ནས་གླེང་ན།ད་ལྟའི་གནས་བབ་ནང་བཅོས་བསྒྱུར་གྱི་འདུ་ཤེས་ཏེ་ཐོག་མར་ཆོལ་ཁའི་ཕྱོགས་ཞེན་དང་རས་གཅོད་འདུ་ཤེས་དེ་བཅོམ་དགོས ། རྒྱུ་མཚན་ནི། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་འོས་ལངས་སྐབས་ནས་བཟུང་ཆོལ་ཁ་གཅིག་སྒྲུལ་གྱི་འདུ་ཤེས་བག་ཆགས་ཤིག་བཞག་ཡོད་པ་རེད་དེ། ད་དུང་རུལ་སུངས་བག་ཆགས་ཀྱི་དུག་རོ་དེ་ཡོད་ངེས་རེད ། དགོན་པ་དང་སློབ་གྲྭ་མི་བུ་སྒེར་གྱི་གདོང་ལྤགས་ན་་་། ཉེ་སྔོན་མི་སྣ་ཁ་ཤས་ཤིག་གི་ངག་ལས་ཐོས་ཚོར་ལ།ང་རང་གི་སེམས་ངོགས་སུ་ཡིད་ཆས་དང་རེ་འདུན་གྱི་ཁེངས་སའི་ཤེས་
རབ་དགའ་ཚལ་གླིང་གི་ཁོར་ཡུག་ནང་ལ་ཁམས་དང་ཨ་མདོ་གཉིས་ཀྱི་སློབ་བུ་དག་གིས་ཡུལ་ཁའི་ཕྱོགས་ཞེན་གྱིས་རྩོད་པ་ཤུགས་དྲགས་ཡོད་པར་བསྙད་འདུག རེད་དེ། སློབ་སྦྱོང་དང་ཤེས་ཡོན། གོ་རྟོགས་དང་ལག་ལེན་ཡོད་ཟེར་མཁན་
དག་གིས་འདི་ལྟར་བྱས་ཚེ་འབྱུང་འགྱུར་བོད་མིའི་དམིགས་འདུན་ཇི་ལྟར་འཚོལ་ཐུབ་པ་རེད། ད་དུང་ཆོས་ལུགས་ཁག་གི་བར་་ན་གྲྭ་རྒྱུན་རྩོད་ལེན་དང་གྲུབ་མཐའི་མཁྲེགས་འཛིན་སོགས་ཧ་ཅང་མང་པོ་ཡོད་པ་མངོན་
གསལ་རེད།དེ་དང་དེ་ལ་སོགས་པར་ང་ཚོས་སྐྱོན་བརྗོད་དང་གཡོ་བསང་བྱས་ཏེ་འབྱུང་འགྱུར་ཁ་ཕྱོགས་གསར་འཚོལ་
བྱེད་དགོས།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ཁ་སང་དེ་རིང་། ངས་གོང་གི་བརྗོད་གཞི་དང་མ་འབྲེལ་བའི་བརྗོད་གཞི་གཞན་ཞིག་ཟུར་དུ་བཏོན་ནས། མཆན་བུ་བཏབས་དང་འདེབས་བཞིན་པའི་གནས་སྟངས་དེ། ཅིག་བྱས་ན། མ་འགྲིགས་པའི་ཆ་མང་རྒྱུ་རེད་ལ། ཡང་མིན་ན། ཅུང་ཙམ་གསལ་འདེབས་དང་དྲན་ཚུལ་ཐེབས་ཡོད་ན། བཟང་བའི་ཆ་ཞིག་ཀྱང་ཡོད་རྒྱུ་རེད། འདི་དག་ནི། གཙོ་བོ་མིན་པར། ངས་མུ་མཐུད་ནས་རང་གི་ལྟ་ཚུལ་དེ། ཡོངས་སུ་གོ་ཐུབ་པ་ཞིག་དང་ཁྱབ་ཐུབ་པ་ཞིག་ལ་འབད་ན་འདོད་ཀི། དེ་འདྲ་ཡིན་དུས། དྲ་གྲོགས་རྣམ་པ་ཐུགས་ཉམས་ཆེན་པོ་བཞེས་ནས། ངའི་ལྟ་ཚུལ་དེ་ཡོ་སྲང་དང་བསམ་འཆར་འདོན་པར་རེ་འདུན་ནན་ཏན་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ཡིན་ཅིག་མིན་གཉིས་ངས་ང་རང་གི་ལྟ་ཚུལ་དེ་ཨུ་ཚུགས་མཁྲེགས་འཛིན་དང་སྐྱོན་མེད་ཡང་དག་ཡིན་ཚུལ་གྱི་ངོས་འཛིན་མཐའ་གཅིག་ཏུ། འཛིན་གྱིན་མེད་ལ་བཟུང་ན་དགོས་དོན་ཡང་ཡོད་པ་རེད་བསམ་གི། འདི་ལྟར་ཤོད་པའི་དགོས་དོན་ངོ་མ་ནི། ངས་རིམ་པའི་རྩོམ་ཡིག་རེའི་རྣམ་པའི་ཐོག་ནས། ཡོངས་སུ་བསྒྲགས་ན་འདོད་ལ། དེ་ཡང་། དོན་དངོས་དང་མཐུན་པ་དང་རྒྱུ་མཚན་ཡོད་པ་ཞིག་གི་ཕྱོགས་སུ་འབད་པར་བྱེད་རྒྱུ་ཡིན། ལྷག་དོན་དུ། ངས་ད་ལྟ་བའི་བཏབས་བཞག་པའི་མཆན་བུ་དག་གི་ཤུགས་རྐྱེན་གྱིས། བཀུར་འོས་དྲ་གྲོགས་རྣམ་པར་དོགས་འདྲོགས་དང་མི་བདེ་བའི་ཚོར་སྣང་རེ་སྟེར་ཡོད་རྒྱུ་རེད། རྗེས་ཕྱོགས་ངས་དོགས་སེལ་དང་གསལ་བཤད་ལྟ་བུའི་སྒོ་ནས་ང་རང་གི་ལྟ་ཚུལ་དེ་ཇེ་གསལ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལགས།
རྔ་བ་ཚེ་སྐྱིད་འདི་སེམས་ཤུགས་ཧ་ཅང་ཆེ། ཡག་པོ་རེད། ཁྱེད་ཀྱིས་གསལ་པོར་ཤོད་དང་། ང་ཚོས་བསམ་བློ་བཏང་ཆོག་གི་རེད། དེ་མིན་ཧ་གོ་ཡས་མི་འདུག།
།མཐོང་ན་མིག་ལ་མཛེས་པ། །བསམ་ན་སེམས་པ་སྐྱིད་པའི། །གཏན་གྲོགས་སྙིང་གི་ཚི་ལུ། །དྲྭ་རྒྱའི་ནང་ནས་སྒུག་ཡོད།
།མཐོན་ན་འཛུམ་པས་བསུ་ཞིང་། །བསམ་ན་སྡུག་བསྔལ་གཏིང་བརྗེད། །སྐྱིད་སྡུག་ལ་མོའི་རྒྱབ་རོགས། །སྙིང་གི་ཚི་ལུ་སྒུག་ཡོད།
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་BCCལགས།
ངའི་སེམས་ཤུགས་དེ་གཙོ་བོ་མ་རེད་ལ། ང་ལ་རྒྱབ་སྐྱོར་ཡང་དེ་བས་ཀྱང་མ་རེད། དེས་ན། ང་ཚོའི་མི་རིགས་ཀྱི་ད་ལྟའི་ཡ་མ་ཟུང་གི་གནས་བབ་དང་མག་མོག་གི་མ་འོངས་པའི་མདུན་ལམ་སོགས་ཀྱི་རྐྱེན་པས། ང་ལྟ་བུ་བུད་མེད་ཅིག་དེ་ཡང་འདུག་བཟོད་མི་ཐུབ་པ་ལྟ་བུའི་ཚད་དུ་བསྐྱལ་བ་རེད། བྱས་ན། ངའི་ལངས་ཕྱོགས་ནི་རང་ཉིད་ཀྱི་རྣམ་དཔྱོད་འདེམས་པ་ཞིག་དང་། ངའི་འདོད་ཚུལ་ནི། ང་ཚོའི་མི་རིགས་ལ་དུས་བབ་དང་མཐུན་པའི་གསར་བརྗེ་ཞིག་དང་གསར་གཏོད་ཅིག དགོས་པ་ཤུགས་ཆེན་པོར་གླེང་སློང་བྱེད་བཞིན་པའི་སྒང་ཡིན། དེ་ཡང་། ངའི་དམིགས་ཡུལ་འགྲུབ་ཐབས་ཀྱི་ཆ་རྐྱེན་ཨང་དང་པོ་ནི། གཞན་གྱི་བསམ་འཆར་ལ་ཉན་སྤོབས་པའི་བློ་ཁག་དང་དབྱེ་ཞིབ་ཀྱི་ཐབས་ཚུལ་སྤྱད་ནས། དེ་ནས། རང་ཚུགས་རང་རྟོན་གྱི་སྒོ་ནས་མདུན་ནས་མདུན་དུ་བསྐྱོད་དགོས་པར་མཐོང་གི་ཡོད། ལྷག་པར་དུ། གསར་བསྐྲུན་དང་གསར་གཏོད་ཀྱི་ཆ་གང་ཞིག་རྩོམ་ཡང་། དེར། དཀའ་ཁག་དང་བརྒལ་མི་ཐུབ་པ་ལྟ་བུའི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་སྲིད་ཀྱང་། དེ་གདོང་གཏུགས་ཀྱི་བློ་ཁོག་དང་སྙིང་སྟོབས་ཤིག་ད་ལྟ་ནས་བསྐྷེད་ཟིན་པའི་ཁུལ་ཡིན་ལ། མ་འོངས་པར་ཡིན་རུང་། དེ་ལས་ལྷག་པའི་དཀའ་རྙོག་མང་པོ་ཞིག་ཐུག་སྲིད་མོད། འོན་ཀྱང་། ཞིམ་པ་མེད་པའི་སེམས་ཤུགས་དང་ལངས་ཕྱོགས་བརྟན་པའི་ལྟ་ཚུལ་དེའི་དགོས་དོན་དེ། དོན་འཁྱོལ་ལག་ལེན་ཏུ་ཡོང་ཐབས་སུ་འབད་ངེས་ཡིན་ལགས། ད་དུང་། གསལ་བོ་བཤད་ན། གསར་གཏོད་ཀྱི་རྣམ་གཞག་ཅིག་བཏོན་ནས། གསར་བསྐྲུན་གྱི་གྲུབ་འབྲས་ཤིག་ཡོད་པར་བྱས་ནས། གསར་བརྗེའི་བློ་སྤོབས་ཤིག་མངོན་པར་བྱས་ནས། ད་ལྟ་བ་དང་མ་འོངས་པའི་ང་ཚོའི་མི་རིགས་དང་རིག་གནས་ཀྱི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་ཐུབ་པར་འབད་རྒྱུ་ཡིན་ནོ།།
དྲ་གྲོགས་ཚེ་སྐྱིད་ལགས་ཀྱི་བསམ་ཚུལ་དེ་ཚོ་སེམས་ཤུགས་དང་། རང་དོན་རང་གཅེས་བྱས་ནས་སྒང་བ་བོད་ཀྱི་རྣམ་པ་འགྱུར་བའི་ལམ་ལ་འདེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་པ་ཤེས། ད་དུང་ཐབས་ལམ་དེ་བཤད་པར་ལྟ་བ་གང་ཡིན་གསལ་བཤད་དང་། དེའི་རྒྱབ་གཞུང་རིགས་པའི་གཞུང་ལུགས་ཞིག་ཡོད་རུང་མེད་རུང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནས་ར་སྤྲོད། ལམ་ལུགས་སྲོལ་རྙིང་པ་ལ་དགག་རྒྱག་ཚ་ནན། དེ་ཡང་བག་ལ་ཞ་བ་དང་། རྒྱབ་ལ་ཡིབ་པ་ལྟ་བུས་མི་ཕན་པར་མདུན་དུ་ཐོན་དགོས་ངེས་ཞིག་ཡིན་ན་ཡང་། གནས་སྟངས་དང་འཁོར་ཡུག་གི་ཁྲོད་ནས་མདུན་དུ་ཐོན་མི་ཐུབ་ན། ལྟ་བ་ལ་ཁ་གསལ་ཞིག་ངེས་པར་དུ་ཡོད་དགོས་ངེས། དེ་མིན་གསར་བརྗེའི་ལྟ་བའི་མིང་ཙམ་གྱི་ཁ་གཡང་དང་། དེའི་ཕན་འབྲས་དང་ཁྱད་ཆོས་ཁོ་ན་བརྗོད་བསྡད་ན་ཁྱད་གཞི་མེད་པའི་ཁྱད་ཆོས་ཁོ་ནར་སེམས།
སྤྱིར་ང་ལྟ་བུར་མཚོན་ན་ལྟ་བ་བརྗོད་རྒྱུར་རྩ་ནས་མི་དགའ། རྒྱུ་མཚན་ནི་འཛམ་བུ་གླིང་དུ་མི་བསད་པ་མང་ཆེ་ཤོས་ལྟ་བའི་ལམ་ནས་བསད་པ་མང་གི ཧྥ་རིན་སིའི་གསར་བརྗེ། ཨུ་རུ་སུའི་གསར་བརྗེ། ཀྲུང་གོའི་གསར་བརྗེ་སོགས་གསར་བརྗེའི་ཁ་གཡང་འདི་ཚོ་སྙན་མོ་ཡིན་ན་ཡང་། མི་གསོད་དོན་རྐྱེན་ཤིན་ཏུ་མང་གི དེའི་རྐྱེན་གྱིས་ང་ལྟ་བ་བཤད་རྒྱུར་མི་དགའ། འོན་ཀྱང་༼རྙིང་པ་མ་གཏོར་ན་གསར་བ་མི་འབྱུང་༽བའི་ལྟ་ཚུལ་ཐོག་ནས་བཤད་པ་ཡིན་ན་ཡང་། ང་ཚོ་མི་གྲངས་ཉུང་བ། ཁ་ཐོར་གནས་པ། གཞན་དབང་ཡིན་པ། རང་ས་རང་བདག་མིན་པ། འདི་དག་ལ་བསམ་ན་དང་པོའི་ཆ་རྐྱེན་གཅིག་སྟེ་གསར་བརྗེའི་ལམ་ནས་གཅིག་བསྡུ་བྱེད་མི་ཐུབ་པའི་དཀའ་ངལ་དེ་སེལ་ཐུབ་རྒྱུ་མ་རེད་བསམ།
རྔ་བ་ཚེ་སྐྱིད་ལགས་སུ་ཆེད་ཞུ། ད་ཁྱེད་ཀྱིས་བཤད་པའི་གསར་བརྗེ་དེ་ནམ་མཁའི་འཇའ་ནང་བཞིན་ཞིག་ཡིན་ནམ་དེ་མིན་གང་ཡིན། ཁྱོད་ཀྱིས་རྙིང་གཏོར་གསར་འཛུགས་ཡིན་ཟེར། འོ་ན་བོད་པས་བོད་ཆས་གྱོན་པས་ལན་འདུག་གམ བོད་ཆས་མར་ཕུད་དགོས་སམ། ཡང་ན་ཆོས་པས་ཆོས་བྱས་པས་ལན་འདུག་གམ། གྲྭ་བཙུན་ཚང་མ་སྐྱ་སར་འབེབས་དགོས་སམ། ཁྱེད་རང་གི་རིག་པའི་གཞུང་ལུགས་དེ་གང་ཡིན། གསལ་པོ་གསུངས་དང། འཛམ་གླིང་གི་གསར་བརྗེའི་ལོ་རྒྱུས་ལ་ང་ཞེན་པ་ལོག་ནས་བསྡད་ཡོད། ཁྱེད་ཀྱིས་གསར་བརྗེ་ངོ་མ་ཞིག་བྱེད་འདོད་ན་བོད་མི་རིགས་པ་ཕན་པའི་ཤེས་རིག་གསར་པའི་ཁོར་ཡུག་ཞིག་བསྐྲུན་དང་། ཚང་མས་དགའ་བསུ་ཞུ་ངེས། དེ་མིན་གཞན་མང་པོ་ཤོད་རྒྱུ་ཡོད་ཀྱང་དུས་ཚོད་མི་འདུག
རྔ་མོ་མིང་ཅན་གསར་མ་ཁ།
མི་ཚེ་སྐྱིད་ཅིག་བརྒྱག་འདོད་ན།
རྙིང་ཞིང་དྲོ་བའི་སྐྱིབ་ལ་འཛུལ།
ཉི་མ་སྡུག་ལ་གཟད་འདོད་ཕྱིན།
རྨོང་འཐོབ་གྲལ་ནས་གསར་བརྗེ་གྱེར།
སྙིང་གི་ཚུལ་ལུའི་དོ་ར་འདིར།
ཕོ་མཆོག་ལ་ནི་མ་དམན་དང་།
མོ་མིང་ཅན་གྱི་ཕོ་ལུས་པ།
གྲྭལ་བཙུན་འཚིངས་ཁ་ཤིག་སེ་ཤིག་།
མདོར་ན་ཡོད་ཚད་མཛེས་མ་ཡིན།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
དངོས་གནས་རེད། ཕྱོགས་ཞེན་རིགས་ཀྱི་ནད་ཡམས་དང་དྲི་མ་ཅན་སོགས་ནི། ངེས་པར་དུ། གཙང་སེལ་དང་བཅོས་བསྒྱུར་བྱེད་དགོས་ལ། ལྷག་པར་དུ། བཅོས་བསྒྱུར་བྱེད་སྟངས་དེའང་འདས་པའི་སྐྱུགས་བྲོ་བའི་སྐྱོ་གར་གྱི་ལོ་ཟླའི་གནས་སྟངས་དང་ད་ལྟའི་ཁ་སྟབས་ཞན་པའི་དུས་ཚོད་འདི། མ་འོངས་པའི་མག་མོག་གི་མདུན་ལམ་སོགས་ལ། བསམ་གཞིགས་བྱེད་སྐབས། ཧོན་ཐོར་ཞིང་ཧང་སངས་དགོས་པའི་རིས་གཅོད་བྱེད་རེས་ཀྱིས། ང་ཚོའི་མི་རིགས་དང་རིག་གནས་ཀྱི་གནས་བབ་འདི་རུ་བསྐྱལ་བ་རེད། དེས་ན། ང་ཚོའི་ངོས་ནས་འདུ་ཤེས་གསར་བ་ཞིག་བསྐྱེད་ནས། ཤེས་རྟོགས་ཟབ་མོ་ཞིག་རྙེད་ནས། ལག་ལེན་གནད་ལ་ཁེལ་བ་ཞིག་བྱས་ནས། གྲུབ་འབྲས་མངོན་པར་གསལ་བ་ཞིག་བྱས་ནས། ང་ཚོའི་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལྗོངས་དེ། སྔར་ལས་དྲག་ཅིག་ཡོང་ཐབས་སུ་འབད་དགོས་པ་ནི། ང་ཚོའི་མི་རབས་ལ་བབས་པའི་ལས་དོན་ཆེན་པོ་ཞིག་རེད། བྱས་ན། དྲ་གྲོགས་ཉིད་ཀྱིས་དཔེར་མཚོན་དང་ལྡན་པའི་ཐོག་ནས་གསལ་བཤད་གནང་བ་དེ། དངོས་གནས་དོན་ལ་གནས་ཤིང་ང་ཚོའི་གནས་སྟངས་ཀྱི་རྣམ་འགྱུར་ཞིག་བསྟན་འདུག་ན། རིགས་མཐུན་ཤེས་ལྡན་པ་ཀུན་གྱིས་ཐུགས་གཞིགས་ནན་མོ་གཏོང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན་ལགས།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཉིད་ཀྱི་དགོངས་ཚུལ་ལ། གུས་བརྩི་ཡོད། རྒྱུ་མཚན་ནི། ང་ལ་གསལ་འདེབས་ཀྱི་སྒོ་ནས། དཀའ་ཁག་གི་གནས་སྟངས་ར་སྤྲོད་གནང་སོང་བས་རེད། རེད་དེ། ངས་ཀྱང་ད་ལྟའི་བར་དུ། གནས་སྟངས་དང་འགྱུར་འགྲོས་མང་པོ་ཞིག་ལ་རྒྱུས་ལོན་དང་བརྟག་ཞིབ་བྱས་པའི་འབྲས་བུ་ཟེར་ན་ཆོག་གི། ངོས་འཛིན་ཞིག་བྱུང་བ་ནི། འདི་ལྟར། མུ་ནས་མུ་མཐུད་ནས་སོང་ན། ང་ཚོའི་མི་རིགས་ཀྱི་ཁ་ཕྱོགས་དང་སྟོབས་ཤུགས། དགོས་དམིགས་དང་འཐབ་ཕྱོགས་སོགས་ལ། མིའི་རྣམ་དཔྱད་དང་བློ་གྲོས་ཀྱི་ཤུགས་རྐྱེན་མི་ཐེབས་པར། རེ་སྒུག་དང་སྟོང་བཤད་ཁོ་ནས་འདའ་བར་དོགས་ཀི། དེའི་ཕྱིར་ན། རེ་སྒུག་གི་རྩ་བ་ནི་རེ་བ་བཅོལ་ཡུལ་ལ་ཡིད་ཆེས་ཡོད་དགོས་པ་དེ་རེད་མོད། འོན་ཀྱང་། ང་ཚོའི་ཁ་གཏད་ལ་དེ་ལྟའི་སྤུས་ཚད་ཅིག་མེད་རུང་། ང་རང་ཚོའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་རིགས་མཐུན་བླ་སྤྲུལ་རྣམས་ཀྱིས་ཀྱང་ཆེས་ཛ་དྲག་ཆེ་བའི་ང་ཚོའི་གནས་སྟངས་སྐྱོབ་ཀི་ཡོད་དམ་མེད། ཡང་གཞན་ཞིག་ནས། སྟོང་བཤད་རྐྱང་རྐྱང་གིས་ང་ཚོའི་དུས་ཚོད་དེ་གྲོན་མཁན་མང་བ་དེ་ཡང་ཁ་ཕོ་ཆེ་བ་ལས་དོན་དམ་གྱི་སྤྱི་སེམས་མེད་པ་ལྟ་བུ་རེད། ཨོ་རེད། བསམ་ངོར་འཆར་མ་མྱོང་བ་ཞིག་ཉིད་ཀྱིས་འཆད་ཀྱིན་འདུག གང་ཡིན་ཟེར་ན། གསར་བརྗེ་བའི་མིང་ཙམ་ལ་རྔམ་པ་དང་ལྟ་བ་ཞིག་ཡོད་མདོག་མདོག་བྱས་པ་རྩ་བ་མིན་རུང་། དེ་ལྟར་འཆར་སྣང་བར་ཁག་ཡོད་རྒྱུ་མ་རེད། ཅིག་བྱས་ན། བཤད་སྟངས་དང་འབྲི་སྟངས་མ་འགྲིགས་པ་ཡིན་རྒྱུ་རེད། བྱས་ན། རྗེས་ཕྱོགས་ངས་གཟབ་གཟབ་བྱ་ངེས་ཡིན་ལགས། 《དེའི་ཕན་འབྲས་དང་ཁྱད་ཆོས་ཁོ་ན་བརྗོད་བསྡད་ན་ཁྱད་གཞི་མེད་པའི་ཁྱད་ཆོས་ཁོ་ནར་སེམས།》 ཞེས་པ་དེ་ད་ལྟའི་གནས་སྐབས་སུ་འདྲ་བོ་ཞིག་རེད་དེ། མ་འོངས་པ་ན། དེ་ལྟར་མི་འགྱུར་བའི་ཕྱོགས་སུ་འབད་རྒྱུ་ཡིན་ལ། ལྷག་པར་དུ། ད་སྐབས་བུ་མོ་ང་ལ་མཚོན་ནས་བཤད་ན། ཕྱོགས་སྟོན་དགོས་མཁོ་ཆེ་བ་དང་དེ་ལས་ཀྱང་ལྡོག་ཕྱོགས་ནས་སྐྱོན་བརྗོད་མཁོ་གལ་ཆེ་གི། རིགས་ལམ་གལ་གནད་ཆེན་པོ་ཡིན་ལ་དེ་ལས་ཀྱང་གསར་བརྗེ་བྱེད་སྟངས་ཀྱི་ཐབས་ཚུལ་གལ་ཆེན་རེད། གདོང་གཏུགས་གལ་ཆེན་རེད་ལ་དེ་བས་ཀྱང་སྤྱི་ཡོངས་འགུལ་བའི་གྲ་སྒྲིག་གལ་ཆེན་རེད། ཡ། དེང་གི་དུས་སུ། གསར་བརྗེ་བྱས་ན། ངེས་པར་དུ། དམར་གསོད་དང་དམག་འཁྲུག་བྱེད་དགོས་ཀྱི་རེད་དམ། དེང་སང་ཐབས་ལམ་སྣ་མང་སྤྱད་རྒྱུ་ཡོད་ཀི་བསམ། བདེན་གི་ཡ། ང་ཚོའི་མི་རིགས་ལ་གྲངས་ཉུང་བ་བདེན་དུ་ཆེ་ཡང་གྲངས་ཉུང་བ་དེའང་བག་ཆགས་སྟུག་པོ་ཞིག་གིས་འཁྱུད་པ་གྲངས་མང་མི་རིགས་ཤིག་ལ་བལྟས་ནས་བཤད་ན། ཚབས་ཆེན་རྫོབ་ཆེན་ཞིག་རེད། འདིའི་གནས་སྟངས་རྗེས་ཕྱོགས་གསལ་བོ་བཟོ་རྒྱུ་ཡིན། ཁ་ཐོར་ཡིན་རུང་སེམས་བསམ་པ་ཆིག་སྒྲིལ་བྱེད་སྟངས་མང་པོ་ཞིག་ཡོད་ཀི་རེད། དཔེར་ན། ཨུ་ཟེ་རལ་གྱི་འཐབ་རྩོད་བྱེད་ཕྱོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་གཟིགས་དང་གསལ་བོ་རང་ཤུགས་ཀྱིས་ཆགས་མི་ཡོང་ངམ། ད་སྐབས་གནས་སྡོད་བྱེད་ས་ཁ་ཐོར་ཡིན་པ་མ་ཟད། མི་རིགས་ཀྱི་འདུ་ཤེས་གསལ་བོ་མེད་པ་དང་ངོས་འཛིན་རབ་རིབ་ཡིན་པ་སོགས་ཀྱི་ལེ་ལན་སུ་གང་ཞིག་བཀལ་དགོས་པ་རེད་དམ། འདི་ནི། ཆོས་ལུགས་དང་འབྲེལ་བའི་ཤུགས་རྐྱེན་དང་ངོས་འཛིན་སོགས་ཀྱིས་ཤན་ཞུགས་ཐེབས་པ་རེད། དེ་འདྲ་ཡིན་དུས། འདི་ཚོའི་རིགས་དེ་རྙིང་བརྗེ་གསར་གཏོད་ཀྱི་ལམ་ལ་འཇོག་དགོས་པ་རེད། གཞན་དབང་ཡིན་པ་དང་རང་ས་རང་བདག་མེད་པ་ནི། ང་ཚོའི་མི་རིགས་ལ་དཀའ་རྙོག་ཡོད་པའི་གནས་སྟངས་ལ་འགྲེལ་བཤད་བྱེད་སྤྱད་ཀྱི་ཕན་ནུས་ཤིག་ཐོན་པ་ལས། གསར་བརྗེ་དང་གསར་གཏོད་བྱེད་ཕྱོགས་ལ་སྡུག་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མ་བསམ་གི།
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་BBCལགས།
དངོས་གནས་ཡིན། དེ་རིང་ང་ལ་དུས་ཚོད་ཀྱིས་འདང་གི་མི་འདུག་སྟབས། རྗེས་ཕྱོགས་ངས་ང་རང་གི་ལྟ་ཚུལ་དེ་གསལ་ཐང་ཐང་བཟོ་ཆོག་པ་གྱིས་ཞེས་ཞུ་འདོད་བྱུང་སོང་ལ། དེ་ནས། ད་ལྟའི་བར་དུ། ངས་བཤད་ཀྱིན་པའི་དོན་སྙིང་ངོ་མ་ཞིག་ནི། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་འཛིན་གྱི་ཕྱོགས་དང་། བག་ཁུམ་བསྡད་པའི་ལག་ལེན་གྱི་ཕྱོགས། གསལ་མི་ཐུབ་པའི་མ་འོངས་པའི་ཕྱོགས། འདི་དག་ནི། ཤེས་རྟོགས་གཏིང་ཟབ་ཅིག་གི་སྒོ་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ལ། ལག་ལེན་གསར་བ་ཞིག་དང་ཁ་ཕྱོགས་གསར་བ་ཞིག་གིས་ཁྲུན་ཐག་གཅོད་དགོས་པའི་རིགས་ཤིག་ཀྱང་རེད། ཡིན་དུས། བུ་མོ་ངས་ད་ལྟར། གཞན་གྱི་འདས་པའི་གནས་སྟངས་དང་ད་ལྟའི་འཕེལ་ཕྱོགས་ལ། ཐོས་བརྩོན་བྱེད་ཀྱིན་པའི་སྒང་ཡིན་ལ། མཚམས་རེར། བསམ་ཞིབ་ཀྱི་སྒོ་མོ་ཡང་ཕྱེ་བཞིན་པའི་སྒང་རེད་དེ། ད་དུང་། ངའི་ལྟ་ཚུལ་དེ་སྤྱོད་རྒྱུའི་དུས་ལ་བབས་ཡོད་རྒྱུ་མ་རེད་བསམ་གི། གང་ཞིག་གིས་ཟེར་ན། ངའི་ལྟ་ཚུལ་གྱི་དམིགས་ཚད་དང་སྟོབས་ཤུགས་སོགས་ཀྱི་ཆ་རྐྱེན་བསྡུ་བཞིན་པའི་སྐབས་ཡིན་དུས། རྔམ་དྲགས་ན་མཇུག་སྐྱོང་དཀའ་བ་དང་ཕྱིས་རྗེས་ལུས་སུ་ཐེབས་འགྲོ་བས་ན། ང་ཚོ་སད་རན་དུས་ཤིག་ཡོང་རྒྱུ་རེད། དེ་དུས། བུ་མོ་ངའི་ནུས་པ་དང་སྙིང་སྟོབས་རྒྱ་བསྐྱེད་ཀི་རེད། ཐུགས་དོགས་མ་གནང་རོགས་ཞུ།
ངས་འཚོལ་བཞིན་པའི་རིག་པའི་གཞུང་ལུགས་ནི། རང་ཉིད་ཀྱི་ཆོད་སེམས་དང་སྙིང་སྟོབས་ཀྱིས་རྨང་གཞི་འདང་རྒྱུ་ཡིན་ལ། འདས་སོང་བའི་མི་རིགས་གཞན་གྱི་གསར་བརྗེ་བྱེད་སྟངས་ཀྱི་རྒྱུ་རྐྱེན་དང་ཐབས་ཚུལ་ཡང་ལ། ལྟ་བཞིན་པ་ཡིན། དེ་དག་གི་བརྒྱུད་རིམ་ཁྲོད་ནས། རིག་གཞུང་ཟེར་ན་ཆེ་སོང་ཡོད་རྒྱུ་རེད་མོད། ངའི་ལྟ་ཚུལ་དེ་འདི་ལྟར་སྐྱེད་སྲིད་བྱེད་བཞིན་པའི་སྒང་ཡིན་ལགས། ཡང་། གསར་བརྗེའི་བརྒྱུད་རིམ་གྱི་བཙལ་བའི་གསར་བསྐྲུན་གྱི་ཆ་མང་པོ་ཞིག་ཡོད་པའི་ཁོངས་སུ། ཉིད་ཀྱིས་རྟིང་སྐུལ་བྱས་པ་ལྟར་ཤེས་རིག་གསར་བའི་ཆ་སོགས་ཡོད་ནི་རེད།
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་BBCལགས།
དངོས་གནས་ཡིན། དེ་རིང་ང་ལ་དུས་ཚོད་ཀྱིས་འདང་གི་མི་འདུག་སྟབས། རྗེས་ཕྱོགས་ངས་ང་རང་གི་ལྟ་ཚུལ་དེ་གསལ་ཐང་ཐང་བཟོ་ཆོག་པ་གྱིས་ཞེས་ཞུ་འདོད་བྱུང་སོང་ལ། དེ་ནས། ད་ལྟའི་བར་དུ། ངས་བཤད་ཀྱིན་པའི་དོན་སྙིང་ངོ་མ་ཞིག་ནི། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་འཛིན་གྱི་ཕྱོགས་དང་། བག་ཁུམ་བསྡད་པའི་ལག་ལེན་གྱི་ཕྱོགས། གསལ་མི་ཐུབ་པའི་མ་འོངས་པའི་ཕྱོགས། འདི་དག་ནི། ཤེས་རྟོགས་གཏིང་ཟབ་ཅིག་གི་སྒོ་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ལ། ལག་ལེན་གསར་བ་ཞིག་དང་ཁ་ཕྱོགས་གསར་བ་ཞིག་གིས་ཁྲུན་ཐག་གཅོད་དགོས་པའི་རིགས་ཤིག་ཀྱང་རེད། ཡིན་དུས། བུ་མོ་ངས་ད་ལྟར། གཞན་གྱི་འདས་པའི་གནས་སྟངས་དང་ད་ལྟའི་འཕེལ་ཕྱོགས་ལ། ཐོས་བརྩོན་བྱེད་ཀྱིན་པའི་སྒང་ཡིན་ལ། མཚམས་རེར། བསམ་ཞིབ་ཀྱི་སྒོ་མོ་ཡང་ཕྱེ་བཞིན་པའི་སྒང་རེད་དེ། ད་དུང་། ངའི་ལྟ་ཚུལ་དེ་སྤྱོད་རྒྱུའི་དུས་ལ་བབས་ཡོད་རྒྱུ་མ་རེད་བསམ་གི། གང་ཞིག་གིས་ཟེར་ན། ངའི་ལྟ་ཚུལ་གྱི་དམིགས་ཚད་དང་སྟོབས་ཤུགས་སོགས་ཀྱི་ཆ་རྐྱེན་བསྡུ་བཞིན་པའི་སྐབས་ཡིན་དུས། རྔམ་དྲགས་ན་མཇུག་སྐྱོང་དཀའ་བ་དང་ཕྱིས་རྗེས་ལུས་སུ་ཐེབས་འགྲོ་བས་ན། ང་ཚོ་སད་རན་དུས་ཤིག་ཡོང་རྒྱུ་རེད། དེ་དུས། བུ་མོ་ངའི་ནུས་པ་དང་སྙིང་སྟོབས་རྒྱ་བསྐྱེད་ཀི་རེད། ཐུགས་དོགས་མ་གནང་རོགས་ཞུ།
ངས་འཚོལ་བཞིན་པའི་རིག་པའི་གཞུང་ལུགས་ནི། རང་ཉིད་ཀྱི་ཆོད་སེམས་དང་སྙིང་སྟོབས་ཀྱིས་རྨང་གཞི་འདང་རྒྱུ་ཡིན་ལ། འདས་སོང་བའི་མི་རིགས་གཞན་གྱི་གསར་བརྗེ་བྱེད་སྟངས་ཀྱི་རྒྱུ་རྐྱེན་དང་ཐབས་ཚུལ་ཡང་ལ། ལྟ་བཞིན་པ་ཡིན། དེ་དག་གི་བརྒྱུད་རིམ་ཁྲོད་ནས། རིག་གཞུང་ཟེར་ན་ཆེ་སོང་ཡོད་རྒྱུ་རེད་མོད། ངའི་ལྟ་ཚུལ་དེ་འདི་ལྟར་སྐྱེད་སྲིད་བྱེད་བཞིན་པའི་སྒང་ཡིན་ལགས། ཡང་། གསར་བརྗེའི་བརྒྱུད་རིམ་གྱི་ཁྲོད་ནས་བཙལ་བའི་གསར་བསྐྲུན་གྱི་ཆ་མང་པོ་ཞིག་ཡོད་པའི་ཁོངས་སུ། ཉིད་ཀྱིས་རྟིང་སྐུལ་བྱས་པ་ལྟར་ཤེས་རིག་གསར་བའི་ཆ་སོགས་ཡོད་ནི་རེད།
བཀུར་འོས་དྲ་གྲོགས་རྡ་སའི་མྱི་ལགས།
དགག་བཞག་གི་དགོངས་ཚུལ་ཡོད་ན། ཐད་ཀར་གསུངས་ན་ཆོག་གི་རེད། དེ་མིན། ཡས་མིན་མས་མིན། སྙན་མིན་མཛེས་མིན་གྱི་མཆན་བུ་འདེབས་ཚུལ་ཇི་ལྟར་བྱས་ན། ལན་ཞིག་འབྲི་དགོས་པ་དང་རྒྱག་དགོས་པ་ཤེས་ཀྱི་མི་འདུག གང་ལྟར།
རྙིང་བས་ཁུམ་པར་བྱས་སོང་།།
གསར་བས་ཕྱོགས་སྟོན་མ་ཐོབ།།
རྗེས་ལུས་ཐེབས་པའི་མི་རིགས།།
ད་དུང་མཁྲེགས་འཛིན་ཆེ་གི།།
རྙིང་ཞེན་ཟབ་པའི་མི་རིགས།།
གསར་བའི་ལམ་དུ་མ་བསྐྱོད།།
དཀའ་རྙོག་ཆེ་བའི་གནས་བབ།།
ད་དུང་སེལ་ཐབས་མེད་ཀི།།
གསར་བརྗེའི་ལམ་ལ་བགྲོད་ན།།
རྙིང་བའི་རྒྱབ་དཔུང་གཏོར་དགོས།།
གསར་གཏོད་གྲུབ་འབྲས་དགོས་ན།།
བློས་བཏང་ཆེན་པོ་ལོས་དགོས།།
ཁ་ཕྱོགས་གསར་བ་དགོས་ན།།
གསར་བརྗེའི་སྙིང་སྟོབས་དགོས་ལ།།
བློས་བཏང་ཆེན་པོ་མེད་ན།།
གསར་གཏོད་གྲུབ་དོན་དཀོན་ནོ།།
བདག་གིས་བསམ་ན་ནི་༼གསར་བརྗེ༽་ཞེས་པའི་གོ་དོན་དེ་ངེས་བར་དུ་དམར་
གསོད་ཁྲག་སྦྱོར་གྱི་ལས་དཀའ་ཞིག་ཡིན་དགོས་པ་ལ་ངོས་འཛིན་བྱེད་དོན་མེད་ཀི
སློབ་གསོའི་ཐབས་ལམ་དང་ལག་ལེན་དོན་འཁྱོལ་ངོས་ནས་ད་ལྟའི་གནས་བབ་ལ་
གཞིགས་ཏེ་ང་ཚོའི་ཁ་ཡོད་ལག་ཡོད་དུ་མི་ཡོང་བའི་འབྲས་མེད་བྱ་བཞག་མང་པོ་
རྒྱབ་ཏུ་བོར་ཏེ། མདུན་ན་ཡོད་པའི་བག་ཁུམ་དང་རྗེས་ལུས་ཀྱི་རྣམ་པ་དེ་ཚོ་བསྒྱུར་
ནས་དུས་རབས་འདིའི་ནང་བགྲོད་ཐུབ་པའི་ལམ་གྱི་ཚོམ་བུ་ཞིག་ལ་ངེས་པར་དུ་
སྙེགས་ཐུབ་པ་བྱ་རྒྱུ་དེ་ཡིན། ཆོས་ལུགས་སྣ་མང་དང་གྲུབ་མཐའ་བཟང་ངན་དེ་
ཚོ་བསྐྱུར་ནས། ད་ལྟའི་གནས་བབ་ཉག་ཕྲ་བའི་དུས་སུ་གཅིག་སྒྲིལ་འདུ་ཤེས་ཀྱི་
བསམ་བློ་དང་། ཕུགས་འདུན་རུལ་སུངས་ཀྱི་ལམ་གྱི་འགག་རྡོ་རྣམས་བསལ་ནས་
དངོས་གཙང་སྤུས་དག་ཅིག་མི་རབས་ཕྱི་མའི་སེམས་ཁོང་དུ་ཉར་ཐུབ་པ་བྱ་རྒྱུའི་
འགན་ལེན་ད་ལྟའི་མི་བུ་དག་གིས་ལས་དོན་ཡིན།
བོད་ཀྱི་སྔོན་མའི་གསར་བརྗེ་བྱེད་སྟངས་ལ་དཔེ་ལྟོས་བྱེད་འོས་སམ།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
དོན་ལ་བབས་དུས། ངེད་གཉིས་བསམ་ཕྱོགས་མཐུན་པོ་འདྲ་བོ་འདུག་མོད། འོན་ཀྱང་། སྤྱིར་ན། མཐུན་ཆ་དང་གུས་བརྩིའི་ཆ་ཡོད་ན་བཟང་བའི་ནང་གི་རྒྱན་ཞིག་རེད། རེད་དེ། དང་པོར་དགག་བཞག་དང་གསེད་བཀྲོལ་བྱེད་གལ་ཆེན་པོར་མཐོང་བས་ན། རྗེས་ཕྱོགས། དྲ་གྲོགས་ཉིད་ཀྱིས་ལྡོག་ཕྱོགས་ནས་ལངས་ཏེ་བུ་མོ་ངའི་འདོད་ཚུལ་དང་ལྟ་ཚུལ་ལ་ཐེར་འདོན་བྱེད་རྒྱུར་རེ་ཞིང་སྐུལ་བ་ཡིན་ལགས། གང་ལྟར། ཉིད་ཀྱིས་འཆད་ཀྱིན་པ་དེ་རེད། གསར་བརྗེ་ཟེར་དུས། ངེས་པར་དུ། དམར་གསོད་ཁྲག་སྤྱོར་ལས་ཤིག་ལ་མཐའ་གཅིག་ཏུ་གོ་དགོས་པ་ཞིག་ཨེ་ཡིན་ནམ། མ་ཡིན་ཏེ། དེང་སང་གི་གསར་བརྗེ་བྱེད་ཕྱོགས་ནི། བག་ལ་ཁུམ་ཞིང་གཉའ་ཞིམ་པའི་འདུ་ཤེས་བསྒྱུར་སྟངས་སྣ་ཚོགས་ཤིག་ཡོད་རྒྱུ་རེད། དེ་ཚོ་རྗེས་ནས་ཞུ་ཆོག་པ་གྱིས། སྤྱིར་བཏང་ཡིན་ན། གུས་མོའི་མཐོང་ཕྱོགས་དང་བསམ་ཕྱོགས་ངོ་མ་གང་ཡིན་མི་རིང་བར་སྤེལ་འཆར་ཡོད་དེ། ཉག་ཕྲ་བའི་དུས་ཚོད་འདིར། ཉི་མ་གཅིག་ཡིན་རུང་། ཕྱིས་མི་ཉན་པའི་དུས་ཚོད་ཅིག་ལ་འཁེལ་ཡོད་པ་རེད། བྱས་ན། དེ་རིང་ཡང་ངས། ཨག་སྐད་ཅིག་འདོན་འདོད་བྱུང་སོང་། གང་གིས་ཟེར་ན། གཅིག་ན། མཆན་འདེབས་པ་རྣམས་ཀྱི་ནང་ན། གསར་བརྗེ་དང་གསར་གཏོད་ཀྱི་བསྐྱོད་སྟངས་ལ་མཉམ་རིབ་ཀྱི་རྣམ་འགྱུར་ཆེན་པོ་མེད་པ་དང་། གཉིས་སུ། བུ་མོ་ངའི་བསྒྲགས་གཏམ་དེར་མགོ་མཇུག་བར་གསུམ་ནས་ཐབས་ལམ་དང་ཕྱོགས་སྟོན་བྱེད་མཁན་དཀོན་པ། གསུམ་ན། གསར་བརྗེ་དང་གསར་གཏོད་ཀྱི་ངོ་བོ་དང་རིན་ཐང་ལ་བརྩི་འཇོག་དང་གོང་བཀུར་བྱེད་མཁན་མེད་པས་ན། ད་ནི། ང་ཚོའི་མ་འོངས་པ་དང་ད་ལྟའི་དཀའ་རྙོག་སོགས་ཐག་གཅོད་ག་འདྲ་ཞིག་བྱས་ནས་བྱེད་དགོས་སམ། ཨོ་རེད། འདི་དག་གི་རྐྱེན་པས། བུ་མོ་ང་ཐང་ཆད་མིན་ཞིང་ཡིད་ཕམ་པ་མིན་མོད། མཉམ་རུབ་དང་ཁ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་དང་ངོས་འཛིན་ཞིག་དགོས་པ་དེ་བས་ཀྱང་གལ་འགངས་ཆེན་པོ་ཞིག་ཏུ་སེམས་སོ།།
རེད་ཡ། གསར་བརྗེ་ཡོངས་སུ་རྫོགས་པར་མི་གསོད་ཁྲག་སྦྱོར་དེ་འདྲ་དགོས་ངེས་ཞིག་ཀྱང་མ་རེད། དཔེར་ན་༧གོང་ས་མཆོག་གིས་སྔར་གྱི་བླ་མའི་རྒྱལ་ཁབ་འདི་ཉིད། རིམ་གྱི་མང་གཙོ་རྒྱལ་ཁབ་ཀྱི་ཕྱོགས་སུ་ལེགས་བཅོས་བྱེད་བཞིན་པ་འདི་ཡང་གསར་བརྗེ་ཞིག་ཡིན་ན་ཡང་། འདི་བརྒྱུད་རིམ་ཞིག་གི་ལམ་ནས་འོང་བ་ཡིན་པས། མི་མང་ནང་དུ་བརྡབ་བསིག་མེད་པ་རེད། འོན་ཀྱང་དེང་སང་གི་གསར་བརྗེ་བ་དག་ལ་འདི་ལྟ་བུའི་གསར་བརྗེས་བློ་ཁ་ཁེངས་གི་མེད་པ་རེད། འདི་ལྟར་རིམ་གྱི་གསར་བརྗེ་བྱས་པས་བློ་ཁ་ཁེངས་གི་མེད་པ་རེེད། དེང་སང་གི་གསར་བརྗེ་བ་དག་གིས་ ༧གོང་ས་མཆོག་གིས་གསར་བརྗེ་གནང་སྟངས་དང་། འབྲུག་རྒྱལ་ལྡན་རྒྱལ་ཁབ་ཀྱི་གསར་བརྗེ་གནང་སྟངས་དེས་བློ་ཁ་ཁེངས་ཀི་ཡོད་པ་མ་རེད། ཧོབ་དེ་ལྭ་བ་གསར་རྙིང་བརྗེས་པ་ལྟར། ལུགས་སྲོལ་ཡོངས་སུ་རྫོགས་པ་བརྗེ་བོ་བརྒྱག་དགོས་ཀི་ཡོད་པ་རེད། དེ་ནི་ངས་བསམ་ན་ཉེན་ཁ་ཅན་ཞིག་རེད།
ཀྲུང་གོའི་སྲིད་འཛིན་ཏིང་ཞོ་ཕིན་གྱིས་ཨུ་རུ་སིའི་སྐབས་གཉིས་པའི་གསར་བརྗེ་ལ་དགག་པ་རྒྱག་གི་ཡོད། དེ་ཡང་གྷོར་པ་ཆོ་ཧྥུ་སྲིད་འཛིན་དུ་ལངས་སྐབས། བློ་བུར་དུ་སྔར་ཡོད་དམར་ཕྱོགས་ཀྱི་གཞུང་དེ་མང་གཙོ་ལམ་དུ་བརྗེ་བོ་བརྒྱབ་པ་ན། སྔར་ལོ་རྒྱུས་ཐོག་གི་རྒྱལ་ཕྲན་མང་པོ་ཞིག་རང་རང་སར་ཐོར་གཤིག་ཏུ་སོང་བ་དང་། དེ་བཞིན་དུ་མོ་སུ་ཁོ་གཞུང་ལ་མཚོན་ན་ཡང་མང་གཙོའི་ལམ་ནས་མི་མང་ལ་ཞབས་འདེགས་ཞུ་བ་དང་། སྲིད་གཞུང་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་རྣམ་བཞག་ཞིག་བློ་བུར་དུ་ཆགས་མ་ཐུབ་པའི་རྐྱེན་གྱིས། སྔར་གྱི་སྲིད་གཞུང་སྟོབས་ཤུགས་ཅན་དེ་ནུས་མེད་ཉམས་ཞེན་དུ་གྱུར་ཡོད་པ་རེད། དེ་ལྟ་བུའི་ལོ་རྒྱུས་ཞིག་མི་འབྱུང་བའི་ཆེད་དུ་ཀྲུང་གོའི་སྲིད་འཛིན་ཏིང་ཞོ་ཕིན་ནས་གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་བརྒྱ་ཕྲག་གསོད་པའི་དོན་རྐྱེན་དེ་སྐྲུན་མྱོང་བ་ཞིག་རེད། མ་རེད་དམ།
ངས་བསམ་ན་ཏིང་ཞོ་ཕིན་གྱིས་གསར་བརྗེ་ལྟ་བ་དེས་དམར་ཕྱོགས་ལ་ཁྲག་དམར་གཅིག་ཀྱང་མ་འཛེགས་པར་བཅོས་བསྒྱུར་བྱས་ཡོད་ན་ཡང་། ཤིན་ཏུ་མགྱོགས་པའི་ལམ་ནས་བཅོས་བསྒྱུར་བྱེད་པའི་ལྟ་བ་གང་ཐུབ་བཀག་ཡོད་པ་རེད་བསམ། དེང་སང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་བཞིན་པ་འདི་ནི་ཀྲུང་གོ་བ་ཚོས་བཤད་ན༼མོའོ་ཙེ་ཏུང་མེད་ན། ཀྲུང་གོ་གསར་བ་མེད༽ཅེས་ངེས་འཛིན་བྱེད་ཀྱི་ཡོད་ན་ཡང་། ངས་བསམ་ན་ཏིང་ཞོ་ཕིན་དེ་ཀྲུང་གོ་གསར་བའི་རྩ་བ་ཞིག་རེད་འདོད། དེ་བས་ན་ངས་བསམ་བཞིན་པ་ནི་མོའི་བྱེད་སྟངས་ཐད་ན་ང་ཚོ་བོད་པ་ལ་ལེན་རྒྱུ་གང་ཡང་མེད་ན་ཡང་། ཏིང་ཞོ་ཕེན་གྱི་ལྟ་བའི་ཐད་ན་ང་ཚོ་བོད་པ་ལ་ལེན་རྒྱུ་ཤིན་ཏུ་མང་པོ་ཞིག་ཡོད་པར་འདོད།
བཀུར་འོས་དྲ་གྲོགས་སྦྲ་ནག་ལགས།
ཉིད་ཀྱིས་དྲི་བ་དེའི་རྐྱེན་པས། ང་ནི། འདང་རྒྱག་ཅིག་གི་ནང་དུ་བཅུགས་སོང་། རྒྱུ་མཚན་ནི། ངས་ད་ལྟའི་བར་དུ། ངའི་ཡིད་ངོར་འཆར་མ་མྱོང་བའི་གནད་དོན་ཞིག་ལ་འཁེལ་བས་རེད། ཡིན་ནའང་། ད་ནི། འདིའི་ཕྱོགས་ལ། བསམ་གཞིགས་བྱས་ཚར་བའི་ཁུལ་ཡིན། དེ་གང་རེད་ཅེས་ན། བོད་རང་གི་སྔར་གྱི་གསར་གཏོད་བྱེད་སྟངས་དེར། དུས་དང་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་སྲིད་ཀྱི་རེད་དེ། དགོས་དོན་ནི། ཕལ་ཆེར་གཅིག་ལ་བཞག་ན། མ་འགྲིགས་པ་ཡོད་རྒྱུ་མ་རེད་བསམ་གི། གང་གིས་བྱས་ཟེར་ན། རྒྱུན་སྲོལ་ལ་ཡོད་པའི་ཅ་དངོས་དེའི་ནུས་པས་འདང་བའམ། ཡང་ན། བེད་སྤྱོད་མེད་པར་གྱུར་པས་རེད། དེ་ནས། མི་འདྲ་གཞན་དག་ཅིག་ནི། དུས་ཚོད་ཀྱི་འགྲོ་ཕྱོགས་དང་རྒྱུ་རྐྱེན་སློང་སྟངས་དེ། རྦད་དེ་ཁ་ཁ་སོ་སོ་ཡིན་པ་རེད། དེའི་རྒྱུ་མཚན་ཡང་། སྐབས་དེའི་དུས་ཚོད་ལ། ངོས་འཛིན་དང་ཐབས་ཚུལ་ད་ལྟ་ལ་ལྟོས་ཏེ་ཆེས་མི་འདྲ་བ་ཞིག་རེད། བྱས་ན། དེ་དག་ལ་བརྟེན་པའི་རྒྱུ་རྐྱེན་སྣ་ཚོགས་ཤིག་རང་ཤུགས་ཀྱིས་འཁོར་ཡོང་བ་ལྟ་བུ་རེད། དེའི་སྟོབས་ཀྱིས། དེའི་དུས་སུའང་། ཁོ་རང་ལ་འགྲོ་ཕྱོགས་ཤིག་དང་བསྐྱོད་ཕྱོགས་ཤིག་ཡོད་པ་རེད། དེ་ལྟར་ཡིན་པས་ན། ད་ལྟའི་གསར་གཏོད་བྱེད་ཕྱོགས་ཀྱི་དགོས་དམིགས་ཕལ་ཆེར་འདྲ་རུང་། ཐབས་ཚུལ་དང་རྒྱུ་རྐྱེན་རྩ་བ་ནས་འདྲ་གི་མ་རེད། གང་ལྟར། བུ་མོ་ང་ནི། གསར་བརྗེ་ཡི་ལམ་དུ་བསྐྱོད་ན་འདོད་མཁན་ཞིག་ཡིན་ལ། མ་ཟད། གསར་གཏོད་ཀྱི་ཆ་མང་པོ་ཞིག་བསྐྲུན་ན་འདོད་མཁན་ཞིག་ཀྱང་ཡིན། དེའི་རྒྱུ་མཚན་ལ་བརྟེན་ནས། ད་ལྟའི་ངའི་ཁ་ཕྱོགས། དམིགས་ཚད། ལངས་ཕྱོགས་སོགས་ནི་འདི་ཚོའི་ཕྱོགས་ལ་འཕྱུར་བཞིན་པའི་སྒང་ཡིན་ལགས།
བུ་མོ་ཟོལ་ཀླུ་ལགས། ད་སྟོང་བསམ་ཞེ་དྲག་མ་འཆང་། དོན་དངོས་དང་བསྟུན་ཤེས་ན་མཁས་པ་ཡིན།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་། ངས་རང་གི་རྩ་ཆེ་བའི་དུས་ཚོད་སྤྱད་ནས་བསམ་ཚུལ་འགའ་ཞིག་བརྗོད་ན་འདོད་ཀི།
》 གསར་བརྗེ་ནི། འགྱུར་བ་ཞིག་ཡིན་པ་མ་ཟད། ནམ་ཡིན་ཡང་འགྱུར་ལྡོག་ལ་བརྟེན་དགོས། དེའང་། བསམ་བློའི་འགྱུར་བག་གི་འགྲོས་ལ་བསྟུན་ནས་འགྲོ་དགོས། འགྲོ་སྟངས་དེ་ཡང་། བེད་མེད་རྙིང་གཏོར་དང་ཕན་ནུས་ཆེ་བ་གསར་འདོན་ཐུབ་པ་བྱེད་རྒྱུ་དེ། དམིགས་འབེན་རེད། དེ་ལེགས་འགྲུབ་ཡོང་ཐབས་སུ། ཕྱི་ཚུལ་གྱི་རྣམ་པ་ཙམ་མིན་པར་སེམས་བསམ་པའི་གཏིང་རིམ་ནས་བློས་བཏང་བྱེད་དགོས་པ་དེ་རེད།
》 གསར་བརྗེ་ནི། ཐབས་རྩལ་ཁོང་དུ་ཆུད་པར་བྱ་རྒྱུའི་ཐབས་ཤེས་ཟུང་འབྲེལ་ཞིག་ཡིན་པ་མ་གཏོགས། གང་ཡང་རུང་བའི་བྱ་དངོས་ཤིག་ལ་ལད་ཟློས་བྱེད་པ་ལྟ་བུ་ཞིག་མ་རེད།
》 གསར་བརྗེ་ཡི་གནད་དོན་གཙོ་བོ་ནི། ཁྱེད་ལ་སྙིང་སྟོབས་དང་ཆོད་སེམས་ཡོད་མེད་ལ་རག་ལས་པ་ལས། ཚང་མས་ཁས་ལེན་མིན་དང་རྒྱབ་སྐྱོར་ཐོབ་མིན་གཙོ་གནད་ཅིག་མ་རེད།
》 གསར་བརྗེ་ཡི་འགོག་རྐྱེན་ཆེ་ཤོས་ནི། ཤེས་བཞིན་འགྱུར་བ་མི་གཏོང་བར་ཨུ་ཚུགས་མཐའ་བསྐྱལ་བྱས་པ་དེ་ཡིན་པ་ལས། འགྱུར་ལྡོག་གཏོང་རྒྱུའི་རིགས་དེ་ནམ་ཡང་མ་རེད།
》 དུས་ལ་བབས་པའི་གསར་བརྗེ་རེ་མ་བྱས་ཚེ། དངོས་འབྲེལ་གྱི་མདུན་ལྗོངས་ཤིག་རྙེད་མི་སྲིད། དུས་མཚུངས་སུ། འགྱུར་བའི་ཁ་ཕྱོགས་དང་རིན་ཐང་ཡང་འཚོལ་ཐུབ་ཀི་མ་རེད།
》 གསར་གཏོད་ཀྱི་ཆ་ནི། ནམ་ཡང་ཉེར་མཁོ་ཞིག་ཡིན་པ་མ་ཟད། ངེས་པར་དུ། སྐྱེད་སྲིད་བྱ་དགོས་པ་ཞིག་ཀྱང་རེད།
》 གསར་གཏོད་ཀྱི་དམིགས་ཡུལ་ནི། མདུན་ལྗོངས་ཡངས་པོ་ཞིག་ཕྱེ་བའི་ཆེད་དུ་རེད་ལ། དེའི་ཆེད་དུའང་། བློས་བཏང་བྱེད་དགོས་པ་ནི་ཆེས་གལ་གནད་ཆེན་པོ་ཞིག་ཀྱང་རེད་ཨང་།
》 གསར་གཏོད་ཀྱི་གྲུབ་འབྲས་ནི། ཆེས་ངོ་མཚར་བ་ཞིག་དང་ཕན་ནུས་ཆེ་བ་ཞིག་རེད་ལ། ལྷག་པར་དུ། འཚོ་བའི་དགོས་མཁོ་སྐོང་བྱེད་ཀྱི་ནོར་བུ་ལྟ་བུ་ཞིག་ཀྱང་རེད།
》 གསར་གཏོད་བྱེད་ཕྱོགས་ནི། ཆོད་སེམས་བརྟན་པོའི་སྒོ་ནས། འཇུག་རིམ་ཟབ་མོའི་སྒོ་ནས། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས། དོན་འཁེལ་ལག་ལེན་གྱི་སྒོ་ནས། ནུས་ཤུགས་འདོན་དགོས་པ་ཞིག་རེད་ལ། ད་དུང་། རང་ཚུགས་རང་རྟོན་ཞིག་ཀྱང་དགོས་པ་རེད། དེ་ནས། གྲུབ་འབྲས་འཇོག་ཐུབ་པ་ནི། དེའི་ནུས་པ་རེད།
》 ད་ལྟའི་གསར་གཏོད་ཀྱི་འགན་ལེན་ནི། སྐྱེ་ཁམས་ཁོར་ཡུག་ལ་མི་གནོད་ཅིང་མི་གསོད་ཁྲག་སྤྱོར་བྱེད་མི་དགོས་པར། གོ་རྟོགས་དང་ཉམས་མྱོང་གི་སྒོ་ནས་ར་འཕྲོད་པ་ཞིག་བྱེད་དགོས་པར་མཐོང་། དེ་ལྟར་ཡོང་སྟངས་ནི། བསམ་ཤེས་དང་གུ་ཡངས། གོ་རྟོགས་སྤེལ་རེས་ཀྱི་ལམ་ནས། མ་འགྲིགས་མ་འདང་བའི་ཆ་རྣམས་སྤྱིའི་གླེང་སྟེགས་སུ་བཀྲམས་ཏེ། རྒྱུ་མཚན་དང་གནས་ལུགས་ཀྱི་སྒོ་ནས་སྦྱང་བཤད་དང་གྲོས་གླེང་ཞིབ་ཏུ་བྱས་ན། ད་གཟོད། ངོས་འཛིན་ཞིག་དང་གྲུབ་འབྲས་ཤིག་ཐོན་པ་དེ་ད་ལྟའི་གསར་གཏོད་ཀྱི་འགན་ལེན་བྱེད་ཕྱོགས་རེད།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
དགོངས་འགལ་མེད་པར་ཞུ། ཉིད་ཀྱི་ལན་དེ་རྗེས་ནས་ཞུ་ཆོག་གྱིས། གང་ཡིན་ཟེར་ན། གཅིག་ནས་སྔོན་མའི་གསར་བརྗེ་བྱེད་སྟངས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དགོས་པ་དང་། གཉིས་ནས་དེང་གི་གསར་བརྗེ་བྱེད་ཕྱོགས་ཀྱི་ཐབས་ཚུལ་འདོན་དགོས་པ་མ་ཟད། གོ་དོན་དང་འཇུག་རིམ་ལ་ཕྱོགས་སྟོན་ལྟ་བུ་ཞིག་དགོས་པར་མཐོང་། གསུམ་ནས་གཞུང་ལུགས་ཀྱི་རྒྱབ་ལྗོངས་སྟོན་པའི་ཐོག་ལ། ལག་ལེན་གྱི་གྲུབ་འབྲས་ཡང་གང་འཚམ་མངོན་ལྟ་བུ་འདུག བཞི་ནས་ཉིད་ཀྱིས་ཞིབ་འཇུག་དང་ལོ་རྒྱུས་བྱེད་ཕྱོགས་དེ། གཏིང་ཟབ་ཅིང་གསལ་ཁ་ཆེ་སྟབས་སླ་བོའི་ཐོག་ནས་ལན་ཞིག་བྲིས་ཀྱང་རུང་དོན་དག་ཆེར་མཐོང་མ་བྱུང་། ལྔ་ནས་ད་སྐབས་བོད་རང་ལ་གསར་བརྗེ་གང་ཞིག་བྱེད་དགོས་པ་དང་བྱེད་སྟངས་དེ་ཡང་གསལ་འདོན་གནད་འགག་ཅིག་མཐོང་བྱུང་། དྲུག་ནས་རྒྱ་ནག་རྒྱལ་ཁབ་ཀྱིས་གཙོས་གསར་བརྗེ་བྱེད་སྟངས་དང་དེས་བཞག་པའི་ཤུགས་རྐྱེན་གྱིས། ད་ལྟའི་བགྲོད་ལམ་དེ་གང་ཞིག་ཏུ་བསྐྱལ་ཡོད་མེད་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་དགོས་པའང་ཤེས་བྱུང་། བདུན་ནས་འདི་ནི། རྩེད་མོ་ཙམ་ཞིག་དང་མཚར་སྣང་ཙམ་གི་ངོ་བོར་བཞག་ན། ངོས་འཛིན་མ་འགྲིགས་པའི་སྐྱོན་ཞིག་ཡོང་བས་ན། ངེས་པར་དུ། ཞིབ་འཇུག་ཟབ་མོའི་སྒོ་ནས་ཤེས་རྟོགས་དང་ལག་ལེན་གྱི་ཐོག་ནས་འགྲོ་བ་ལས་སྤྱིར་བཏང་ཙམ་ཞིག་གིས། གསར་བརྗེ་དང་གསར་གཏོད་ཀྱི་དོན་སྙིང་སྔོག་ཐུབ་ཀྱི་མ་རེད། དེས་ན། ད་ནས་བཟུང་ངས། ངའི་བློ་རིག་བསྒྲིམས་ནས། རྣམ་དཔྱོད་བཏོན་ནས། ཐབས་ཚུལ་སྤྱད་ནས། ལག་ལེན་བསྟར་ནས། འཇུག་རིམ་བསྟན་ནས། ཡུན་གྱིས་ངའི་ལྟ་ཚུལ་དང་ལངས་ཕྱོགས་དེ་གསལ་ཐང་ཐང་བཟོ་ཕྱོགས་ལ་འབད་འབུངས་བྱ་རྒྱུ་ཡིན་ལགས།
མྰའོ་ཙེ་ཏུང་མེད་ན། ད་ལྟའི་ཀྲུང་གོ་གསར་པ་མེད་པ་བདེན་ན་ཡང་། མྰ་འོ་ཙེ་ཏུང་ལྔ་བཅུ་ང་གྲངས་ལ་འཆི་སོང་ན། ཀྲུང་གོ་འདི་ལས་ཡག་པ་ཅིག་ཡོད་དགོས་པ་ལ། དེ་མེད་པ་དེ་ཡང་མྰ་འོ་སྡིག་ཆེན་དེ་ཚེ་རིང་དྲགས་ཙང་བྱུང་བ་མ་རེད་པེ། ད་ནི། ༸གོང་ས་མཆོག་ཡོད་ཙང་། ཞི་བདེའི་ཀྲུང་གོ་གསར་པ་ཞིག་ཐོན་བཞིན་པ་མིན་ནམ། སོམས་ཤིག དགེའོ། །
དྲ་གྲོགས་སྦྲ་ནག་ལགས། ངས་བསམ་ན་དཔེ་འདྲེན་ཞིག་གི་ཐོག་ནས་གསར་རྗེ་བྱེད་དོན་མི་མཐོང་གི ང་ཚོའི་མདུན་ན་ལུས་པའི་ལྟ་བ་དང་གྲུབ་དོན་སྣ་མང་སོགས། ཁ་ལག་དོན་འཁྱོལ་གྱི་འབྲས་རྟགས་ངང་དུས་རབས་འདིའི་འཚམས་ཕྱོགས་སུ་བསྐྱོད་ཐབས་ལ་བརྩོན་པ་དེའོ།།
བདག་གི་བསམ་གཞིགས་དཔྱད་སྤོད་དེ། གསར་རྗེ་བྱེད་ཕྱོགས་ལ་ལྟ་གྲུབ་སྣ་མང་ཞིག་མཆིས་པ་བདེན་མོད། ཡིན་ནའང་། ང་ཚོ་ལ་མཁོ་བ་ནི་སྔོན་ཐོན་གསར་བརྗེ་དེ་ཡང་མིན། ད་ལྟའི་དུས་འཚམས་ཀྱི་སྙིག་དོར་བཅུད་ལེན་ངང་བག་ཕུགས་རྙིང་ཞེན་གྱི་བསམ་བློ་དང་དབང་བཙན་མཁྲེགས་ཚུགས་ཀྱི་རྣམ་པ་བསྒྱུར་ནས་དུས་འཚམས་གསར་བརྗེ་དེ་ཡིན། ཡིན་ཡང་། ༸གོང་ས་༸མཆོག་གིས་བཀའ་དྲིན་ཐུགས་བསྐྱེད་ལས་དེ་འདྲའི་རྣམ་པ་བོར་ཟེན་བསྙད་ན་བདེན་མོད། ད་ལྟའི་ཆོས་ལུགས་དགོན་པ་ཁག་དང་། མཐོ་རིམ་སློབ་གྲྭ གཞི་རིམ་དམངས་ཚོགས་སོགས་ཀྱི་ནང་ཆོས་ལུགས་གྲུབ་མཐའ་སྣ་མང་གི་སློབ་གསོ་གཙུག་འཛིན་གྱི་མོས་ཞེན་ཆེ་དྲགས་པས། དེང་དུས་ཤེས་བྱ་རིག་པའི་སློབ་གསོ་དང་མ་ལག་ནང་འདྲེན་ནི་ཧ་ཅང་ཉུང་ཉུང་ཡིན་པ་དང་། མདུན་སྐྱོད་བསམ་བློའི་འཆར་སྒོ་ཡང་ད་དུང་དོག་པོའི་གནས་སུ་ལྷག་ཡོད། ༸གོང་ས་༸མཆོག་དབུ་ཁྲིད་ལམ་སྟོན་ཡོད་པ་ཙམ་གྱིས་སྡོད་པ་ཡིན་ན་འབྱུང་འགྱུར་འུ་ཚང་གི་ཁ་ཕྱོགས་ནི་ལྟ་བ་འགལ་རྩོད་ཁྲོད་ནས་ནུས་སྤུངས་གཅིག་སྒྲིལ་གྱི་སྟོབས་ཤུགས་དེ་མེད་པར་མངོན་འདུག
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
དེང་སང་གི་དུས་འདིར། ཉིད་ཀྱིས་བསྙད་པ་ལྟར། གསར་བརྗེ་བྱེད་ཕྱོགས་ནི། དེ་འདྲ་ཞིག་ཡིན་རྒྱུ་རེད་ལ། དགོས་པ་ཞིག་ཀྱང་རེད། དེའི་རྒྱབ་ལྗོངས། ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་བསྐྲུན་བཞིན་ཡོད་པས་རེད། རེད་དེ། བོད་ཀྱི་གསར་བརྗེ་བྱེད་ཕྱོགས་ནི། ཡིད་ཆེས་དང་དད་པས་སྐྱེད་སྲིང་བྱེད་བཞིན་པ་ལྟ་བུ་རེད། དེ་ནི། ཕྱི་ནས་བལྟས་ན། རྣམ་འགྱུར་ལེགས་པོ་ཞིག་ཡིན་ཡང་། དོན་དངོས་སུ། སྤྱི་དམངས་ཀྱིས་རྨང་གཞི་བཏང་བ་ཞིག་མ་རེད། དེ་ལྟར་ཡིན་སྟབས། ཡོངས་ཁྱབ་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་པ་མ་རེད། གང་ཡིན་ཟེར་ན། མི་གཅིག་གི་རྣམ་དཔྱོད་ཀྱིས་བཏོན་པའི་སྤྱི་འཆང་ཞིག་ཡིན་ཀྱང་རུང་། བོད་མིའི་རིགས་སུ་གྱུར་པ་ཚང་མའི་དགོས་མཁོ་དང་འཚམ་མིན་སོམ་ཉིར་ཚུད་ཡོད་པ་རེད། དེའི་རྒྱུ་མཚན་ཡང་། བོད་འབངས་ཚང་མ་དེ་ལྟར་ངོས་འཛིན་མཐོན་པོ་ཞིག་གི་ཚད་གཞིར་སླེབས་ཨེ་ཡོད་དམ། གང་གིས་ཕྱིར་ན། བོད་མི་ཚང་མའི་བསམ་བློའི་ཁ་ལོ་བ་ནི། ཆོས་ལུགས་དང་འབྲེལ་བའི་རིག་གནས་རྐྱང་རྐྱང་ཡིན་པ་རེད། བྱས་ན། བོད་ཀྱི་གསར་བརྗེ་བྱེད་སྟངས་ཀྱི་ཁ་ཕྱོགས་གང་ཞིག་ལ་དམིགས་དགོས་སམ། ལྷག་པར་དུ། ཉེན་ཁ་དང་བློས་བཏང་མ་བརྒྱུད་པར་གསར་བརྗེ་དང་གསར་གཏོད་ཀྱི་ཆ་ཇི་ལྟར་བྱས་ནས་བསྐྲུན་དགོས་པ་རེད་དམ། བུ་མོ་ངའི་བསམ་ཕྱོགས་ལྟར་ན། བསྐྱངས་དང་སྐྱོང་བཞིན་པའི་རིག་གནས་ཤིག་དང་དེའི་ཁ་ཕྱོགས་ལ། གཡོ་འགུལ་གཏོང་དུས་འཕངས་སེམས་རེ་སྐྱེ་མི་སྲིད་པ་མིན། དེ་ནི། རིགས་ཞེན་གྱི་ཆ་འདྲེས་ཡོད་ཅིང་། གཙོ་བོ་དངངས་སྐྲག་ཅིག་གིས་འདེད་ཀྱིན་པའི་ཡིན་རྒྱུ་རེད། ད་དུང་། འདས་པའི་གསར་བརྗེ་བྱེད་སྟངས་མང་པོ་ཞིག་ནི། སྲིད་གཞུང་དང་མི་དམངས་ཚང་མ་སྡུག་སྤྱར་ཅིང་བཙན་སྐུལ་ཏག་ཏག་གིས་བདས་སོང་བས་ན། ད་སྐབས་ཀྱང་། གསར་བརྗེ་ཡི་གོ་བ་ལེན་ཕྱོགས་དང་འཇུག་སྟངས་སོགས་དེ་བཞིན་ཡིན་རྒྱུ་རེད་སྙམ་པས་རེད། འདི་ནི་མ་ཤེས་པ་ཉག་ཅིག་རེད། དེང་སང་ཡང་འགྲོ་ཕྱོགས་ཤིག་དང་ཐབས་ལམ་དམིགས་བསལ་བ་ཞིག་ཡོད་པར་མཐོང་།
རྔ་བ་ཚེ་སྐྱིད་ལགས། ངེད་གཉིས་ཀྱི་ལངས་ཕྱོགས་འགལ་མིན་དེ་གཙོ་བོ་མིན། ང་ཚོ་བོད་མིའི་སྤྱི་ཚོགས་ནང་བུ་མོ་ཁྱོད་ལྟ་བུའི་བསམ་བློའི་འཆར་སྒོ་དང་སེམས་ཤུགས་སྤོད་པ་ཕྱི་ལ་འདོན་མཁན་མོ་རིགས་གྲལ་ན་ཧ་ཅང་ཉུང་ཉུང་རེད། དེའི་ཕྱིར་ས་མཐའི་རྒྱང་འཁྱམས་བདག་ལ་སེམས་ཚོར་རྣོན་པོ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་བསྐྲུན་སོང་། གང་ལྟར་ང་ཚོས་ངོས་འཛིན་ཐེབས་དགོས་པ་ནི་དོན་དག་ཆུང་ས་ཞིག་ལ་འགལ་རྩོད་སྤུངས་དགོས་དོན་མེད་ཀི
བཀུར་འོས་དྲ་གྲོགས་ལྷག་བསམ་ལགས།
ངས་ད་ལྟའི་བར་དུ་སྤེལ་བའི་མཆན་བུ་ཚང་མ་དོན་དངོས་དང་བསྟུན་པ་རྐྱང་རྐྱང་རེད་བསམ་གི་ཡོད། རེད་དེ། མཚམས་རེར། ཅུང་བོད་ཀྱི་གནས་བབ་ལ་ལྟོས་ན་བསམ་སྐབས་སུའང་ཐོད་བརྒལ་ལྟ་བུ་ཞིག་ཡིན་པའི་སྣང་བ་འཆར་སྲིད་ཀྱི་རེད། དེར་ནོར་སྐྱོན་ཆེན་པོ་ཞིག་འབྱུང་གི་མ་རེད་བསམ་གི། གང་གིས་ཟེར་ན། དང་ཐོག་ནས་རན་པོ་ཞིག་མཐོང་ཁག་པོ་རེད་མོད། གང་ལྟར་ང་ཚོ་ལམ་དེར་བསྐྱོད་བཞག་ན། དེ་ནས་ངོས་འཛིན་ཐོབ་འགྲོ་བ་ཞིག་དང་དགོས་མཁོ་ཡོད་པ་ཆགས་འགྲོ་རྒྱུ་རེད། སྤྱིར་བཏང་ཡིན་ན། དོན་དངོས་དང་མཐུན་དགོས་པ་མ་ཟད། དེ་ལས་ཀྱང་བསྟུན་དགོས་པ་གལ་གནད་ཆེན་པོ་ཞིག་ཡིན་པ་དེ། ངས་ཤེས་ཀྱི་ཡོད་ལ་བསྟུན་ཐབས་ཀྱང་བྱེད་ཀྱིན་སྒང་ལྟ་བུ་ཡིན། དེ་ཡང་། དངོས་ཡོད་དང་མཐུན་ཆ་ཆེ་ན། དེ་ནུས་ཤུགས་ཆེ་བ་མ་ཟད། ཚང་མས་ངོས་ལེན་ཐུབ་པ་ཞིག་ཡོང་གི་རེད། ཡང་། དོན་དངོས་དང་བསྟུན་དགོས་པ་ནི། བྱ་བཞག་དེའི་མགོ་མཇུག་བར་གསུམ་མཐའ་འཁྱོངས་པའི་ཕྱིར་དུ་རེད། དེ་འདྲ་ཡིན་དུས། ངས་བཤད་སྟངས་དང་འབྲི་སྟངས། དམིགས་ཚད་དང་ལངས་ཕྱོགས་སོགས་ནི། དུས་ལ་བབས་ཤིང་དངོས་དོན་དུ་མཐུན་པའི་བྱ་བཞག་ཅིག་སྒྲུབ་སྟངས་ཡིན་འདོད་ཀི། འདི་ནི། ང་ལ་ང་རང་གིས་མཐོང་ཆེན་བྱས་པ་ཞིག་མིན་དེ། ཅི་འདྲ་ཞིག་བསམས་ཤིང་གཞིགས་རུང་། དུས་ལ་བབས་ཡོད་པ་མ་ཟད་ངེས་པར་དུ་འགོར་འགྱངས་བྱེད་མི་རུང་བའི་བྱ་བཞག་རླབས་ཆེན་ཞིག་ཀྱང་རེད་བསམ་གིའོ།།
བཀུར་འོས་ཀརྡོ་རབ་འབྱམས་པ་ལགས།
ཐོག་མར་འདིར་ཕེབས་པར་དགའ་བསུ་ཞུའོ།། དེ་ནས། ཉིད་ཀྱི་དགོངས་ཚུལ་ལྟར་ན། ༸གོང་ས་མཆོག་ཡོད་ན་ནི། ཀྲུང་ཀོར་ཞི་བདེ་གསར་པ་ཞིག་ཐོན་བཞིན་པ་ལྟ་བུ་བསྟན་འདུག་ཀྱང་། ངའི་ལྟ་ཚུལ་ཡིན་ན། འདི་ནི་ཆེས་མི་སྲིད་པ་ལྟ་བུ་ཞིག་རེད། གང་གིས་ཟེར་ན། དེང་སང་གི་དུས་འདིར། ཡོད་ཚད་དཔལ་འབྱོར་གྱི་དཀྱིལ་འཁོར་ལ་ཐིམ་དང་འཐིམ་བཞིན་ཡོད་དུས། ༸སྐྱེས་པུ་སྒེར་བ་ཞིག་དགོངས་གཞི་དང་ཐབས་ཚུལ་སོགས་ཀྱང་། དེའི་རླབས་རྒྱུན་གྱི་ནང་དུ་འཁོར་འགྲོ་བ་ལྟ་ཚུལ་འདི་རེད། ད་དུང་། དེང་སང་གི་ཆབ་སྲིད་ཀྱི་མཁོ་དགོས་ནི། ཚོང་འབྲེལ་ལ་ཐུག་པ་ལྟ་བུ་རེད། དེས་ན། ཞི་བདེ་དང་དྲང་བདེན་གྱི་ཁ་ཕོ་གནམ་ལ་བསྒྲགས་དང་སྒྲོག་བཞིན་ཡོད་ཀྱང་། དོན་དམ་དུ། རང་རང་གི་ཁེ་ཕན་ཡོད་མེད་ལ་ལྟ་བ་ལས་སྤྱི་སྙོམ་ཞིག་དང་དྲང་བདེན་གྱི་ལམ་ལ་བསྐྱོད་མཁན་ཉི་མོའི་སྐར་མ་ལྟ་བུར་གྱུར་འདུག་པ་དེ། ཁྱེད་རྣམ་པས་མཁྱེན་གསལ་རེད། དེའི་ཕྱིར་ན། རྒྱ་ནག་སྲིད་གཞུང་དང་དེ་སྐྱོང་མཁན་སྲིད་ཞུ་བ་རྣམས་ནི་རང་རང་གི་དགོས་མཁོ་ཁོ་ན་གཉེར་བ་ལས། གཞན་གྱི་དཀའ་ངལ་དང་སྤྱིར་བཏང་གི་རིན་ཐང་ཆེན་པོ་ཞིག་ཡིན་ཡང་། བརྩི་འཇོག་ཡོད་པ་མ་རེད། དེའི་སྟོབས་ཀྱིས། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཙམ་ལས་དོན་དངོས་སུ་སྒེར་གཅོད་པ་ཁག་གིས་མདུན་ལམ་བཟོ་སྤྱད་ཀྱི་རིགས་ལམ་ཞིག་སྤྱོད་ཀྱི་ཡོད་པ་རེད།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཐུགས་རྗེ་ཆེ་བསམ་ཚུལ་མུ་ནས་མཐུད་ནས་སྤེལ་བར་བཀའ་དྲིན་རྗེས་དྲན་བྱ་རྒྱུ་ཡིན། རྗེས་ཕྱོགས་ཉིད་ཀྱི་དགོངས་ཚུལ་ཁ་ཇེ་གསལ་དུ་གཏོང་རྒྱུར་རེ་བ་ཆེ། གང་ཡིན་ཟེར་ན། ངེད་གཉིས་ཀྱི་གྲོས་བསྡུར་གྱི་རྒྱ་ཆེ་རུ་འགྲོ་བར་ཕན་ནུས་ཐོན་ཐུབ་ཀྱི་རེད། དེ་ནས། བདེན་པའི་རྒྱབ་དེར་བདེན་པ་ལངས་དགོས་པ་ནི། ཆེས་ཤེས་སླ་བའི་གནས་ལུགས་ཤིག་རེད། དེའི་ཕྱིར་ན། བོད་མི་རིགས་ད་དུང་མི་གཅིག་གི་ནུས་པར་བརྟེན་འདུག་པའི་གཞི་རྩ་ཡིན་ནམ། སྤྱིར་བཏང་མ་ཆོག་པ་མེད་ཀྱང་། སྟོང་ཆ་ཆེན་པོ་ཞིག་ལྷགས་པའི་སྐབས་སུ། ག་རེ་བྱེད་དགོས་པ་རེད་དམ། འདི་ནི། དམའ་འབེབས་དང་མཐོང་ཆུང་ལྟ་བུ་ཞིག་གི་སྒོ་ནས་སྨྲས་པ་མིན་མོད། འོན་ཀྱང་། གྲ་སྒྲིག་ཅིག་དགོས་པ་རེད། བྱས་ན། ད་ལྟ་ནས་བཟུང་། ང་ཚོའི་མི་རབས་ཀྱི་ངོས་ནས། ཚོད་ལྟ་དང་སྦྱང་བརྡར་བྱས་ཏེ། མདུན་དུ་ཐོན་དགོས་པ་དེ་ཆེས་གལ་ཆེན་ཞིག་རེད། མ་ཟད། རང་ཚུགས་ཡོད་པའི་ཐོག་ནས། རང་རྟོན་ཡོད་པའི་སྒོ་ནས། རང་དཔྱད་ཡོད་པའི་སྒོ་ནས། ཐབས་ལམ་དང་རིགས་ལམ་ཞིག་བཏོན་ཏེ། གསར་བརྗེ་དང་གསར་གཏོད་ཀྱི་ལམ་ཕྱོགས་སུ་འགྲོ་བསྐྱོད་བྱེད་དགོས་པ་ནི། དུས་སྐབས་དང་གནས་བབ་ཀྱིས་སྐུལ་བཞིན་པ་ལྟ་བུ་རེད།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
བཀའ་དྲིན་ཆེ། སེམས་ཤུགས་སྤར་སོང་། དོན་དངོས་རེད། ང་ཚོའི་མི་རིགས་ཀྱི་ངོས་འཛིན་མང་ཆེ་ཤོས་དང་འགྲན་རྩོད་མང་ཆེ་བ་ནི། དོན་དག་ཆུང་ངུ་རེ་སྒང་ནས་འཐབ་རྩོད་བྱས་དང་བྱེད་བཞིན་པ་ལྟ་བུ་རེད། འདི་ནི། ངས་ངོས་ལེན་ཡོད་པའི་ཕྱོགས་གཅིག་རེད། གཞན་ཞིག་ནི། ང་ཚོའི་མི་རིགས་ཡར་རྒྱས་དང་འཐུས་ཚང་གཏོང་ཕྱོགས་སུ། དགག་སྒྲུབ་གང་ཞིག་བྱེད་སྟངས་ནི། མིའི་བསམ་བློ་དང་ནུས་པ་མ་ལྟོས་པར་འཇིག་རྟེན་གཞན་གྱི་ཁམས་ཤིག་སྙེག་བཞིན་པ་ལྟ་བུ་རེད། འདིའི་རྣམ་འགྱུར་དང་འགྲོ་ཕྱོགས་ནི། ཆེས་མཚར་སྣང་ཆེ་བ་ཞིག་རེད་ཨང་། གང་ཡིན་ཟེར་ན། འདས་མ་ད་གསུམ་གང་ཞིག་ཡིན་རུང་། མིའི་བསམ་བློའི་འགྱུར་བག་ལ་བརྟེན་ནས་བྱུང་བ་ལས། ཁམས་གཞན་ཞིག་གིས་བསྒྱུར་བཞག་པ་ཕལ་ཆེར་མེད་པ་རེད། བྱས་ན། མི་དང་མིའི་འདུ་ཤེས་ལ་བརྩི་བཀུར་བྱས་ནས། མི་དང་མིའི་ནུས་པར་ཆེ་མཐོང་སྤྲད་ནས། མི་དང་མིའི་གསར་བརྗེ་གསར་གཏོད་ཀྱི་གྲུབ་འབྲས་ལ་ངོས་འཛིན་ཡོད་པར་བྱས་ནས། ང་ཚོའི་མ་འོངས་པའི་མདུན་ལམ་དེ་གསར་གཏོད་ཀྱི་ཆ་མང་ཞིང་འཐུས་སྒོ་ཚང་བ་ལ་བསྒྱུར་བ་དགོས་པ་ནི། ང་དང་ཁྱེད་རྣམ་པར་འཁྲི་བའི་སྐྱེས་ཐོབ་ཀྱི་འགན་ཞིག་རེད།
རྔ་བ་ཚེ་སྐྱིད་ལགས་ནས་དགོས་མེད་ཀྱི་སྟོང་གཏམ་ཤ་སྟག་ཤོད་ཀྱིན་མདུན་ལམ་དང་བལྟ་ས་བྱ་ས་མེད་པའི་སྲང་བར་གྱི་ཕོ་ཚོགས་འགའ་གཅིག་ལས་གཅིག་མགྱོགས་གཉིས་ལས་གསུམ་མགྱོགས་ཀྱིས་བསམ་ཚུལ་སྤེལ་བའི་བྲེལ་བར་ཁྲིད་སོང་ལ་འཁྲིད་ཀྱིན་འདུག ད་དུང་ཡང་ཁྲིད་རོགས། མང་ཙམ་ཁྲིད་རོགས། གང་མགྱོགས་ཁྲིད་རོགས། དུས་ཚོད་ལ་སེར་སྣ་མེད་ན་སྟོང་གཏམ་ཤོད་པར་ཁྲིད་རོགས། ཁ་སྟོང་ནང་དུ་ལྕེ་ལེ་གཡུག་པར་དཀའ་ངལ་མེད་སྟབས་ང་ཡང་དུས་ཚོད་ནམ་བྱུང་ལ་ཡོང་གི་ཡིན།
འདི་ན་མི་འགའ་ཤས་ཀྱིས་ལོ་སར་གྱི་མཆོད་ཆང་མང་ཙམ་འཐུང་ཡོད་ཀི
བཀུར་འོས་དྲ་གྲོགས་འོད་ཡུག་པའི་འཁྱམས་པོ་ལགས།
ཕེབས་ནས་བསམ་ཚུལ་བཤད་པར་དགའ་ཡོད་དེ། འགན་འཁུར་མེད་པ་དག་གིས་འདི་ལྟར་བསམ་སྲིད་ཀྱང་། དོན་དངོས་ལ་གཏུགས་པ་ཡིན་ན། ད་སྐབས། ཕྲག་དོག་དང་དམའ་འབེབས་ཀྱི་བསམ་སྤྱོད་འཆིང་བ་ཡིན་ན། དེ་ནི། ང་ཚོའི་མི་རིགས་ཀྱི་སྟོབས་ཤུགས་དང་ཆིག་སྒྲིལ་ལ་གནོད་ཚབས་ཆེ་སྟབས། རྗེས་ཕྱོགས་ཡིན་ན། ཉིད་ཀྱིས་མི་རིགས་ལ་འགན་ལེན་དང་སྤྱི་སེམས་ཀྱི་ཐོག་ནས་དགོངས་ཚུལ་སྤེལ་བ་ཡིན་ན། ཡི་རངས་དང་རྒྱབ་སྐྱོར་བྱ་རྒྱུ་ལས། དོན་མེད་སྙོན་འཛུགས་དང་དགོས་མེད་དཀྲུགས་གཏམ་སྤེལ་བ་ཡིན་ན། བལྟ་རིན་དང་བསམ་རིན་མེད་ཀི། བྱས་ན། བུ་མོ་ང་གཅིག་པོའི་བསམ་ཚུལ་མིན་པར་འདིར་མཆན་འདེབས་པ་ཚང་མའི་བསམ་གཞིགས་བྱེད་ཕྱོགས་ལ་དཔྱད་གཞིགས་བཏང་ནས། དགོངས་ཚུལ་དང་ཕྱོགས་སྟོན་བྱས་ན། ང་ཚོའི་མི་རིགས་དང་རིག་གནས་ཀྱི་མདུན་ཇེ་ཡངས་ཇེ་ཟབ་ཏུ་འགྲོ་རྒྱུར་ཉག་ཅིག་རེད། རེད་དེ། དེི་རིང་གི་ཉིད་ཀྱིས་བཏབས་པའི་མཆན་བུར་བལྟས་པ་ཡིན་ན། དངོས་གནས་རིན་ཐང་མེད་ཀི། ཨོ་རེད། དེས་ན། བུ་མོ་ངས་ཁྱེད་ལ། དྲི་བ་འདོན་འདོད་བྱུང་སོང་།
༡》 ང་ཚོའི་མི་རིགས་ལ། སྔར་ཡོད་ཀྱི་རིག་གནས་རྐྱང་བས་ད་སྐབས་འདང་གི་ཡོད་དམ།
༢》 ད་ལྟ་ང་ཚོའི་མི་རིགས་འདི་རྒྱུན་འཛིན་ལ་ངར་ཤུགས་ཆེ་བ་ལས། གསར་བརྗེ་དང་གསར་གཏོད་ཀྱི་ལམ་དུ་མི་བསྐྱོད་པའི་རྒྱུ་མཚན་གང་རེད་དམ། ཡང་ན། མ་དགོས་པ་རེད།
༣》 དེང་སང་གི་དུས་སུ། མི་རང་རང་ལ་བསམ་བློ་གཏོང་དབང་ཡོད་པ་རེད་དམ། ཡོད་ན། ངས་ཀྱང་ད་ལྟའི་ལག་ལེན་སྐྱོ་གནས་དང་ཆེས་མི་གསལ་བའི་མ་འོངས་པའི་ཆེད་དུ། བསམ་ཚུལ་འགྲིགས་ཀྱི་ཨེ་རེད།
༤》 འདས་པ་དང་ད་སྐབས། འབྱུང་འགྱུར་གང་ཞིག་ཡིན་རུང་། རླབས་ཆེ་བའི་སྐྱེ་བུ་གང་ཞིག་དང་དེས་བཞག་པའི་བྱས་རྗེས་སོགས་ནི། དང་པོར་རྨི་ལམ་བཏང་ནས། རྗེས་ཕྱོགས་རྨི་ལམ་མངོན་དུ་གྱུར་པ་ཤ་སྟག་མ་རེད་དམ།
༥》 ཉིད་ཀྱིས་ཇི་ལྟར་སྐྱོན་གྱི་ཕྱོགས་ནས་བསྒྲགས་ཀྱང་དམའ་འབེབས་ཚད་མེད་བྱས་རུང་། བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་རེད་དམ།
༦》 དུས་ཚོད་ལ་རིན་ཐང་ཆེ་བ་ངས་ཀྱང་སྔར་ནས་ཤེས་ཀྱི་ཡོད་ལ། ངའི་དུས་ཚོད་འདི་ལྟར་གྲོན་ན་ཁྱེད་ལ་རྔམ་སྐྲག་ལངས་པའི་རྒྱུ་མཚན་གང་ཡིན་ནམ། མི་རང་རང་ལ་ངོས་འཛིན་མི་འདྲ་བ་རེ་ཡོད་པ་ཨེ་རེད།
༧》 སྲང་ལམ་གྱི་མི་ཡིན་རུང་བསམ་བློ་དང་འགན་འཁུར་ཡོད་པ་རེད་ལ། འགན་ལེན་ཡང་སྤྱི་ཚོགས་ཀྱི་གདོང་ལ་བུད་ནས་འགན་འཁུར་བྱས་ན་མ་འགྲིགས་པ་ཡོད་པ་རེད་དམ། ཡང་མིན་ན། སྲང་ལམ་ལ་བུད་མ་མྱོང་བ་ཞིག་གམ་གུ་དོག་པའི་བསམ་བློའི་འཁྱེར་སོ་ཞིག་མ་རེད་དམ། གང་གིས་ཟེར་ན། ཁྱེད་ཀྱིས་མཐོང་ཆུང་ཆེན་པོ་བྱས་པས་སོ།།
༨》 སྐབས་འདིར། རྒྱལ་ཁབ་འདྲ་མིན་གྱི་ནང་དུ་བཞུགས་ཡོད་པའི་རིགས་མཐུན་ཤེས་ལྡན་པ་གང་མང་ཞིག་གིས་མཆན་བུ་འདེབས་ཚུལ་ལ། བལྟས་ན་འདྲ། བསམ་ན་འདྲ། གང་ལྟར། དོན་སྙིང་ཞིག་ཡོད་རྒྱུ་མ་རེད་མ་གཏོགས། ཅི་ཡིན་འདི་ཡིན་མེད་པར་མཆན་བུ་འདེབས་ཀི་མ་རེད་དེ། ཉིད་ཀྱིས་བསམ་ཚུལ་ལྟར་ན། དགོས་དོན་དང་དོན་དག་ཅི་ཡང་མ་ཡོད་པ་རེད་དམ།
གོང་གི་དྲི་བ་དག་གི་ལན་ཞིག་ཡོད་ན་ནི། དོན་དངོས་དང་མཐུན་པའི་སྒོ་ནས་ལན་འདེབས་ཡོད་པར་ཞུའོ།།
བཀུར་འོས་འབའ་སྲས་ལགས།
ད་ལྟའི་ལོ་སར་འདི་ནི། ང་དང་ཁྱེད་རྣམ་པར་མཚོན་ན། ཆེས་གལ་འགངས་ཆེ་བའི་ལོ་ཟླ་ཞིག་ཡིན། དེའི་རྒྱུ་མཚན་ཡང་། གཅིག་ནས། ང་ཚོའི་མི་རིགས་ཀྱི་དབུ་ཁྲིད་བགྲེས་ཡོལ་ཚང་དུ་ཕེབས་པའི་དུས་ཚོད་ཅིག་རེད་ལ། གཉིས་ནས་ང་ཚོའི་མི་མང་གི་བདེ་སྡུག་མི་མང་རང་གིས་མང་གཙོའི་ལམ་ནས་ཐག་གཅོད་དུས་བབ་དངོས་གནས་པ་དེ་ཆགས་ཡོད། གསུམ་ནས་ང་ཚོའི་རིག་གནས་ཀྱི་སྟོང་ཆ་དང་མ་འདང་བའི་ཆ་ངེས་པར་དུ་སྐོང་དགོས་པའི་ཚད་དུ་ཐོན་ཟིན་པ་རེད། རེད་དེ། ཝཱར་ཎའི་གཙུག་ལག་དང་གདན་སའི་དགེ་བཤེས་ཁག་ཅིག་གིས། གཞན་གྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་རང་རེའི་སྐད་ཡིག་ཐོག་ཏུ་ཡོད་པའི་བཀའ་བསྟན་འགྱུར་དེ་ཡང་དབྱིན་ཇིའི་སྐད་ཡིག་སོགས་ལ་བསྒྱུར་རྒྱུའི་ལས་འཆར་དང་གྲ་སྒྲིག་དེས། བུ་མོ་ང་ནི་འཐོམས་བཅུགས་སོང་། གང་ཤེས། ངན་སྨད་བྱས་པ་མིན་མོད། འོན་ཀྱང་། གཞན་ལ་ཡོད་ཅིང་ང་ཚོ་ལ་མེད་པའི་རིགས་དེ་ཆེས་མཐའ་བྲལ་བ་ཞིག་ཡིན་སྟབས། ཚུར་མི་རིགས་རང་ལ་ཞབས་འདེགས་ཞུ་ན་མ་འགྲིགས་པ་ཨེ་ཡོད་དམ། རེད། རིག་གནས་ཁག་གི་ཁོག་པའི་སྙིང་ལྟ་བུ་ནི། བཀའ་བསྟན་འགྱུར་དེ་ཚོ་ཡིན་རྒྱུ་རེད་དེ། ད་ནི། དེ་ཚོའང་གཞན་གྱི་སྐད་ཡིག་ཏུ་བསྒྱུར་མགོ་བརྩམས་སོང་། དེ་འདྲའི་གནས་ཚུལ་མང་པོ་ཞིག་རྐྱེན་པས། འདི་ལྟར་ལམ་ཞིག་ཏུ་བསྐྱོད་པའི་ཁུལ་ཡིན་ལགས།
དྲ་གྲོགས་རྒྱང་འཁྱམས་པ་ལགས།
ང་ཚོས་བྱ་བཞག་གམ་ལས་དོན་གང་ཞིག་བསྒྲུབས་ཀྱང་དཔེ་ལེན་རང་བཞིན་དུ་མ་སོང་བ་མེད་པར་མཐོང་བས་ངས་དྲི་བ་དེ་བཏོན་པ་ཡིན་ལ། ལྷག་པར་དུ་ང་ཚོ་ལམ་ཁ་དེ་འདྲ་ཞིག་ཏུ་བསྐྱོད་ན་སྔོན་མའི་ལོ་རྒྱུས་ལ་ངེས་པར་དུ་ཕྱིར་རྟོག་བྱེད་དགོས། ཡང་ཅིག་བཤད་ན་གདོད་མ་ནས་ད་བར་རང་བྱུང་ཁམས་འདིས་ང་ཚོར་དཔེ་སྟོན་སྣ་ཚོགས་བྱེད་ཀི་ཡོད་པས་སྣང་ཆུང་བྱེད་མི་རུང་ལ། ཁྱེད་ཀྱིས་བཤད་པ་ལྟར་དུས་རབས་འདིའི་འགྲོ་ཕྱོགས་དང་འཚམས་དགོས་པའང་གལ་ཆེན་ལོོས་ཡིན། བོད་ལ་ཆ་བཞག་ན་ལུང་ཤར་བའི་ལས་དོན་དེ་ལེགས་འགྲུབ་མ་བྱུང་བའི་རྒྱུ་རྐྱེན་སོགས་ལ་ཉམས་ཞིབ་བྱེད་རྒྱུ་མང་པོ་ཡོད་རྒྱུ་རེད་བསམ་གི། འོན་ཀྱང་ད་སྐབས་དུས་ཀྱི་འགྱུར་བའི་དབང་གིས་སྔར་དང་མི་འདྲ་བས་གཙོ་བོའི་ནང་གི་གཙོ་བོ་གུ་ཡངས་བའི་བསམ་བློ་དང་བརྟན་ཚུགས་པའི་ཕུགས་བསམ་རྒྱུན་འཁྱོངས་བྱེད་གལ་ཆེ་བར་སྙམ་མོ།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེ་རིང་ངས་བསམ་ཚུལ་འགའ་ཤས་ཁ་སྣོན་བྱེད་འདོད་བྱུང་སོང་།
༡༽ འགྱུར་བ་ནི་ལྡོག་ཐབས་མེད་པ་ཞིག་རེད། བྱས་ན། ང་ཚོའི་མི་རིགས་དང་རིག་གནས་ཀྱི་འགྱུར་བ་ལ་གཞིགས་ནས་གྲ་སྒྲིག་དང་འཆར་གཞི་དགོས་པ་མ་རེད་དམ།
༢༽ གསར་གཏོད་ནི་དགོས་མཁོ་ཞིག་རེད། དེས་ན། བྱ་ཐབས་དང་ལམ་བུ་ཞིག་འདོན་དགོས་པ་ནི་ང་ཚོའི་མི་རབས་ལ་བབས་པའི་ལས་དོན་གལ་ཆེན་ཞིག་མ་རེད་དམ།
༣༽ གསར་བརྗེ་ནི་སྙིང་སྟོབས་དང་ཆོད་སེམས་ལ་རག་ལས་པ་ཞིག་རེད། དེའི་སྟབས་ཀྱིས། ང་ཚོའི་མདུན་ལམ་ཇེ་བརྟན་དང་ཇེ་ལེགས་སུ་གཏོང་ཐབས་སུ། བློས་བཏང་དང་འདོར་ལེན་གྱིས་བསྐྱོད་རན་པའི་དུས་ཚོད་ཅིག་མ་རེད་དམ།
༤༽ ངའི་ལྟ་ཚུལ་དེ། ཆེས་ཕུན་སུམ་ཚོགས་པ། གཏིང་ཟབ་པ། ཡང་དག་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་འདུན་ཆེ་བ་ལགས་ན། མཁྱེན་དཔྱོད་ལྷག་བསམ་ཡངས་པ་རྣམས་ཀྱིས་ལམ་སྟོན་དང་དགོངས་ཚུལ་གསུང་རན་པའི་དུས་ལ་བབས་པ་མ་རེད་དམ།
༥༽ བསམ་གཞིགས་དང་འགན་ལེན་མ་བྱས་པར། བསམ་ཚུལ་དང་སྐྱོན་བརྗོད་ཅི་ལྟར་བྱས་ཀྱང་། ཁྱེད་དང་ཁྱེད་རྣམ་པའི་དུས་ཚོད་དོན་མེད་དུ་གྲོན་པ་དང་ཕྱོགས་ཞེན་གྱི་སྒོ་མོ་ཇེ་ཡངས་སུ་འགྲོ་བ་ལས། གཞི་རྩ་ཡོད་པའི་རྨང་གཞི་ཞིག་འཛུགས་ཐུབ་ཀྱི་རེད་དམ།
༦༽ ངས་བསམས་ན། རིགས་པའི་གཞུང་ལུགས་ཀྱིས་ཐག་གཅོད་མ་ཐུབ་པའི་དཀའ་གནད་དེ། མཚམས་རེར། ལག་ལེན་གྱི་ཐོག་ནས་གསལ་སྟོན་དང་རྒྱུས་མངའ་ཡོད་པར་འགྱུར་གི་རེད། དེ་མཚུངས་སུ། ལག་ལེན་གྱི་གནད་དེའང་གསར་གཏོད་ཀྱི་སྒོ་མོར་གྱུར་ཡོད་པ་མ་རེད་དམ།
༧༽ བསྟུན་ཐབས་དང་ངག་འཛིན་རང་ལུགས་པ་རྣམས་ཀྱིས། ནམ་ཡང་གསར་བརྗེ་བྱ་རྒྱུའི་བློ་སྤོབས་སྐྱེ་མི་སྲིད་ལ། སྐྱེས་པའི་དབང་དུ་བཏང་ན། ཕན་ནུས་ཆེ་བ་ཞིག་ཡིན་མི་སྲིད་དོ།། གང་གིས་ཟེར་ན། ཁེ་བཟང་དང་རང་དོན་རང་ལུགས་པ་ཤ་སྟག་ཏུ་གྱུར་པ་མ་རེད་དམ།
༨༽ གསར་གཏོད་དང་གསར་བརྗེ་ཡིས། ཕྱོགས་གཅིག་ནས་བློ་གྲོས་དང་ཐབས་ལམ་གྱི་སྒོ་མོ་འབྱེད་རྒྱུ་རེད་ལ། གཞན་ཞིག་ནས་དཀའ་རྙོག་ནང་ལྷུང་བའི་རིགས་དེ་གཙང་སེལ་བཟོ་ཐུབ་ཀི་རེད། འདི་ནི། འདས་པའི་ལོ་རྒྱུས་དང་ད་ལྟའི་འགྱུར་ལྡོག མ་འོངས་པའི་ཁ་ཕྱོགས་སོགས་གང་ལ་གཞིགས་ཀྱང་རུང་། དོན་དངོས་ཀྱི་ཐོག་ནས་ར་འཕྲོད་ཀི་རེད། དེ་བས་ན། ད་ནས་བཟུང་། ང་ཚོ་རྗེས་སྐྱོང་བ་རྣམས་ཀྱིས་ཀྱང་དུས་བབ་དང་འཚམ་ཞིང་དགོས་མཁོ་ཆེ་བའི་མདུན་ལྗོངས་ཡངས་པོ་ཞིག་གི་ཆེད་དུ། གསར་གཏོད་དང་གསར་བརྗེའི་ཕྱོགས་སུ་ཁ་ཕྱོགས་རན་མ་ཡིན་ནམ།
མཚུངས་མེད་བཀུར་འོས་ཚེ་སྐྱིད་ལགས། ཉིད་ཀྱིས་མདུན་བསྐྱོད་དང་སྔོན་ཐོན། གསར་བརྗེ་དང་འབྲེལ་བའི་དགོངས་ཚུལ་ཡར་ཀླུང་གཙང་པོ་དང་འདྲ་བ་དྲ་སྟེང་ན་བཀོད་དང་འགོད་བཞིན་འདུག་པར་ཐུགས་རྗེ་ཆེ། ངས་ཆ་ཚང་ཞིག་ཀློག་ཁོམ་གི་མིན་འདུག་མོད། ཕར་བལྟས་ཡོང་དུས་གཅོད་མཚམས་དེ་ཚོ་སྡེ་ཚན་སྡེ་ཚན་དུ་བགོས་ཏེ་ཀློག་སྟབས་བདེ་པོ། མཆན་བུ་རྣམས་ཡིག་ནོར་མེད་པའི་ཐོག་ཞིབ་ཚགས་ངང་སྤེལ་བ་དང་། ལྷག་པར་ལོ་ངོ་ཉི་ཤུ་བརྒལ་ཙམ་ཞིག་གི་གཞོན་ནུ་མ་ཞིག་གིས་བོད་ཡིག་མཁས་པ་རྒན་པོ་ཞིག་ལའང་ཅོ་འདྲི་བ་ལྟ་བུ་བྲིས་བཞིན་འདུག་པ་འདིས་ངའི་སེམས་ཡོངས་སུ་འཕྲོག་སོང་། ངས་བཤད་བཞིན་པ་འདི་བུ་མོ་ཞིག་གིས་བོད་ཡིག་བྲིས་པ་ལ་ཧ་ལས་པ་མིན་པར་ལོ་ཆུང་ཞིག་གིས་འདི་འདྲ་བྲིས་པར་རྗེས་སུ་ཡི་རངས་ཡོད་ཅེས་པ་འདི་ཡིན།
དངོས་གནས་མཛངས་མ་ཞིག་སླེབས་འདུག ཁྱེད་ལ་གསར་བརྗེ་དང་མདུན་སྐྱོད་ཀྱི་ནུས་པ་གཏིང་ཟབ་པོ། ཐབས་ཤེས་དང་སྙིང་སྟོབས་དེ་ལས་ལྷག་པ་ཞིག་ཡོད་པ་དགའ་འོས་པ་ཞིག་རེད་དེ། ད་ལྟའི་ང་ཚོའི་དབུ་ཁྲིད་ལས་ལྷག་པའི་བོད་མི་སྤྱི་ཡོངས་ཀྱིས་མོས་མཐུན་ཡོད་པས་གསར་བརྗེ་ཞིག་བྱེད་འདོད་ཡོད་ཟེར་བ་ཧ་ཅང་ཐལ་ཆེ་སོང་བ་མིན་ནམ། ད་ལྟའི་ང་ཚོའི་དབུ་ཁྲིད་ཀྱི་ལམ་ཕྱོགས་ལ་བོད་མི་བརྒྱ་ཆའི་དགུ་བཅུ་ལྷག་ཞིག་ངོས་ལེན་ཡོད་པ་སྐུ་ཉིད་ཀྱིས་ཁ་སྔོན་ཝཱ་ར་ན་སིར་གསུངས་པ་རེད། དེ་ལས་ལྷག་པས་ནུས་པ་དང་འཇོན་ཐང་ཡོད་པའི་བུ་མོ་ཁྱེད་གནམ་ནས་བབས་པ་མ་ཡིན། གཉའ་ཁྲི་བཙན་མོ་ཞེས་མཚན་གསོལ་དགོས་པ་འདྲ། ཨ་ལ་ཀུ་རེ་ཡིན། གང་ལྟར་ཤེས་ཡོན་ཅན་ཞིག་ཡིན་ཐག་ཆོད་རེད། མུ་མཐུད་ནས་མདུན་དུ་སྐྱོད་ཅིག ང་ཡང་དྲ་ཚིགས་འདིར་ཞུགས་ནས་བདུན་ཕྲག་ཁ་ཤས་ཡིན། ཚི་ལུ་མི་ལུ་མི་ཤེས་ཏེ་ང་གཉིས་མཉམ་དུ་སོང་ན་ཨེ་ཆོག
བབས་པ་མ་ཡིན་༼ནམ༽
བཀུར་འོས་དྲ་གྲོགས་མེ་ཏོག་དཀར་པོ་ལགས།
གདེང་འཇོག་གནང་བར་བཀའ་དྲིན་ཆེ་ཞུ། དེ་ནས་རེ་སྐུལ་བྱ་རྒྱུ་ཞིག་ལ། བུ་མོ་ངས་བཤད་ཀྱིན་པའི་དོན་དག་གི་སྒང་ལ། ཕྱོགས་སྟོན་དང་དགོངས་ཚུལ་རེ་གསུང་རོགས་ཞུ་རྒྱུ་ཡིན། རྗེས་ཕྱོགས་ཡིན་རུང་། ངའི་རྣམ་དཔྱོད་དང་བློ་གྲོས་བཏོན་ནས། མུ་མཐུད་ནས་བསམ་ཚུལ་སྤེལ་འཆར་ཡོད་པས་ན། དེའི་སྐབས་སུའང་། ང་ལ་མཁོ་བ་ནི། ངའི་ལྟ་ཚུལ་དང་ལངས་ཕྱོགས་འཐུས་ཚང་ཅན་དུ་བསྒྱུར་ཐབས་ལ་འབད་རྒྱུའི་རེ་འདུན་ཡོད་པ་ལྟར། མཁྱེན་ལྡན་ཁྱེད་རྣམ་པའི་དགོངས་ཚུལ་དང་ལམ་སྟོན་ལ་རོལ་མྱོང་བྱས་ནས། གཞི་ནས་རང་ཉིད་ཀྱི་བསམ་ཕྱོགས་དེའི་ཐོག་ཏུ་བབས་ཏེ། རང་ཚུགས་ཀྱི་རྣམ་འགྱུར་ཞིག་བཟུང་ནས་བསྐྱོད་པ་འདོད་པ་དེ་ཡིན་ལགས།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
ཕེབས་ནས་དགོངས་འཆར་གསུངས་པར་དགའ་ཡོད་ལ། མ་ཟད། ལྡོག་འདྲི་བྱས་པ་དེ་ཡང་བུ་མོ་ངའི་སྣང་བར་འགྲོ་སོང་བས་ན། ཐུགས་རྗེ་ཆེ་ཞེས་མི་ཞུ་རང་ཞུ་ཆགས་སོང་། འདི་ནི་ཐོག་མའི་སྔོན་གླེང་ཙམ་ཡིན་ལགས། རེད། ད་ལྟའི་གནས་བབ་ལ་ལྟོས་ནས་བཤད་ན་དེ་འདྲ་ཞིག་ཡིན་རྒྱུ་རེད་དེ། རྒྱང་ཐག་མི་རིང་བའི་མ་འོངས་པའི་སྐབས་སུ། འདི་ལྟར། བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་ཅིག་གིས་ངོས་ལེན་ཞུ་ཡུལ་ཞིག་དང་རེ་བཅོལ་བྱེད་ཡུལ་ཞིག་ལྷགས་ཡོད་དམ། ཨ་ཙི། ངས་མ་ཤེས་པ་ཡིན་རྒྱུ་རེད། ད་ལྟའི་བོད་གངས་ཅན་གྱི་གཟི་བརྗིད་དང་གཅིག་སྒྲིལ་གྱི་འབྱུང་ཁུངས་དེ། ༸ཡིད་བཞིན་ནོར་བུའི་བཀའ་སློབ་ལམ་སྟོན་སོགས་ཡིན་ནི་རེད། རེད་དེ། ངས་བསམས་ན། བོད་མི་རིགས་ཀྱི་འདས་པ་དང་ད་ལྟའི་འགྲོ་སྟངས་ཀྱི་རྣམ་འགྱུར་འདྲ་བོ་ནི། གང་ཞིག་ཡོད་ན་རིན་ཐང་མི་འཇོག་པ། ངོས་འཛིན་མི་ཐོབ་པ། གཅེས་སྤྲས་མི་བྱེད་པ་སོགས་ཀྱི་ནོར་འཁྲུལ་ཆེན་པོ་ཡོད་པ་ལྟ་བུ་ཞིག་རེད། གང་ཞིག་མེད་པའི་སྐབས་སུ། ངོས་འཛིན་ཐོབ་ཀྱང་ཕྱིས་དྲགས་པ་རེད་ལ། གཅེས་སྲུང་བྱ་ན་འདོད་ཀྱང་འགྱངས་ཟིན་པ་རེད། དེའི་ཕྱིར་ན། ད་ལྟ་ནས། གྲ་སྒྲིག་དགོས་པ་ནི་ཆེས་གནད་དོན་གྱི་ནང་གི་རྩ་ཆེ་བ་ཞིག་རེད། ང་ཚོའི་ངོས་ནས་ལྟ་གོན་བྱེད་སྟངས་དེ་ཡང་། ༸ཡིད་བཞིན་ནོར་བུ་མཆོག་གི་བཀའ་སློབ་གསུང་བཤད་རྣམས་གཞུང་ལུགས་ཤིག་གི་ངོ་བོར་བསྒྱུར་དགོས། དེའི་རྒྱུ་མཚན་ནི། ད་ཆ་རིན་ཐང་ཆེན་པོ་ཞིག་གི་ས་མིག་ལ་བཞག་ཡོད་ཀྱང་། རྗེས་ཕྱོགས་འཇུག་རིམ་ཞིག་མེད་ན། ང་ཚོ་ལ་དཀའ་ངལ་ཞིག་འཕྲད་ངེས་རེད། བྱས་ན། མཐུན་རྐྱེན་དང་ཤེས་ཚད་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ནས་སྡེ་ཚན་ཞིག་དམིགས་འཛུགས་བྱེད་དགོས་པ་དེའང། གསར་གཏོད་ཀྱི་ཆ་ཤས་ཤིག་ལ་ཆགས་ཡོད་པ་རེད། སྡེ་ཚན་དེའི་འགན་འཁུར་དང་ཁ་ཕྱོགས་ས་གཙོ་བོའི་ནང་གི་གཙོ་བོ་ནི། ༸ཡིད་བཞིན་ནོར་བུའི་དགོངས་གཞི་དང་ཐུགས་རེ། ལམ་སྟོན་དང་མཛད་འཕྲིན་སོགས་ཀྱིས་མཚོན་པའི་སྡེ་ཚན་མང་པོ་ཞིག་ལ་ཆ་བགོས་བྱས་ནས། མ་འོངས་པའི་འཛམ་གླིང་མི་མང་འགྲོ་ཕྱོགས་ཇེ་གཙང་དང་ཁོར་ཡུག་གི་གནས་སྟངས་ཇེ་ཡག ཆིག་སྒྲིལ་གྱི་མཐུན་ལམ་ཇེ་ཟབ་སོགས་ལ། ཕན་ནུས་ཆེན་པོར་ཐོན་ཐབས་སུ་ང་ཚོའི་མི་རིགས་དང་མི་རབས་ལ་འཁྲི་བའི་གཡོལ་དུ་མེད་པའི་ལས་འགན་ཞིག་ཆགས་ཡོད་པ་རེད། ད་གཟོད། མི་རིགས་ཀྱི་སྟོབས་ཤུགས་དང་རིག་གནས་ཀྱི་རིན་ཐང་རྣམས་ནི། སོ་མ་འཆར་ལ་ཉེ་བའི་དུས་རབས་དེའི་ནང་དུའང་། ང་ཚོའི་མི་རིགས་འགྲོ་ཐུབ་པ་ཞིག་དང་རིག་གནས་ཀྱི་རིན་ཐང་ཆེ་བ་ཅན་ཞིག་ཏུ་འགྱུར་རྒྱུ་རེད། དེའི་དུས་སུ། ང་ཚོའི་ནུས་སྟོབས་དང་འགྲོ་ཕྱོགས་ཇེ་གསལ་ཇེ་བརྟན་དུའང་འགྲོ་བར་ངེས་སོ།།
བཀུར་འོས་དྲ་གྲོགས་ཚེ་སྐྱིད་ལགས།
ཁྱེད་ཀྱིས་གསུངས་པ་ཡིན་རྒྱུ་རེད་དེ། རྒྱང་ཐག་མི་རིང་བར་བོད་མི་རིགས་ཀྱིས་རེ་བཅོལ་བྱེད་ཡུལ་ཞིག་མི་ལྷགས་པར་སེམས་པ་ནི། ཁྱེད་མ་འོངས་པའི་བོད་མི་རིགས་ལ་གསར་གཏོད་ཀྱི་སྒོ་མོ་འབྱེད་མཁན་ཞིག་ཡིན་པས་ཆ་ནས་ཅུང་ཙམ་དམིགས་ཡུལ་ཐུང་དྲགས་པས་གནད་དོན་ཞིག་མེད་དམ་སྙམ། བོད་མི་རིགས་ཀྱིས་རེ་བཅོལ་བྱ་ཡུལ་དེ་གཏན་མེད་འགྱུར་འགྲོ་བས་སྣང་ཚུལ་ང་ལ་མེད། ༧ཡིད་བཞིན་ནོར་བུའི་དགོངས་གཞི་དང་ལམ་སྟོན་ལ་འཇུག་རིམ་ཤེས་དགོས་པ་ངེས་ཅན་རེད། འདས་སོང་གི་ལོ་རྒྱུས་ལ་གཞིགས་ན་བོད་མི་རིགས་སྤྱི་ཡོངས་ཀྱི་བསམ་བློ་གུ་དོག་པ་དང་། མིག་རྒྱང་ཐུང་དྲགས་པས་དབང་གིས་རིན་ཐང་ཅན་ལ་བརྩི་མེད་རྡོག་རོལ་བཏང་བ་དེ་འདྲ་མང་པོ་བྱུང་པ་དངོས་ཡོད་གནས་ཚུལ་རེད། དེ་ཡང་བོད་གཅིག་པུ་ག་ལ་ཡིན་འཛམ་གླིང་སྟེང་དེ་འདྲ་རབ་དང་རིམ་པ་བྱུང་ཡོད་པ་རེད། ད་གང་ལྟར། ༧ཡིད་བཞིན་ནོར་བུས་བཀའ་སློབ་ལམ་སྟོན་བཀོད་སྤྱོད་བྱེད་ཡུལ་མ་ནོར་བ་ཞིག་གི་ཐོག་ནས་མ་འོངས་པའི་བོད་མི་རིགས་ཀྱི་ཁ་ཕྱོགས་དང་མདུན་ལམ་ལ་གསར་གཏོད་ཀྱིས་བྱས་རྗེས་འཇོག་ཐུབ་ན་དངོས་གནས་དཔའ་མོ་རེད། ཤུ་རེམ་གྱིས།
རྔ་བ་ཚེ་སྐྱིད་ཀྱི་གསར་བརྗེའི་འབེལ་གཏམ་འདི་རིགས། བྱུང་ན་གསར་བརྗེའི་དེབ་ཆུང་ངམ་ཡང་ན་གསར་བརྗེའི་དུས་དེབ་དམིགས་གསལ་བ་དེ་འདྲ་བསྐྲུན་ནས་ཁྱབ་སྤེལ་གནང་ཐུབ་ན་ནུས་པ་ཆེ་བར་སེམས། གསར་པར་བརྗེ་འདོད་ཡོད་ན་དེ་འདྲ་བའི་གསར་པ་དེ་ག་འདྲ་ཞིག་དགོས་པ་གཏན་འབེབས་ཡག་པོ་གནང་དགོས། དེ་ནས་ང་ཚོས་བསམ་བློ་གཏོང་ཆོག། རྙིང་པ་ཁག་ང་ཚོར་མང་པོ་བསྒྲང་རྒྱུ་ཡོད་རེད།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
སྐུ་ཉིད་ཕེབས་ནས་དགོངས་ཚུལ་གསུངས་པ་མ་ཟད། བུ་མོ་ངའི་ལྟ་ཚུལ་གྱི་ཕྱོགས་སུ། དོགས་འདྲི་དང་བསམ་འཆར་བཏོན་པར་དངོས་གནས་ཡིན། དགའ་སོང་བདེ་སོང་། དེའི་ཕྱིར་ན། ཐོག་མར་ཐུགས་རྗེ་ཆེ་ཞུའོ།། དེ་ནས། ཉིད་ཀྱིས་དགོངས་ཚུལ་ལྟར་ན། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་མདུན་ལྗོངས་དེ་མག་མོག་ཏུ་མི་འགྱུར་བའི་སྣང་ཚུལ་ཡོད་པ་དེ། ཕྱོགས་གཅིག་ནས། ཡིད་ཆེས་དང་དག་སྣང་ལྟ་བུ་ཞིག་གིས་བསྐྱེད་པའི་འདུ་ཤེས་ཤིག་ཡིན་རྒྱུ་རེད། དེ་ནི། ངས་བལྟས་ན། རྩ་བ་བརྟན་ཅིང་རྨང་གཞི་ཡོད་པའི་འདང་རྒྱག་ཕྱོགས་མ་ཡིན་པར་འདོད་ཀི། རྒྱུ་མཚན་ནི། ག་དུས་ཡིན་རུང་། སྣང་ཚུལ་དང་འཆར་སྣང་གི་འཇིག་རྟེན་ཞིག་བཞེངས་བསྐྲུན་བྱེད་པར་རེ་ཞིང་སྒུག་པ་ཡིན་ན་ནི། རང་བཞིན་གྱིས་ཁ་ཕྱོགས་བོར་འགྲོ་རྒྱུ་དང་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་པ་ཡིན་ན། འདི་ལྟར། ངོས་འཛིན་ཕྱོགས་ཤིག་རྒྱུན་སྐྱོང་བྱེད་རྒྱུར་མང་དྲགས་ན། མཚམས་ཤིག་ནས་ལག་ལེན་གྱི་གནད་དང་གྲུབ་འབྲས་སོགས་འཛིན་རྒྱུ་མེད་པ་ཞིག་ཏུ་འགྱུར་རྒྱུ་རེད་བསམ་གི། ད་དུང་། ཇེ་གསལ་དུ་བཏང་ན། ང་ཚོའི་མི་རིགས་ཀྱིས་ཕལ་ཆེར་ད་ལྟའི་བར་དུ། སྟོང་འདང་གི་དབྱངས་སུ་ཐིམས་ནས ཡང་རྩེ་ཆེན་པོ་ཞིག་ལ་སྙེག་འདོད་ཀྱི་ཀུན་སློང་དང་དེས་བསྐྱེད་པའི་སྤྱོར་བའི་འགྲོ་ཕྱོགས་ནི། དང་པོའི་དམིགས་ཡུལ་དང་རྒྱང་ཐག་ཇེ་རྒྱང་ལྟ་བུ་གྱུར་དང་འགྱུར་བཞིན་པའི་གནས་ཚུལ་མངོན་ཚན་པ་འདི་རེད། བྱས་ན། སྐབས་འདིར་དྲི་བ་ཞིག་རང་ཤུགས་ཀྱིས་སླེབས་ཡོང་བ་ནི། འདི་ལྟར་མུ་མཐུད་ནས་བསྐྱོད་དགོས་པ་རེད་དམ། ཡང་ན། ཁ་ཕྱོགས་གསར་བ་ཞིག་འཚོལ་སྙེག་བྱས་ནས་ལམ་བུ་གསར་བ་ཞིག་འདོན་རན་པའི་དུས་ཚོད་ཅིག་མ་རེད་དམ། གང་ལྟར། སྐུ་ཉིད་ཀྱིས་དགོངས་ཚུལ་གཞན་ཞིག་ལ། ༸ཡིད་བཞིན་ནོར་བུའི་དགོངས་གཞི་དང་ལམ་སྟོན་སོགས་ལ། ང་ཚོའི་ངོས་ནས་ཚད་མཐོན་པོའི་ངོས་འཛིན་དགོས་པ། དེ་ཡང་། ང་ཚོའི་ལག་ལེན་གྱི་གསལ་སྟོན་བྱེད་རན་པའི་དུས་ཚོད་ཅིག་ཕྱིས་དྲགས་མེད་ན། སྔ་དྲགས་མེད་པའི་ཚད་དུ་སླེབས་ཡོད་ཚུལ་གསུངས་པ་ནི། དངོས་གནས་དོན་སྙིང་ཆེན་པོ་འཁུམས་སོ།།
ཐོག་མར་ངས་དྲ་གྲོགས་ཚང་མར་དགོངས་དག་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་བདག་ཉིན་ཁ་ཤས་ལ་དྲ་ཐོག་ཏུ་ཞུགས་ཐུབ་མ་སོང་། ཡིན་ཡང་། དྲ་གྲོགས་སྦྲ་ནག་ལགས་ནས་འཆར་ཚུལ་བཏོན་པ་ཐུགས་རྗེ་ཆེ། ངའི་ང་ཚོ་ལ་གསར་བརྗེ་མཁོ་བའི་སེམས་འཆར་དེ་དཔེ་སྟོན་མི་མཁོ་བསྙད་དོན་ཡང་། གསར་བརྗེ་ལ་ལས་ཕྱོགས་དང་རྣམ་གྲངས། འགྲེལ་བཤད་བྱེད་སྟངས་སོགས་མང་པོ་ཡོད་པར་སེམས། ཕྱི་ལོ་ ༡༩༣༤ ཡས་མས་ཀྱི་ལུང་ཤར་བ་དང་། དེ་རྗེས་རྒྱལ་མཆོག་བཅུ་གསུམ་པ་དང་དགེ་ཆོས་སོགས་ཀྱི་སྐབས་བབ་དམངས་ཚོགས་བསམ་བློ་དང་ཁོང་རྣམ་པའི་བསམ་བློའི་ལྟ་གྲུབ་བར་གྱི་འགལ་རྩོད་དང་། ད་ལྟའི་གཞི་རིམ་བོད་མའི་བསམ་བློ་དང་ཁ་ཕྱོགས་ནི་སྔོན་དང་བསྡུར་ཐབས་རྩ་བ་ནས་མེད་པ་གསལ་བོ་རེད། ཡང་པྱོགས་གཞན་ཞིག་ནས་དཔྱད་ན། ད་ལྟ་གཞི་རིམ་དམངས་ཚོགས་ནང་ཤེས་ཡོན་པའི་སྡེ་ལ་ལྟ་སྟངས་ལེགས་པོ་དང་དགོས་མཁོ་ཡོད་པ་ངོས་འཛིན་དང་ངེས་ཤེས་དྲང་བོར་རྙེད་ཡོད་པ་རེད། དེ་ཕྱིར། ཕུགས་གཟུགས་དོག་པའི་ལས་ཀ་བྱེད་རྒྱུ་མ་རེད་འདོད་ཀི
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་BONPOལགས།
སྐུ་ཉིད་ཀྱིས་གསལ་འདེབས་དང་ལམ་སྟོན་གནང་བར་ཐོག་མར་བཀའ་དྲིན་ཆེ་ཞུ། དངོས་གནས་རེད། ངའི་ངོས་ནས་ཡིན་རུང་། ལྟ་ཚུལ་ཟེར་ན་ཆོག་གི། ལངས་ཕྱོགས་ཟེར་ན་ཆོག་གི། གང་ལྟར་འདང་ཕྱོགས་འདིའི་ཁ་གསལ་དགོས་པ་མ་ཟད། བང་རིམ་ལྟ་བུ་ཞིག་གི་སྒོ་ནས། སྐུ་ཉིད་ཀྱིས་བསྙད་པ་ལྟར། གསར་བརྗེ་བྱ་སའི་ཕྱོགས་ངོས། གསར་གཏོད་བྱ་སའི་ཡུལ། གསར་བརྗེ་བྱེད་སྟངས་ཀྱི་ཐབས་བྱུས། གསར་གཏོད་ཀྱི་རིགས་ཚན་སོགས་ཀྱིས་མཚོན་པའི་རྣམ་གཞག་ལྟ་བུ་ཞིག་དགོས་པ་ནི། ཆེས་མ་མཐར་ཡང་། ང་ལ་ཚང་དགོས་པ་ཆ་རྐྱེན་ཞིག་ཡིན་པ་ཤེས་ཀྱི་ཡོད་ལགས་ན། དེའི་སྟབས་ཀྱིས། ངས་རང་གི་རྣམ་དཔྱོད་ཀྱི་འདང་ཚད་དང་ནུས་པའི་ལྕོགས་ཚོད་ཀྱིས། གསར་བརྗེ་གསར་གཏོད་བྱ་ཡུལ་སྤྱི་བྱེའི་སྡེ་ཚན་དུ་རིམ་གྱིས་ཆ་བགོ་བྱ་རྒྱུ་ཡིན། དེའི་སྐབས་སུ། ཉིད་ཀྱིས་གཟིགས་ཞིབ་གནང་རོགས་ཞུ་རྒྱུ་ཡིན། ལྷག་པར་དུ། ངོས་འཛིན་ནོར་བ་དང་ཆད་ལྷག་ཤོར་བ་སོགས་གང་མང་ཡོང་སྲིད་པས་ན། སྐབས་དེར། མཁྱེན་ལྡན་ཁྱེད་དང་ཁྱེད་རྣམ་པའི་ངོས་ནས་ཡིན་རུང་། ཐུགས་ཞིབ་ཟབ་མོའི་ཀློང་ནས་ཁ་སྣོན་གྱི་དགོངས་ཚུལ་དང་དྲན་སྐུལ་ཡོང་བར་རེ་སྐུལ་ཞིག་ཀྱང་ཟུར་དུ་བགྱི་འདོད་བྱུང་སོང་། ཨོ་རེད། འདི་ནི། དོན་དངོས་ཀྱི་བསམ་ཕྱོགས་ཡིན་གྱི་མཚར་སྣང་ཡོང་ཐབས་ཀྱི་དགོད་གཏམ་ལྟ་བུ་ཞིག་མིན། འདི་ནི། དགོས་དོན་ཞིག་གི་ཆེད་དུ་ཡིན་གྱི་དོན་མེད་དུས་ཚོད་གྲོན་པ་ཞིག་རྩ་བ་ནས་མིན། འདི་ནི། སྤྱི་སེམས་ཤིག་གི་རྣམ་འགྱུར་ཡིན་གྱི་དགོས་མེད་ཀྱིས་ལྡོག་ཕྱོགས་ནས་ལངས་པ་ཡང་མིན། འདི་ནི། དོན་དངོས་ལ་འགྱུར་བའི་ཕྱིར་དུ་ཡིན་གྱི་སྣང་ལ་མ་ངེས་པའི་སྟོང་བསམ་བཅངས་པ་ཡང་དེ་བས་ཀྱང་མིན་ནོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་དང་སྦྲ་ནག་རྣམ་གཉིས་ལགས།
རང་རང་གི་དགོངས་ཚུལ་རེ་གསུངས་སྟངས་ཀྱི་རྒྱབ་ལྗོངས་ལ། བསམ་གཞིགས་བྱས་ཡོང་སྐབས། དངོས་གནས་ཡིན། དོན་སྙིང་ཡོད་ཀི། བྱས་ན། མ་འོངས་པར་ཡིན་རུང་མུ་མཐུད་ནས་དགོངས་ཚུལ་གསུངས་པའི་རེ་འདུན་བཅིངས་ཡོད་ལགས། དེ་ནས། སྐབས་འདིར་ཡང་། ངས་ཀྱང་ཚར་རྒྱུ་མེད་པའི་ངའི་ལྟ་ཕྱོགས་འདིའི་ཐད་ནས་ཅིག་བཤད་ན་འདོད་ཀི། དེ་གང་ཡིན་ཟེར་ན། སྔར་བོད་ཀྱི་གསར་བརྗེ་བྱེད་ཕྱོགས་དང་གསར་གཏོད་ཀྱི་གྲུབ་འབྲས་འཇོག་ཕྱོགས་ལ། ཕྱིར་དྲན་དང་དཔྱེ་ཞིབ་བྱེད་དགོས་པ་གལ་ཆེན་པོ་ཡིན་རྒྱུ་རེད་དེ། ད་ཆ་ནི། དུས་དང་ཆ་རྐྱེན། བསམ་བློ་དང་ངོས་འཛིན་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་སྟབས། ང་ཚོས་ད་ལྟ་བ་དེ། དམ་འཛིན་དང་བློ་རིག་བསྒྲིམས་ནས། མ་འོངས་པར་རྒྱང་ལྟ་བྱེད་དགོས། དེ་ཡང་། ཕུགས་རྒྱང་རིང་བོའི་སྒོ་ནས་ང་ཚོའི་མི་རིགས་ཀྱི་སྐད་ཡིག རིག་གནས། ཁོར་ཡུག་གི་གནས་སྟངས་ཇེ་ལེགས་ཇེ་ཟབ་ཏུ་གཏོང་ཐབས་སུ། ད་ལྟ་ནས་གྲ་སྒྲིག་ཅིག་བྱས་ནས། མདུན་དུ་བསྐྱོད་ན། རྒྱ་ཆེ་ཞིང་ཁོད་ཡངས་པའི་ལམ་བུ་ཞིག་གི་ཐོག་ཏུ་འགྲོ་ངེས་རེད་མོད། འོན་ཀྱང་། ད་ལྟའི་དུས་རབས་ཀྱི་དགོས་མཁོ་དང་མི་བསྟུན་པར་ཨུ་ཚུགས་མཁྲེགས་འཛིན་དང་རྙིང་ཞེན་ཕྱོགས་ལྷུང་གི་བསམ་སྤྱོད་རྒྱུན་སྲིང་གིས་བསྐྱངས་པ་ཡིན་ན། རེ་བ་ཆེན་པོ་ཞིག་ཡོད་རྒྱུ་མ་རེད་བསམ་གི། དེའི་གནད་འགག་ཐུག་ས་ནི། ད་ལྟ་བའི་བསྐྱོད་ཕྱོགས་ནི། གུ་ཡངས་ཅན་དང་སྣ་མང་ཅན། གསར་གཏོད་ཀྱི་ཆ་མང་བ་ཅན་གྱི་ཕྱོགས་སུ་གྱུར་དང་འགྱུར་བཞིན་ཡོད་དུས། ང་ཚོའི་མི་རིགས་ཀྱི་ངོས་ནས་ཀྱང་། རིག་གནས་རེ་གཉིས་ཤིག་གི་་སྲོག་ཤིང་ཁོ་ནར་མ་འཇུ་ཞིང་། དགོས་མཁོ་ཡོད་པའི་སྣ་འཛོམས་རང་བཞིན་གྱི་ཕྱོགས་སུ་བསྐྱོད་རན་པའི་དུས་ཚོད་ཅིག་མ་རེད་དམ།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས། སྔོན་དང་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། བསམ་བློའི་གོ་རྟོགས ། རིག་གནས་སྣང་ཚུལ་སོགས་ཀྱང་སྔོན་མར་མི་འདྲ་བ་ནི་ང་ཚོས་དུས་རབས་འདིའི་རྗེས་ཆོད་པའི་རྟགས་མཚན་ཞིག་ཏུ་འཁུམས། འོན་ཀྱང་གསར་བརྗེ་ཞེས་པའང་མཐར་གཏུགས་ན་ཡར་རྒྱས་ཞིག་དང་འཕེལ་རིམ་ཞིག་ལས་མ་འདས་པས་བོད་མའི་བསམ་པའི་དཔལ་ཡོན་འདི་དངོས་གནས་སྲུང་སྐྱོབ་བྱེད་འོས་པ་ཞིག་མ་ཡིན་ནམ།
བུ་མི་ཚེ་སྐྱིད་ཀྱིས་གནས་ལུགས་ཆུ་བཞུར་བཞུར་བཤད་གིན་འདུག ཉན་བསྡད་ཡོད།
བུ་མོ་ཚེ་སྐྱིད་ཅེས་པ་འདིས་ཞབས་བརྟན་པ་ཞིག་གི་རྒྱུན་སྤྱོད་ཉིན་རེའི་འཚོ་ཟས་ཀྱི་ཆེད་དུ་འདོན་སྲོལ་ཡོད་པའི་ཞལ་འདོན་སྟབས་བདེ་ཞིག་ལྟ་བུའི་བསམ་ཚུལ་རྫོགས་རྒྱུ་མེད་པ་ཞིག་བྲིས་འདུག འོན་ཀྱང་། བོད་པའི་བུ་མོ་ཞིག་གི་ངོས་ནས་བཤད་ན་དེ་ཡང་ཡོན་ཏན་དང་ཡར་རྒྱས་ཡིན་པས་དགག་བྱ་ཁྱོན་ནས་མེད།
བརྩེ་དུང་ཟེར་བ་འདི་འཁྲབ་སྟོན་གྱི་ངོ་བོར་འགྱུར་མི་ཉན་ལ། འཁྲབ་སྟོན་ནི་ནམ་ཡང་བརྩེ་དུང་གི་གདོང་རིས་ངོ་མ་དེ་མིན། དེ་བས་འགྲན་བསྡུར་འདིའི་ཁྲོད་ནས་རྒྱལ་ཁ་འཐོབ་མཁན་དེ་བསླུ་བྲིད་ཀྱི་བདག་པོ་ཞིག་ཏུ་ངོས་འཛིན་འོས་པར་སྙམ།
བཀུར་འོས་དྲ་གྲོགས་ཚེ་སྐྱིད་ལགས།
ངས་བསམ་ཚུལ་དོ་སྣང་བྱས་པ་ཐུགས་རྗེ་ཆེ། ཉིད་ཀྱིས་དགོངས་ཚུལ་ལྟར་ན། ཡིད་ཆེས་དང་དག་སྣང་ཁོ་ན་ལ་བསྟེན་པ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན་རྒྱུ་རེད། དེ་ཡང་འགྲིགས་རྒྱུ་རེད། མ་ཚད་རྨོངས་དད་ཅན་ཞིག་ཏུ་དགོངས་ནའང་བསམ་ཚུལ་རེད། ངས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དེ་ག་འདྲ་ཞིག་ཏུ་འགྱུར་འགྲོ་ད་དུང་ཚོད་དཔག་ཐུབ་མེད། ཡིནའང་འདས་སོང་གི་ལོ་རྒྱུས་དང་། ད་ལྟའི་གནས་བབས་སོགས་ལ་མི་ལྟོས་པར་མདུན་ལམ་གསར་བ་ཞིག གོས་གསར་སྙིང་བརྗེ་ལྟ་བུ་ཞིག་ཡོང་ཚུལ་ཡོད་པར་མི་སེམས། ལྷགས་པར་དུ་ད་ལྟའི་དུས་བབས་ཀྱི་སྣང་ཚུལ་དང་གནས་ཚུལ་མ་ལྟོས་པར་གསར་བརྗེ་བྱེད་ཟེར་ན། རྒྱ་དམར་གྱིས་རིག་གནས་གསར་བརྗེ་བྱས་ནས་གནམ་ས་ལ་འོག་བརྗེས་ཟེར་བའི་སྟོང་གཏམ་ཏེ་ཡིད་ལ་འཁོར་སོང་། ད་དུང་ཞུ་རྒྱུར། གཞན་ལ་ཡིད་ཆེས་དང་དག་སྣང་གཏན་མེད་གྱུར་ནས་རང་ལྟ་འཁྲེགས་འཛིན་བྱས་ཏེ་སྤྱི་ཚོགས་གསར་བ་ཞིག་བསམ་བློ་གསར་བ་ཞིག་མདུན་ལམ་གསར་བ་ཞིག་བཟོ་འདོད་པ་ནི་ཉིད་ཀྱིས་གསུངས་བས་སྟོང་འདང་དང་གཅིག་མཚུངས་འདྲ། ལྷགས་པར་དུ་ད་ལྟའི་མང་གཙོའི་འགྲོ་ལུགས་དང་མཐུན་ཐབས་གཏན་ནས་མེད། ཡང་ཞུ་རྒྱུར། གང་ཡིན་ཚད་ལ་ཡིད་ཆེས་དང་དག་སྣང་མེད་ན་ཇི་འདྲ་ཡིན་ནམ། ང་ནི་བཀུར་འོས་རྣམས་ལ་ཡིད་ཆེས་ཡོད་པ་ཟེར་ནའང་འདྲ། ཉིད་ཀྱིས་གསུངས་པ་ལྟར་གང་ཞིག་ཡོད་ན་རིན་ཐང་མི་འཇོག་པ། ངོས་འཛིན་མི་ཐོབ་པ། གཅེས་སྤྲས་མི་བྱེད་པ་སོགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན།
བཀུར་འོས་དྲ་གྲོགས་སྦྲ་ནག་ལགས།
ཉིད་ཀྱིས་དགོངས་ཚུལ་ལྟར་ན། གསར་བརྗེ་ཞེས་པ་དེ། དོན་དམ་གྱི་ཡར་རྒྱས་ཤིག་གི་གོ་བ་བླངས་ཡོད་ཀྱང་། ངའི་བསམ་ཚུལ་ཡིན་ན། གསར་བརྗེ་ཞེས་པ་ནི་ཐབས་ཚུལ་ཞིག་ཡིན་པ་ལས། གྲུབ་འབྲས་ཤིག་མ་རེད་འདོད་ཀི། དེའི་རྒྱུ་མཚན་ནི། ཡར་རྒྱས་ཟེར་དུས། ཚད་གཞི་བཤད་ཀི་ཡོད་པ་འདྲ་བོ་རེད། བྱས་ན། གསར་བརྗེ་ནི། ཚད་གཞི་མ་ཡིན་པར་ཚད་གཞི་འཇོག་ཐབས་ཤིག་གམ། ཡང་ན། ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་ཙམ་དུ་ཟད་པ་མ་རེད་དམ། གང་གིས་ཟེར་ན། གསར་བརྗེ་ཞེས་པའི་ཚིག་རང་ངོས་ནས་བསམས་ཀྱང་རུང་། ཐབས་ལམ་ཞིག་ལས་གྲུབ་དོན་ཞིག་ལ་མི་གོ་བ་དེ་རེད། གང་ལྟར། ང་ཚོས་གནད་འགག་ཆེན་པོ་ཞིག་ངོས་འཛིན་ཐོབ་སོང་ན། རིམ་གྱིས། དེ་ཚོ་ངོ་འཕྲོད་ཡོང་གི་རེད། ཨོ་རེད། གཞན་ཞིག་ལ་ཡང་། ཉིད་ཀྱིས་གསར་བརྗེ་ཟེར་བ་དེ་འཕེལ་རིམ་དང་འགྱུར་བ་མཚོན་རྟགས་སུ་བགྲངས་པ་ནི། དངོས་གནས་དོན་ལ་ཁེལ་བ་ཞིག་ཡིན་པས་ན། ངས་མོས་མཐུན་བྱ་ཐུབ་སའི་ཟུར་ངོས་ཤིག་རེད། དེ་ནས། སྤྱིར་བཏང་ཡིན་ན། བོད་མི་རིགས་ལ་གཞན་སུ་ལ་མེད་པའི་བསམ་པའི་དཔལ་ཡོན་ཞིག་དང་དེ་བསྐྲུན་བྱེད་ཀྱི་རིག་གཞུང་ཞིག་ཡོད་ན་ནི། འདི་ཉིད། བཀོལ་སྤྱོད་ཀྱི་ཆ་མ་ནོར་ན། དགེ་མཚན་ཆེན་པོ་ཡོད་རྒྱུ་རེད་དེ། འདས་པའི་ངོས་འཛིན་རབ་རིབ་དང་ད་ལྟའི་སྐྱོང་སྟངས་ཐེད་ལ་བོར་བ་སོགས་ལ། བལྟས་ཡོང་དུས། ང་ཚོའི་རིག་གཞུང་གི་དགོས་དོན་འགྲུབ་ཡོད་མེད་དེ་ཐེ་ཚོམ་གྱི་གནས་སུ་ལྷུང་བ་ལྟ་བུ་ཞིག་རེད།
བཀུར་འོས་དྲ་གྲོགས་གསང་གྲོལ་ལགས།
ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། སེམས་པ་སྙི་མོ་ཡོད་པ་རེད། དེར་བརྟེན། དེ་རིང་། ཉིད་ཀྱི་མཚན་གསང་གྲོལ་ཞེས་པ་དེ་མཐོང་མ་ཐག་ཏུ་སེམས་འགུལ་ཞིག་ཐེབས་སོང་། གང་ཡིན་ཟེར་ན། ཕྱོགས་གཅིག་ནས། བུ་མོ་ངའི་དགའ་ཕྱོགས་དང་འབྲེལ་བ་ཡོད་རྒྱུ་རེད་ལ། ཕྱོགས་གཉིས་ནས། ད་ལྟའི་བར་དུ་ང་ཚོའི་མི་རིགས་ཀྱིས་ངོས་འཛིན་མ་ཐོབ་པ་དང་། ཁ་བཤད་ལས་ལག་ལེན་དུ་མ་བསྟར་བའི་རིགས། ལྷག་པར་དུ། ད་ལྟའི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་མ་ཐུབ་པའི་གནད་དོན་མང་པོ་ཞིག་ཡོད་སྟབས། དེ་ཚོའི་སྔོག་བཤེར་དང་ཐེར་འདོན་བྱ་རྒྱུ་མང་པོ་ཞིག་ཡོད་པ་སོགས་ནི། གསང་བ་ལས་གྲོལ་དགོས་པ་ལྟ་བུ་ཞིག་ཏུ་མཐོང་སོང་། དེའི་སྟབས་ཀྱིས། ཉིད་ཀྱི་མཚན་དེ་ཁྱད་པར་ཅན་དུ་བུ་མོ་ངའི་བློར་བབས་སོང་། ཕྱོགས་གསུམ་ནས་ཡིན་ན། རྨོངས་པ་དང་འཐིབས་པ། སྟུག་པོ་དང་མུན་ནག་སོགས་ཀྱི་རྒྱ་ལས་ཐར་དགོས་ན། དང་པོར། དེ་དག་གི་རྒྱབ་ན་ཡུབ་བསྡད་ཡོད་པའི་འདུ་ཤེས་ཉི་ཚེ་བའི་རིགས་གང་མང་ཞིག་ཡོད་པ་རྣམས་ངོས་འཛིན་ཐོབ་པ་དང་འབྲེལ་ནས། དེ་དག་གི་གསང་རྒྱ་གཏོར་དགོས་པའང་དེ་བས་ཀྱང་གལ་ཆེན་ཞིག་ཏུ་སེམས། དེ་འདྲ་ཡིན་དུས། ཉིད་ཀྱི་མཚན་འདོགས་སྟངས་དེའང་འདི་དག་གི་ཕྱོགས་སུ་མཆེད་པ་ལྟ་བུ་ཞིག་རེད། འདི་ནི། ངའི་རྣམ་རྟོག་གིས་བཞེངས་པ་ཡིན་པ་ལས་དོན་དངོས་ཀྱི་ལྟ་ཕྱོགས་ཤིག་མིན་ལགས། ཅིག་བྱས་ན། ཚད་ལས་བརྒལ་བའི་འདུ་ཤེས་འཕྱུར་སྟངས་ཤིག་ཡིན་ན་ཐང་།
གསར་བརྗེ་ནི།
དབུལ་ཕོངས་རྒྱུ་ནོར་ཐོབ་ཐབས་དང་། །
ཡིག་རྨོངས་ཤེས་ཡོན་སྤྲོད་གང་ཐུབ། ། །
སྤྱོད་མེད་ཡ་རབས་སློབ་གསོ་དང་། །
སྤྱི་པའི་ལ་རྒྱར་བརྩོན་རྒྱུ་ཙམ། །
དབུལ་བ་སེལ་ཕྱིར་ནང་སྲིད་ཁང་། །
ཤེས་རིག་ཡིག་རྨོངས་ཆེད་དུ་བཙུགས། །
ཆོས་དོན་རིག་གཞུང་དར་ཕྱིར་དང་། །
བདེ་དོན་སོགས་ཀྱིས་ལ་རྒྱ་རྒྱས། །
བཙན་བྱོལ་སྐྱིད་སྡུག་རྒྱལ་འགྱུར་ཅིག །
བཀུར་འོས་དྲ་གྲོགས་ལས་རླུང་ལགས།
སྤྱིར་ན། མི་སུ་ཞིག་གིས་ལས་དོན་གང་ཞིག་བསྒྲུབ་རུང་། རང་མོས་རང་འགུལ་ཅན་གྱི་ཐོག་ཏུ་བཞག་ན། དགེ་མཚན་དང་གྲུབ་འབྲས་སོགས་ཀྱི་ནུས་པ་མངོན་གསལ་བ་ཡོང་མིན་གྱི་ཁྱད་པར་ཆེན་པོ་ཡོད་རྒྱུ་རེད། དེས་ན། རང་མོས་རང་འགུལ་ཅན་གྱི་ལམ་དུ་བསྐྱོད་ན་རང་གཞན་ཚང་མ་ལ་དཀའ་རྙོག་ཆེན་པོ་འཕྲོད་ཀི་མ་རེད་བསམ་གི། ཡང་མིན་ན་ད་རུང་། ལས་དོན་གང་ཡང་རུང་བ་ལ་ཕྱོགས་སྐབས་སུ། གྲུབ་དོན་ཅི་ཡང་འཇོག་རྒྱུ་མེད་པའི་རླུང་གི་མར་མེ་ལྟ་བུའི་ངང་ཚུལ་ཆགས་སོང་ན། ལས་དོན་རླུང་ལ་བསྐུར་སོང་བ་ལྟ་བུ་རེད། འདི་ནི་ཐོག་མའི་གླེང་གཞི་ཙམ་གྱི་ངོ་བོ་ལ་འབྲེལ་ནས་སྤེལ་བ་ལགས། ད། ཉིད་ཀྱིས་བསམ་ཚུལ་བརྗོད་ཕྱོགས་ལ་བསམ་ཡོང་དུས། བུ་མོ་ང་ཆེས་མི་དགའ་ས་དང་མོས་པ་མེད་སའི་མིང་ཚིག་ཁ་ཤས་བསྟར་ལ་བསྒྲིགས་པ་འདི། དཔེར་ན། ཞབས་བརྟན་པ། རྒྱུན་སྤྱོད། ཞལ་འདོན་བཅས་རེད། དང་པོ་ཞབས་བརྟན་པ་ཞིག་ཡིན་ན། འདུ་ཤེས་གཞན་བརྟེན་དང་སྤྱོར་བ་ཆུ་སྣ་གར་ཁྲིད་ལྟ་བུ་ཞིག་ཡིན་པས་ན། འདི་ནི་བུ་མོ་ང་ལ་མཛའ་བའི་མིོང་ཚིག་ཅིག་མ་རེད། གཉིས་པ་རྒྱུན་སྤྱོད་ཀྱི་སྒོ་ནས་ད་རུང་མུ་མཐུད་ནས། འགྲོ་རྒྱུའི་དབང་དུ་བཏང་ན། ད་ནི་ང་ཚོའི་མིག་སྔར་གྱི་ལམ་དེ་སྤུབས་ཟུག་ཇེ་དོག་ཇེ་ངན་འགྲོ་རྒྱུ་ཉག་ཅིག་རེད། དེའི་སྟོབས་ཀྱིས། བུ་མོ་ང་ནི་དེའི་ལྡོག་ཕྱོགས་ནས་འོས་ལངས་བྱས་དང་བྱེད་བཞིན་པའི་སྒང་ཡིན་ལ། འབྱུང་འགྱུར་ཡིན་རུང་། ཁ་གཏད་དུ་ལངས་ངེས་ཡིན་ལགས་ན། འདི་ནི་ཡང་། བུ་མོ་ང་ལ་ཆེས་མི་འབྱོར་བའི་མིང་ཚིག་ཅིག་རེད་ཨང་། གསུམ་པ་ཞལ་འདོན་བྱེད་ཕྱོགས་དེ། འདས་ཟིན་བོད་ཀྱི་བྱུང་རིམ་གྱི་ནང་དུ་གནད་འགག་བཟུང་ནས་ཞལ་ནས་བཏོན་བཏོན་པའི་མཇུག་འབྲས་འདི། དེ་རིང་གི་ཁ་སྟབས་སྐྱོ་བོའི་གནས་བབ་འདིར་བསྐྱལ་བ་རེད། བྱས་ན། ད་ནས་བཟུང་ཞལ་འདོན་བྱེད་སྟངས་ཀྱི་རྒྱུ་ཕྱོགས་འདི་མཚམས་བཞག་ནས། ལག་ལེན་དངོས་ཀྱི་ཐོག་ནས་གྲུབ་འབྲས་ཤིག་ཡོད་པའི་ཕྱོགས་སུ་བསྐྱོད་དགོས་པ་ནི་དུས་གཏུགས་ཤིག་རེད་འདོད་ཀི། དེའི་ཕྱིར་ན། བུ་མོ་ང་ནི་ཁ་བཤད་ཀྱི་དཀྱིལ་འཁོར་ནང་དུ་མི་འགྲོ་བར་བསམ་འདུན་ལག་ལེན་གྱི་སྒོ་ནས་རྩོད་ལེན་བྱེད་ཀི་ཡིན། གང་ལྟར། མིང་ཚིག་འདི་དག་ལ་བུ་མོ་ང་མོས་མཐུན་ཡོད་མེད་དེ་གཙོ་བོ་ཞིག་མ་རེད་དེ། མིང་ཚིག་གི་གོ་དོན་དང་ནུས་པའི་འཁོར་ཕྱོགས་ཀྱིས། ད་དུང་བོད་མི་རིགས་ཆེས་ཉེན་ཁ་དང་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཐུབ་ཀྱི་རེད་དམ་མ་རེད། འདི་ནི་གལ་འགངས་ཆེ་བ་རེད།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
ལན་འདེབས་བྱེད་སྟངས་ནི། དངོས་གནས་ཡིན། བུ་མོ་ངའི་བློ་ལ་བབས་སོང་བས་ན། བཀའ་དྲིན་ཆེ་ཞུའོ།། དེ་ནས་དཀྱུས་ལ་བབས་ནས་བཤད་ན། ད་ལྟ་བ་ནི། མིག་མཐོང་ལག་ཟིན་ཡིན་སྟབས། དེ་ནི་རྒྱས་བཤད་རྒྱས་འགྲེལ་བྱེད་དགོས་པ་ཞིག་མ་རེད་འདོད་ཀི། འདི། འཆད་དོན་ནི། ད་ཆ་ང་ཚོའི་མི་རིགས་ཀྱི་གནས་སྟངས་གང་ཞིག་ཏུ་བབ་ལྷུང་བྱུང་ཡོད་པ་རེད་དམ། ངས་བལྟས་ཡོང་དུས། འདི་ལྟར་མུ་མཐུད་ནས་སོང་བ་ཡིན་ན། ང་ཚོ་ལ་འགྲོ་ལམ་ཞིག་དང་འགྲོ་ས་ཞིག་རྙེད་ཀྱི་རེད་དམ། ཕལ་ཆེར་འདི་ཚོའི་རིགས་དེ་ཚོད་དཔག་བྱེད་མི་ཐུབ་པ་ཞིག་མ་རེད། སོང་ན། མ་འོངས་པའི་མདུན་ལྗོངས་དེ་ཁ་ཕྱོགས་གང་ཞིག་ཏུ་བསྐོར་མིན་ནི། ད་ལྟའི་འགན་ལེན་དང་ཤེས་རྟོགས་ལ་ཐུག་ཡོད་པ་རེད། མ་ཟད། བློ་རྒྱ་དང་གུ་ཡངས་ཤིག་ཡོད་མེད་ལའང་རག་ཆེན་པོར་ལས་ཡོད་པར་འདོད་ཀི། དེ་བས་ན། འདི་ནས་ངས་བཤད་ཀྱིན་པའི་གསར་བརྗེ་ཟེར་བ་དེ་མཐའ་གཅིག་ཏུ། རྒྱ་ནག་གི་རིག་གནས་གསར་བརྗེ་བྱེད་སྟངས་ལྟ་བུ་ལ་གོ་བ་བླངས་པ་ནི། ཕྱོགས་གཅིག་ནས། སྐུ་ཉིད་ལ་དེས་བག་ཆགས་ཆེན་པོ་ཞིག་ཡོད་པས་ཡིན་རྒྱུ་རེད་ལ། ཕྱོགས་གཉིས་ནས། གོ་བ་ལེན་ཕྱོགས་དེའང་རྒྱ་དོག་དྲགས་པའི་སྐྱོན་ཡོད་ཀི་འདོད། དེ་ཡང་། བག་ཆགས་ཇི་ལྟར་མཐུག་ན་དེ་འདྲའི་ངོས་འཛིན་མཚར་བོ་ཞིག་ཡོད་རྒྱུ་རེད། བྱས་ན། རང་ཉིད་ལ་བཞག་པའི་བག་ཆགས་དང་དེ་སྐྲུན་བྱེད་ཀྱི་རིག་གནས་གཅིག་པོ་ལས་རིག་གནས་གཞན་གྱི་ཡོན་ཏན་དང་ཁྱད་ཆོས་མཐོང་གི་མ་རེད། སྐབས་དེར། རང་རློམ་ཆེན་པོ་ཞིག་གིས་བཟི་ནས་རང་མདུན་ཁེར་བོ་དེ་འཇུ་རྐྱང་བྱེད་རྒྱུ་མ་གཏོགས་གཞན་ཞིག་མཐོང་སྤྱད་ཀྱི་མིག་གཉིས་ཡོང་ཐུབ་ཀི་མ་རེད་འདོད། གཞན། བྱ་དངོས་གང་ཞིག་གི་གོ་བ་ལེན་སྐབས་སུ་ཅི་ཙམ་གྱིས་རྒྱ་ཆུང་ན་དེ་ཙམ་གྱིས་ནུས་ཤུགས་དེ་ཡང་། རང་བཞིན་གྱིས་ཞན་པོར་ཆགས་འགྲོ་གི་རེད། རྒྱུ་མཚན་ནི། རྒྱ་བསྐྱེད་ཕྱོགས་དང་ཐབས་ལམ་དེ་ཡང་བག་ལ་ཞ་ཞིང་རེངས་པར་འགྱུར་འགྲོ་བས་རེད། སོང་ན། གསར་གཏོད་ཀྱི་ཆ་དང་གསར་བརྗེ་བྱེད་སྟངས་དེའང་མི་མངོན་དབྱིངས་སུ་འཐོམ་འགྲོ་གི་རེད།
གཞན་ལ་ཡིད་རྟོན་མེད་རུང་ཆོག་པར་འདོད་ཀི། གང་ཡིན་ཞེ་ན། རང་ཉིད་ཀྱི་འགྲོ་སྟངས་དང་ལངས་ཕྱོགས་རང་ཉིད་རང་ལ་གཙོ་བོ་རག་ལས་པ་ཞིག་ལས་གཞན་ཞིག་མ་རེད་བསམ་གི། རེད་དེ། ཆོས་ཉིད་ཀྱི་དབང་དུ་བཤད་ན། ཡོད་ཚད་རྟེན་འབྲེལ་ཡིན་པ་ལྟ་བུ་ཟད་ཀྱང་རུང་། འདི་ནི། སྤྱི་བམ་གྱི་གནས་ལུགས་ཤིར་རེད། གང་ལྟར། ངས་བསམས་ན། གཙོ་བོ་རང་ཉིད་རང་ལ་ཡིད་རྟོན་མེད་སོང་ན། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་མོ་དེ་གཞན་ཞིག་ལ་དབང་ཚར་བ་མ་ཟད། སྐབས་འདིར། དྲིལ་བསྒྲགས་བྱེད་སྤྱད་ཀྱི་ཡོ་བྱད་ལྟ་བུ་ཞིག་ཏུ་གྱུར་ཟིན་པའང་རེད།
དེང་སང་ངེས་པར་དུ། དགོས་མཁོ་ཆེ་ཞིང་ནུས་པ་ཆེ་བའི་རིགས་དེ། གཞན་གྱི་རྒྱལ་ཁབ་ལ་ཡོད་ཀྱང་རང་རིགས་ལ་མེད་པའི་རིགས་ཤིག་ལ་གོ་བབ་གཙོ་བོ་བཞག་ཡོད་པ་དང་། ཞོར་དུ། གཞན་རིགས་ལ་མེད་ཀྱང་རང་རིགས་ཀྱིས་གསར་བརྗེ་གསར་གཏོད་ཀྱི་སྒོ་ནས་ཐབས་ལམ་གསར་པ་རེ་བཏོན་དགོས་པའང་བསྟན་ཡོད་པ་ལས། སྟོང་བསམ་རྐྱང་རྐྱང་གིས་དུས་ཚོད་གཟད་སྟངས་མིན་ནོ།
སྤྱིར་བཏང་། དག་སྣང་ཟེར་བ་དེ་ཡང་། གང་ཡང་རུང་བ་ཞིག་ལ། ཡིད་ཆེས་དང་བློ་ཁེལ་ནས་ཡོང་དགོས་པ་རེད་འདོད་ཀི། དེས་ན། སྔར་ཡོད་ཀྱི་ང་ཚོའི་རིག་གནས་ཀྱིས་ང་ཚོ་བསྐྱབས་ཤིང་བསྐྱངས་ཡོད་པ་བདེན་དུ་ཆེ་ནའང་། ང་ཚོས་རིག་གནས་སྐྱོང་ཐབས་ཀྱི་ལམ་ལུགས་རྣམས་ཆེས་མ་འགྲིགས་པའི་གནས་སུ་ལྷུང་ཡོད་པ་རེད། དེའི་རྒྱབ་རྟེན་ནི། ལམ་ལུགས་དང་སྲོལ་རྒྱུན་གྱིས་ང་ཚོར་སྔར་ཡོད་ཀྱི་རིག་གནས་དག་གི་མཁའ་དབུགས་ལ་ནག་ནོག་གི་དྲི་མས་བཀང་ཡོད་པ་རེད།
བཀུར་འོས་དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས།
ཕེབས་ནས་ཚིགས་བཅད་ཀྱི་ལམ་ནས་གསར་བརྗེ་ཡི་གོ་དོན་བསྟན་པར་དགའ་ཡོད་ལ། བུ་མོ་ངས་ཀྱང་ཚིགས་བཅད་ཀྱི་ལམ་ནས་ལན་ཞིག་འབྲི་ན་འདོད་བྱུང་བ་ལགས་ན། གཟིགས་ཞིབ་ཡོང་བར་ཞུ།
འདས་པར་ཕྱིར་རྟོག་བྱས་དུས།།
མཁྲེགས་འཛིན་ཨུ་ཚུགས་ཆེ་བས།།
ད་ལྟ་བ་ཡི་ལམ་བུ།།
སྐྱོ་བའི་གནས་སུ་འཕངས་སོང་།།
རྙིང་བ་སྐྱོང་རྒྱུ་མང་བས།།
གསར་བའི་སྒོ་མོ་མ་ཕྱེས།།
ད་ལྟ་བ་ཡི་འགྲོ་ཕྱོགས།།
རྙིང་བའི་ཕྱོགས་སུ་ལྷུང་སོང་།།
དག་སྣང་དད་པར་བརྟེན་ནས།།
ཁ་ཕྱོགས་གསར་བ་མ་རྙེད།།
ད་ལྟ་བ་ཡི་གནས་བབ།།
གཞན་རྟེན་ཁོ་ནར་ཆགས་སོང་།།
མོས་ཁམས་ཁ་ནས་བསྒྲགས་ཞོར།།
དོན་གྱིས་སྒེར་གཅོད་བྱས་སོང་།།
སྤྱི་བའི་མདུན་གྱི་ལམ་དེ།།
གཏོར་བརླག་ཆེན་པོ་བྱས་སོ།།
ལན་དུ།
འདས་པ་འདས་ཟིན་དྲན་ཡུལ་ཙམ། །
མཁྲེགས་འཛིན་ཨུ་ཚུགས་ཅི་ལ་ཕན། །
ད་ལྟ་བ་ཡི་ལམ་ཆེན་འདིར། །
དགའ་བའི་གནས་སུ་བགྲོདཅིག་མ། །
རྙིང་པས་བསྐྱངས་ནས་གསར་ཐོན་ལ། །
གསར་ལམ་རྙིང་པས་འགོག་མི་ཐུབ། །
ད་ལྟའི་འགྲོ་ཕྱོགས་དོན་ལྡན་ན། །
རྙིང་ལྷུང་གསར་བསྐྱོད་ཁྱད་ཅི་ཡོད། །
དག་སྣང་དད་པར་ལ་བརྟེན་ནས།།
ཁ་ཕྱོགས་གསར་རྙེད་མ་རྙེད་པ། །
གཞན་ལ་བརྟེན་པ་ཆེ་དྲགས་ལས། །
གཞན་རྟེན་མེད་པར་རང་ཚུགས་མེད། །
ཁ་ནས་བསྒྲགས་ཞོར་མ་བྱྱང་དང་། །
དོན་གྱིས་སྒེར་གཅོད་བྱས་ཡོད་ན། །
སྤྱི་པའི་མདུན་ལམ་ཡོད་པ་དང་། །
གཏོར་བརླག་མ་ཤོར་ཚེ་སྐྱིད་བྱོས། །
ཚེ་སྐྱིད་གསར་བརྗེ་གསར་ཐོན་ཤོག །
བཀུར་འོས་སྦྲ་ནག་ལགས། སྔོན་མིའི་བསམ་བློའི་གོ་རྟོགས་དང་དེང་རབས་མི་བུའི་མཁྱེན་དཔྱོད་ཡངས་བ་ཙམ་གྱིས་ད་དུང་མི་འགྲིག་གི སྔོན་ལས་བཟང་བ་ཡོད་རྒྱུ་རེད་དེ། འུ་ཚང་ནི་གཉིད་མ་སད་དང་གོག་མ་ལང་གིས་ད་དུང་ལམ་སྣེ་ཞིག་ལ་གོམ་ཁ་འཁྱར་འཁྱོར་ངང་སོས་གདལ་བག་ཕེབས་རང་ཡོད་ལ། ཕུགས་གཟིགས་དོག་པོ་དང་རྙིང་ཞེན་རུལ་སུངས་ཀྱི་ལྟ་བ་རྣམས་ད་དུང་གཙང་སེལ་མ་མཆིས་སོ།། ད་ནི་ང་ཚོ་དུས་ཡུན་ཐུང་ཐུང་ནང་ཁ་ཕྱོགས་བརྟན་པོ་དང་ལང་ཕྱོགས་མཐུན་པོ་ཞིག་ངེས་པར་དུ་འཚོལ་དགོས། ངས་གསར་བརྗེ་ཟེར་བ་སྟེ་བསམ་བློ་རྙིང་དོར་དང་ལེགས་ལེན་ཐབས་བྱས་ལ་གོ་ཡོད། མཐར་ཐུག་ན་མི་སྒེར་བུའི་སྒལ་ཚིགས་དྲང་པོ་སྟོན་རྒྱུ་དང་ཕྱོགས་ལྷུང་འཁྱོག་གུག་དྲང་པོར་བསྐྱུང་རྒྱུ་དེ་ཡིན། ༸རྒྱལ་མཆོག༸དམ་པ་ཁོང་གིས་བཀའ་གསུང་ལམ་སྟོན་ལས་ང་ཚོ་ལ་མ་འདང་པ་མེད་དེ། ལག་ལེན་དོན་འཁྱོལ་དུ་མ་ཡོང་པས་ལན་པ་རེད། དམ་པ་ཁོང་གི་ཐུགས་བསམ་དང་གཞི་བྱེས་བོད་མིའི་རེ་བའི་བར་ཐག་བསྙམ་དགོས་ན། མངོན་ལྐོག་རྒྱབ་མདུན་གྱི་ལས་ཀ་བྱེད་མཁན་དག་གི་མཛད་འཕྲིན་གཏོར་བཅོམ་བཏང་དགོ་ཀི
ཨ་ལལལ། འདི་ཟིག་ན་རྩོད་པ་ཞེ་དྲག་རྒྱག་གི་འདུག
བོད་པ་ཚོས་གསར་གཏོད་དང་གསར་བརྗེ་ལས་དད་པ་དང་དག་སྣང་གི་སྐོར་བཤད་ན་ལེགས། གང་ཡིན་ཟེརན། བོད་པ་ནི་འཛམ་གླིང་ཐོག་གི་དད་པའི་རྒྱལ་ཁབ་དང་དད་པའི་མི་རིགས་ཤིག་རེད།
ཁྱེད་ཚོས་གསར་བརྗེའི་སྐོར་མ་ཤོད་མ་གཏོགས། སང་ཉིན་དམྱལ་བར་འགྲོ་སྐབས་སྤྲུལ་སྐུ་ཚོས་རོགས་པ་གཏན་ནས་བྱེད་རྒྱུ་མ་རེད། མ་ཟད་གཤིན་རྗེའི་ཆོས་རྒྱལ་དང་ལས་མཁན་ཚོར་ཆད་པ་ནན་པོ་གཅོད་དགོས་པའི་སྐུལ་མ་ཡང་བྱེད་སྲིད་པ་རེད། སོང་ཙང་ཚེ་ཕྱི་མར་་་་་་་་
ཨོ་རྔ་བ་ཚེ་སྐྱིད་ཟེར་བ་དེ་བུད་མེད་གཞན་དང་མི་འདྲ་བ་ཞིག་འདུག་ལྟོས་དང་། གཅིག་ལ་གཅིག་ལན་དང་གཉིས་ལ་གཉིས་ལན། མོ་གྱོང་པོ་ཟེར་ན་དེ་འདྲ་རེད།།
དེ་རིང་བར་འདིར་ཡོང་མ་ཐུབ་པར་བསོད་བདེ་མེད་པ་རང་རེད། དེ་བས་ཁོང་གི་བཀའ་སྐྱོན་དེ་ད་བར་མ་མཐོང་བར་དེ་བས་བསོད་བདེ་དམན་པ་རང་རེད།
ཨོ་ད་བྱས་དུས་བུ་མོ་ལགས་ནས་ང་ལ་ཡང་དྲི་བ་འགའ་ཤས་བཏོན་གནང་འདུག་ལ་བཀའ་སྐྱོན་ཡང་ཚ་ཐག་ཆོད་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ད།
ངས་སྐུ་ཉིད་ཀྱི་དྲི་བར་ལན་ཞིག་ལ་བསམ་ཡང་གློ་བུར་དུ་སེམས་ལ་འགྱུར་བ་ཞིག་འཐེབས་སོང་། རྒྱུ་མཚན་ནི་སྐུ་ཉིད་ལ་རྒྱུ་མཚན་དང་གནས་ལུགས་ཡོད་པའི་ལམ་ཞིག་ག་བ་བཙལ་ཡང་རྙེད་རྒྱུ་མེད་པ་འདྲ་བ་ཞིག་ཏུ་ཤེས་སོང་། དེ་ཡང་གང་ཞིག་ང་རྒྱལ་དང་ཞེ་སྡང་གི་གྲིབ་ནག་གིས་གཡོག་ཟིན་ན་དེ་ལ་ལེགས་ཉེས་འབྱེད་པའི་བླང་དོར་གྱི་ཉིན་འོད་ཕོག་ཀྱང་དེ་ཙམ་ཕན་རྒྱུ་མེད་པ་རང་རེད། །
སྐུ་རྩེད་ཡིན་ཞེ་དྲག་ཞུས་ན་ཐུགས་ལ་ཞེ་བོ་གཅིག་ཕོག་གི་ཡོད་ས་རེད། བུད་མེད་ཟེར་མཁན་དེ་ཚོའི་སེམས་པ་ནི་ཡ་མཚན་ཅན་ཞིག་རེད་འདག་ག………….བྱས་ཙང་ལས་དོན་ཆེན་པོ་སྒྲུབ་པར་སེམས་རྒྱ་ཆེ་ཙམ་མེད་ན་ག་འདྲ་སེ།
བཀུར་འོས་དྲ་གྲོགས་ཚེ་སྐྱིད་ལགས།
ངས་ལན་བཏབས་པ་ཉིད་ཀྱི་ཐུགས་ལ་བབས་པ་བཀའ་དྲིན་ཆེ། ཡིནའང་ལན་ཐུགས་ལ་བབས་མིན་གལ་ཆེན་པོ་མ་རེད། གཙོ་བོ་ཉིད་ལ་ཁ་ཕྱོགས་བརྟན་པོ་ཞིག་ཡོད་མེད་རེད། བོད་གཞི་བྱེས་གཉིས་ཀྱི་ད་ལྟའི་གནས་བབ་ཚང་མ་ཤེས་རྟོགས་ཡོད་པ་མ་ཚད་ལམ་ལུགས་གསར་བརྗེ་མ་བྱས་ཚེ་མ་འོངས་པའི་བོད་མིའི་མདུན་ལམ་གང་འདྲ་ཞིག་ཏུ་འགྱུར་མིན་གསལ་རྟོགས་ཡོད་པ་ཁྱེད་དངོས་གནས་ཡ་མཚན་ཞིག་རེད། དེ་འདྲ་ཡིན་ན་ཉིད་ཀྱིས་བོད་མིའི་མ་འོངས་པའི་གསར་བརྗེའི་མདུན་ལམ་ནོར་རྒྱུ་མ་རེད། རེད་ཡ། རིག་གནས་གསར་བརྗེའི་ཀྱི་རླུང་ཚུབ་མཇུག་བསྡུས་མ་ཐག་ངུ་ངག་གི་དབྱངས་ལྟ་སྐྱུར་མོས་འཇིག་རྟེན་ལ་འཁེངས་ར་བྱེད་བཞིན་ནར་སོན་ནས་བགྲང་བྱ་ཉི་ཤུའི་རིང་ལ་ཕ་མས་ངག་རྒྱུན་ལས་ཐོས་པས་བག་ཆགས་ཅུང་ཙམ་ཡོད་ངེས་ཅན་རེད། མ་ཚད་དམར་ལྷེམ་ལྷེམ་དུ་གཡོ་བས་སྐར་ལྔའི་དར་དམར་དེ་གངས་སེང་དཀར་པོའི་དར་ཆ་ལས་མིག་ལམ་དུ་གསལ་བོ་ཡོད། བག་ཆགས་མེད་ཟེར་མི་སྤོབས། ཁྱེད་ཉིད་ཟླ་གཅིག་ལས་མ་ལོན་པས་གསར་འབྱོར་བ་ཞིག་ཡིན་པས་ཆ་ནས་དེ་བས་ཀྱང་བག་ཆགས་ཟབ་མོ་ཡོད་སྲིད། འོན་ཀྱང་སྐྱེས་ནས་དེ་རིང་བར་བོད་ཀྱི་བུད་མེད་གསར་བརྗེའི་རིང་ལུགས་པ་ཞིག་དང་ལྷན་དུ་དྲ་ཐོག་གི་ཁ་བརྡ་བྱས་པ་དང་པོ་ཡིན་རྒྱུ་རེད། འདི་ནི་གོ་སྐབས་བཟང་པོ་ཞིག་ལ་ངོས་འཛིན་ཡོད། ང་ནི་བློ་རྒྱ་ཆེན་པོ་ཅན་ཞིག་ཡིན་པའི་སྣང་ཚུལ་ཡོད་མ་མྱོང་། ཡིན་ནའང་རིག་གནས་གཅིག་གིས་བཞགས་པས་བག་ཆགས་དེའི་ཡོན་ཏན་མ་གཏོགས་གཉིས་པ་ཞིག་མཐོང་མི་ཐུབ་དང་ཡོང་མི་ཐུབ་པར་འདོད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་འདྲ། དེ་འདྲ་ཡིན་ཚེ་ཉིད་ཀྱི་གསར་བརྗེའི་ལམ་ཕྱོགས་ལ་ཞུགས་ཐུབ་མཁན་ཞིག་ཡོད་ཚོད་མ་རེད། དེ་བས་ཀྱང་གཞན་ལ་ཡིད་རྟོན་མེད་རུང་ཆོག་གསུངས་པ་འདི། དངོས་གནས་བློ་ལ་མི་འབབ་ཀི གང་ཡིན་ཞེ་ན། རང་ཉིད་གསར་གཏོད་པ་ཞིག་ཡིན་ཆ་ནས་རང་ཉིད་གཙོ་བོ་ཡིན་དང་ཡིན། ཉིད་ཀྱི་དགོངས་ཚུལ་དེ། རང་ཚུགས་མ་བཟུང་ན་གཞན་འོག་ཏུ་ཤོར་འགྲོ་དགོངས་ཡོད་པ་འདྲ་སྟེ། དེ་ནི་སེམས་ཆུང་དྲགས་པ་འདྲ། བོད་ཀྱི་གཏམ་དཔེར། མཐོ་ས་མིས་མ་བཞགས་རུང་། དམའ་སར་རང་མི་འདུག ཟེར་བ་དང་འདྲ་སྟེ། ད་དུང་འདིའི་སྐོར་ལ་རང་ཚིག་སྔ་ཕྱི་འགལ་བས་ཆ་ཞིག་ཀྱང་ཡོད་པ་འདྲ། གཟབ་གཟབ་ཀྱིས། འོ་རེད། ངས་ནང་ཆོས་དང་ཚན་རིག་གི་རྟེན་འབྲེལ་དང་ལྟོས་གྲུབ་བཤད་ཀྱིན་མེད། འོན་ཀྱང་། རང་རྒྱལ་ལ་མེད་པ་གཞན་རྒྱལ་ལ་ཡོད་པའི་རིགས་དེ་གྲངས་ཀྱིས་མི་ཟིན། དེ་སློབ་སྦྱོང་དང་ནང་འདྲེན་དགོས་ན་གཞན་ལ་བརྟེན་དགོས་པ་གཙོ་བོ་མ་རེད་དམ། བརྐུས་ནས་མི་ལོན། འཕྲོག་ནས་མི་ཐུབ། མ་ཚད་གཞན་ལ་གུས་བཀུར་དང་ཡིད་ཆེས་ཡང་བྱེད་དགོས་ངེས་འདྲ། ༼ལམ་ལུགས་དང་སྲོལ་རྒྱུན་གྱིས་ང་ཚོར་སྔར་ཡོད་ཀྱི་རིག་གནས་དག་གི་མཁའ་དབུགས་ལ་ནག་ནོག་གི་དྲི་མས་བཀང་ཡོད་པ་རེད།༽ འདི་ལའང་ངོས་ལེན་ཆ་ཚང་མེད་དེ། དེ་རིང་ལན་མི་འདེབས།
ཧེ། གསང་གྲོལ་ལགས།
ཉན་ནས་སྡོད། སྒུག་ནས་སྡོད། བལྟས་ནས་སྡོད། འུ་ཚང་གི་མི་རིགས་ཚར་རྒྱུ་རེད། བལྟས་བལྟས་རིག་རིག་ངང་ཚར་རྒྱུ་རེད།
ཨ་རོ། ཁུག་རྟ།
རྒྱང་ལྟ་དང་སོ་བ་བྱེད་མཁན་གཏན་ནས་མི་མཁོ།
རྒྱལ་པོ་ལགས།
དད་པ་དང་དམ་ཚིག་གིས་རྒྱལ་ཁབ་དང་མི་རིགས་སྐྱོབ་ཐུབ་ན། འགྲིགས་ཀི་རེད། བལྟ་ཆོག་གི་རེད། ཅི་ཙམ་སྒུག་དགོས་ཀི་རེད་དམ།
བཀུར་འོས་དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས།
ལན་མདོར་བསྡུས་ཤིག་འགོད་པར་བྱ་རྒྱུ་ཡིན་ལགས་ན། ཐུགས་གཞིགས་ཡོང་བར་ཞུའོ།།
འདས་ཟིན་ཤོར་བ་ཡིན་དུས།།
ནོར་འཁྲུལ་བཅོས་ཐབས་མེད་ཀྱང་།།
མ་འོངས་ད་ལྟའི་ལམ་དེ།།
འཕེལ་རྒྱས་གཏོང་ཐབས་ལོས་ཡོད།།
རྙིང་ཞེན་ཆེ་རྒྱུ་མང་བས།།
གསར་བའི་ལམ་ཕྱོགས་མ་ཟིན།།
ད་ལྟའི་འགྲོ་སྟངས་འཚོལ་དུས།།
ཐབས་བྱུས་འདོན་རྒྱུ་ལོས་ཡོད།།
མ་ཤེས་དག་སྣང་བསྒོམས་ནས།།
མགོ་རྔ་མེད་པར་ཆགས་སོང་།།
གཞན་གྱི་བསྐྱོད་སྟངས་གསར་བར།།
དཔེ་ལྟོས་བྱེད་རྒྱུ་ལོས་ཡོད།།
འགྲོ་དྲུག་སེམས་ཅན་འཆད་ཞོར།།
དོན་གྱིས་རང་དོན་ཤོར་སོང་།།
རང་དོན་རང་གིས་བཟུང་ན།།
མ་འོངས་ལམ་སྣ་ལོས་ཟིན།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
དེང་སང་ཉིད་ཀྱིས་འཆད་ཀྱིན་འཆད་ཀྱིན་ཇེ་གསལ་དུ་གཏོང་བཞིན་འདུག་ན། དགའ་སོང་། དེ་ནས། ང་ཚོས་གྲོས་བསྡུར་བྱེད་བཞིན་པའི་གླེང་གཞི་འདི། གཏིང་ཇེ་ཟབ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཕྱིར། ང་ཚོའི་རྣམ་དཔྱོད་དང་ཐབས་ཤེས་བཏོན་ནས། ད་ལྟའི་འགྲོ་ཕྱོགས་དང་། ལྷག་པར་དུ། མ་འོངས་པའི་མདུན་ལྗོངས་དེ། ཁོད་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་བསྐྱོད་དགོས་པ་ནི། དོན་དམ་གྱི་གནད་འགག་ཅིག་རེད། སོང་ན། འདི་ཚོའི་ཕྱོགས་ལ། ནུས་ཤུགས་བསྐྱེད་དགོས་པ་ནི་སྤྱིར་བཏང་གི་ལས་དོན་ཙམ་མིན་པར། དོན་དངོས་ལག་ལེན་གྱི་ཐོག་ནས་འགྲོ་དགོས་པ་དེ་ཆེས་འགངས་ཆེ་བ་ཞིག་རེད་ཨང་།
བཀུར་འོས་དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས།
རྩོད་གླེང་ནི། གནད་དོན་ཞིག་ཇེ་གསལ་དང་འཐུས་སྒོ་ཇེ་ཚང་དུ་དམིགས་པ་ཞིག་རེད། སོང་ན། ཉིད་ཀྱིས་ཀྱང་། འདིར་ང་ཚོའི་ངོས་ནས་གླེང་གཞིའི་ཐོག་ཏུ་དོན་སྙིང་ལྡན་པའི་དགོངས་ཚུལ་གསུངས་པར་སྐུལ་བ་ཡིན་ལགས། ལྷག་པར་དུ། ལྡོག་ཕྱོགས་ནས་ལངས་ཏེ་དོགས་འདྲི་ལ་སོགས་པའི་མཚོན་པས། ཕྱོགས་སྒོ་མོ་ཡོངས་ནས་བཙུར་རྒྱུ་གལ་ཆེ་གི།
བཀུར་འོས་དྲ་གྲོགས་རྒྱལ་པོ་ལགས།
སྐུ་ཉིད་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད་ལ། དེ་ཡང་། གོ་རྒྱུ་ཅན་ཞིག་དང་འདང་གཏིང་ཟབ་ཞིག་རྒྱག་དགོས་པའི་གནད་དོན་ཞིག་ཀྱང་བསྟན་འདུག་ལགས་ན། བུ་མོ་ངའི་ཡིད་ངོར་བབས་སོང་། གང་ལྟར། དད་པ་དམ་ཚིག་གིས་བོད་མི་རིགས་བསྐྱངས་ཤིང་བསྐྱབས་ཡོད་མེད་ནི། ད་དུང་། བཤད་དཀའ་མོ་ཞིག་རེད་ལ་འཆད་རུང་དོན་སྙིང་མེད་པ་ཞིག་ཏུ་གྱུར་གྱི་འདུག གང་གིས་ཟེར་ན། བོད་མི་རིགས་རང་ལ་ནུས་པ་དང་འཇོན་ཐང་ཞིག་ཡོད་པ་དེ། དད་པ་དང་དམ་ཚིག་ཁ་ལ་འཁྱེར་ནས་སྤྱོར་བ་སྒེར་གཅོད་ཅན་དག་གིས་བཅོམས་ཤིང་བརླགས་པར་བྱས་ཡོད་པ་རེད། དེའི་རྒྱུ་མཚན་ཡང་། ང་ཚོའི་མི་རིགས་ཁྱོན་ཡོངས་ཀྱིས་རིག་གནས་ཤིག་གི་རྗེས་སྐྱོང་བ་དང་ཤུལ་འཛིན་པ་ཙམ་ལས་མི་རིགས་རང་གི་ནུས་པ་དང་སྟོབས་ཤུགས་དེ་སྔོག་འདོན་བྱེད་རྒྱུ་བརྗེད་ཡོད་པ་ལྟ་བུའི་ཚད་དུ་ལྷུང་ཡོད་པ་རེད།
བཀུར་འོས་དྲ་གྲོགས་འོད་ཡུག་པའི་འཁྱམས་པོ་ལགས།
སྤྱིར་ན། གནད་དོན་ཞིག་གླེང་སློང་བྱེད་དུས། བརྗོད་གཞི་ཁོ་རང་ལ་ལྟོས་ནས་གླེང་ཕྱོགས་ཤིག་ཡོད་རྒྱུ་རེད། བྱས་ན། ངས་ཀྱང་ད་ལྟའི་བར་དུ། ང་ཚོས་གྲོས་དཔྱད་བྱེད་བཞིན་པའི་སྒང་ཁོ་ནར་མ་གཏོགས་ཡས་བཤད་མས་བཤད་མི་བྱེད་རྒྱུར་འབད་ཀི་ཡོད། མཚམས་རེར། གང་ཞིག་ལན་དང་འཚམ་པའི་བསམ་ཚུལ་དང་འདྲི་ཕྱོགས་རེ་མི་བཤད་རང་བཤད་ལྟ་བུར་ཆགས་འགྲོ་བས་ན། སྐབས་དེར། བཤད་འདོད་པ་གང་ཡོད་པ་དེ། ཐད་ཀར་དུ་བཤད་པ་ཡིན་ལགས། དེ་ནས། ཉིད་ཀྱིས་དགོངས་ཕྱོགས་ཤིག་ལ། ངའི་ལངས་ཕྱོགས་དང་ལྟ་ཚུལ་འདིའི་རྒྱབ་དཔུང་ཟེར་ན་འདྲ། འཁོར་ཕྱོགས་བརྟན་པོ་ཞིག་ཡོང་བའི་ཆེད་དུ། དོགས་སློང་དང་དོགས་འདྲི། ལྡོག་ཕྱོགས་ནས་ལངས་ཏེ། རང་ཚུགས་ཀྱི་རྣམ་འགྱུར་དང་རང་རྟོན་གྱི་ཚུགས་ཀ་ཞིག་རྙེད་པའི་ཆེད་དུ། འདི་ལྟར། བགྲོད་བཞིན་པའི་ཁུལ་ཡིན་ལགས། རེད་དེ། ཉིད་ཀྱི་དགོངས་ཚུལ་ཡིན་ན། རྙེད་རྒྱུ་མེད་པ་འདྲ་བོ་ཞིག་དང་བུ་མོ་ང་ཁེངས་སེམས་ཀྱིས་འགྱངས་ཡོད་ཚུལ་གསུངས་པ་ནི། དོན་དངོས་དང་མཐུན་པ་ཞིག་མ་རེད། རྒྱུ་མཚན་ནི། ངས་བཤད་བཞིན་པའི་ལྟ་ཚུལ་འདིའི་སྔ་ཕྱིའི་འགལ་འདུ་དང་རྒྱུ་མཆན་མེད་པ་སོགས་ཀྱི་གནད་འགག་བཟུང་ནས་གསུང་ན་གུས་བརྩི་ཡོད་པའི་སྒོ་ནས་མུ་མཐུད་ནས་འགྲོ་ན་འགྲིགས་ཀི་རེད།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
དེ་རིང་ང་ལ་དུས་ཚོད་ཀྱིས་ཁོམ་པ་ཆེན་པོ་སྟེར་མ་བྱུང་རུང་། རྗེས་ཕྱོགས་ངས་གནད་འགག་རེ་ཨེ་ཟིན་གྱི་སྒོ་ནས་རྒྱས་ཤིང་གསལ་བའི་ལན་རེ་འབྲི་ཕྱོགས་ལ་འབད་པར་བྱ་རྒྱུ་ཡིན་ལགས། གང་ལྟར།
ལམ་ནི། ག་དུས་ཡིན་རུང་། མིའི་རིགས་ཀྱི་རྐང་བའི་འོག་ན་ཡོད་པ་ཞིག་རེད། མ་ཚད། དེ་ཡང་། མིའི་རིགས་ཀྱིས་རྣམ་དཔྱོད་དང་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་བཏོན་པ་རེད། དེ་འདྲ་ཡིན་དུས། འདས་པའི་ང་ཚོའི་ལམ་དེ་ལ་ད་ལྟ་རང་སོང་ན། འགྲོ་ཆོག་ཆོག་ཅིག་དང་གུ་ཡངས་པའི་འགྲོ་ས་ཞིག་ཡོད་པ་རེད་དམ། ལྷག་པར་དུ། མ་འོངས་པར་ཁ་བསྐོར་ནས་བལྟས་ཡོང་དུས། དེ་བས་ཀྱང་འགྲོ་ཕྱོགས་གསལ་བོ་ཞིག་ཡོད་རྒྱུ་རེད་དམ།
རིག་གནས་ཤིག་གི་རྒྱུ་ཕྱོགས་ལ་གོམས་ཤིང་འཇགས་སོང་བའི་མི་ཞིག་ལ་མཚོན་ནས་བཤད་ན། མི་དེ་ཆེས་བརྒལ་དཀའ་བའི་གུ་དོག་གི་འཕྲང་ལམ་ཞིག་ཏུ་ཚུད་པ་ལྟ་བུ་རེད། བྱས་དུས། གོམས་ཤིང་འཇགས་ཟིན་པའི་རིག་གནས་དེ། བརྗེ་བསྒྱུར་བྱེད་དགོས་པ་ཡིན་ན། ངོས་འཛིན་ཐོབ་དཀའ་ཞིང་བསམ་སྤྱོད་ཀྱི་ཐོག་ནས་དེ་བས་ཀྱང་བསྒྱུར་དཀའ་བ་ཞིག་ཡིན་རྒྱུ་རེད་དེ། གང་ལྟར། སྔ་ཕྱི་མ་གཏོགས་འགྱུར་ལྡོག་གིས་བཙུར་ཡོང་བ་ཞིག་ཡིན་དུས། དང་པོ་ནས། གྲ་སྒྲིག་ཅིག་དང་ངོས་འཛིན་ཞིག ཐབས་ལམ་གསར་པ་ཞིག་སྤྱད་ནས་འགྲོ་ནུས་ན། རིམ་གྱིས་བློ་རྒྱ་ཆེ་རུ་སོང་ནས་ངོས་འཛིན་ཐོབ་འགྲོ་བའི་དུས་ཤིག་ཡོང་གི་རེད།
རིག་གནས་གཅིག་གི་རིན་ཐང་ལས་མི་རྟོགས་པ་དང་། རིག་གནས་དེའི་ནུས་པའི་དཀྱིལ་འཁོར་ཀློང་དུ་ཤོར་བའི་བསམ་སྤྱོད་ཅན་རྣམས་ཀྱིས་ཀྱང་། རྟག་ཏུ། རང་ལ་རྒྱུས་མངའ་ཡོད་པ་ལས་གཞན་ཞིག་གི་རིན་ཐང་དང་ནུས་པ་དེ། ཤེས་རྟོགས་མི་རྙེད་ཅིང་ལག་ལེན་གྱི་ཐོག་ནས་བསྐྱོད་མི་ཐུབ་པ་ལྟ་བུ་ཡིན་པ་འདི། དེང་སང་། ང་ཚོའི་མི་རིགས་སྤྱིའི་གནས་སྟངས་ཀྱིས་གསལ་སྟོན་བྱས་ཡོད་པ་རེད།
རང་ས་རང་གིས་བཟུང་། རང་ཚུགས་རང་གིས་བཟུང་། རང་རྟོན་རང་ལ་བྱས། གཞི་ནས། བགྲོད་རིམ་ཞིག་གི་ཐོག་ཏུ་སོང་ན། ནུས་པ་དང་འཇོན་ཐང་ཆེ་རུ་འགྲོ་རྒྱུ་ཡིན་རུང་། དང་པོ་ནས་རང་ཉིད་ལས་གཞན་ཞིག་གལ་ཆེ་ཚུལ་གྱི་རིག་གནས་ཀྱི་ངོས་ཤིག་དང་། དེས་བཞག་པའི་བསམ་སྤྱོད་མཐུག་པོ་ཅན་དག་གིས། ནམ་ཡང་། ངོས་ལེན་བྱེད་མདོག་ཁ་བོ་མ་རེད་དེ། འགྱུར་བ་དང་འགྱུར་ལྡོག་གིས་རང་ཤུགས་ཀྱིས་དེད་ཡོང་གི་རེད། སྐབས་དེར། ཇི་ལྟར་ཨུ་ཚུགས་དང་མཁྲེགས་འཛིན་བྱས་ཀྱང་རུང་། རང་ཉིད་ཁེར་འགྲོ་ཁེར་འདུག་ལྟ་བུར་ཆགས་རྒྱུ་ཉག་ཅིག་རེད། སོང་ན། ཐོག་མ་ནས་གུ་ཡངས་ཤིང་རྒྱང་ཐག་ཆོད་པའི་ཕྱོགས་སུ་བསྐྱོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ལྟ་བུ་རེད།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཉིད་ཀྱིས་དྲ་གྲོགས། གསང་གྲོལ། ཤར་ཕྱོགས་ཁུག་རྟ། ད་དུང་རྒྱལ་པོ་སོགས་ལ། མཆན་བུ་སྟབས་བདེ་ཞིང་འགོད་སྟངས་ཡག་གི་ཡ། རེད།
༡ ཅི་ཙམ་གྱིས་རེ་སྒུག་བྱེད་རྒྱུ་མང་དྲགས་ན། དེ་ཙམ་གྱིས་སོས་དལ་ཞིང་འགྲོས་ལྷོད་པའི་ལམ་ཕྱོགས་ཤིག་ལས་རྙེད་ཀྱི་མ་རེད། གང་གིས་ཟེར་ན། རང་རང་གི་ལམ་ནི། ག་དུས་ཡིན་རུང་། རྩོད་ལེན་དང་འཐབ་རྩོད་ཀྱི་ཁྲོད་ནས་རྙེད་དགོས་པ་ནི། འགྲོ་སྟངས་ལྟ་བུ་ཆགས་ཡོད་པ་རེད། བྱས་ན། ང་ཚོའི་མི་རིགས་ཀྱིས། ད་ནས་བཟུང་། བལྟས་བལྟས་རིག་རིག་ལ་མི་འདུག་པར་ནུས་ཤུགས་ཡོད་རྒུ་འདོན་རན་པའི་ཚོད་ཅིག་རེད།
༢ ཟུར་འདུག་དང་རྒྱང་ལྟ་བྱེད་ཀྱིན་པའི་རྣམ་འགྱུར་ནི། འགན་ལེན་མེད་པ་ཞིག་གི་རྣམ་འགྱུར་རང་རེད། དེས་ན། རྒྱང་བཀྱེད་དང་ཟུར་ཉན་མི་བྱེད་པར་རང་རང་གི་བློ་གྲོས་བཏོན་ནས་ཐབས་སྒོ་གསར་བ་རེ་འཇོག་དགོས་པའི་དུས་ཚོད་ཅིག་ཏག་ཏག་འཁེལ་ཡོད་པ་རེད།
༣ ཅི་ཙམ་གྱིས་དད་པའི་གཏིང་མཐུག་ན། དེ་ཙམ་གྱིས་དཔྱེ་ཞིབ་དང་ཐབས་ལམ་གྱི་སྒོ་མོ་གུ་དོག་ཅན་དང་རང་རློམ་ཅན་དུ་འགྱུར་གི་རེད། དེའི་སྐབས་སུ། ཡོད་ཚད་དད་པ་དང་དག་སྣང་གིས་བཞེངས་ནས་རང་ཉིད་ཀྱི་མདུན་ཕྱོགས་ལ། བལྟ་སྤོབས་པའི་འདུ་ཤེས་དང་འགན་ལེན་ཞིག་ཐོན་ཐུབ་ཀི་མ་རེད། རྒྱུ་མཚན་ནི། བཀག་རྒྱ་ཞིག་ཏུ་ཚུད་ཚར་བས་རེད། སྐབས་དེར། དེ་ལས་བརྒལ་དགོས་པའི་དབང་དུ་བཏང་རུང་། འཇིགས་སྣང་དང་སྐྲག་སྣང་སྣ་ཚོགས་ཀྱི་དབང་གིས། རང་ཉིད་དང་རང་ཉིད་ཀྱི་མི་རིགས་དེ་བློས་གཏོང་དགོས་པ་ཐུག་རྒྱུ་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་། ངས་རང་གི་ལྟ་ཚུལ་འདི་ཇེ་གསལ་གྱི་ཆེད་དུ། ངོས་འཛིན་བྱུང་བ་ཁག་ཅིག་དཔྱད་གཞིར་ཙམ་ལ་ཕུལ་ན་འདོད་བྱུང་། དེ་གང་དག་ཡིན་ཟེར་ན།
༡༽ ཁ་སང་གི་ཉམས་མྱོང་གཏིང་ནས་མི་བརྗེད་ཅིང་། དེ་རིང་གི་འགྱུར་ལྡོག་ངོས་ཟིན་རྒྱུ་ན། སང་ཉིན་གྱི་ལམ་དེ་འགྲོ་ཕྱོགས་ཡོད་པ་ཞིག་ཏུ་འགྱུར་གི་རེད།
༢༽ འཛམ་གླིང་ཡུལ་གྲུ་སྤྱི་དང་། ལྷག་པར་དུ་ས་གཞི་ཟླུམ་པོའི་ཡང་རྩེར་སྙེག་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལོ་རྒྱུས་ལ་ཕྱིར་དྲན་རེ་བྱས་དུས། ཤེས་རབ་ཀྱིས་དོགས་དཔྱོད་བྱས་ཤིང་ལག་ལེན་གྱི་ཁ་ཕྱོགས་གནད་ལ་ཟུག་ནས། ཕྱིའི་དཔལ་ཡོན་དེ་འཕེལ་རྒྱས་ཆེན་པོ་བཏང་བ་ཞིག་རེད་ཨང་།
༣༽ ང་ཚོའི་མི་རིགས་འདི་དང་འདིའི་རིག་གནས་ཤིག་ཤི་ལ་ཉེ་བ་དང་སྟོངས་ལ་ཉེ་བའི་སྐབས་སུ། རང་བསྟོད་རང་གིས་བརྒྱབས་ནས་མི་འདུག་པར་ཐབས་ལམ་གསར་བ་ཞིག་འཚོལ་བའི་ཆེད་དང་། ལྷག་པར་དུ། དེང་སང་གི་འགྲོ་སྟངས་གསར་བའི་ཕྱོགས་སུ་བསྐྱོད་དགོས་པའི་དུས་ཤིག་འཁེལ་འདུག
༤༽ ནམ་ཡིན་ཡང་། དབྱེ་ཞིབ་ཀྱི་བསམ་བློ་ཞིག་དང་། འཚོ་ཚིས་གསར་བ་ཞིག་བཙལ་དགོས་པ་ནི། ང་ཚོའི་མི་རིགས་དང་རིག་གནས་དག་གི་འཐུས་སྒོ་ཇེ་ཚང་ཇེ་ལེགས་སུ་འགྲོ་བས་རེད།
༥༽ ད་ཆ་ནི། མཉམ་བསྲེས་ཀྱི་ལམ་ལུགས་ནང་དུ་མི་འཛུལ་བར་རིག་གནས་རང་རང་གི་ཁྱད་ཆོས་དང་ནུས་པར་བསྟུན་པའི་སྒོ་ནས། འགྲོ་སྟངས་ཤིག་ཡོད་སྟབས། ང་ཚོ་ཡང་དེར་བསྟུན་གྱི་འགྲོ་དགོས་པ་གལ་གནད་ཅིག་རེད།
༦༽ ད་སྐབས། མི་རིགས་དང་མི་སྒེར་སོགས་ཀྱིས། རང་རང་གི་རིགས་ལམ་གྱི་རྣོ་ངར་བརྡར་ནས་གསར་གཏོད་ཀྱི་སྒོ་མོ་ཆེན་པོ་ཞིག་ཕྱེས་དང་འབྱེད་བཞིན་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་དུས། ང་ཚོའི་མི་རབས་ཀྱི་རྣམ་དཔྱོད་དང་བློ་གྲོས་འདོན་རན་པའི་དུས་བབ་ཅིག་རེད།
༧༽ མི་རིགས་གཞན་གྱི་སྐྱེས་བུ་སྒེར་རེ་རེ་ལ། སྒེར་ཚུགས་དང་རང་ཚུགས་རྙེད་དང་རྙེད་བཞིན་པའི་སྒང་ཡིན་པ་མ་ཟད། དེ་ཡང་། སྟོབས་ཤུགས་ཤིག་ལ་གྱུར་དང་འགྱུར་བཞིན་པའང་རེད། དེས་ན། ང་ཚོའི་མི་རིགས་ཀྱི་མི་རང་རང་གི་སྒལ་ཚུགས་རྙེད་དགོས་པའི་ཚད་དུ་སླེབས་ཟིན་པ་རེད།
༨༽ དེང་སང་གི་དུས་ཚོད་འདིར། མི་སུ་ཡིན་རུང་བསམ་བློ་གཏོང་ཕྱོགས་འདྲ་མིན་ཡོང་ཆོག་པ་མ་ཟད། དེས་བསྐྱེད་པའི་སྤྱོར་བ་སྣ་ཚོགས་ཤིག་རྩོམ་ཆོག་པ་དེ་རེད། དེར་བརྟེན། ང་ཚོའི་མི་རབས་ཀྱི་ངོས་ནས་ཀྱང་གསར་བསྐྲུན་བྱེད་ཕྱོགས་ལ། བསམ་བློ་བསྒྲིམས་ནས་བྱ་ཐབས་ཕན་ནུས་ལྡན་པ་ཞིག་འདོན་རན་པའི་དུས་ཤིག་འཁེལ་འདུག
༩༽ ད་སྐབས། རིག་གནས་ཤིག་འཐུས་ཚང་དང་འཕེལ་རྒྱས་ཆེན་པོ་ཞིག་ལ་བསྒྱུར་དགོས་ན། དུངས་ཞེན་དང་ཕྱོགས་ཞེན་ཙམ་གྱིས་ནུས་པའི་འདང་གི་མེད་པ་གསལ་བོ་རེད། བྱས་དུས། དོགས་སློང་དགག་སྒྲུབ་ཀྱི་སྒོ་ནས། གྲོས་བསྡུར་རྩོད་གླེང་གི་ཐོག་ནས། ཐབས་རྩལ་འདོན་སྟངས་ཀྱི་སྒོ་ནས། རྒྱ་ཆེ་ཞིང་གཏིང་ཟབ་བའི་ཁ་ཕྱོགས་ཤིག་གཏན་འབེབས་གནང་རན་རེད།
༡༠༽ ད་ནི། རང་ལམ་ཞིག་བཏོན་དགོས་པའི་ཚད་དུ་སླེབས་པ་རེད། དེའི་ཕྱིར་ན། རང་གི་མ་འོངས་པའི་ཁ་ཕྱོགས་ལ་མཛའ་བའི་ལམ་བུ་དེའི་ཆེད་དུ། ཆ་རྐྱེན་གང་ཞིག་བསྐྲུན་དགོས་པ། ཁྱད་པར་དུ། སྡུག་ས་ནས་གྲ་སྒྲིག་ཇི་ལྟར་བྱ་དགོས་པའི་འཆར་གཞི་བསྒྲིག་དགོས་པ་སོགས་གནད་དོན་དེ་བོར་མི་ཉན་པ་ཞིག་རེད།
རྔ་བ་ཚེ་སྐྱིད་འདི་ལྟ་གྲུབ་སྨྲ་བ་བོ་འདྲ་ཞིག་འདུག
བུ་མོ་མ་འདྲ་བ་རྔ་བ་ཚེ་སྐྱིད་ལགས། ཁྱེད་རང་རྫ་ཆུ་བཞིན་བཞུར་ནས་ཚར་རྒྱུ་མི་འདུག་པས། ངས་གཟའ་ཉི་མར་མིག་བཤེར་ཅིག་འཕེན་ཁུལ་གྱིས། ངས་འགོ་འཚོས་པ་རེ་ཡོད་ན་མཉམ་ཞུགས་བྱེད་ཨེ་ཐུབ་ལྟ། ཁྱེད་འདིས་འདྲི་སྟངས་ལ་ལྟོས་ན་མཛེས་པའི་སྐྱེས་གཟུགས་བཟོ་མིག་ལ་ཤར་ཡོང་བ་འདྲ་བོ་ཞིག་འདུག
བཀུར་འོས་དྲ་གྲོགས་རྔ་པ་ཚེ་སྐྱིད་ལགས་སུ།
འདས་ཟིན་རང་འདས་ཤོར་བ་མིན། །
ནོར་མཐོང་བློ་གྲོས་རྒྱས་པའི་རྟགས། །
ད་ལྟ་གཟོབས་དང་མ་འོངས་ལམ། །
འཕེལ་རྒྱས་ཟུར་དུ་གཏོང་དགོས་མེད། །
རྙིང་ཞེན་མ་བརླག་གསར་ཞེན་དགོས། །
གསར་ལམ་མ་ཟིན་མཐོང་ཕྱོགས་ཙམ། །
ད་ལྟའི་འགྲོ་སྟངས་གསར་རྙིང་སྦྲེལ། །
ཐབས་བྱུས་དེ་ལྷག་དགོས་དོན་ཅི། །
མ་ཤེས་དག་སྣང་བསྒོམསས་དགོས་ཤིང་། །
ཤེས་ནས་མ་བྱས་ཕྲལ་བའི་རྒྱུ། །
གཞན་དཔེ་ལྟ་ཞིང་རང་བརྩོན་ན། །
མགོ་རྔ་མི་འབྱུང་མི་སྲིད་དོ། །
འགྲོ་དྲུག་སེམས་ཅན་འཆད་ཞོར་དུ། །
རང་དོན་མ་བཤད་ཞོར་ལ་ཡོད། ། །
རང་དོན་གཞན་ཕན་སྒོ་ནས་ནི། །
བསྒྲུབས་ན་མ་འོངས་མདུན་ལམ་ཆེ། །
འདི་ནི་དྲི་ལན་མཐའ་མ་འོ། །
དྲ་གྲོགས་བུ་མོ་ཚེ་སྐྱིད་ལགས། ལྟ་བ་གསར་རྙིང་གི་འགལ་རྩོད་དང་བསམ་བློ་སྣ་མང་གི་འཆར་ཚུལ་དག་ལ། རང་ཉིད་ཀྱིས་རྣམ་དཔྱོད་རིག་པ་བསྒྲིམས་ནས་དབྱེ་ཞིབ་སྤུས་དག་ཅིག་དང་རྒྱུན་འཁྱོང་དོན་ལྡན་གྱི་དགོངས་ཚུལ་སྤེལ་བར་འཚལ། ཁྱོད་ཀྱིས་གསར་གཏོད་མཁོ་བའི་ལྟ་ཚུལ་བཏོན་པ་སྟེ། བདག་གིས་བསམ་ན།དེ་ནི་ད་ལྟ་ང་ཚོ་ལ་ཨེ་འཚམས་པ་
འདོད་ཀི གང་ཡིན་ཟེར་ན།ང་ཚོའི་མདུན་ལ་ཡོད་པའི་དེང་རབས་ལམ་བུ་ལ་ད་དུང་བགྲོད་མ་ཐུབ་པའི་ངལ་ཡང་སེལ་
ཐུབ་ཡོད་པ་མ་རེད། དེ་ཡི་ཕྱིར་ན་ང་ཚོ་ལ་གསར་བརྗེ་མཁོ་བ་ལས་གསས་གཏོད་དེ་མི་འཁྱོང་གི་འདོད་ཀི
བཀུར་འོས་དྲ་གྲོགས་རས་པ་ལགས།
དེང་སང་། ངས་ལྟ་ཚུལ་ཞིག་དང་ལངས་ཕྱོགས་ཤིག་འདོན་བཞིན་པའི་རྣམ་འགྱུར་ཙམ་ལས། གྲུབ་དོན་ཞིག་ད་དུང་རྙེད་མེད་པ་མ་ཟད། བར་ཐག་ཀྱང་ཆེན་པོ་ཞིག་ཡོད་རྒྱུ་རེད་ལགས། དེས་ན། ཉིད་ཀྱིས་འདྲ་མཚུངས་ཀྱི་སྒོ་ནས་བུ་མོ་ང་ལ་མིང་ཞིག་བཏགས་པ་ནི། ཆེས་མི་མཛའ་བ་ཞིག་རེད་དེ། ཅིག་བྱས་ན། དེ་ལྟར་འདོགས་དགོས་དོན་ཡང་དམིགས་བསལ་བ་ཞིག་ཡོད་རྒྱུ་རེད། གང་ལྟར། ང་ཚོའི་མི་རིགས་ཀྱི་མདུན་ལྗོངས་ཤིག་གི་ཆེད་དང་། ང་ཚོའི་མི་རབས་ཀྱི་འགན་ལེན་དོན་སྙིང་ལྡན་པ་ཞིག་ཡོང་བའི་ཆེད་དུ། ང་ཚོའི་རྣམ་རིག་བསྒྲིགས་ནས། གསར་གཏོད་ཀྱི་ཆ་གང་མང་བསྐྲུན་དགོས་པ་དེ། བསྐྱུར་ཐབས་མེད་པའི་ལས་འགན་ཞིག་རེད་ཨང་། སོང་ན། ཁ་སང་ཇི་ལྟར་འོངས་པའི་གནས་ཚུལ་མ་ཤེས་ན། དེ་རིང་གི་གནས་བབ་གང་ཞིག་ཏུ་ཡོད་པ་ཤེས་དཀའ་བས། སང་ཉིན་གྱི་འགྲོ་ལམ་དེ་བས་ཀྱང་མཐོང་རྟོགས་དཀའ་རྒྱུ་རེད། དེའི་ཕྱིར་ན། བུ་མོ་ངས་ཆོད་སེམས་དང་རང་རྟོན་ཞིག་གི་རང་རྣམ་བཟུང་ནས་མུ་མཐུད་ནས་འགྲོ་འདོད་ཡོད་ལགས། བྱས་ན། མཁྱེན་ལྡན་ཁྱེད་དང་ཁྱེད་རྣམ་པའི་དགོངས་ཚུལ་དང་ལམ་སྟོན་རེ་ཡོད་པར་ཞུའོ།།
རྨེའུ་ཚེ་སྐྱིད་ལགས། ཁ་བརྡ་དྲ་བ་ལྗིད་ཁོག་ཚ་རུ་བཏང་ན། བརྒྱུད་ལམ་མ་ཧྲ་ས་ནས་ལྟ་རྒྱུ་ཁེགས་པོ་འདུག་གི ཁ་བརྡ་ཚང་གིས་དྲ་ངོས་འདིར་གད་སྙིགས་གཡུག་ས་ཅིག་བཞག་ན་ཆི་མོ་རེད།
བཀུར་འོས་དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས།
བུ་མོ་ངས། དེ་རིང་སེམས་གཏམ་དྲང་མོ་བཤད་ཀི་ཡོད། མཛེས་པའི་ནང་གི་ཆེས་མཛེས་ཤིང་སྙིང་དུ་སྡུག་པ་ནི། ང་རང་གི་དམིགས་ཡུལ་འཛིན་ཕྱོགས་འདི་རེད། ཡིན་སྟབས། ངས་རང་གི་སྙིང་སྡུག་ངོ་མ་དེ། ཇི་ལྟར་བྱས་ནས་གཅེས་སྲུང་བྱ་དགོས་པ་དང་། གང་འདྲ་བྱས་ན། སྐྱེད་སྲིང་འཐུས་སྒོ་ཚང་བ་ཡོང་རྒྱུ་ཡིན་ནམ། ཨ་ཙི། འབྲེལ་མེད་དོན་གཞན་རྐྱང་རྐྱང་བཤད་ཀྱིན་པ་འདི་མཚམས་བཞག་ནས། བུ་མོ་ངའི་སྙིང་སྡུག་དེ། རང་གི་ལག་ལེན་གྱི་རོལ་མྱོང་བྱེད་འདུན་ཆེ་གི།
བཀུར་འོས་དྲ་གྲོགས་ཀརྡ་རབ་འབྱམས་པ་ལགས།
དུས་ཐོག་ཏུ་ལན་ཞིག་འབྱོར་བར་ཐུགས་རྗེ་ཞུའོ།།
འདས་པ་ཤེས་པ་ཡིན་ན།།
ད་ལྟའི་འགྲོ་ཕྱོགས་ཇེ་བརྟན།།
མ་འོངས་ལམ་བུ་དེ་ཡང་།།
འགྲོ་ལམ་ཡོད་པར་འགྱུར་འགྲོ།།
རྙིང་ཞེན་ཇི་ཙམ་མེད་ན།།
གསར་བའི་འཁོར་ཕྱོགས་ཇེ་རྟོགས།།
སྣ་འཛོམས་ཤེས་བྱ་དེ་ཡང་།།
ལུས་ངག་ཡིད་ལ་འཛུལ་འགྲོ།།
བརྟག་དཔྱད་ཇི་ཙམ་ཞིབ་ན།།
གསར་གཏོད་གྲུབ་འབྲས་ཇེ་ཆེ།།
གྲུབ་དོན་ནུས་ཤུགས་དེ་ཡང་།།
འཚི་ཚིས་གསར་བ་ཆགས་འགྲོ།།
དང་པོར་རང་རྐང་ཆགས་ན།།
གཞན་དོན་བསྒྲུབ་རྒྱུ་ཇེ་སླ།།
རང་གཞན་མདུན་ལམ་དེ་ཡང་།།
འདྲ་མཉམ་མཐུན་པོར་ཆགས་འགྲོ།།
ཡ་ཧུ། ད་རྔ་པ་ཚེ་སྐྱིད་ཁོང་ཉོབ་ཚོད་ཡིན།
རྔ་བ་ཚེ་སྐྱིད་དབུགས་ཐག་ནི།།
རྔ་མོང་བཞིན་དུ་ཤིན་ཏུ་རིང་།།
རྔ་མ་མེད་པའི་རྒད་པོ་ཚོ།།
རྔ་ཀོག་ཆར་གྱིས་སྦང་བ་འདྲ།།
ལྔ་ཟུང་རིག་གནས་ཤ་ར་ར།།
ལྔ་བཅིངས་ཁུར་ཚུར་ཐོ་བ་འདྲ།།
ལྔ་གཅིག་དྲུག་གཅིག་བརྒྱད་གཅིག་སོགས།།
ལྔ་བའི་ལམ་ནས་བསྐྱར་གསོ་བྱེད།།
བླ་རྒན། ཡུམ་དུམ་པ་ཁྱོད་འདི་སྨྱོས་མེད་ཀི་ན། ཞི་མོ་ཞིག་གི་མིང་ཞིག་ཡོད་དུས་ཁྱོད་འདིས་མི་གཏོང་ནོ་ཆི་རེད། དེ་ལས་མཛེས་མ་ཚེ་རིང་སྐྱིད་ལ་ཚིག་གཅིག་གི་འབྲེལ་བ་ཡིན་ཡང་འཇོག་ཨེ་ཐུབ་ལྟོས་དང་སྐྱེ་བ་རྗེས་མ་ཚོར་རླིག་པ་ལག་པས་བཙུར་ནས་འཆི་དགོས་པ་ཞིག་གི་སྐྱེ་བ་རེ་མི་ལེན་རྒྱུར་ཕན་ནི་རེད།
བླ་རྒན་གྱིས་བཤད་ན་་་་ཚེ་སྐྱིད་འགྱུར་ཚར་འདུག་ཟེར་གི ཨ་ལག་ཚང་གིས་འབྲེལ་བ་འཇོག་ཨེ་ཐུབ་ལྟོས་གསུང་གི
ད་ཡུམ་དུམ་པ་་་་་ད་སུའི་ཁ་ལ་ཉན་དགོས་ནི་རེད།
ཨ་ཁུ་གཞོན་ནི་ཟླ་མེད། །
དེ་སྔོན་ཚེ་རིང་སྐྱིད་ལ། །
དགའ་ནས་སྨྱོས་གྲབས་ཡོད་ཀྱང་། །
ད་ནི་འགྱུར་བ་ཕྱིན་འདུག །
ཨ་ལགས་ཀླུ་སྨྱོན་ཚང་གི །
ཐུགས་ལ་ཕོག་འགྲོ་དགོངས་ནས། །
སེམས་དང་ལྕེ་རྩེ་གཉིས་ཀ །
གཡོ་མེད་ཏེང་འཛིན་ཞུགས་ཤག །
ཨ་རོགས་གཉིས་ཀ་ལབ་རྒྱབ་ནི་མིན་ད། སྤྱན་རས་གཟིགས་ཀྱིས་དམ་ཕྲུགས་རྒྱབ་པར་བསམ་བློ་བཏང་ཡོད་མ་གཏོགས། ད་རུང་གསར་མོ་ཚེ་སྐྱིད་ཀྱི་མི་ཚད་ནས་རྐྱང་རྐྱང་རེག་གི ཚེ་སྐྱིད་ཚང་གི་ཚར་འདབས་ནས་ཡར་ལ་གཅིག་འཛུལ་རྒྱུ་ན་ཡང་། འོ་ད་་་་་་་་་ ཀླུ་སྨྱོན་དང་ཟ་ལེ་རྒྱ་གཉིས་ཀའི་སྔོན་ལ་ཤོར་འགྱོ་ནོ་ཁོ་ཐག་ཡིན་ནི་རེད།
ཧ་ཧ་་་་་་་ཟ་ལེ་རྒྱལ་དང་་་ཨ་ལག་ཚང་གཉིས་ཀའི་སྔོན་ལ་ཤོར་སོང་དུས་ད་མ་འགྲིག་ནི་རེད་ལགས་་་་་་་དི་མོ་འགྱོ་མོ་ཟིག་ཡིན་དུས་་་་་ཚེ་སྐྱིད་ཕར་ཞོར་་་་་ཞི་མོ་སྔོ་རྡོ་བདག་མེད་མ་ཞིག་ཡང་རེག་རྒྱུ་ཁག་སེ་ཡིན་ནི་རེད་ཡ།
ག་ལེར་་་་ག་ལེར་་་་དར་མོ་དར་མོ་་་་བྱས་ན་ད་་ཞི་མོ་ཆ་བོ་དགའ་ནི་རེད་ཡ་་་་་་་འོ་་མ་གཞི་ཁྱོད་ལ་ཁག་མེད་་་་་ཉམས་མྱོང་ཡོད་ནི་མ་རེད་་་་་་ལམ་སྟོན་རེ་གལ་ཆེ་ན་་་་་གྲྭ་ཕྲུག་ང་ལ་ཤོད་ར་གང་ཐུབ་ཐུབ་རོག་པ་ཡེད་ཀོ
བཀུར་འོས་དྲ་གྲོགས་རྔ་བ་ཚེ་སྐྱིད་ལགས།
དེ་རིང་ང་ཡང་བྲེལ་ཚུབ་ཆེ་བའི་ཉིན་ཞིག་ཡིན། ངའི་དྲ་གྲོགས་ཚེ་རིང་སྐྱིད་ནི་དཔྱོད་ཤེས་མཁན་པོའི་ཚ་མོ་ཡིན་པ་འདྲ། ངའི་ད་ལྟའི་གནས་ཡུལ་ནི་གུ་ཡངས་ཞིང་ཆབ་དཔལ་རིག་གསུམ་གྱིས་འཛམ་གླིང་ཡང་རྩེར་སླེབས་པས་རྒྱལ་ཁབ་ཞིག་ཏུ་རེད་དེ། ང་དང་ངའི་མི་རིགས་ཀྱི་མདུན་ལམ་ནི་ང་ལ་མཚོན་ན་ད་དུང་གུ་དོག་ཅིང་ཁ་ཕྱོགས་མེད་པའི་སྣང་ཚུལ་ཞིག་འདུག ལམ་གང་ན་ཡོད་ཀྱང་རུང་། མིའི་རིག་གནས་དང་ཐབས་ཚུལ་སྤོབས་པ་བཅས་ལ་བརྟེན་ནས་རང་རིགས་ལ་འོས་ཤིང་འཚམས་པའི་ལམ་ཞིག་ལ་འགྲོ་དགོས་ངེས་འདྲ། འོ་ཁོམ་མ་སོང་འགྲོ་རན་ཐ་་་་་་་་་་་་་་་་་མགྱོགས་པོ་མཇལ་ཡོང།
བཀུར་འོས་དྲ་གྲོགས་འཁྱམས་པ་ལགས།
སྤྱིར་བཏང་མི་རང་རང་ལ་བསམ་བློ་གཏོང་ཕྱོགས་མི་འདྲ་བ་ཡོད་པའི་དབང་གིས། བསམ་ཚུལ་འདྲ་མིན་ཡོང་ཆོག་པ་ཞིག་རེད་དེ། ཉིད་ཀྱིས་བཤད་ཕྱོགས་ལ་བསམ་ཡོང་སྐབས། དེ་ནི། ངོས་འཛིན་གྱི་ཆ་ནས་ཡིན་ན། དེ་ཞིག་མ་འགྲིགས་པའི་ཕྱོགས་ཀྱི་ཆེ་གི་འདོད། གང་གིས་ཟེར་ན། གང་ལྟར། གསར་བརྗེ་ཞིག་བྱ་ཐུབ་ན། དེའི་གྲུབ་འབྲས་སུ་གསར་གཏོད་ཀྱི་ཆ་ཞིག་ཡོད་ཡོད་པ་རེད། བྱས་ན། ང་དང་ཁྱེད་ཉིད་ཀྱིས་མཚོན་པའི་མི་རབས་འདི་བ་ཚང་གི་ཕྲག་ཏུ་འོས་བབ་ཆེན་པོ་ཞིག་ངང་ངམ་གྱིས་འཁྲི་འདུག་ན། ང་ཚོའི་ངོས་ནས་ཀྱང་གཟབ་ནན་གྱི་སྒོ་ནས་གསར་བརྗེ་ཞིག་བྱ་ཐབས་སུ་ནུས་པ་དང་རྣམ་རིག་ཅིག་འདོན་དགོས་པ་རེད་ལགས་སོ།།
བཀུར་འོས་དྲ་གྲོགས་རྩེ་སྐར་ལགས།
ཡིན་རྒྱུ་རེད། གད་སྙིགས་ལྟ་བུའི་སྐད་ཆ་དང་ལྟ་རིན་མེད་པའི་སྣང་ཚུལ་འདི་ཕྲག་དོག་དང་དམའ་འབེབས་ཁོ་ན་བྱེད་སྟངས་ཤིག་ལས་གཞན་ཅི་ཡང་མ་རེད་བསམ་གི། གང་གིས་ཡིན་ནམ་ཟེར་ན། འགན་འཁུར་མེད་ན། དཔྱད་པ་མ་བཏང་ན། ཐབས་ལམ་མེད་ན། ད་དུང་། རང་ཉིད་ལས་གཞན་ཞིག་མི་མཐོང་མཁན། རང་མཐོང་ལས་གཞན་བརྩི་མེད་མཁན། རང་རློམ་ལས་གཞན་གྱི་ཁྱད་ཆོས་མི་རྟོགས་མཁན་ཞིག་གི་ངོས་ནས་བལྟས་ན། འདི་འདྲ་ཡིན་ན་ཐང་། འོན་ཏང་། བུ་མོ་ངས་ད་ལྟའི་བར་དུ། བསམ་གཞིགས་དང་དཔྱད་ཞིབ་ཀྱི་སྒོ་ནས་ངོས་འཛིན་གང་ཐོབ་ཁག་དེ་མ་གསང་མ་སྤས་པར་བྲིས་པ་དང་བཤད་པ་གང་ཡིན་རུང་། དངོས་ཡོད་ཀྱི་དགོས་མཁོ་ཞིག་དང་དུས་གཏུགས་ཀྱིས་བསླངས་པའི་ཚད་གཞི་ཞིག་གི་སྒོ་ནས་འཆད་རྩོམ་བྱས་པ་ཡིན་པ་དེའོ།། ཕྱོགས་འཐེན་གྱི་འདུ་ཤེས་ཤིག་དང་དོན་མེད་ཀྱི་རྣམ་འགྱུར་ཞིག་གི་ཆེད་དུ། རྩ་བ་ནས་མིན་ལ་དེ་ལྟར་ཡིན་པ་ནི། ངས་བཤད་ཟིན་པའི་ཕྱོགས་སུ་སོང་ནས་ཅིག་ལྟོས་དང་གསལ་རྟོགས་ཐུབ་རྒྱུ་རེད་དེ། ངས་དེ་ལྟ་དེ་ལྟར་ཡོང་བའི་རེ་བ་ཅི་ཡང་འཇོག་གི་མེད། དེའི་རྒྱུ་མཚན་ཡང་། ནམ་ཡིན་ཡང་། ཕྱོགས་གཅིག་དང་ཟུར་ངོས་ཤིག་ལས་མི་མཐོང་བའི་རིགས་དེ། ག་དུས་འགྱུར་བ་འགྲོ་རྒྱུ་མེད་པར་ཕྱོགས་ལྷུང་ཅན་དུ་ཆགས་ཚར་བ་རེད་ལ། མཇུག་འབྲས་ཀྱང་དེ་ཙམ་ཞིག་ལས་ཡོང་མི་སྲིད་དོ།། གང་ལྟར། དེ་རིང་གི་གོ་སྐབས་འདི་དམ་དུ་བཟུང་ནས་ཉིད་ལ་དྲི་བ་ཁ་ཤས་འདྲི་ན་འདོད་བྱུང་།
༡༽ བོད་མི་རིགས་ཀྱི་ལྗིད་ཁོག་དེ་ཕྱོགས་གང་གི་ངོས་ནས་འཇོག་གི་ཡོད་དམ།
༢༽ བོད་མི་རིགས་དེ་ཕྱོགས་ཡོངས་ནས་ལྗིད་ཁོག་ཅན་དུ་འགྱུར་ཡོད་དམ།
༣༽ བདེན་པ་རེད། ང་ཚོ་ཐུན་མོང་ལ་དབང་བའི་《ཁ་བརྡ་》དྲ་ཚིགས་འདི་དོན་སྙིང་ཅན་དང་ཁ་ཕྱོགས་ཅན་དུ་བསྒྱུར་དགོས་པ་ནི། ཁྱེད་དང་ང་ལྟ་བུའི་མཆན་འདེབས་པ་དང་ཟིན་བྲིས་པ་ཚང་མའི་འགན་ཞིག་རེད་དེ། ཉིད་ཀྱི་བཤད་ཕྱོགས་ལ་བལྟས་ཡོང་ན། བརྒྱུད་ལམ་དམིགས་བསལ་བ་ཞིག་བསྟན་འདུག་པ་གང་ཡིན་ནམ།
༤༽ ཨོ་རེད། གུས་བརྩི་དང་གུ་ཡངས་ཀྱི་བསམ་བློ་ཡོད་མཁན་ཞིག་གི་ངོས་ནས། མིའི་རིགས་སུ་གྱུར་པ་དེ་ཨ་ཅང་ཅང་། དེ་མིན་དུད་འགྲོ་སེམས་ཅན་ཡིན་རུང་། རང་རང་དང་འཚམ་པའི་འབོད་སྟངས་དང་བརྗོད་སྟངས་ཤིག་ལོས་ཡོད་དེ། དེ་རིང་ཁྱེད་ཀྱིས། བུ་མོ་ངས་བཤད་པ་རྣམས་ནི། གུས་བརྩི་དང་བསམ་ཤེས་ལྟ་ཅི། ཐ་ན། ངའི་སྐད་ཆ་དེ་ཡང་སྐད་ཆ་ཞིག་གི་ངོ་བོའི་ཚད་ལ་མ་བཞག་པར་གད་སྙིགས་ཤིག་གི་ངོ་བོར་བསྒྱུར་དགོས་པའི་རྒྱུ་མཚན་ཤེས་མ་སོང་བས་ན། དེའི་རྒྱབ་ལྗོངས།
༥༽ སེམས་བདེ་མོ་བྱོས། གལ་སྲིད་ངས་བཤད་བཤད་པོ་གད་སྙིགས་ཤིག་གི་ཚད་ལས་མེད་ན། དེར་སྟངས་འཛིན་བྱེད་མཁན་གྱི་རྩོམ་སྒྲིག་པ་དང་དྲ་བདག་ཡོད་པ་རེད་ལ། མ་ཟད་དྲ་ཚིགས་འདིར་མཉམ་ཞུགས་གནང་བའི་ཤེས་ལྡན་པ་གང་མང་ཞིག་ཡོད་པས་ན། དེ་ལྟར་དངོས་གནས་ཡིན་ན་ནི། ཁོང་ཚོ་ཡིན་རུང་ཁྱེད་ལྟ་བུ་ཞིག་འགྱུར་རྒྱུ་རེད་མོད། འོན་ཀྱང་། དེ་ལྟར་མ་ཡིན་པའི་རྒྱུ་མཚན་གང་།
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་BBCལགས།
དེ་རིང་འདི་རུ་ཕེབས་པར་དགའ་བསུ་ཞུ། ཨོ་རེད། ཉིད་ཀྱིས་བུ་མོ་ང་ཐང་ཆད་པ་དང་ཉོབ་སྣང་ཆགས་ཡོད་ཚུལ་བཤད་པ་འདི། གཅིག་ནས་བདེན་པོ་འདྲ་འདུག གང་ཡིན་ཟེར་ན། ངའི་ལྟ་ཚུལ་འདི་འཐུས་སྒོ་ཚང་བ་ཞིག་དང་རྒྱབ་ལྗོངས་ལྡན་པ་ཞིག་གི་ཕྱོགས་སུ་འགྲོ་ན་བསམས་ཏེ། འདང་རེ་བརྒྱབས་བརྒྱབས་ནས་ངོས་འཛིན་དང་ཐབས་ཚུལ་གང་ཞིག་རྙེད་ན་དྲན་ན་དགའ་བས་བཟི་འགྲོ་བའི་སྐབས་གང་མང་ཡོད་དེ། ངའི་ལངས་ཕྱོགས་ཀྱི་ལྡོག་ཟླར་ལངས་ནས་རྣོ་ངར་ལྡན་ཞིང་བློ་རྒྱ་བསྐྱེད་པའི་དགོངས་ཚུལ་འགོད་མཁན་ཧ་ཅང་ཉུང་བའི་ཚད་ཅིག་རེད། ཡང་ཕྱོགས་གཉིས་ནས་ད་དུང་མུ་མཐུད་ནས་བུ་མོ་ངའི་རང་གི་ལྟ་ཚུལ་དང་ལངས་ཕྱོགས་འདི་སྔར་ལས་སྤྱི་ཚོགས་ཁྱོན་ཡོངས་སུ་བསྒྲགས་ན་འདོད་ཀི། དེས་ན། རིགས་སྒོ་དང་གནས་ལུགས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་འཚོལ་སྙེག་བྱེད་དགོས་པ་ཞིག་རེད་ལ། མ་ཟད་བཟོད་སེམས་དང་གུ་ཡངས་ཀྱི་ལམ་ནས་མདུན་ནས་མདུན་དུ་ཐོན་དགོས་པའི་གནས་བབ་ཅིག་ལྟ་བུ་རེད། གང་ལྟར། གལ་གནད་ལ་ཐུག་དུས། ང་རང་ལ་དབང་བའི་བློ་རིག་དང་སྙིང་སྟོབས་ཤིག་མཆེད་ཀྱིན་པ་འདིའང་ཚོད་བགོམ་དང་བློས་བཏང་བྱ་རྒྱུ་ཡིན་ལགས་ན། གཏན་ནས་ཐང་ཆད་རྒྱུ་མིན་ལ་ཉོབ་སྣང་དང་མི་དགའ་བའང་དེ་བས་ཀྱང་འགྱུར་གི་མ་རེད་དོ།།
ཚེ་སྐྱིད་ལགས།
ཞབས་བརྟན་པ་ལ་མི་དགའ་དོན་སྤྱི་ཚོགས་དཀྱིལ་གྱི་སྣང་ཚུལ་ཞིག་སེམས་ངོར་བླངས་ནས་འགོག་གི་ཡོད་ན་དམིགས་བསལ་ང་ལའང་དགག་བྱ་མེད། ཡིན་ཡང་། ཞབས་བརྟན་པ་དངོས་ཀྱི་བྱེད་ནུས་དང་མིའི་དགོས་མཁོའི་རང་བཞིན་གཉིས་ལྷན་དུ་རྩ་གཏོར་བྱེད་པའི་ཚོར་སྣང་ཞིག་གིས་འདུག་བཅུག་གི་མེད་ན། དེ་ལ་རིན་ཐང་མཐོང་མི་ཐུབ་ཀི
ད་དུང་། ཞལ་འདོན་ལ་མི་དགའ་ཚུལ་ཞིག་ཀྱང་བཤད་འདུག དེ་ནི་ལོ་ཆུང་བ་དང་སློབ་ཕྲུག་གི་བསམ་བློའི་འཁོར་ཕྱོགས་ལས་ཤོར་བའི་བབ་ཅོལ་རང་རེད། ཞལ་འདོན་ལ་མི་དགའ་ཟེར་བ་འདིས་མཐར་ཐུག་ན་བསམ་བློ་ལ་གོམས་གཤིས་དང་སྦྱང་བརྡར་སྤྲད་དེ་ཆོས་ཉིད་སྟོང་བའི་རང་བཞིན་གྱིས་དྲངས་པའི་བྱམས་སྙིང་རྗེ་བྱང་སེམས་ལ་བློ་སྦྱོང་བར་མི་དགའ་བར་མཐོང་ནས། མི་དགོས་ཚུལ་བརྗོད་པ་དང་ཁྱད་པར་མི་འདུག
ཡིན་ཡང་། བུད་མེད་ཁྱེད་ཚོ་རེ་གཉིས་ལས་མེད་པས་མུ་མཐུད་འབྲི་རྩལ་སྦྱོང་བ་རྒྱུན་འཁྱོངས་ཡོང་བའི་རེ་བ་དང་དགའ་བསུ་ཡོད།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཌྷཌྷཱཱཿགཞོན་ཿཔའི་སྙིང་སྟོབས་ཡོད་ན།།
ཿནཿུས་ཤུགས་མཆེད་སྟངས་ངར་བས།།
ཿཟླ་ཿབའི་གོ་ལར་ཐོན་སོང་།།
ཿམེད་ཿཔ་ཡོད་པར་བསྒྱུར་རོ།།
ཿགཞོན་ཿཔའི་རྣམ་དཔྱོད་བསྒྲིམས་ན།།
ཿནུཿས་པ་ཆེ་བའི་གསར་གཏོད།།
ཿཟླ་ཿབྲལ་མངོན་གསལ་འཇོག་དུས།།
ཿམེད་ཿམུག་ཉུང་བར་འགྱུར་རོ།།
ཿམེད་ཿམུག་མང་པོའི་ཁྲོད་ནས།།
ཿཟླ་ཿབར་འཛེགས་རྒྱུ་མ་བྱུང་།།
ཿནཿུས་སྟོབས་ཆེ་བའི་ཁ་ཕྱོགས།།
ཿགཞོན་ཿཔས་ད་དུང་མ་རྟོགས།།
ཿམེད་ཿཔ་ཡོད་པར་བསྒྱུར་ན།།
ཿཟླ་ཿབྲལ་ཐབས་གསར་མང་བས།།
ཿནུཿས་པའི་འབྱུང་རྩ་དེ་ཡང་།།
ཿགཞོན་ཿརབས་རྣམས་ལ་ཐུག་འདུག །
བཀུར་འོས་དྲ་གྲོགས་སྙན་ངག་པ་ཀླུ་སྨྱོན་དང་རྩམ་དགའ་གཉིས་ལགས།
སྤྱིར་བཏང་ཕེབས་ནས་མཆན་བུ་རེ་བཏབས་པ་དེ་བུ་མོ་ང་དགའ་དགོས་པ་ལོས་ཡིན་དེེ། ངས་ཟུར་དུ་འདོན་བཞིན་པའི་ལྟ་ཕྱོགས་ཀྱི་སྒང་ལ་ཕྱོགས་སྟོན་རེ་གནང་རྒྱུར་སྐུལ་བ་ཡིན་ལགས། གང་ལགས་ཞེ་ན། བུ་མོ་ང་ནི། ད་དུང་ལོ་ན་ཆུང་ཞིང་མཐོང་རྒྱ་ཞན་པས་ན། ད་དུང་། འཕོ་འགྱུར་མང་པོ་ཞིག་ཤེས་ཀྱི་ཡོད་པ་མ་རེད། བྱས་ན། མཁྱེན་ལྡན་ཁྱེད་དང་ཁྱེད་རྣམ་པའི་ངོས་ནས་ཀྱང་བུ་མོ་ང་ལ་བསམ་ཤེས་ཀྱི་སྒོ་ནས་དགོངས་འཆར་ལྷུག་པོ་རེ་གནང་སྐྱོང་ཡོང་བར་ཞུ་རྒྱུ་ཡིན་ལགས།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
རེད་ཡ། དངོས་གནས་ཡིན་རྒྱུ་རེད། ད་སྐབས། ང་ཚོའི་མི་རིགས་དང་རིག་གནས་ཀྱི་མདུན་ལམ་དེ་ནི། ཆེས་གུ་དོག་པའི་འཕྲང་ལམ་ཞིག་ན་བསྐྱོད་བཞིན་པ་དང་ཨ་ན་མ་ན་རེད། སྤྱིར་ན། གང་ཡང་རུང་བའི་གྲུབ་འབྲས་ཤིག་ལ་མཚོན་ན། རྒྱ་ཆུང་ཞིང་ནག་ནོག་གི་དྲི་མ་ཅན་ཞིག་ཡིན་རུང་། དེར་བཅོས་རྒྱུ་ཡོད་པ་ཞིག་རེད་དེ། སྐབས་འདིར། གྲུབ་དོན་ཞིག་གིས་མ་ཚད་པའི་དེའི་བྱ་ཐབས་ཀྱང་བག་ཁུམ་དང་རྙིང་ཞེན་གྱི་ཕྱོགས་སུ་སོང་ནས། ཅི་ཡིན་འདི་ཡིན་མེད་པའི་རིག་གནས་ཤིག་གི་རྣམ་འགྱུར་ཙམ་ཞིག་བཙན་གཅུན་གྱིས་བཟུང་ནས། ད་དུང་རང་རློམ་ཁེངས་སེམས་ཀྱི་དབྱིངས་སུ་ཐིམ་སོང་བ་རེད། དེའི་མཇུག་འབྲས་སུ། ད་ལྟ་བའི་འགྲོ་ལམ་དོག་མོ་འདི་དང་མ་འོངས་པའི་འཁོར་ལམ་ཙམ་ཡང་མ་རྙེད་པའི་ཚད་དུ་ལྷུང་བཅུགས་པ་རེད། དེ་འདྲ་ཡིན་དུས། ད་ལྟ་ནས་ལམ་ཞིག་འདོན་དགོས་པ་དང་། དེ་ཡང་གཙོ་བོར་འབྱུང་འགྱུར་གྱི་ཕྱོགས་སུ་མཆེད་ཀི་འཇུག་དགོས་པ་དེ་ལས་ཀྱང་འགངས་ཆེ་བ་ཞིག་རེད་སྙམ་གི།
འོ་ད་ཡིན་ན་རྔ་བ་ཚེ་སྐྱིད་ནས་ང་ལ་མཁའ་འགྲོའི་བརྡ་ཡིག་བྲིས་འདུག ངེད་གཉིས་ཀས་དྲ་ལམ་ན་འཐབ་མོ་བྱེད་བཞིན་ཡོད་ན་ཡང་། མཁའ་འགྲོའི་བརྡ་ཡིག་འདི་ལ་བལྟས་ན། ངེད་གཉིས་མཁའ་ལམ་གཅིག་ན་རྒྱུ་བཞིན་པ་ཁོ་ཐག་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
༡ བོད་མི་རིགས་ཀྱི་དཔྱོད་ཤེས་དང་ལག་ལེན་རྣལ་མ་དེ་སུ་ཞིག་གིས་འཕྲོག་སོང་བ་རེད་དམ།
༢ བོད་མིའི་སྒལ་ཚུགས་སུ་ཞིག་གིས་བཅོམས་བཞག་པ་རེད་དམ།
༣ ཇི་ལྟར་བྱས་ནས་བོད་པ་ཚང་གི་སྐྱབས་བཅོལ་གཞན་རྟེན་གྱི་འདུ་ཤེས་དེ་རྫོགས་ཚིག་འབྲི་ཐུབ་ཀི་རེད་དམ།
༤ ཆོས་ལུགས་དང་འབྲེལ་བའི་རིག་གནས་རྐྱང་རྐྱང་གིས་ང་ཚོའི་མི་རིགས་ཀྱི་ངོ་གདོང་ངོ་མ་དེ་སྟོན་ཐུབ་བམ།
༥ ག་འདྲ་བྱས་ནས་བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཆ་དེ་བསྐྱུར་ནས། རྒྱུན་སྐྱོང་བ་དང་ཤུལ་འཛིན་པ་ཙམ་ཞིག་འགྱུར་སོང་བ་རེད་དམ།
༦ ག་དུས་ཤིག་ལ་འཚོ་བ་དངོས་ཀྱི་རིག་གནས་དེ་ང་ཚོའི་ངོས་ནས་བོར་བརླགས་བྱུང་བ་རེད་དམ།
༧ ད་ལྟའི་ང་ཚོའི་མི་རིགས་ཀྱི་ཉམས་ཉེས་དང་ཉེན་ཁ་དེ་སུ་ཞིག་གིས་བསྐྲུན་པ་རེད་དམ།
༨ ཆོས་ལུགས་དང་མ་འབྲེལ་ན་ང་ཚོའི་མི་རིགས་ཀྱི་སྟོབས་ཤུགས་ཡོད་ཚད་ཚར་སོང་བ་ཨེ་རེད།
༩ ས་རྡོའི་གཟུགས་རིས་དེ། ང་ཚོའི་མི་རིགས་དང་རིག་གནས་ཀྱི་མཚོན་དོན་ངོ་མ་འགྱུར་ཐབས་ཨེ་ཡོད་དམ།
༡༠ དོགས་སློང་དང་ཚོད་ལྟ་རྣམས་ནི། ངེས་པར་དུ། དག་སྣང་དང་བཏང་སྙོམ་གྱི་དཀྱིལ་དུ་འཇོག་དགོས་པ་རེད་དམ།
ཚེ་སྐྱིད་ལགས།
ངས་ཁྱེད་ལ་ཞབས་བརྟན་པ་ཟེར་དོན་གཙོ་བོ། ནུབ་བྱང་གི་བར་སྐབས་ཤིག་གི་སློབ་ཕྲུག་ཚོས་གཞུང་ལུགས་དང་ལྟ་གྲུབ་ཀྱི་རྨང་གཞི་གསལ་བོ་མེད་པའི་ཚོར་སྣང་གིས་གཅིག་བསྒྲགས་འདུག་པ་ཞིག་ཡོད་པ་དེ་ཁྱེད་ཀྱིས་རྡ་ས་ན་ད་ལྟ་ཡང་སྐྱོར་བཞིན་ཡོད་པའི་སྣང་བ་ཞིག་སྟེར་སོང་བས་དེ་ལྟར་བྲིས་པ་ཡིན་།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
སྤྱི་ཚོགས་གང་ཞིག་ཡིན་རུང་ཕུན་སུམ་ཚོགས་པ་རྐྱང་རྐྱང་གིས་གྲུབ་པ་ཞིག་མིན་པ་སྨོས་མ་དགོས་ལ། ད་དུང་གདོང་གཏུགས་སྣ་ཚོགས་བརྒྱུད་དེ་འགྲོ་དགོས་པ་ནི་ཆོས་ཉིད་ཅིག་ཏུ་གྱུར་ཡོད་སྟབས། ང་ཚོའི་སྤྱི་ཚོགས་ཀྱང་དེའི་རང་བཞིན་ལས་མ་འདས་པས་དམིགས་བསལ་གྱི་སྐྱོན་གནད་ཅང་མ་མཐོང་ཡང་། ཡང་སྙིང་མ་འགྲིག་པ་མང་པོ་བགྲངས་འདུག་པ་ལས་ཁ་ཞེ་རྒྱབ་འགལ་དུ་མ་སོང་བར་རང་ཉིད་ནས་འགོ་བརྩམས་ཏེ་མི་འགྲིག་པའི་ཕྱོགས་དེ་ལེགས་བཅོས་བྱེད་པ་ནི་རྩ་བའི་གནད་དོན་དུ་གྱུར་ཡོད། རྙིང་དོར་གསར་བསྒྱུར་གྱི་བསམ་བློ་ཁོ་ནར་གནས་པ་ཞིག་སྤྱིར་བཏང་ནས་ཡོང་དཀའ་བ་མ་ཟད། དགོ་མཁོའང་མེད་པ་ཞིག་རེད། ལྷག་པར་དུ་རྒྱུན་འཛིན་མེད་པའི་གསར་གཏོད་ཅིག་འགྲུབ་ཐབས་མེད་པ་ནི་དངོས་ཡོད་འཚོ་བའི་ཁྲོད་ན་གསལ་གསལ་ཐིངས་ཐིངས་དུ་གྱུར་ཡོད། དེའི་ཕྱིར་ཨ་མདོའི་ཁ་དཔེ་ལྟར་ཐང་གི་རྡོ་ལེན་ས་ནས་རུམ་གི་གྲོ་མ་བོར་བ་བྱེད་རྒྱུ་གལ་ཆེ་བ་ལས་གཉེན་ཁ་འདི་ང་ཚོར་འབྱུང་ཚབས་ཆེ་བར་བསམས།
བཀུར་འོས་དྲ་གྲོགས་ལས་རླུང་ལགས།
ཁྱད་མཚར་རྐྱང་རྐྱང་བཤད་ཕྱོགས་ལ་བལྟས་ཡོང་དུས། ཁྱེད་ཉིད་ཞབས་བརྟན་པ་ངོ་མ་ཞིག་གི་རྣམ་འགྱུར་བཟུང་འདུག་ན། ངས་ཀྱང་དེ་མཚུངས་ཀྱི་སྒོ་ནས་དྲི་བ་རེ་འགའ་འདོན་འདོད་བྱུང་སོང་།
༡༽ བོད་མི་རིགས་ལ་མཚོན་ན། ཞབས་བརྟན་པ་ཟེར་བའི་ཆེས་མང་པོ་མང་པོ་ཞིག་ཡོད་ཀྱང་རུང་། དོན་དངོས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ཞབས་ཤིག་བརྟན་ཨེ་ཡོད། ཡོད་ན། ད་ལྟའི་ཁ་སྟབས་སྐྱོ་བོ་འདི་འདྲའི་གནས་སུ་བསྐྱལ་དགོས་དོན་ཅི། མེད་ན། ཞབས་བརྟན་པ་ཟེར་བ་དེ་ད་དུང་མཐོང་དང་ཆ་འཇོག་བྱེད་དགོས་པའི་རྒྱུ་མཚན་གང་ཡིན།
༢༽ ཞབས་བརྟན་པ་ཟེར་བ་དེ་ལ་ནུས་པ་ཞིག་ཡོད་ན་ནི། དེ་གསལ་བོ་ཞིག་འགྲེལ་དང་ཅིག་བལྟ་རྒྱུ་ཡིན། ཡང་མིན་ན། ཞབས་བརྟན་པ་ཟེར་བ་དེ་ཉིད་ཀྱིས་བསྙད་པ་ལྟར་བོད་མིར་དགོས་མཁོ་ཞིག་ཡོད་ཚུལ་ཇི་ལྟར་ཡིན་ནམ།
༣༽ བདེན་པ་ཡིན། བུ་མོ་ང་ཞལ་འདོན་ཞེས་པའི་ཚིག་དེ་མི་དགའ་བ་མ་ཟད། ཞལ་འདོན་གྱི་རྒྱུན་སྲོལ་ལ་དེ་བས་ཀྱང་མོས་པ་མེད། སྤྱིར་ཡིན་ན། འདིའི་རྒྱུ་མཚན་གོང་ཞིག་ནས་བཤད་ཟིན་པ་ཡིན་རུང་། ད་རུང་ཇེ་གསལ་དུ་གཏོང་རྒྱུར་འབད་རྒྱུ་ཡིན། ཞལ་ནས་ཅི་འདྲའི་གྲངས་མང་ཞིག་བཏོན་ཀྱང་རུང་། དོན་དངོས་ཀྱི་འབབ་རྒྱུ་ནི་ཚིག་རིས་ཙམ་དུ་ཟད། གཞན་ཡང་། ཚིག་རིས་དེའང་ཁ་བྱང་འགྲོ་བ་ལས་གནད་ལ་ཐུག་དུས། ལག་ལེན་གྱི་སྒོ་ནས་དེའི་དོན་བསྟར་མཁན་ཆེས་ཤིན་ཏུ་ཉུང་ཉུང་ཡིན་པ་མཐོང་གསལ་རེད། གང་ལྟར། ཞལ་ནས་བཏོན་བཏོན་པ་དེ་ཞལ་ནས་བཏོན་པའི་སྒྲ་ཙམ་ལས་དོན་དངོས་ཀྱི་ལག་ལེན་གྱི་གྲུབ་འབྲས་མ་རེད་འདོད་ཀི། དེ་འདྲ་ཡིན་དུས། ངེས་པར་དུ་བོད་མི་རིགས་དེ་བསྐྱར་ཟློས་ཡང་ཟློས་ཀྱི་ཞལ་འདོན་གྱིས་སྲུང་སྐྱོབ་བྱེད་ནུས་ཀྱི་རེད་དམ།
༤༽ འཛམ་གླིང་འདིའི་ཐོག་ན་བྱམས་བརྩེ་ཁོ་ནའི་དབྱིངས་སུ་ཐིམ་པ་བོད་མི་རིགས་གཅིག་པོ་རེད་དམ། ཡིན་ན། དངོས་གནས་རིན་ཐང་ཡོད་ཀི། མིན་ན། སྟོང་བཤད་སྟོང་ལབ་རྒྱག་རྒྱུའི་མཚམས་ཤིག་དགོས་རྒྱུ་རེད་བསམ་གི།
༥༽ སྙིང་ཉིད་ཟེར་བ་དེ་འཆད་ཀྱིན་རྩོད་ཀྱིན་བོད་མི་རིགས་སྟོང་བར་འགྱུར་ཉེན་ཆེ་ཀི་ཡ། མ་ཟད། གཞུང་ལུགས་རྙིང་ཁོག་རྐྱང་རྐྱང་གི་གསེབ་ཏུ་ཚུད་ནས་ཚིག་རིས་དང་སྟོང་འདང་གིས་ཟད་ཅིང་རྫོགས་པར་ཉེ་རུང་། ད་དུང་མུ་ནས་མུར་ཨུ་ཚུགས་དང་མཁྲེགས་འཛིན་གྱིས་འགྲོ་རྒྱུ་ཡིན་ནམ།
༦༽ ངས་བལྟས་ཡོང་ན། ནུབ་བྱང་སློབ་གླིང་ནས་མི་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་རྙེད་པས་མ་ཚད། བག་འཁུམས་ཀྱི་འཆང་རྒྱ་དང་རང་རློམ་གྱི་སྣང་ཚུལ་འདི་ཡང་གཏོར་བཞིན་པའི་རྣམ་འགྱུར་ཆེན་པོ་ཞིག་སྟོན་གྱིན་པ་འདི་ནི་གནས་སྟངས་དགའ་འོས་པ་ཞིག་ཡིན་ཡང་། ཉིད་ཀྱི་ངོས་འཛིན་དང་གདེང་འཇོག་ནི། དེ་འདྲ་ཞིག་ལས་མེད་ན། འདང་རྒྱག་ཕྱོགས་དེ་ཡང་ཕྱོགས་གཅིག་གི་ནང་དུ་ལྷུང་ཚར་བ་ལྟ་བུ་ཞིག་མ་རེད་དམ།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
སྔ་དྲགས་སོང་ཞིག ང་ཚོའི་མི་རིགས་འདི་མཁའ་ནས་ད་རུང་བགྲོད་མ་ཐུབ་ཀྱང་། ས་རང་ནས་རང་གི་རྐང་པ་ཞིག་ས་ལ་འཛུགས་ཐུབ་སོང་ན། གཞི་ནས། མཁའ་དབྱིངས་སུ་འཕུར་ཆོག་གི་རེད་ལ། རྒྱ་མཚོའི་འོག་ཏུའང་འཛུལ་ཆོག་གི་རེད་དེ། ད་ལྟ་ང་ཚོའི་མི་རིགས་སྐྱོང་མཁན་རྣམས་ཀྱིས་རང་ས་རང་ཡུལ་ནོར་ལྗོངས་འདྲ་བོ་བླངས་ཏེ། རང་སའི་ཐོག་ཏུ་འདུག་སྟངས་དང་འགྲོ་ཕྱོགས་སོགས་ཀྱིས་མཚོན་པའི་ཁ་ཕྱོགས་གསར་བ་ཞིག་བསྐྲུན་དགོས་པར་མཐོང་མ་གཏོགས། སྔར་བཞིན་སྟོང་བསམ་ཟབ་ཀྱང་འབབ་རྒྱུ་མེད་པ། ཁ་ཡོད་ཡིན་ཡང་ལག་མེད་ཡིན་པའི་གནས་ཚུལ་དངོས་དེ་བསྒྱུར་མ་ཐུབ་ན། སྟོང་བསམ་གྱི་སྒོ་མོ་ཇེ་ཡངས་སུ་བཏང་བ་དང་ཇི་མ་ཇི་བཞིན་པ་རེད་ཨང་།
བཀུར་འོས་དྲ་གྲོགས་སྦྲ་ནག་ལགས།
སྤྱིར་ན། ཉིད་ཀྱི་དགོངས་ཚུལ་དེ་དྲ་གྲོགས་རྒྱང་འཁྱམས་པ་ལ་དམིགས་པ་ཞིག་རེད་དེ། དོན་གྱི་བུ་མོ་ངའི་ལྟ་ཚུལ་འདོན་ཕྱོགས་དང་སྒྲུབ་ཕྱོགས་ལ་འབྲེལ་བ་ཆེན་པོ་འདུག་སྟབས། བུ་མོ་ངའི་ངོས་ནས་ཀྱང་ལན་སྟབས་བདེ་ཞིག་འབྲི་བར་འབད་རྒྱུ་ཡིན་ལགས། རྒྱུ་མཚན་ནི། 《རྒྱུན་འཛིན་མེད་པའི་གསར་གཏོད་ཅིག་འགྲུབ་ཐབས་མེད་པ་ནི་དངོས་ཡོད་འཚོ་བའི་ཁྲོད་ན་གསལ་གསལ་ཐིངས་ཐིངས་དུ་གྱུར་ཡོད་》ཅེས་པ་ལས་བསྒྲུབ་བྱེད་ཚད་མ་ཞིག་བཀོད་མི་འདུག ལྷག་པར་དུ། 《ཐང་གི་རྡོ་ལེན་ས་ནས་རུམ་གྱི་གྲོ་བོར་འགྲོ་》ཞེས་གཏམ་དཔེ་ལྟ་བུ་ཞིག་ཀྱང་བཀོད་ཀྱང་རུང་། འདི་འདྲའི་བསམ་སྟངས་དང་དྲན་སྟངས་ནི། བོད་ཀྱི་མིག་ཁོ་ན་ཞིག་གི་ལྟ་ཕྱོགས་ཤིག་དང་བོད་ཀྱི་སེམས་ཁོ་ན་ཞིག་གི་དྲན་ཚུལ་ཙམ་ཡིན་རྒྱུ་རེད་མ་གཏོགས། གསར་གཏོད་ཅེས་པ་ཚིག་ཁོ་རང་གི་ངོས་ནས་རྒྱུན་འཛིན་ལ་འབྲེལ་བ་མེད་པ་གསལ་བོ་གསལ་རྐྱང་བསྟན་མི་འདུག་གམ། གལ་སྲིད། རྒྱུན་འཛིན་གྱི་སྲོག་ཤིང་བྱས་ནས་གསར་བའི་ཆ་ལྟ་བུ་ཞིག་ཐོན་རྒྱུའི་དབང་དུ་བཏང་རུང་། དེ་ནི། ལམ་དང་ལུགས་སྲོལ་གྱི་ངོ་བོ་ཙམ་དང་རྒྱུན་ལྡན་གྱི་གནས་ཚུལ་ཙམ་ལས་གསར་བརྗེ་གསར་གཏོད་ཀྱི་ཚད་གཞིར་འཇོག་གི་མ་རེད་འདོད་ཀི། དེའི་ཕྱིར་ན། དུས་བབ་དང་འཚམ་ཞིང་དགོས་ངེས་ཅན་གྱི་བྱ་བཞག་ཅིག་རྩོམ་སྐབས། བློས་བཏང་ཞིག་ནི་ངེས་པར་དུ་དགོས་པ་རེད། ད་དུང་། རང་གི་རུམ་གྱི་གྲོ་དེས་རང་ཉིད་ལ་འགྲོ་ལམ་ཞིག་དང་བློ་ཡིད་ཚིམས་ཤིང་དུས་ཀྱི་དགོས་དགོས་ལྟ་བུའི་ལྟོ་ཞིག་འགྲེང་གི་ཡོད་ན་ནི། ཕལ་ཆེར་འགྲིགས་པའི་བཟོ་ཞིག་རེད་མོད། འོན་ཀྱང་དེ་ཡང་། ཁ་སང་དེ་རིང་གི་གནས་བབ་ཀྱི་ཐོག་ནས་བསམས་ཤིང་རུང་། སྟོང་ཆ་ཆེན་པོ་ཞིག་དང་བར་ཁྱད་ཆེན་པོ་ཞིག་ཤོར་ཡོད་པ་དེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ས་རིས་ཐང་གསལ་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་ངའི་ལྟ་ཚུལ་འདིའི་རྒྱབ་ལྗོངས་ཇེ་མཐུག་ཏུ་གཏོང་ན་འདོད་ཀི། བྱས་དུས། རང་གཞན་མི་རིགས་དག་གི་གསར་བརྗེ་བྱེད་སྟངས་འགའ་ཞིག་ཕུལ་རྒྱུ་ལགས་ན། མཁྱེན་ལྡན་རིགས་མཐུན་དྲ་གྲོགས་རྣམ་པའི་ཐུགས་གཞིགས་དང་དགོངས་འཆར་རེ་འདོན་པར་ཞུ།
ནུབ་ཕྱོགས་རྒྱལ་ཁབ་དག་གི་གསར་བརྗེ་བྱས་པའི་བརྒྱུད་རིམ་ནི། དང་པོ་ཕ་རན་སུ་ནས་རྒྱལ་བོའི་ལམ་ལུགས་ལ་ངོ་རྒོལ་བྱས་ཏེ་གསར་བརྗེ་བྱས་པ་ཞིག་རེད་ལ། དེས་ཤུགས་རྐྱེན་གྱིས་འཇར་མན་གྱིས་བཟོ་ལས་གསར་བརྗེ་ཡང་སྟབས་བསྟུན་གྱི་སྒོ་ནས་བྱས་པ་རེད། དེ་ནས། ཨང་ལེན་གྱི་གཅིག་སྡུད་ལམ་ལ་མཐའ་གཅིག་ཏུ་རྒོལ་རྡུང་བཏང་སྟེ་གསར་བརྗེ་བྱས་པ་ཞིག་ཀྱང་རེད། དེ་དག་ལ་བརྟེན་ནས་ཨེ་ཤ་ཡའི་ནང་ནས་ཨུ་རུ་སུའི་བཟོ་ལས་ཐོན་སྐྱེད་ཆེན་མོའི་གསར་བརྗེ་ཆེན་པོ་ཞིག་བྱས་པ་མ་ཟད། གསར་གཏོད་ཀྱི་མཁན་པོ་ཟེར་ན་འདྲ། ཡང་ན། གསར་བརྗེ་ཡི་སྣེ་ཁྲིད་མཁན་པོ་མ་ཁེ་སུ་དང་ཨུན་ཁེ་སུ་སོགས་མང་པོ་ཞིག་བྱུང་བ་རེད། གཞི་ནས་རྒྱ་ནག་རྒྱལ་ཡོངས་སུ་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་ལྕགས་ཕག་ལོའི་གསར་བརྗེ་དང་། མང་གཙོའི་གསར་བརྗེ། རིག་གནས་གསར་བརྗེ་སོགས་མང་པོ་ཞིག་བྱུང་བ་རེད། དེ་ནས། གསར་བརྗེ་ཡི་མེ་ལྕེ་ཆུང་ངུ་ཞིག་བོད་མི་རིགས་ཀྱི་ཕྱོགས་སུ་འབའ་བ་ཕུན་དབང་སོགས་ཀྱིས་སྣེ་འདྲེན་བྱས་ཀྱང་། གསར་བརྗེ་ངོ་མ་ཞིག་གི་ཚད་གཞི་ལ་ཅི་ཡང་ཆགས་མེད་ཀི། དེའི་རྒྱུ་མཚན་ཡང་མང་པོ་ཞིག་ཡོད་པའི་ནང་ནས།
གཅིག་ནས་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱིས་བསྐྱེད་པའི་བག་ཆགས་གཏིང་ཟབ་ཅིག་ཡོད་པ་དེ་བློས་བཏང་མ་ཐུབ་པ་དང་། ལྷག་པར་དུ། ཆོས་ལུགས་ཁ་ནས་འཁྱེར་ནས་སྒེར་གཅོད་ལ་གོམས་པ་རྣམས་ཀྱི་ཁེ་ཕན་གནོད་སྐྱོན་ཐེབས་ཀི་ཡོད་པ་དང་།
གཉིས་ནས་ཆབ་སྲིད་ཉི་ཚེ་བའི་ལམ་ལུགས་ཤིག་དང་དེས་བསླངས་པའི་སྒེར་སྡོམ་ལམ་ལུགས་ཀྱི་འགྲོ་ཕྱོགས་ལ་གནོད་སྐྱོན་ཐེབས་ཀི་ཡོད་པ། མ་ཟད། ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ཆབ་སྲིད་ཀྱི་ཐོག་ཏུ་མ་བཞག་པར་ཆོས་སྲིད་མཉམ་བསྲེས་བྱས་པས་ལན་པ།
གསུམ་ནས་གྲལ་རིམ་ཆེན་པོའི་དཔོན་གཡོགས་ལམ་ལུགས་ཤིག་གཏོར་མ་ནུས་པ་དང་སྤྱི་མཐུན་རྒྱུ་ནོར་དེ་གང་ཟག་གཅིག་གི་ཁེ་བཟང་ཁོ་ནའི་ཆེད་དུ་བཀོལ་བཞིན་པ་དེ་བསྒྱུར་མ་ཐུབ་པ་སོགས་ཀྱིས་རྐྱེན་པས་སྐབས་དེའི་གསར་བརྗེ་དེ་གསར་བརྗེའི་ངོ་བོར་མ་གྱུར་བ་རེད། ད་དུང་། སྐབས་དེའི་སྤྱི་ཚོགས་དེ་གཉའ་གནོན་དང་བཤུ་བཞོག་ཐེབས་པའི་མི་དམངས་ཀྱི་ངོས་ནས་བློས་བཏང་དང་གཅིག་སྒྲིལ་གྱི་སྟོབས་ཤུགས་ཤིག་ལ་སྤུངས་མ་ཐུབ་པས་ཀྱང་རེད།
སྙིང་གི་ཚི་ལུ་དང་། གསར་རྙིང་བརྗེ་བ་ཟེར་བའི་སྐད་དེར་རྫོགས་ཚིག་བྲིས་ན་འབྲི་རན་འདུག་པ་མ་ཟད་། སྐབས་བབས་མ་འོངས་པའི་བཀའ་ཁྲི་དང་། སྤྱི་འཐུས་བསྐོར་གླེང་ན་བཟང་སྙམ།
སྤོབས་སེམས་ལྡན་པའི་ངའི་རྟོག་བཏགས་ཀྱི་བུ་མོ་ཚེ་རིང་སྐྱིད། དེ་རིང་བརྩེ་དུང་གི་དུས་ཆེན་ནམ། ཝེ་ལེན་ཊིན་གྱི་ཉིན་མོ་འདིར་ངས་རྟོག་བཏགས་ཀྱི་བུ་མོ་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག སྐར་ཆ་ཁ་ཤས་ཞིག་གི་གོ་སྐབས་བེད་སྤྱད་དེ། མདོར་བསྡུས་ཙམ་ཞུས་ན། མཁས་པ་དགེ་ཆོས་ཀྱིས། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་ གསར་བ་ཐམས་ཅད་བདུད་ཀྱི་སྲོལ་ ཞེས་པའི་ཐམས་ཅད་ཞེས་པ་ལ་གོ་བ་ཞིག་བླང་སྟེ་མི་རིགས་ཀྱི་མདུན་ལམ་ལ་ལྟ་དགོས་པ་ལས། རྙིང་པ་སྲོལ་རྒྱུན་ཆོས་ལུགས་དང་བཅས་པ་གད་སྙིགས་ཏུ་འཕང་ནས་ལྟ་བ་གསར་བ་ཞིག་སྤྱོད་པ་གསར་བ་ཞིག་འཚོ་བ་གསར་བ་ཞིག་ཐོག་བབས་ཀྱིས་ཚུལ་དུ་ཡོང་ཐུབ་པ་ཞིག་མ་རེད་འདོད་ཀི སྔོན་མ་ཞོགས་དུང་ཞོགས་ལྗང་སོགས་ཀྱིས་འདོད་ཚུལ་འམ་ལངས་ཕྱོགས་ལྟར་ན་བོད་མི་རིགས་སྤྱི་ཡོངས་ཀྱི་བསམ་བློའི་ལྡོག་ཕྱོགས་ཆགས་པས་རྐྱེན་གྱིས་ནུས་པ་ཆེར་མ་ཐོན་པ་རེད། ཉིད་ཀྱིས་མདུན་ལམ་གསར་བ་ལ་དགོས་འདུན་མང་པོ་བཏོན་པ་ལྟར། ཐབས་ཤེས་དང་བློ་རྒྱ་ཆེན་པོ་ཞིག་མེད་པར་གང་ཡིན་ཚད་ལྡོག་ཕྱོགས་སུ་དྲངས་ན་ལྷག་པར་དུ་ད་ལྟའི་དུས་སྐབས་འདིར་ནུས་པ་ཐོན་གྱི་མ་རེད་ལགས། གསར་གཏོད་ཀྱི་ལམ་ཁ་སྙེག་མཁན་ལ་ལྟ་བ་བརྟན་པོ་བློ་རྒྱ་ཆེན་པོ་མི་མང་ལ་བསྟུན་ཤེས་ཀྱི་སྒོ་ནས་རང་གི་ལྟ་བ་གསལ་སྟོན་བྱེད་དགོས་པ་ལས་མི་མང་གི་བསམ་བློའི་ལྡོག་ཕྱོགས་ཁོ་ན་བྱེད་པ་ནི་ཐབས་ཤེས་ཀྱིས་མ་འདངས་པ་རེད། ད་དུང་ད་ལྟའི་དུས་སྐབས་འདིར་སྟོབས་ཆེན་རྒྱལ་ཁབ་མང་པོས་སྲོལ་རྒྱུན་རིག་གནས་དངོས་རྫས་དང་བཅས་པ་སྲུང་སྐྱོབ་དང་ཞིབ་འཇུག སླར་གསོ་དང་རྒྱུད་འཛིན་བྱེད་བཞིན་པས་དུས་ཞིག་ཁེལ་ཡོད་པ་རེད། ད་དུང་ང་ཚོ་བོད་མི་སྤྱི་ཡོངས་ཀྱི་ཡིག་རྨོངས་ཙམ་ཡང་སེལ་ཐུབ་མེད་པའི་སྐབས་འདིར། གསར་བརྗེ་བྱེད་པར་ཆེས་མེད་དུ་མི་རུང་བ་ཡིག་རྨོངས་སེལ་ཐབས་བྱེད་རྒྱུ་དེ་རེད་འདོད་ཀི ཡིག་རྨོངས་སེལ་ཐབས་བྱ་རྒྱུ་ནི་བོད་མི་རིགས་ལ་མཚོན་ན་གསར་བརྗེ་བྱེད་པར་ཆེའི་གལ་ཆེ་བའི་མ་ལག་ཞིག་རེད་སྙམ། བུ་མོ་ལགས། གང་ལྟར་འདོར་ལེན་ཡག་པོ་བྱེད་ཤེས་རྒྱུ་གལ་ཆེན་པོ་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
འདིར་བཤད་པའི་བོད་སྐད་དུ་གསར་བརྗེ་ཞེས་པའི་ཐ་སྙད་འདི་ཐོག་མར་རྒྱ་ནག་ནས་ཚུར་དར་ཞིང་འགྱུར་གཞི་ནི་དབྱིན་སྐད་དུ་revolutoinཞེས་པ་འདི་རང་ཡིན་ནམ་སྙམ། སྐད་རིགས་མང་ཆེ་བའི་ནང་ཐ་སྙད་འདི་ཆབ་སྲིད་ཀྱི་བརྡ་ཆད་ཅིག་ཏུ་ངེས་གཏན་ཁེལ་ཡོད་ལ། སྤྱིར་ཆབ་སྲིད་ནི་རྒྱ་ཆེ་བ་ཞིག་ཡིན་ཀྱང་ཚིག་འདི་གཞུང་གིས་འཛིན་སྐྱོང་བྱེད་སྟངས་ཀྱི་ལམ་ལུགས་ཤིག་ལ་སྤྱོད་སྒོ་ཆེ་བར་གྱུར་ཡོད་སྟབས། བོད་མིའི་གཞི་རིམ་མང་ཚོགས་ཀྱི་རིག་གནས་སྣང་ཚུལ་འདི་ད་དུང་ཅུང་གུ་དོག་པས་ཁོང་ཚོའི་བསམ་ངོར་ལམ་ལུགས་འདི་རྒྱ་ནག་གིས་བྱེད་སྟངས་ལྟར་རྙིང་པ་ཐམས་ཅད་རྩ་གཏོར་བྱེད་པའི་བྱ་ཐབས་སྡིག་ཏོ་ཅན་ཞིག་ཏུ་ངོས་འཛིན་བྱེད་མིི་སྲིད་པ་མིན་ཕྱིར། སྤྱིར་ན་རིག་གནས་སྣང་ཚུར་མང་པོ་ཞིག་ལ་བཟང་ངན་གྱི་དབྱེ་བ་ཞེ་དྲག་འབྱེད་དུ་མེད་པས། ཁོང་ཚོའི་བསམ་ཕྱོགས་ལ་དོ་ཕོག་འབྱུང་དུ་མི་འཇུག་པ་འདིའང་ང་ཚོའི་ལས་དོན་གང་བསྒྲུབས་ཀྱང་ལེགས་འགྲུབ་ཡོང་བའི་གཞི་རྩ་ལྟ་བུར་གྱུར་ཡོད། དེ་ཕྱིར་༸རྒྱལ་མཆོག་དམ་པས་ལམ་སྟོན་ཟབ་མོའི་བཀའ་དྲིན་ལ་བརྟེན་མང་ཚོགས་ཀྱི་སེམས་ཁམས་ལ་གནོད་སྐྱོན་དང་རྙོག་གླེང་ཁྱོན་ནས་བྱུང་མ་དགོས་པར་མང་གཙོའི་ལམ་ལུགས་ལ་འཕོ་འགྱུར་ཟིན་པ་ནི་འཛམ་གླིང་ནང་གཟི་བརྗིད་ལྡན་པའི་དཔེ་མཚོན་ཞིག་ཏུ་ངོམ་ཆོག དེས་ན་ཐ་སྙད་འདིའི་དོན་བོད་སྐད་དུ་ཁྱབ་རྒྱ་ཧ་ཅང་ཆེ་པས་ང་ཚོས་ཕྱོགས་གཅིག་ཁོ་ན་མི་འཛིན་པར་ཕྱོགས་ཡོངས་ནས་བསམ་བློ་གཞིགས་བྱེད་གལ་ཆེ་བར་སྙམས། དེས་ན། ད་སྐབས་གླེང་གཞི་གལ་ཆེན་ཞིག་ཡོད་པ་ནི་བགྲེས་ཡོལ་གྱི་གནད་དོན་འདི་ཡིན་པས་དེའི་སྐོར་ནས་གླེང་སློང་བྱས་ན་ཕན་མི་ཆེ་འམ།
རེད་དེ་དྲ་གྲོགས་སྦྲ་ནག་ལགས་༼སྤྱི་ཚོགས་གང་ཞིག་ཡིན་རུང་ཕུན་སུམ་ཚོགས་པ་རྐྱང་རྐྱང་གིས་གྲུབ་པ་ཞིག་མིན་པ་སྨོས་མ་དགོས༽པ་དང༼ད་དུང་གདོང་གཏུགས་སྣ་ཚོགས་བརྒྱུད་དེ་འགྲོ་དགོས་པ༽ཡང་བདེན་པ་རེད། ང་ཚོ་ལ་ལམ་སྟོན་ཞིག་གི་འོག་ཏུ་ད་དུང་ཤར་མར་བགྲོད་མ་ཐུབ་པས་ལན་བུ་སྟེ་མཐར་དེད་ན་གདོང་གཏུགས་སྣ་ཚོགས་ཤིག་རྒྱག་མ་ཐུབ་པར་ངན་གཡོལ་བྱེད་པ་མང་དྲགས་པས་ཡིན་པར་སྣང་། བདག་གིས་ང་ཚོ་ལ་གསར་བརྗེ་ལས་གསར་གཏོད་མི་མཁོ་བ་གོང་ནས་བསྙད་ཟིན་པ་ཡིན་ལ། ངས་གསར་བརྗེ་མཁོ་བ་བསྙད་དོན་ཡང་། ང་ཚོའི་གཤིས་སུ་གྲུབ་པའི་ཡུལ་སྲོལ་གོམས་གཤིས་སོགས་ཆ་ཚང་བསྒྱུར་དགོས་པ་བཤད་ཀྱི་མེད། ཡིན་ན་ཡང་། དགེ་མཚན་གཅིག་གིས་སྐྱོན་རྣམས་འགེབས་བསྲུངས་བྱས་ན་མཇུག་འབྲས་ཇི་ལྟར་ཡོང་རྒྱུ་རེད་དམ། ད་རུང་ང་ཚོའི་ཕུགས་བསམ་བརྟན་པོ་དང་རང་ཚུགས་དྲང་པོ་ཞིག་རྙེད་མེད་པ་མཐོང་ལམ་དུ་ཆགས་ཡོད་པ་མ་རེད་དམ། ཀྱེ་ཀྱེ་གྲོགས་པོ ། ང་ཚོའི་རུམ་ནང་གི་གྲོ་དེས་འཛམ་གླིང་གི་མི་བུའི་ལྟོ་བ་འགྲང་མ་ཐུབ་ཀྱང་རང་ཉིད་ཀྱི་ལྟོ་བ་ཅི་ལ་འགྲང་མ་ཐུབ་པ་རེད་དམ། ང་ཚོ་ལ་འཛམ་གླིང་ཡང་རྩེར་བསྒྲེང་ཆོག་པའི་རིག་གཞུང་ཞིག་མཆིས་ན་རྗེས་ལུས་ལ་ཇི་ལྟར་ཐེབས་པ་རེད་དམ། ང་ཚོས་སྙིགས་དོར་བཅུད་ལེན་མ་ཐུབ་ན་འཕེལ་རྒྱས་ཀྱི་ལམ་བུ་ལ་ཇི་ལྟར་བགྲོད་ཐུབ་པ་རེད་དམ།
དྲ་གྲོགས་ཚོ་བུ་མོ་འདིའི་ལོ་རྒྱས་ཤེས་ཡོད་་་་་ཁོ་མོ་ཉིས་སྟོང་དགུ་ལོར་ནུབ་བྱང་སློབ་ཆེན་ནས་ཐོན་ཞིང་་་་ཟི་ལང་འདྲེ་དགུའི་བྱིན་གྱིས་རླབས་ཤིང་་་མ་ཟད་བདུད་ལྷ་རྒྱལ་གྱི་ཉེས་བའི་ཐུགས་སྲས་་་་ལྗང་གཞོན་སོགས་ཀྱི་་འཐབ་གྲོགས་སྐད་གྲགས་ཡོད་ནི་ཞིག་རེད་ཟེར །
བཀུར་འོས་དྲ་གྲོགས་འོད་ཡུག་པའི་འཁྱམས་པོ་ལགས།
སྤྱིར་བཏང་ཡིན་ན། ལན་ཞིག་འབྲི་བར་དགོས་པ་མིན་འདུག་མོད། འོན་ཏང་། ག་དུས་ཡིན་རུང་འགན་ལེན་གྱི་བསམ་བློ་དེ་ཡང་དྲང་ཐད་དུ་མེད་མཁན་ཚོས། རང་དང་རང་གི་ཉེ་འཁོར་དེ་མགོ་བསྐོར་གཏོང་བའི་གནས་ཚུལ་མང་པོ་ཡོད་པ་དེ་མཚམས་འཇོག་རྒྱུ་བརྗེད་ཡོད་རྒྱུ་རེད་ལ། དེའི་རྐྱེན་པས། ང་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་དེའང་དེང་སང་གི་གནས་སུ་འདི་རུ་བསྐྱལ་བ་རེད། ད་དུང་ཡིན་རུང་། དགག་སྒྲུབ་རྩོད་གླེང་གི་སྒོ་ནས་འདི་ཚོའི་རིགས་དེ་གཙང་སེལ་མ་ཐུབ་པ་ཡིན་ན། ང་ཚོའི་མི་རིགས་དང་རིག་གནས་ཀྱི་ཁ་ཕྱོགས་ཅི་ཡིན་འདི་ཡིན་མེད་པའི་གནས་སུ་བསྐྱལ་ཁོ་ཐག་རེད། དེས་ན། ད་ནས་བཟུང་། ཁྱེད་རང་གི་ངོས་ནས་བུ་མོ་ངའི་ལྟ་ཚུལ་གྱི་ཕྱོགས་ལ་བསམ་འཆར་དང་རྩོད་སྤངས་བྱ་རྒྱུ་མེད་ན། འདི་རུ་འཚང་ཁ་མ་རྒྱགས་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། བུ་མོ་ངས་བློས་བཏང་དང་བསམ་གཞིགས་གང་ཐུབ་ཅི་ནུས་ཀྱིས་རང་གི་ཤེས་རྟོགས་དང་ལག་ལེན་གྱིས་འདང་ཚད་ཀྱི་ཐོག་ནས་བཀུར་འོས་དྲ་གྲོགས་རྣམ་པའི་སྤྱན་ལམ་དུ་བསྟར་བཞིན་པ་ཡིན་མོད། ཁ་ཤས་ཀྱིས་བུ་མོ་ངའི་ལངས་ཕྱོགས་དང་ལྟ་ཚུལ་འདིའི་ནུས་ཤུགས་ཆེ་རུ་འགྲོ་ཉེན་དང་ཁ་ཕྱོགས་ཡོད་པ་ཅན་དུ་འགྱུར་རྒྱུའི་དོགས་སློང་སྐྱེས་ནས། ནམ་རྒྱུན་དུ། ཟུར་ཟ་དང་འབྲེལ་མེད་རྐྱང་རྐྱང་གིས་བཀང་ཡོང་གི་འདུག་ན། འདི་ནི། ཕྱོགས་གཅིག་ནས་བསམ་ན། འགན་ལེན་དང་དོན་སྙིང་ཅི་ཡང་མེད་པའི་བསམ་སྤྱོད་ཅིག་གི་རྣམ་འགྱུར་ཡིན་རྒྱུ་རེད་ལ། ཕྱོགས་གཞན་ཞིག་ནས། འདི་ཚོའི་རིགས་དེ་མུ་མཐུད་ནས་སྣང་མེད་དུ་བསྐྱུར་བཞག་པ་ཡིན་ན། ངན་གོམས་ཀྱི་དབྱིངས་སུ་ལྷུང་ནས། མིག་གཅིག་དང་བསམ་སྟངས་གཅིག།སྤྱོད་ལམ་གཅིག་གི་སྒོ་ནས་འགྲོ་འདོད་དང་ཀུན་སློང་སྐྱེན་པོ་དེའི་དབང་གིས། གཞན་གྱི་ཡོན་ཏན་དང་ཁྱད་ཆོས་སོགས་རྟོགས་ཀྱང་སྤས་སྐོང་བྱས། མ་རྟོགས་ཀྱང་ཤེས་ཚུལ་གྱི་སྒོ་ནས་གླེང་གཞི་ངན་པ་བཟོ་བ་ནི་འདི་ཚོའི་རིགས་ཀྱི་གོམས་གཤིས་དང་སྤྱོད་ལམ་གྱི་ཚད་གཞིར་ལྟ་བུར་ཆགས་འདུག གང་ལྟར།
༡ བུ་མོ་ངའི་ལྟ་ཚུལ་དེ་ག་རེ་བྱས་ནས་རྫོགས་ཚིག་འབྲི་དགོས་པ་རེད་དམ།
༢ དངོས་གནས་བྱས་ན། གསར་བརྗེ་དང་གསར་གཏོད་ཀྱི་བྱེད་རན་འདུག་ཀྱང་། ཉིད་ཀྱིས་དགོངས་ཚུལ་ཡིན་ན། ད་དུང་སྲོལ་རྒྱུན་དང་ལམ་ལུགས་རྙིང་བའི་འདང་གི་ཡོད་པའི་རྣམ་འགྱུར་ཞིག་བསྟན་འདུག་ན། དེའི་རྒྱུ་མཚན་ཅི།
༣ བུ་མོ་ངའི་ལྟ་ཚུལ་འདི། ང་ལ་དབང་བ་ཞིག་རེད་དམ། ཡང་ན། ཁྱེད་ཀྱིས་ཐག་བཅད་བཞག་ན་ཆོག་པ་ཞིག་རེད་དམ།
༤ བློ་གཟུ་བོར་གནས་ནས་རྩོད་གླེང་བྱེད་འདུན་ཡོད་ན། ཁ་སང་ཁེ་ཉིན་བུ་མོ་ངས་བཞག་པའི་དྲིས་ལན་གནད་ལ་འཁེལ་བ་གཅིག་ཀྱང་མེད་པར། ག་དུས་ཡིན་རུང་། འབྲེལ་མེད་དོན་གཞན་རྐྱང་རྐྱང་གིས་བཀང་ཡོང་བའི་རྒྱུ་མཚན་ཤེས་མ་སོང་བས་ན། དེར་འགྲེལ་བཤད་ཅིག་ཡོད་ན་བཟང་གི།
༥ ཁ་སང་དེ་རིང་གི་དུས་སུ། རང་རིགས་ལ་ཞེན་པོ་དཀར་བོ་ཅན་དག་གིས་ཚ་ཚ་འུར་འུར་གྱིས་སྒོ་ནས། བཀའ་ཁྲི་དང་མི་མང་གི་འཐུས་མི་རྣམས་ཀྱི་སྐོར་ལ། འགན་ལེན་དང་དཔྱད་བསྡུར་གནད་ལ་སྨིན་ཞིང་དོན་སྙིང་ལྡན་པ་བྱས་དང་བྱེད་བཞིན་པའི་སྐབས་སུའང་། བུ་མོ་ངས་༼འོད་ཡུག་པའི་འཁྱམས་པོ་༽ཟེར་བ་ཞིག་གིས་འགན་ལེན་བྱས་པའི་རིམ་པ་ཅི་ཡང་མཐོང་མ་སོང་། རིག་མ་སོང་། དངོས་གནས་འགན་ལེན་རེ་བྱས་ཡོད་ན། གསལ་བཤད་ཅིག་གནང་ཨེ་ཐུབ་བམ།
བཀུར་འོས་དྲ་གྲོགས་ནོར་བུ་ལགས།
ཉིད་ཀྱིས་བུ་མོ་ངའི་སེམས་འདུན་དང་ལངས་ཕྱོགས་དེ་རྟོགས་པའི་བཟོ་ཞིག་འདུག་ན། དགའ་སོང་། གང་ཡིན་ཟེར་ན། བུ་མོ་ངའི་ངོས་ནས་སེམས་འདུན་ངོ་མ་དེ་ཡིན་རུང་། དེ་ལྟ་བུའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་ཞིང་སྒལ་ཚིགས་རྙེད་སྟངས་ཀྱི་གོ་རིམ་སོགས་བརྒྱུད་ཡོད་རྒྱུ་ན། བུ་མོ་ང་རང་ཡིན་རུང་འདི་འདྲའི་ཚད་ཅིག་དང་གནས་སྟངས་ཤིག་ལ་འགྱུར་གི་མ་རེད་བསམ་གི། ད་དུང་། བུ་མོ་ངའི་ཤེས་ཚད་ཀྱི་མཐའ་ཡངས་ཤིང་ལག་ལེན་གྱི་གྲུབ་འབྲས་མངོན་པར་གསལ་རན་ཞིག་ཡིན་རུང་། དེ་ལྟར་མ་བྱུང་བ་རེད་དེ། ཁོང་ཚོའི་ངོས་ནས་རིགས་ཀྱི་ཞེན་པ། རྟོགས་སད་ཀྱི་གོམ་རིམ། ཚད་མཐོའི་ངོས་འཛིན་སོགས་ལ་དུས་རྟག་ཏུ་འབད་པ་ལྷུར་ལེན་གྱི་སྒོ་ནས་དཔྱེ་ཞིབ་དང་ཅི་ནུས་ཀྱི་སྒོ་ནས་འདང་རྒྱག་གིན་པ་ནི། དངོས་ཡོད་གནས་ཚུལ་ཞིག་ཡིན་ལ། གདེང་ཚོད་ཀྱང་གང་འཚམ་ཞིག་ཡོད། གང་ལྟར། ཁ་སང་དེ་རིང་ཡིན་རུང་། ང་ནི་སློབ་མ་ཞིག་གི་ཚད་ལ་ཡོད། དེ་ཡང་། གང་ཐུབ་ཅི་ནུས་ཀྱིས་སྒོ་ནས་སྤྱི་ཚོགས་སློབ་དེབ་ལྟ་བུར་བཟུང་ནས་འགྲོ་གི་ཡོད་ལ། གཞི་ནས་དཔེ་ཀློག་དང་བསམ་ཚུལ་རེ་འབྲི་གིན་པ་ཡིན་ལགས། ཨ་གསར་ཧེབ་ལངས་ལྟ་བུ་མིན་ཞིང་ལྟ་གྲུབ་ཅན་གྱི་ཆེན་པོ་ཆེན་པོ་ཞིག་གི་མིང་ལ་རྔམ་འདོད་མིན་པར། དངོས་གནས་ཀྱི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ལ་དགོས་མཁོ་ཆེ་ཞིང་འགྱུར་བ་གཏོང་དགོས་པའི་རིགས་ཤིག་བཤད་ཐབས་དང་འབྲི་ཐབས་ལ་དམིགས་ཏེ། གསར་བརྗེ་གསར་གཏོད་དགོས་པའི་འབོད་སྒྲ་དང་གལ་ལ་ཐུག་དུས། བློས་བཏང་ཞིག་ཀྱང་སྦྱང་བརྡར་བྱེད་བཞིན་པའི་སྒང་ལྟ་བུ་ཡིན་ལགས།
བཀུར་འོས་དྲ་གྲོགས་དཀོན་མཆོག་ནོར་ལགས།
ཞེས་བཅོས་པ་ཡིན་ལགས། དུས་ཚོད་ཀྱི་བྲེལ་ཟིང་དང་འཚབ་འཚུབ་ཀྱི་བར་ནས་ཉིད་ཀྱི་མཚན་གྱི་ཕྱེད་ཀ་ལས་བཀོད་མི་འདུག་ན། དགོངས་འགལ་མེད་པར་ཞུའོ།།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
ཐོག་མར་ཁྱེད་ཀྱིས་རིན་ཐང་ཆེ་བའི་དུས་ཚོད་སྤྱད་ནས། འདིར་བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་འཚོལ་བཞིན་པའི་གླེང་སྟེགས་སུ་རྒྱུན་དུ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ད་རུང་། ཞོར་དུ་ཤིས་ཤིང་བདེ་བའི་རྟེན་འབྲེལ་ཞིག་ཀྱང་བགྱིས་འདུག་ན། དགའ་སྤྲོ་འཕེལ་སོང་། ད་དཀྱུས་སུ་ཞུགས་རྒྱུ་ཡིན་ལགས། ཉིད་ཀྱིས་ནི། བསམ་བློ་བ་དགེ་ཆོས་ལགས་ཀྱི་སྡོམ་ཚིག་ཅིག་དྲངས་ནས་ཉིད་ཀྱི་བསམ་ཚུལ་དེའི་རྒྱབ་ནོན་ལྟ་བུར་བཀོད་འདུག་རུང་། དོན་ལ་གནས་ཤིང་གོ་བ་བླངས་པ་དེ་ནི། ཁྱད་མཚར་བ་ཞིག་གི་ཕྱོགས་སུ་ལྷུང་འདུག་བསམ་གི། གང་གིས་ཟེར་ན། འདས་པ་མ་ཟད་ད་ལྟ་བ་ཡིན་རུང་བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་ཞིག་ལ་བསྒོམས་ཤིང་བརྩིས་ཏེ། དུས་རབས་དང་གནས་ལུགས་ལ་བདེན་ཁ་མ་བྱིན་པར་ཨུ་ཚུགས་མཁྲེགས་འཛིན་ཆེན་པོའི་ལམ་ལུགས་ལ་གོམས་ཤིང་འཇགས་པས། རྙིང་བའི་སྲོལ་དང་ལམ་ལུགས་ཚང་མ་དེ། བོད་མིའི་གཞི་རིམ་གྱི་འཚོ་བའི་རིག་གནས་ཤིག་ལ་མ་བསྒྱུར་བར་ད་ལྟའི་བར་དུ་འདི་མུར་བསྐྱོད་དང་སྐྱོད་བཞིན་པའི་གནས་སྟངས་གསལ་བོ་འདི་རེད། མ་ཟད། གསར་བ་གང་ཡིན་བདུད་ཀྱི་ཆོ་འཕྲུལ་དུ་བསམས་ཤིང་འཇིགས་སྣང་གི་དབང་གིས། གསར་བརྗེ་ཆེན་པོ་ཞིག་དང་གསར་གཏོད་ཀྱི་ཆ་མང་པོ་ཞིག་བསྐྲུན་མ་ཐུབ་པར་འདི་ལྟར་བོད་ཀྱི་དུས་ཚོད་དང་རིན་ཐང་གྲོན་པ་ཞིག་རེད། དེར་བརྟེན། ད་ཆ་ང་ཚོའི་མི་རིགས་ཉེན་ཁའི་གནས་སུ་ལྷུང་ཞིང་ཛ་དྲག་གི་གཡངས་སུ་བསྐྱལ་བ་རེད།
༡༽ ད་རུང་། སྲོལ་རྒྱུན་དང་ལམ་ལུགས་རྙིང་བའི་སྒོ་ནས་བསྐྱོད་པ་ཡིན་ན། བོད་མི་རིགས་ཡར་ཐོན་ཅན་དུ་འགྱུར་ཐུབ་ཀི་རེད་དམ།
༢༽ ལྟ་ཚུལ། སྤྱོད་སྟངས། འཚོ་བ། ལམ་གསར་བ་སོགས་ཡོང་ཐབས་མེད་སྟངས་བརྗོད་འདུག་ཀྱང་རུང་། དེ་ནི་ཆེས་གུ་དོག་པའི་ལྟ་ཕྱོགས་ཤིག་ཡིན་པ་ལས། དུས་ཚོད་འགྱུར་གིན་འགྱུར་གིན་ཐབས་སྒོ་གསར་བ་རེ་མ་སྤྱད་རང་སྤྱད་ཆགས་བཞིན་པའི་གནས་སྟངས་འདི་རེད། དེས་ན། དེ་དག་གང་འདྲ་བྱས་རུང་མཐའ་གཅིག་ཏུ་ཡོང་ཐབས་མ་ཡོད་པ་རེད་དམ།
༣༽ ཇི་ལྟར་འགྲེལ་ཡང་གཞིགས་ཀྱང་རུང་། བློ་འབྱེད་པ་སྐུ་ཞབས་ཞོགས་དུང་གི་འབོད་སྒྲ་དང་ལག་ལེན་ལ་བརྟེན་ནས། བོད་མི་རིགས་གཉིད་སད་རན་པའི་ཚད་དུ་སྐྱེལ་མ་བྱས་པ་ལྟ་བུ་རེད་ལ། ལྷག་པར་དུ། ཉིས་སྟོང་བརྒྱད་ཀྱི་ལོ་ལའང་བོད་རྒྱའི་གནས་སྟངས་འདི་གནམ་དང་སའི་གོ་འབྱེད་པ་མ་རེད་དམ། འདི་ནི་སྐུ་ཞབས་ཁོང་གི་ནུས་ཤུགས་སུ་ཞིག་གིས་མ་རེད་ཟེར་སྤོབས་སམ།
༤༽ སྤྱིར་བཏང་ཡིན་ན། སྟབས་བསྟུན་བྱེད་དགོས་པ་དེ་དམིགས་ཡུལ་ཞིག་འགྲུབ་ཆེད་དུ་ཕན་ཡོན་ཆེ་ན་ཐང་མོད། འོན་ཀྱང་། ད་སྐབས། ང་ཚོའི་མི་རིགས་ཀྱི་ཕན་ཆ་མེད་པའི་ལམ་ལུགས་རྙིང་བ་དང་དགོས་མཁོ་མེད་པའི་སྲོལ་རྒྱུན་ལ་ཇི་ལྟར་བསྟུན་ཐབས་བྱས་ན། དེ་ཙམ་གྱིས། ང་ཚོའི་ད་ལྟ་དང་མ་འོངས་པའི་མདུན་བསྐྱོད་ལ་གནོད་ཤུགས་ཐེབས་ཀྱི་མ་རེད་དམ། ཅིའི་ཕྱིར་ཞེ་ན། ད་ལྟའི་བར་དུ། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་གཅེས་སྤྲས་བྱས་པའི་ལམ་ལུགས་དང་སྲོལ་རྒྱུན་མང་པོ་ཞིག་ཡོད་པ་དེས། མདུན་བསྐྱོད་ཀྱི་བཀག་རྡོ་དང་རྗེས་ལུས་ཀྱི་རྐྱེན་རྩར་ཆགས་ཡོད་པས་སོ།།
༥༽ འགྲིགས་ཀི་རེད། གཞན་གྱིས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཀི་ཡོད་ན། ང་ཚོའི་ངོས་ནས་ངེས་པར་དུ་དེ་ལྟ་བུ་ཞིག་བྱེད་དགོས་པ་ཞིག་རེད་དམ། ཨོ་རེད། གལ་སྲིད། ཉིད་ཀྱིས་བསྙད་པ་ལྟར། ང་ཚོའི་མི་རིགས་ཀྱིས་རྒྱུན་འཛིན་དང་གཅེས་སྲུང་ག་རེ་ག་རེ་བྱེད་དགོས་པ་རྣམས་དཔེར་མཚོན་དང་ལྡན་པའི་གསལ་བོ་ཞིག་བཟོ་ན་འགྲིགས་ཀི་ཨེ་རེད།
བཀུར་འོས་དྲ་གྲོགས་སྦྲ་ནག་ལགས།
ཐོག་མ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ལགས། གང་ཡིན་ཞེ་ན། གསར་བརྗེ་ཞེས་པའི་མིང་ཚིག་འདིའི་གོ་ཕྱོགས་དང་དོན་དག་བསྟན་ཕྱོགས་དེ་ཡང་གསལ་འགྲེལ་བྱས་འདུག་པ་དང་། ལྷག་པར་དུ། བོད་མི་རིགས་ཀྱི་ངོས་འཛིན་གུ་དོག་རང་བཞིན་ཅན་ཞིག་ཡོད་པ་དེའང་ཤུགས་ཀྱིས་བསྟན་འདུག་པས་སོ།། རེད་ལགས། ང་ཚོའི་ངོས་ནས་གསར་བརྗེ་དང་གསར་གཏོད་ཀྱི་ཐབས་བྱུས་འདོན་ཕྱོགས་ལ་དགོངས་ཚུལ་བཏོན་པ་དེ་དོན་ལ་གནས་པ་ཞིག་ཀྱང་རེད། མ་ཟད། ད་དུང་གསར་བརྗེ་ཟེར་བའི་ཐ་སྙད་འདིའི་གོ་བ་ལེན་ཕྱོགས་དེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་གོ་དོན་ཞིག་འཇོག་དགོས་ཚུལ་ཡང་ལམ་སྟོན་གནང་འདུག་ན། དངོས་གནས་ཞེ་བདེ་སོང་དགའ་སོང་། དེའི་ཕྱིར་ན། བུ་མོ་ངས་ཀྱང་མ་འོངས་པར་ཡིན་རུང་གསར་བརྗེ་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་དགག་ཕྱོགས་སྒྲུབ་ཕྱོགས་གང་ཡིན་པ་དེ་གསལ་རྟོགས་ཡོང་ཐབས་སུ་འབད་རྒྱུ་ཡིན་ལ། དེ་བཞིན། གསར་གཏོད་ཅེས་པའི་མིང་ཚིག་དེའང་ཞིབ་འཇུག་དང་རྒྱུས་ལོན་བྱེད་ཀི་ཡིན་ལགས། གང་ལྟར། མ་འོངས་པར་ཡིན་ན། སྐུ་ཉིད་ཀྱིས་དོན་ལ་སྨིན་པའི་དགོངས་ཚུལ་གང་ཐུབ་ཅི་ཐུབ་ཀྱིས་སྒོ་ནས་ལྷུག་སྩོལ་ཡོང་བར་ཞུའོ།།
བཀུར་འོས་རིགས་མཐུན་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་། བུ་མོ་ངའི་ལྟ་ཚུལ་རེ་ཤས་གསལ་འདེབས་དང་དྲན་སྐུལ་གྱི་ཚུལ་ད་ུའདོན་ན་འདོད་ཀི། དེས་ན། གཤམ་དུ་ཨང་རིམ་བཞིན་འགོད་རྒྱུ་ཡིན་ལགས།
༡༽ དོགས་སློང་དང་དཔྱོད་ཤེས་ཀྱི་སྒོ་མོ་ཇི་ལྟར་ཆེ་ཞིང་ཡངས་ན། དེ་ལྟར་ངོས་འཛིན་དང་ཐབས་བྱུས་དེ་ཡང་གཏིང་ཇེ་ཟབ་ཇེ་མཐུག་ཏུ་འགྲོ་རྒྱུ་མ་རེད་དམ།
༢༽ འགན་འཁྲི་དང་སྙིང་སྟོབས་ཀྱི་བློས་བཏང་ཇི་ལྟར་བླངས་ཤིང་དོན་ལ་གནས་ན། དེ་ལྟར་གྲུབ་འབྲས་དང་དགོས་དམིགས་དེ་ཡང་མངོན་པར་ཇེ་གསལ་ཇེ་ཆགས་སུ་འགྲོ་གི་མ་རེད་དམ།
༣༽ སྒེར་ཚུགས་དང་རང་རྟོན་གྱི་རྣམ་འགྱུར་ཇི་ལྟར་ཆེ་ཞིང་ཁྱད་ཆོས་ཡོད་ན། དེ་ལྟར་སྤྱི་ཡོངས་ཀྱི་སྒལ་ཚུགས་དང་འགྲོ་སྟངས་དེ་ཡང་ཁ་ཕྱོགས་ཇེ་ཆེ་ཇེ་ཡངས་སུ་འགྲོ་རྒྱུ་མ་རེད་དམ།
༤༽ དགག་སྒྲུབ་དང་རྩོད་གླེང་གི་གླེང་སྟེགས་ཇི་ལྟར་ཡངས་ཤིང་རྒྱ་ཆེ་ན། དེ་ལྟར་གུ་ཡངས་དང་མཐོང་རྟོགས་དེ་ཡང་ཕྱོགས་ཡོངས་ཅན་ཞིག་ཏུ་འགྲོ་རྒྱུ་མ་རེད་དམ།
༥༽ དུས་རབས་དང་གནས་ལུགས་ལ་ཇི་ལྟར་བདེན་ཁ་བྱིན་ཞིང་ཆ་འཇོག་ཆེ་རྒྱུ་ན། དེ་ལྟར་མདུན་ལྗོངས་ཡངས་ཤིང་ཡར་ཐོན་ཅན་གྱི་ལམ་དུ་བགྲོད་ཐུབ་པར་ཕན་རྒྱུ་མ་རེད་དམ།
ད་ལྟའི་བར་དུ་ངས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་སྙན་པོ་དང་ཡག་པོ་འབྲི་མཁན་སུ་ཞིག་མཐོང་རུང་། དེ་དག་ཚང་མ་བོད་ཀྱི་གྲྭ་ས་ནས་བསླཔ་པ་མཐར་སོན་པ་དང་། མཐར་མ་སོན་ཡང་གྲྭ་ས་ལོ་མང་འགྲིམས་པ་ཤ་སྟག་རེད་ཅེས་བསམས་པ་ལས། བོད་རིགས་མི་སྐྱས་བོད་ཀྱི་སྐད་ཡིག་གི་སྟེང་ནས་རྩོམ་ཡིག་སྙན་པོ་དང་ཡག་པོ་བྲིས་ཐུབ་ཀྱི་ཡོད་སྙམ་པའི་བསམ་བློ་སྐྱེས་མ་མྱོང་། འོན་ཀྱང་དེ་རིང་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས་ཀྱི་རྩོམ་ཡིག་དེ་དག་མཐོང་ཚེ། ཚེ་རིང་སྐྱིད་ནི་གྲྭ་ས་དག་ནས་སློབ་པ་མཐར་སོན་པ་ལྟ་ཅི། གྲྭ་སར་ཉིན་གཅིག་ཙམ་ཡང་བཞུགས་མྱོང་མེད་པ་ཤེས་ཀྱི་ཡོད་པས། བོད་ཡིག་གི་སྟེང་ནས་རྩོམ་ཡག་པོ་འབྲི་མཁན་གྲྭ་ས་འགྲིམས་པ་པོ་ཤ་སྟག་མིན་པ་ཡང་གཞི་ནས་ཤེས་སོང་། གྲྭ་ས་འགྲིམས་མྱོང་མེད་པའི་བོད་ཡིག་གི་རྩོམ་པ་པོ་ད་དུང་མང་པོ་ཡོད་དམ། ཡོད་ན་ང་ཚོ་བོད་རིགས་ཚང་མ་དགའ་འོས་པ་དང་ཡིད་སྨོན་འཆོར་འོས་པ་ཞིག་རེད་འདུག མཛངས་མ་ཚེ་རིང་སྐྱིད་ལགས་ཀྱིས་གཙོས་པའི་གྲྭ་ས་འགྲིམས་མྱོང་མེད་པའི་བོད་ཡིག་གི་སྙན་ངག་པ་རྣམས་ཀྱིས་ཀྱང་། གྲྭ་ས་མ་འགྲིམས་པར་བོད་ཀྱི་སྐད་ཡིག་སྦྱངས་ནས་བོད་ཡིག་གི་སྙན་ངག་པ་བྱེད་འདོད་ཡོད་མི་བདག་ལྟ་བུ་རྣམས་ལ། གྲྭ་ས་མ་འགྲིམས་པར་བོད་ཀྱི་སྐད་ཡིག་ཇི་ལྟར་སྦྱང་དགོས་ཚུལ་དང་། སྙན་རྩོམ་ཇི་ལྟར་འབྲི་དགོས་ཚུལ་སོགས་ཀྱི་བཀའ་སློབ་ལྷུག་རྩོལ་གནང་རོགས་ཞུ་གི་ཡིན། བཀའ་སློབ་བདུད་རྩིའི་ཐིགས་པ་ལ་བསྒུག་ནས་སྡོད་རྒྱུ་ཡིན་པས་ཅི་་ནས་གནང་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེ།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ང་ཚོས་དགེ་སྐྱོན་རྣམས་ངོས་ལེགས་པར་ཟིན་རྒྱུ་གལ་ཆེའང་། འདིའི་དབྱེ་འབྱེད་བྱེད་ཚུལ་ཡང་གཅིག་མཐུན་དུ་གྲུབ་པ་ཞིག་མེད་པས། རང་རང་གི་དགེ་མཚན་ཤེས་པའི་ཐོག་ནས་སྲུང་སྐྱོབ་བྱེད་པའང་གནད་འགག་ཅིག་མ་ཡིན་ནམ། དངོས་ཡོད་དང་འཚམས་པའི་ལམ་བུ་འདི་བརྒྱུད་དེ་དངོས་གནས་དྲང་གནས་ཀྱི་རང་ཉིད་ཀྱི་རིན་ཐང་རྟོགས་རྒྱུ་ན། ང་ཚོའི་གནས་ཚད་ཀྱང་ག་འདྲ་ཞིག་ཡིན་པ་ཧ་གོ་བ་མ་ཟད། ང་ཚོ་ངོ་གནོང་དགོས་པ་ཞིག་མ་ཡིན་པའང་ཤེས་རྒྱུ་རེད། རྗེས་ལུས་དང་ཡར་རྒྱས། སྙིགས་དོར་དང་བཅུད་ལེན་ཞེས་མང་པོ་མང་པོ་ཞིག་བཤད་བསྡད་པ་འདི་ཚོ་དྲང་མོ་བཤད་ན་ཚིག་རིས་ཙམ་ལས་ང་ཚོར་དབྱེ་འབྱེད་གསལ་བོ་ཞིག་མེད་པ་འདྲ།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ངས་འདི་ལྟར་བཤད་དགོས་དོན་ནི། ངས་ང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་བརྗེད་སོང་བ་མིན་མོད། འོན་ཀྱང་། དབྱེ་མཚམས་ཤིག་དགོས་པར་བཤད་ཀི་ཡོད། གང་གིས་ཟེར་ན། ང་ཚོའི་མི་རིགས་ཀྱིས་ད་ལྟའི་བར་དུ། མཉམ་བསྲེས་ཀྱི་ལམ་ལུགས་ཤིག་དང་མགོ་རྔ་མེད་པའི་སྲོལ་རྒྱུན་ཞིག་གིས་ཟིན་ནས། གར་འགྲོ་འདི་འགྲོ་མེད་པར་འདིར་མུར་ལུས་པ་ཞིག་རེད་ལ། མ་ཟད། རིག་གནས་རང་རང་གི་ཁྱད་ཆོས་དང་དགེ་མཚན་དེ་ཤེས་པ་ཡིན་ན། དེ་ལུགས་ཀྱིས་འགྲོ་སྟངས་ཤིག་དང་ངོས་འཛིན་ཞིག་ཡོང་རྒྱུ་རེད། དེ་ནས། ང་ཚོའི་གནས་ཚད་དང་ཁ་ཕྱོགས་དེ་ཡང་རང་ཤུགས་ཀྱིས་གསལ་བོ་ཡོང་རྒྱུ་རེད། དེར་བརྟེན། རིག་གནས་རང་རང་གི་ཁྱད་ཆོས་ཇེ་གསལ་ཇེ་ལེགས་སུ་འགྲོ་བར་ཕན་གྱི་རེད། གཞི་ནས། རིག་གནས་རང་རང་གི་ཁྱད་ནུས་ཉམས་ཞན་དུ་མི་འགྲོ་བར། གཟེགས་སུ་ཐོན་པའི་གྲུབ་འབྲས་ཤིག་དང་འགྲོ་ཕྱོགས་དེ་ཡང་ཁ་ཁ་སོ་སོ་ཆགས་ནས་འགྲོ་ལམ་ཡོད་པ་ཞིག་ཏུ་འགྱུར་གི་བསམ་པས་སོ།།
བཀུར་འོས་དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས།
འདིར། ཉིད་ཀྱིས་ཟིན་བྲིས་དེ་ང་ལ་བྲིས་པ་ཡིན་ནམ། ཡང་ན། གཞན་ཞིག་ལ་མཆན་བུ་བཏབས་པ་ཡིན་ཤེས་མ་སོང་བས་ན། གསལ་བཤད་ཅིག་ཡོད་པའི་སྐུལ་མ་ཞུ་རྒྱུ་ཡིན་ལགས། གང་ལགས་ཟེར་ན། ངའི་མིང་ལ་ཚེ་སྐྱིད་ལས་ཚེ་རིང་སྐྱིད་ཕལ་ཆེར་ཟེར་གི་མེད་པས་ན། རང་ཤུགས་ཀྱིས་འདྲི་དགོས་པ་ཞིག་སྐྱེས་སོང་། གང་ལྟར། ཉིད་ཀྱིས་བུ་མོ་ང་ལ་ཟིན་བྲིས་བཞག་པ་ཡིན་ན་ནི། རྗེས་ཕྱོགས་ངས་བསམ་ཚུལ་སྤེལ་རྒྱུ་ཡིན་ལགས། མིན་ན། ཅང་ཟེར་རྒྱུ་བཤད་རྒྱུ་མེད་ལགས་སོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེང་སང་། ག་རེ་བྱས་པ་ཡིན་ནམ། དགོངས་ཚུལ་དང་དགག་བཞག་གི་རྣམ་པ་དེ་ཅུང་གློད་དུ་འགྲོ་བཞིན་འདུག་བསམ་པས་ན། སེམས་འཚབ་སྐྱེས་ཡོང་གི། དེས་ན། ད་ནས་བཟུང་། བུ་མོ་ངས་ལྟ་ཚུལ་དང་ལངས་ཕྱོགས་དེ་དམར་རྗེན་དུ་བཤད་རྒྱུའི་མགོ་འཛུགས་གྲབ་ཡོད་ལགས་ན། སྐབས་དེར། རིགས་མཐུན་དྲ་གྲོགས་རྣམ་པའི་དགག་བཞག་གི་ཐབས་ཚུལ་ཆེན་པོ་བཟུང་ནས། ང་ཚོས་བརྗོད་གཞི་དེ་ཚ་ཚ་འུར་འུར་གྱི་སྒོ་ནས་འགྲོ་བར་སྐུལ་མ་བགྱིས་པ་ཡིན་ལགས། དང་པོར། བུ་མོ་ངས་བརྗོད་གཞི་འགྲེམས་སྟོན་བྱ་རྒྱུ་ཡིན་ལ། དེའི་དུས་སུ། བཀུར་འོས་དྲ་གྲོགས་རྣམ་པའི་བློ་གྲོས་དང་ཐབས་ལམ་སྤྱད་ནས། གུ་ཡངས་ཤིང་དོན་ལ་གནས་པའི་ཁོར་ཡུག་ཅིག་བཟོ་རྒྱུར་ཚང་མས་འབད་རྒྱུ་ཡིན་ལགས་ན། དེའི་དོན་དགོངས་འཇགས་ཡོང་བར་ཞུའོ།།
དྲ་གྲོགས་྆྆རྔ་བ་ཚེ་སྐྱིད་ཀྱིས་ད་ཡིན་ན། ཞབས་འདྲེན་ཞུས་འདུག དེའི་རྒྱུ་མཚན་ནི། 《ང་ཚོ་ངོ་གནོང་དགོས་པ་ཞིག་མ་ཡིན་པའང་ཤེས་རྒྱུ་རེད། རྗེས་ལུས་དང་ཡར་རྒྱས། སྙིགས་དོར་དང་བཅུད་ལེན་ཞེས་མང་པོ་མང་པོ་ཞིག་བཤད་བསྡད་པ་འདི་ཚོ་དྲང་མོ་བཤད་ན་ཚིག་རིས་ཙམ་ལས་ང་ཚོར་དབྱེ་འབྱེད་གསལ་བོ་ཞིག་མེད་པ་འདྲ།》 ཞེས་པར་བལྟས་ཡོང་དུས། སྔར་གྱི་ངར་ཤུགས་དང་དགག་བཞག་གི་ལྡོག་ཕྱོགས་སུ་སོང་འདུག་ན། དེར་ངེས་པར་དཌྷུ་འགྲེལ་བཤད་དང་གསལ་བཤད་ཅིག་དགོས་ཀི་མ་གཏོགས་སྔ་ཕྱི་འགལ་བ་ཆེན་པོ་འདུག
རྔ་བ་ཚེ་སྐྱིད་ལགས། ངའི་མཆན་བུ་དེ་ཁྱེད་ལ་དམིགས་ཏེ་བྲིས་པ་ཡིན་ལགས། ང་ནི་ཁྱེད་ཉིད་༢༠༠༨ དམ་༠༩ འི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ཟེར་བ་དེ་ཡིན་བསམས་པ་ཡིན། ནོར་འཁྲུལ་ཤོར་བ་འདྲ། དགོངས་འགལ་མེད་པར་ཞུ།
གཡུ་འབྲུག་དཀར་པོ་བདེན་པ་རེད། ཤེས་ཡོན་དང་སྤོབས་སེམས་ལྡན་པའི་བུ་མོ་འདི་འདྲ་དྲ་ཐོག་ཏུ་སླེབས་དུས། སྣང་མེད་དུ་མི་གཏོང་བར་མཐུན་དགག་གཉིས་ཀྱིས་རོགས་འདེགས་གནང་རྒྱུའི་རེ་བ་ཡོད། ང་ནི་བུ་མོ་ཚེ་སྐྱིད་ཀྱིས་གསུངས་སྟངས་ལ་དགའ་བོ་དང་རེ་བ་ཡོད། བུ་མོ་རང་གིས་ཡང་ཁ་བརྡ་དྲ་ཚིགས་ཙམ་མ་ཡིན་པར་དྲ་ཚིགས་གཞན་དང་དུས་དེབ་དང་ཚགས་པར་སོགས་སུ་རང་ཉིད་ཀྱི་ལྟ་བ་དང་བསམ་བློ་སྤེལ་གང་ཐུབ་བྱེད་རོགས། ཡ། ངའི་དྲ་གྲོགས་བུ་མོ་ཁ་མཁས་མ། ཉིད་ཀྱིས་མཁས་པ་དགེ་ཆོས་ཀྱི་སྡོམ་ཚིག་གི་གོ་བ་ལེན་སྟངས་ལ་ལྟ་ན། རྙིང་པ་ཐམས་ཅད་བདུད་ལྟར་རྩད་རྫོགས་བྱས་ཏེ། གསར་བ་ཐམས་ཅད་ལྷ་ལྟར་དུ་མཐོང་ཆེན་བྱེད་འདོད་དེ། གསར་བརྗེའི་རིང་ལུགས་པས་རླབས་ཆེན་གྱི་བསམ་བློ་ཞིག་ཡིན་རྒྱུ་རེད།
སྐབས་འདིར་དྲི་བ་ཞིག་བྱེད་ན་འདོད། སྲོལ་རྒྱུན་གྱི་རིག་གནས་གསར་བརྗེ་བྱེད་དགོས་པ་རེད་དམ། བསམ་བློའི་ཁ་ཕྱོགས་གསར་བརྗེ་བྱེད་དགོས་པ་རེད་དམ། ཐམས་ཅད་གསར་བརྗེ་བྱེད་དགོས་པ་རེད།
ཉིད་ཀྱི་དྲི་ལན། ༡༽ངས་བལྟས་ན་གསར་རྙིང་གང་ཡིན་རུང་བཟང་ཕྱོགས་ངན་ཕྱོགས་གཉིས་རེ་ཡོད་པར་འདོད་ཀི ༢༽ ལྟ་སྤྱོད་འཚོ་ལམ་གང་ཡིན་རུང་དུས་རབས་གསར་བའི་འགྱུར་འགྲོས་དང་བཏུན་ཏེ་འགྱུར་དགོས་པ་ཞིག་ཀྱང་རེད་དེ། འགྱུར་ངེས་པ་ཞིག་ཀྱང་རེད། དེ་མི་འགྱུར་བསམ་དགོས་མ་རེད།
༣༽གནམ་ས་གོ་འབྱེད་དེ་དངོས་གནས་ཡག་པོ་ཡོད་པ་རེད། དེ་ཚོའི་སྐོར་ལ་དེ་རིང་ཞུ་བྱ་མེད།
༤༽ དྲི་བ་འདི་ཕྱིར་ལོག་བྱེད། ༼ཕན་ཆ་མེད་པའི་ལམ་ལུགས་རྙིང་བ་དང་དགོས་མཁོ་མེད་པའི་སྲོལ་རྒྱུན་༽ཟེར་བ་འདི་གང་དག་ལ་ངོས་འཛིན་བྱེད་དགོས།
༥༽ གཞན་གྱིས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་བཞིན་པ་ཚང་མ་ང་ཚོས་བྱེད་དགོས་པས་ངེས་པ་ཡོད་མིན་མི་ཤེས་ཏེ། སྔོན་ཐོན་རྒྱལ་ཁབ་ཚོ་ང་ཚོས་ལྟ་ས་ཉན་ས་བྱེད་དགོས་ངེས་འདྲ། སྲོལ་རྒྱུན་ལའང་མི་རིགས་ཀྱི་ཁྱད་ཆོས་མཚོན་བྱེད་དང་ཕན་ནུས་ལྡན་པ་དུས་རབས་ཀྱི་སྤྱི་ཚོགས་དང་འཚམས་པའི་རིགས་དེ་རྒྱུན་འཛིན་དང་གཅེས་སྲུང་བྱེད་དགོས། འོ་ན་ང་ཚོའི་མི་རིགས་ཀྱིས་རྩ་མེད་གཙང་དག་བཟོ་དགོས་པའི་རིགས་དང་། གསར་བརྗེ་དང་ཆབ་སྤེལ་བྱེད་དགོས་པས་རིགས་ཁ་གསལ་ཞིག་བཟོ་ན་འགྲིགས་ཀི་ཨེ་རེད།
བཀུར་འོས་དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས།
ཤེས་ཡོན་ཅན་གྱི་ཚེ་སྐྱིད་གསུམ་ཡོད།
ཨ་རིར་ཡོད་པའི། མཛངས་མ་ཚེ་སྐྱིད། ཨ་ཤུལ་ཚེ་སྐྱིད། རྡ་སར་ཡོད་པའི། རྔ་བ་ཚེ་སྐྱིད།
ད་ལྟ་བོད་ནང་དུ་སྤུན་གསུམ་དང་ཚན་སྡེབ་ཅེས་པའི་མིང་ཞིག་བཏགས་སྲོལ་ཡོད་པ་ལྟར།
ངས་དེ་རིང་ནས་མཛངས་མ་སྤུན་གསུམ་ཟེར་གི་ཡིན།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
སྤྱིར་བཏང་ཡིན་ན། དེའི་གསལ་བཤད་ཟེར་ན་འདྲ། ཡང་ན། ཁ་ཇེ་གསལ་དུ་བཏང་ནས་མཆན་བུ་ཞིག་བཏབས་ཚར་བའི་བཟོ་ཞིག་ཡིན་མོད། འོན་ཀྱང་། ཅིག་བྱས་ན། གསལ་བོ་གསལ་རྐྱང་ཞིག་ཆགས་མེད་ཚོད་ཡིན་དུས། དེ་རིང་ཡང་། བུ་མོ་ངས་གསལ་འགྲེལ་ཞིག་བྱེད་རྒྱུར་འབད་རྒྱུ་ཡིན་ལགས། སྤྱིར་ན། བུ་མོ་ངས་བཤད་སྙིང་འདོད་པ་གཙོ་བོ་དེ། རིག་གནས་རང་རང་ལ་ཁྱད་ཆོས་རེ་དང་ནུས་པ་རེ་ཡོད་པ་སྨོས་མི་དགོས་པ་ལྟ་བུ་ཞིག་རེད་དེ། དེ་ལྟ་བུའི་རིག་གནས་རང་རང་གི་ཁྱད་ནུས་དེ་མཉམ་བསྲེས་སྣ་ཚོགས་དང་དཀྲུག་སྤྱོར་ཆེན་པོ་ཞིག་བཏང་བས་ན། ང་ཚོ་བོད་ཀྱི་རིག་གནས་དག་གི་ཁྱད་ཆོས་དང་ནུས་པ་རྣམས་བག་ལ་ཞ་ཞིང་རེངས་པར་གྱུར་པ་འདི་རེད། དེའི་དབང་གིས། ད་ལྟའི་རིག་གནས་ཀྱི་ངོ་བོ་དང་ཁྱབ་ཚད་སོགས་ཀྱི་ཁ་ཕྱོགས་གུ་ཅན་དང་ཕྱོགས་རིས་ཅན་དུ་ཆགས་བཅུགས་པ་རེད། བྱས་ན། འདི་དག་གི་གནས་ཚུལ་ཤེས་རྟོགས་ཐོབ་ནས། ངོས་འཛིན་ཐོབ་ནས། ལག་ལེན་གྱི་སྒང་ནས། དོན་ལ་གནས་པའི་སྒོ་ནས། བསྒྱུར་བཅོས་བྱས་ན། འགྱུར་བ་བཏང་ན། ཁ་གསར་པར་ཕྱོགས་ན། འདས་པ་དང་ད་ལྟའི་གནས་ཚུལ་ལྟར་གྱི་ཁ་སྐྱེངས་ཤིང་ངོ་གནོང་མི་དགོས་པ་ཞིག་ཏུ་འགྱུར་ཚུལ་བཤད་ཀྱིན་འབྲི་གིན་ཡོད་ལགས་སོ།།
བཀུར་འོས་དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས།
གང་ལྟར། བུ་མོ་ང་ལ་དམིགས་ནས་བྲིས་པ་ཡིན་ནི་དགའ་སོང་། ད་ལྟའི་བུ་མོའི་ཁ་ཕྱོགས་ཟེར་ན་ཆོག་གི། ལངས་ཕྱོགས་འདྲ་བོ་ཞིག་འཁྱེར་ནས། བསམ་ཞིབ་དང་རྒྱུ་ཆ་འཚོལ་བཞིན་པའི་སྒང་ལྟ་བུ་ཞིག་ཡིན་ལ། མ་ཟད། བུ་མོ་ངའི་ལྟ་ཚུལ་འདིའི་རྒྱབ་ལྗོངས་སྔོག་འདོད་ཀྱི་འདུ་ཤེས་བཙན་པོ་ཞིག་གིས་འདེད་བཞིན་པའི་གནས་སྟངས་ཤིག་ཀྱང་རེད། བྱས་ན། མ་འོངས་པར་ཡིན་རུང་། བུ་མོ་ངའི་ལྟ་ཚུལ་གྱི་སྐོར་ནས་ཁ་བརྡ་གློད་ཀྱིས་བྱེད་འདུན་ཡོད་དུས། ཉིད་ཀྱིས་ཀྱང་སྐབས་དེར་རོགས་འདེགས་ཡོང་བའི་སྐུལ་མ་སྔོན་ནས་བཏང་བ་ཡིན་ལགས་སོ།།
ཆེས་བཀུར་བར་འོས་པའི་དྲ་གྲོགས་སྐུ་ཞབས་གཙང་རིགས་ལགས།
གསལ་འདེབས་དང་སྐུལ་ལྕགས་གནང་བ་དེ་ཐོག་མར་བཀའ་དྲིན་ཆེ་རྒྱུ་ཡིན་ལགས། དེ་ནས་དཀྱུས་སུ་ཞུགས་རྒྱུ་ཡིན། ཨོ་རེད། བུ་མོ་ངས་ཀྱང་བརྒྱུད་ལམ་གང་མང་མང་ཞིག་ནས་བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་འདི་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་ལྟ་བུ་ཡིན་ལགས་ན། སྐབས་དེར། བཀུར་འོས་གཙང་རིགས་དང་གཞོན་ནུ་ཟླ་མེད། སྦྲ་ནག་དང་རྒྱང་འཁྱམས་པ་སོགས་ཀྱིས་ཀྱང་དགག་བཞག་གི་རྣམ་པར་ཡངས་པོར་ཕྱེས་ནས་དུས་ཐོག་ཏུ་ལྡོག་ཕྱོགས་ནས་ལངས་ཏེ་རྒྱུ་མཚན་གནས་ལུགས་ཀྱི་ངར་ཤུགས་ལྡན་ཞིང་ཀློག་སྤྲོ་བའི་རྩོམ་ཡིག་རེ་སྤེལ་གནང་ཡོང་བར་ཞུ།
དྲིས་ལན།
༡༽ སྲོལ་རྒྱུན་གྱི་རིག་གནས་ཟེར་དུས། སྤྱིར་བཏང་མང་པོ་ཞིག་ལ་གོ་ཞིང་འཆར་སྣང་ཡོང་མི་སྲིད་པ་མ་རེད་དེ། སྐབས་འདིར། བུ་མོ་ངས་སྲོལ་རྒྱུན་གྱི་རིག་གནས་ཟེར་བ་དེ་གཙོ་བོ་ཆོས་ལུགས་དང་འབྲེལ་བའི་རིག་གནས་རྐྱང་རྐྱང་ལ་གོ་བ་ལེན་གྱི་ཡོད་ལ། དེའི་རྒྱབ་ལྗོངས་ཀྱང་། མི་རིགས་ཤིག་འཕེལ་རྒྱས་ལ་འགྲོ་བའི་བཀག་རྡོ་ལྟ་བུ་གྱུར་ཡོད་པས་རེད། དེ་ལྟར་གོ་བ་ལེན་ཕྱོགས་དེ་ཡང་། ཆོས་ལུགས་རིག་གནས་ཁོ་རང་གི་དགོས་དོན་མ་འགྲུབ་པ་མ་ཟད། འཇིག་རྟེན་འཚོ་བའི་རིག་གནས་ལའང་སྟོབས་ཤུགས་དང་ཁ་ཕྱོགས་མེད་པ་ཞིག་བསྒྱུར་བཞག་པས་སོ།།
༢༽ ང་ཚོའི་མི་རིགས་ཀྱི་བསམ་བློ་གཏོང་ཕྱོགས་དང་གཏོང་སྟངས་ནི། ཆོས་ལུགས་དང་འབྲེལ་བའི་ངོས་འཛིན་དང་བག་ཆགས་ཀྱིས་སྐྱེད་སྲིང་བྱས་ནས་ད་ལྟའི་བར་དུ། ཡོང་བསྡད་པ་ཞིག་རེད་ལ། ད་དུང་ཡིན་རུང་། དེའི་ཤུགས་རྐྱེན་ཆེན་པོ་ཐེབས་ནས་འགྲོ་སྟངས་དང་འདུག་སྟངས་སོགས་ཀྱིས་མཚོན་པའི་བོད་མི་རིགས་ཀྱི་ལུས་ངག་ཡིད་གསུམ་ལ་ཚད་འཛིན་དང་ཁ་ཕྱོགས་གསལ་བོ་ཞིག་མ་བསྟན་པས་ན། བསམ་བློར་འགྱུར་བ་ཞིག་གཏོང་བ་སྨོས་མེད་རེད་དེ། འགྱུར་བ་གཏོང་ཕྱོགས་དེའང་འཇིག་རྟེན་འཚོ་བར་ཕན་ནུས་ཐོན་པའི་རིག་གནས་ཤིག་བསྐྱངས་ཤིང་གསོས་ན། གཞི་ནས། ངོས་འཛིན་ཡངས་པོ་ཞིག་དང་འགྲོ་ལམ་དམིགས་བསལ་བ་ཞིག་ཡོང་གི་རེད། སྐབས་དེར། བོད་མིའི་བསམ་བློར་འགྱུར་ལྡོག་མི་འགྲོ་རང་འགྲོ་ཆགས་ཀི་རེད།
༣༽ ད་ལྟའི་བོད་མི་རིགས་མཚོན་ན། ཡོད་ཚད་གསར་བརྗེ་བྱེད་དགོས་པ་འདྲ་ཞིག་སྣང་མོད། གནས་སྐབས་གལ་ཆེ་ཆུང་གི་སྒོ་ནས། ཆོས་ཆོས་དང་སྲིད་སྲིད་ཀྱི་འགྲོ་ལམ་བཙལ་ནས་གཞི་ནས་མི་རིགས་ཀྱི་སློབ་གསོའི་ཁ་ཕྱོགས་དེ་ཡང་མི་རིགས་ཀྱི་འཚོ་གནས་ལ་མི་ཕན་པའི་རིག་གནས་ཤིག་མིན་པར། མི་རིགས་ཀྱི་མགོ་འཕང་གཟེངས་སུ་བསྟོད་ཅིང་ནུས་པ་བླ་རུ་འཕགས་པའི་འཇིག་རྟེན་པའི་རིག་གནས་རྐྱང་བ་ཞིག་གཞི་རྩར་བཟུང་ནས། མདུན་དུ་བསྐྱོད་རྒྱུ་ན། ད་གཟོད་ང་ཚོའི་མི་རིགས་ཀྱི་འགྲོ་ཕྱོགས་ཇེ་གསལ་ཇེ་ཚང་དུ་རང་ཤུགས་ཀྱིས་འགྲོ་གི་རེད་འདོད།
༤༽ ཕན་ཆ་མེད་ལམ་ལུགས་རྙིང་བ་དང་དགོས་མཁོ་མེད་པའི་སྲོལ་རྒྱུན་ཟེར་བའི་གོ་དོན་ངོ་མ་འཇོག་ས་ནི། ཆོས་སྲིད་ཟུང་འབྲེལ་ཞེས་པའི་མགོ་རྔ་མེད་པའི་ལམ་ལུགས་ཤིག་ལ་གོ་བ་མ་ཟད། དེས་བསྐྱེད་པའི་འཇིག་རྟེན་པའི་འགྲོ་སྟངས་འདུག་སྟངས་ཚུན་ལ་སྟངས་འཛིན་གྱི་སྒེར་གཅོད་ཀྱི་བསམ་བློ་དང་སྤྱོར་བ་སོགས་ཡིན་ནོ། གཞན་ཡང་། ཆོས་ལུགས་དང་འབྲེལ་བའི་རིག་གནས་རྣམས་མ་མཛའ་བཙན་གྱིས་འཇིག་རྟེན་པའི་རིག་གནས་ནང་དུ་བརྫངས་པའི་མཇུག་འབྲས་ནི། ད་ལྟའི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དུས། དོན་དངོས་ལ་ཕན་ནུས་མེད་རུང་། ལྷ་ཀླུ་སོགས་ཀྱིས་མཚོན་པའི་འགྲོ་བ་གཞན་ཞིག་ལ་རེ་འདུན་འཆང་སྟངས་ཀྱི་སྲོལ་རྒྱུན་དེ་ལྷ་མོ་རྩིས་གསུམ་ལ་ཡིད་བཅོལ་གྱི་རྣམ་འགྱུར་དང་མཆོད་བསྟོད་སོགས་ཀྱི་སྲོལ་རྒྱུན་གྱི་རྒྱུན་ཐག་དེ་གཙང་སེལ་མ་བྱས་བར་དུ། མི་རིགས་རང་གི་རྣམ་འགྱུར་གཙང་མ་ཞིག་དང་ནུས་ཤུགས་འདོན་ཕྱོགས་རང་སྐྱ་འཕེལ་བ་ཞིག་ཡོང་གི་མ་རེད། དེའི་རྒྱུ་མཚན་ནི། གཞན་བརྟེན་དང་གཞན་རེའི་འདུ་ཤེས་ཆེ་དྲགས་པ་མ་ཟད། མི་རིགས་ཀྱི་ནུས་པ་བག་འཁུམས་ཅན་དང་ཡ་མ་བརླ་ཞིག་བསྒྱུར་བཞག་པས་རེད།
༥༽ གང་ཞིག་ལ་གསར་བརྗེ་དགོས་པ་དང་། གང་ཞིག་རང་སོར་བཞག་ན་འཐུས་ཚུལ་སོགས་རྗེས་ནས་ཞིབ་ཏུ་བཤད་ངེས་ཡིན་ལགས་ན། དེ་རིང་དུས་ཚོད་ཀྱི་རྐྱེན་པས་ཞིབ་འབྲི་བྱེད་ཁོམ་བྱུང་མ་སོང་། ཡིན་ཡང་། འདིའི་སྐོར་ནས། བུ་མོ་ངས་ནུས་པས་འདང་ཚོད་ཀྱི་སྒོ་ནས་ཞིབ་ཅིང་རྒྱས་པའི་བསམ་ཚུལ་དང་དྲིས་ལན་སོགས་ཐབས་ཚུལ་སྣ་ཚོགས་སྤྱད་ནས་གསལ་གསལ་ཐང་ཐང་ཡོང་ཐབས་སུ་འབད་རྒྱུ་ཡིན་པས་ན། དེའི་དོན་དགོངས་མངའ་ཡོང་བར་ཞུའོ།།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
སྤྱིར་ན། བསྔགས་ན་མི་དགའ་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད། བུ་མོ་ང་ཡང་དེ་མཚུངས་ཡིན་མོད། འོན་ཀྱང་། བུ་མོ་ངས་ག་དུས་ཡིན་རུང་མཛངས་མ་ཞེས་པའི་ཚིག་དེ་གོ་མ་ཐོག་ནས་ངོ་གནོང་དགོས་པ་ཞིག་དང་ཁ་སྐྱེངས་དགོས་པ་ལྟ་བུ་ཐེངས་མང་འཕྲད་མྱོང་ཡོད། དེའི་རྒྱུ་མཚན་ཡང་། ཚིག་ཁོ་རང་ངོས་ནས་གཅིག་པོར་བསམ་རུང་། ཚད་མཐོ་ཞིང་ལྗིད་ཆེ་བའི་གོ་དོན་བསྟན་ཡོད་པ་མ་ཟད། དེ་འདྲའི་ཚད་གཞིར་ཡང་སླེབས་དགོས་པ་ཡིན་ན་ནི། བྱས་རྗེས་ཆེ་ཞིོང་དེ་ཡང་ཕན་ཡོན་ཆེན་པོ་མཆེད་པ་དང་། གཞན་ཡང་སྤྱོད་ལམ་རྣམ་པར་དག་ཅིང་དྭངས་ཤིང་གཙང་བ་སོགས་ཀྱིས་མཚོན་པའི་ཁྱད་ཆོས་དང་ཡོན་ཏན་མང་པོ་ཚང་དགོས་པ་ཡིན་རུང་། དེང་སང་། ཕལ་ཆེར་དཀོན་གྱི་རེད་བསམ་གི། གཅིག་ནས་ང་ཚོའི་སློབ་གསོིའི་ཁ་ཕྱོགས་མི་གཙང་བ། གཉིས་ནས་དེས་བསླངས་པའི་སྤྱོད་ལམ་འཆལ་འཆོལ་གྱི་བཀང་བ། གསུམ་ནས་དེང་དུས། བོད་ཀྱི་བུད་མེད་རྣམས་ལ་མཚོན་ན་ཡང་། ༡ རང་ཚུགས་མེད་པ། ༢ ཤེས་བརྩོན་ཆུང་བ། ༣ ཕུགས་བསམ་ཕལ་ཆེར་གྱིས་བོར་འགྲོ་བ་འདྲ་བོ། ༤ དཔལ་འབྱོར་གྱི་བྲན་གཡོག་ཏུ་འགྱུར་བཞིན་པ། བཞི་ནས་འགྲོ་ཕྱོགས་འདུག་ཕྱོགས་གསལ་བོ་ཞིག་མེད་པས་ཡིན་རྒྱུ་རེད་ལགས། གང་ལྟར། བུ་མོ་ངས་ཤེས་ཚོད་ཡིན་ན། ད་ལྟ་ཨ་རིར་ཡོད་པའི་མཛེས་མའི་མིང་འཛིན་ནི། སྔོན་ཞིག་ནས་གོ་མྱོང་ཡོད་ལ་ད་ལྟའི་སྐབས་སུ་ཁོ་མོའི་བྱད་དབྱིབས་སོགས་བུ་མོ་ངའི་མིག་ལམ་ཁྲ་ལམ་མེར་ཡོད། གང་ཡིན་ཟེར་ན། ཨ་རིའི་བོད་སྐད་བརྙན་འཕྲིན་ནང་གི་《དྲ་ནང་གི་བོད》་ཅེས་པ་དེ་གཙོ་སྐྱོང་བ་ཡིན་པས་རེད། མ་ཟད་ཚེ་རིང་སྐྱིད་ཀྱིས་བརྩམས་ཟིན་པའི་སྙན་དེབ་ཆུང་ངུ་གཉིས་ཡོད་པ་དེའང་ཞིབ་མོར་བལྟས་པ་ཡིན། ཁོང་མོ་ནི་བླ་བྲང་ཨ་མཆོག་མ་ནས་ཡིན་པ་དེའང་བུ་མོ་ངས་ཧ་གོ་གི་ཡོད། གཞན་ཡང་། ཨ་ཤུལ་ཚེ་རིང་སྐྱིད་ཟེར་བ་དེ་ངོ་དེབ་ནང་ནས་མང་པོར་རིག་མྱོང་ཞིང་ཟིན་བྲིས་དང་མཆན་བུ་བཏབས་པའང་མང་པོ་མཐོང་མྱོང་ཡོད་མ་གཏོགས་ཁོང་མོའི་ལོ་རྒྱུས་ལ་རྒྱུས་ཆེ་ཞིག་མེད། གང་ལྟར། བུ་མོ་ང་ཁོང་མོ་རྣམ་གཉིས་ལྟ་བུའི་བོད་ཀྱི་སྤྱི་ཚོགས་འདེང་འཇོག་མ་ཞོགས། ཐ་ན་བུ་མོ་ངའི་མིང་དེ་ཤེས་མཁན་ཆེས་ཉུང་ཉུང་ཞིག་རེད་དེ། བུ་མོ་ངས་བསམས་ན། གཞན་གྱིས་ཤེས་མིན་དང་ངོས་འཛིན་ཐོབ་མིན་གཙོ་བོ་ཞིག་མ་རེད་འདོད་ཀི། གང་གིས་ཟེར་ན། གལ་གནད་ཆེན་པོ་ཞིག་ཡོད་པ་ནི། རང་རང་ལ་མཛའ་བའི་ལམ་བུ་ཞིག་འཚོལ་སྙེག་བྱ་དགོས་པར་མཐོང་། མ་ཟད། ལམ་དེ་ཡང་། ཁ་ཕྱོགས་ཡོད་པ་ཅན་ཞིག་ཏུ་འགྱུར་ཐབས་སུ་དམིགས་དགོས་པ་དེ་གཙོ་བོའི་ནང་གི་གཙོ་གནད་ཅིག་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
༡༽ ད་ལྟའི་བོད་མི་རིགས་ཀྱི་རྣམ་པ་ནི། འགྲོས་དལ་ཞིང་དཀྱོག་གཟུགས་ཆེ་བ་ཞིག་གི་རྣམ་པ་བཟུང་ཡོད་ཀི་བསམས། གང་ཡིན་ཟེར་ན། འགྲོས་དལ་བ་ནི་སྒྱུད་ལུག་གིས་བཅངས་པ་ཞིག་རེད་ལ། དཀྱོག་གཟུགས་ཆེ་བ་ནི་མཁྲེགས་འཛིན་ཆེ་རྟགས་ཤིག་ཏུ་འཁུམས།
༢༽ ད་ལྟའི་བོད་མི་རིགས་ཀྱི་འགྲོ་སྟངས་ནི། གུ་དོག་ཅིང་བག་འཁུམས་ཆེ་བའི་འགྲོ་སྟངས་ཤིག་གི་ཕྱོགས་སུ་སོང་ཡོད་ཀི་བསམས། རྒྱུ་མཚན་ནི། གུ་དོག་པ་ནི་རིག་གནས་གཅིག་རང་གི་ཤུགས་རྐྱེན་བཙན་པས་ཞིག་རེད་ལ། བག་འཁུམས་པ་ནི་ཕྱོགས་གཅིག་གི་ནང་དུ་ལྷུང་བ་ཞིག་རེད།
༣༽ ད་ལྟའི་བོད་མི་རིགས་ཀྱི་གནས་བབ་ནི། ཛ་དྲག་ཆེ་ཞིང་ངོས་འཛིན་དཀའ་བ་ཞིག་གི་གནས་སུ་བསྐྱལ་ཡོད་ཀི་བསམས། དེའི་བདེན་དཔང་། ཛ་དྲག་ཆེ་བ་ནི་སྔར་གྱི་འགྲོ་སྟངས་མ་འགྲིགས་པས་རེད་ལ། ངོས་འཛིན་དཀའ་བ་ནི་ཆོས་སྲིད་མཉམ་བསྲེས་ཀྱི་དབང་གིས་གཞི་འཛིན་མེད་པ་ཞིག་ཏུ་གྱུར་པས་རེད།
རྔ་བ་ཚེ་སྐྱིད་ཀྱི་མཆན་ཞིག་ཏུ་༼ ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ།༽ འདི་འདྲ་ཞིག་བཀོད་འདུག འདི་ལ་ངས་བསམ་བློ་མང་པོ་བཏང་བ་ཡིན། མཆན་ཡང་མང་པོ་བྲིས་པ་ཡིན། འོན་ཀྱང་མཆན་ཐེངས་རེ་བྲིས་ཚར་བའི་རྗེས་སུ། དེ་མ་ཐག་ཏུ་བསུབ་པ་ལས་དྲ་ལམ་ཏུ་བཀོད་ཐུབ་མ་སོང་། ངས་དྲ་ལམ་ཏུ་བཀོད་མ་ཐུབ་པའི་རྒྱུ་མཚན་ཡང་ང་རང་གིས་སྐད་ཆ་འདི་ཁ་ཕྱོགས་ཡག་པོ་ཞིག་མ་རྙེད་པའི་རྒྱུ་མཚན་གྱི་ཡིན། འདི་གང་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་མ་ཤེས་པའི་དབང་གིས་ཡིན། དྲ་གྲོགས་ཞིག་ནས་དེ་སུ་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་དྲི་བ་བཀོད་སོང་མོད། ཚེ་སྐྱིད་ལགས་ཀྱིས་མ་མཐོང་བའི་ཚུལ་བཟུང་ནས་གསལ་ཁ་བཏོད་མ་སོང་། ད་ནི་ངས་སྔ་རྒོལ་གྱི་འདོད་པ་བསུ་ནས་ལན་འདེབས་བྱ་འདོད་མོད། སྔ་རྒོལ་གྱི་འདོད་པ་བསུ་ནས་བྲིས་ན་སྔ་རྒོལ་གྱི་འདོད་པར་འགྲོ་མིན་མི་ཤེས་ན་ཡང་། དེ་ལས་ལྷག་སྔ་རྒོལ་ཡང་དམར་སྲུང་དམག་སྡེར་མ་ཞིག་ཡིན་པའི་ཆ་ནས་གསལ་ཁ་བཏོད་ཐུབ་ཀྱི་མི་འདུག
དེ་མིན་གསར་བརྗེ་དང་གསར་བརྗེ་ཟེར་བའི་ཚིག་དེ་ཚོ་བར་སྣང་ནས་འཁོར་བསྡད་ན་དོན་ཐོག་ལ་འབབ་ཐུབ་ཀྱི་མི་འདུག བོད་ཀྱི་སྤྱི་ཚོགས་ཐོག་ལ་འབབ་ཐུབ་ཀྱི་མི་འདུག གང་ཞིག་གསར་བརྗེ་བྱེད་དགོས་པ། ཇི་ལྟར་གསར་བརྗེ་བྱེད་དགོས་པ། དེའི་ཚབ་ལ་ཅི་ཞིག་འཛུགས་དགོས་པ། ཆོས་ལུགས་དེ་གསར་བརྗེ་བྱེད་དགོས་ཟེར་བ་དེ་གོ་གི་འདུག འོན་ཀྱང་དེ་ཡང་ཁ་གསལ་མ་རེད། དཔེར་ན་བོད་ཀྱི་སྤྱི་ཚོགས་ནང་དུ་ཆོས་ལུགས་རྩ་མེད་གཏོང་དགོས་ཁྱོད་ཀྱིས་ཀྱང་ཟེར་གྱི་མེད་པ་འདྲ་འདུག་ལ། གལ་ཏེ་གཏན་མེད་བཟོ་ཐུབ་ཀྱི་ཡང་མ་རེད་ལ། བཟོས་རུང་དགེ་མཚན་ཡང་མེད་པ་རེད། དེ་མིན་བོད་སྤྱི་ཚོགས་ནང་དུ་ཆོས་ལུགས་བྱེད་སྟངས་ཀྱི་ལུགས་སྲོལ་ཁ་ཤས་འགྲིག་གི་མི་འདུག་ཟེར་ནས་བསམ་འཆར་འདོན་བཞིན་ཡོད་ན། དེ་ལུགས་ཀྱི་གསལ་ཁ་བཏོད་ནས་འགྱུར་བ་གཏོང་ལུགས་སོགས་ཐབས་ལམ་སྟོན་པ་གལ་ཆེན་དུ་མཐོང་།
ཨ་རོགས། རྔ་བ་ཚེ་སྐྱིད། ངས་དེ་རིང་བསམ་ཚུལ་ཁ་ཤས་ཤིག་འདོན་རྒྱུ་ཡིན།
གསར་གཏོད་ཡོད་ན་མི་རིགས་འཕེལ་རྒྱས་ཀྱི་སྒོ་མོ་ཡིན་ལ། གསར་གཏོད་མེད་ན་མི་རིགས་ཤིག་ཤི་ལ་ཉེ་བའི་བརྡ་རྟགས་ཡིན། དེའི་སྟབས་ཀྱིས་བོད་མི་རིགས་ཀྱི་ཆབ་སྲིད་ཉམས་པ་དེ་ནི། བོད་དེང་རབས་ཅན་དུ་བསྒྱུར་མ་ཐུབ་པས་རེད། གསར་གཏོད་ཅེས་པ་ནི་རྙིང་བ་དོར་ཞིང་གསར་བ་ལེན་པའི་དུས་རབས་ཤིག་རེད། མདོར་བསྡུས་ན། སྙིགས་དོར་བཅུད་ལེན་གྱི་ཐབས་ཚུལ་འདོན་སྟངས་ཤིག་ཡིན། ལྷ་ཆོས་རིང་ལུགས་ལ་དད་ཞེན་ཆེ་ན། འཇིག་རྟེན་མི་ཆོས་ཀྱི་ལམ་ལུགས་རྒྱབ་དུ་བསྐྱུར་དགོས་པ་ལྟ་བུ་རེད། དེས་ན། བོད་མི་རིགས་ཀྱིས་ལྷ་ཆོས་རིང་ལུགས་ལ་གཞི་རྟེན་བཅོལ་རྒྱུ་ཡིན་ནམ། ཡང་ན། འཇིག་རྟེན་མི་ཆོས་རིང་ལུགས་ལ་རྟེན་གཞི་བྱེད་ཀྱི་ཡིན་ནམ། རྨོ་ལུང་རྩིས་གསུམ་ལ་གཞི་བཅོལ་རྒྱུ་ཡིན་ནམ། ཡང་ན། རང་ཉིད་ཀྱི་བློ་གྲོས་ཀྱི་དཔྱོད་རྒྱ་ལ་ཡིད་རྟོན་བྱེད་ཀྱི་ཡིན་ནམ། ངའི་བསམ་ཚུལ་ནི། དེང་སང་ཡིན་ན། དོགས་སློང་དགག་སྒྲུབ་ཀྱི་ལམ་ཁ་ཞིག་ཏུ་འགྲོ་རྒྱུ་ལས། ཡོད་ཚད་ལྷ་ཀླུ་གཉན་གསུམ་ལ་གཏད་དྲགས་ན། ཉམས་རྒུད་ཀྱི་རྩ་བ་དང་དཔྱོད་ཤེས་ཀྱི་སྒོ་མོ་འགག་པའི་དགྲ་བོ་རེད། དེར་བརྟེན། ངའི་བསམ་ཚུལ་འདིའི་ཐོག་ཏུ། དྲ་གྲོགས་རྔ་བ་ཚེ་སྐྱིད་ཀྱིས་གཙོས་བྱས་ནས་གང་མང་མང་ཞིག་གིས་དགོངས་ཚུལ་རེ་གསུངས་པའི་རེ་སྐུལ་ཞུས་པ་ཡིན།
གཞོན་ནུ་ཟླ་མེད་དང་རྔ་བ་ཚེ་སྐྱིད་གཉིས་ལ།
གསར་བརྗེ་བྱེད་ན། ཐོག་མར་དགོན་པ་གསར་པ་རྒྱག་རྒྱུ་མཚམས་འཇོག་རྒྱུ། ལྷ་སྐུ་དང་མཆོད་རྟེན་གསར་པ་བཞེངས་རྒྱུ་མཚམས་འཇོག་རྒྱུ། སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་མཚམས་འཇོག་རྒྱུ། དེ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་འབོར་ཆེན་གཏོང་ཡོང་ཕྱོགས་ལ་གསར་བརྗེ་ཡོང་བ་དང་།
གྲྭ་པ་དང་སྤྲུལ་སྐུ་དག་འདུལ་ཁྲིམས་ཀྱིས་བཅོས་སྒྲིག་ཞུབ་ནན་དང་ཁྱིམ་པ་དང་གནས་སྒོ་ཐ་དད་དུ་བཟོ་རྒྱུ། ཁོང་ཚོའི་དཔལ་འབྱོར་ལམ་ལུགས་དང་སྒྲིག་གཞི་སོགས་དམ་ཆོས་འདུལ་བར་གཏུགས་ཐུབ་པ་དང་། ཁོང་ཚོར་ཁྱིམ་པ་དང་ཡང་ན་མི་ནག་བཟོ་རྒྱུར་ཐག་གཅོད་གཙང་མ་བྱེད་འཇུག་རྒྱུ་མ་ཟད། ཆོས་ཁོ་ན་མ་གཏོགས་ཁྱིམ་པ་གཏན་ནས་འབྲེལ་མེད་གཏོང་རྒྱུ། གང་ཡིན་ཟེར་ན། ཁོང་ཚོ་ཁྱིམ་ལ་ངེས་པར་འབྱུང་ནས་ཁྱིམ་དང་སྒོ་ཀུན་ནས་བྲལ་བར་ཁས་ལེན་བྱས་པ་རྫུན་མར་མ་འགྲོ་བའི་ཆེད་དང་། འདིས་ཁྱིམ་པ་དང་ཁྱིམ་འདོར་བའི་གྲྭ་པ་གཉིས་ཀྱི་འགྲོ་གནས་སྤྱོད་གསུམ་ཐད་གསར་བརྗེ་ཆེན་པོ་ཞིག་ཡོང་ཐུབ།
ཆབ་སྲིད་པ་དང་རིག་གཞུང་སྨྲ་པ། མཚན་ཉིད་རིག་པ། ཆོས་ལུག་མཁས་པ། སྒྱུ་རྩལ་པ་སོགས་རང་སར་འཇོག་དང་རང་གནས་རང་སྤྲོད་ལས། གཅིག་ཚབ་གཅིག་དང་གཅིག་གིས་ཀུན་བྱེད་པའི་ལམ་སྲོལ་མཚམས་འཇོག་རྒྱུ། དེས་ཆེད་ལས་དང་ཆེད་མཁས་ཀྱི་སྒོ་ཡངས་པོར་བྱེད་ཐུབ་རྒྱུ་ཡིན། དེ་ལ་བརྟེན་ནས་མོ་འདེབས་པ་དང་ལྷར་འདྲི་བའི་རྨོངས་པ་ལས་ངེས་པར་འདྲོངས་པའི་སྒོ་འབྱེད་ཐུབ་པ་ཡོང་།
ད་དུས་ཚོད་མེད་ཀི་སང་ཉིན་མུ་འཐུད་བྲིས་ཆོག
བླ་མ་ལ་སྦྱབས་སུ་མཆི།
སངས་རྒྱས་ལ་སྐྱབས་སུ་མཆི།
ཆོས་ལ་སྐྱབས་སུ་མཆི།
དགེ་འདུན་ལ་སྐྱབས་སུ་མཆི།
འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ།
སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འཁྲུངས།
ལྷ་སྡེ་མི་སྡེ་ལྷན་འཛོམས་ནས།
ཉ་དང་ཆུ་བཞིན་གནས་པར་ཤོག
གསར་དུ་སླེབས་པའི་དྲ་གྲོགས། Tibetan girl ལགས་ལ། སྐུ་ཉིད་ཀྱི་བསམ་ཚུལ་ཁ་གསལ་བོ་རེད། ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཁྱེད་ཀྱི་བསམ་ཚུལ་དེ་དགོན་པ་གསར་བརྗེ་ཙམ་ལས་བོད་སྤྱི་ཡོངས་གསར་བརྗེ་ཕྱོགས་ལ་གང་ཡང་ཕན་གྱི་མི་འདུག བཙན་བྱོལ་གནས་སྟངས་འོག་གི་དགོན་པ་ཁག་དང་འབྲེལ་བའི་གནས་ཚུལ་ལ་བལྟས་པ་ཡིན་ན། དགོན་པའི་ལས་བྱེད་ཁོ་རང་ཚོས་ཕྱི་ཕྱོགས་སུ་བསྐྱོད་པ། ཚོང་ལས། ཞིང་ལས། བཟོ་ལས་སོགས་སྣ་ཚོགས་པའི་ཐབས་ལམ་ལ་རྟེན་ནས་རང་འཚོ་བྱེད་པ་ལས། བོད་གཞུང་འབངས་གང་ལ་ཡང་དཔལ་འབྱོར་ཐོག་ནས་བསྡུ་ལེན་བྱེད་ཀྱི་མེད་པས་གྱོང་མེད་ཀི དེར་མ་ཟད་ཁྱེད་ཀྱི་དེ་འབྲེལ་དཔལ་འབྱོར་གསར་བརྗེ་ཟེར་བ་དེ་ཡང་སྟོང་པ་ཞིག་རེད། ཕྱི་ཕྱོགས་ན་དགོན་ཁག་དག་གི་ཆོས་ཚོགས་དང་ལས་བྱེད་ལ་བརྟེན་ནས་བོད་གཞུང་དཔལ་འབྱོར་འཚོལ་བསྡུ་དང་རོགས་དངུལ་འཚོལ་བསྡུ་སོགས་བྱེད་པ་འདི་དག་ལ་བལྟས་ན། ཁྱེད་ཀྱི་བཤད་པ་དེ་དག་བོད་གཞུང་གི་རོགས་དངུལ་དང་། དགོན་ཁག་ཚོའི་མ་དངུལ་འཁོར་བསྐྱོད་དང་ཡོངས་ཁུངས་སོགས་མ་ཤེས་པའི་བབ་ཅོལ་ཙམ་ལས་ཅང་མི་འདུག
དེ་ནས་ཁྱོད་ཀྱིས་བཤད་བཞིན་པའི་དོན་ཚན་འོག་མ་དག་ལ་ངོས་ལེན་ཡོད། འོན་ཀྱང་གྲྭ་བའི་ཁྲོད་ན་ཆབ་སྲིད་པ་རེ་ཟུང་ལས་མེད་པས་དེ་དག་མེད་ནས་བོད་ལ་ཁེ་སང་ཆེ་ན་དེ་ལྟར་བྱེད་འོས། ལར་དགེ་འདུན་པའི་སྡེ་ལ་ཞུ་དག་དམིགས་བསལ་གཏོང་མ་དགོས་པར་ཇེ་ཉུང་ལ་འགྲོ་རྒྱུ་རེད། བོད་ལ་མཚོན་ན་བྱིས་པ་གཅིག་གཉིས་ལས་སྐྱེས་མི་ཆོག་པའི་ཆབ་སྲིད་དེའི་འོག་ནས་ང་ཚོའི་མི་རབས་འདིར་དགེ་འདུན་པའི་སྡེ་དེ་བལྟས་བལྟས་ལ་ཉུང་རུ་འགྲོ་བཞིན་པས། ཁྱེད་ཀྱི་ཐུགས་ཁྲལ་དེ་གནང་དགོས་དོག་མི་འདུག
དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཡོ་རོབ་ཀྱི་གསར་བརྗེ་སྣ་མང་ལ་བརྟེན་ནས་འཛམ་གླིང་ངམ་ཨེ་ཤ་ཡ་ལ་གསར་བརྗེའི་ལས་འགུལ་གང་ཞིག་བསླངས་པའམ། ཡང་ན་ཡོ་རོབ་ཀྱི་གསར་བརྗེའི་ཆ་ཤས་ཤིག་ཏུའང་བརྩི་ཆོག གང་ལྟར་གསར་བརྗེ་དེ་དག་གི་རྩ་བའི་ནང་དོན་དེ་ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་ཐད་ཀྱི་གསར་བརྗེ་ཞིག་དང་། དཔལ་འབྱོར་ཐོག་གི་ལམ་ལུགས་སྟེང་འོག་བརྗེས་པའི་གསར་བརྗེ་ཞིག་རེད། གང་ལྟར་ལབས་འདོད་པ་ནི་གསར་བརྗེའི་མ་རྩ་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་ལ་ཐུག་ཡོད།
ཟླ་མེད་ལགས། ངས་ཚོད་དཔག་བྱས་ན་བོད་ཀྱི་དཔལ་འབྱོར་གཏོང་ས་གཙོ་བོ་དགོན་པ་དང་སྤྲུལ་སྐུ་རེད་ལ་ཁོང་ཚོ་བོད་ཀྱི་དཔལ་འབྱོར་ཁེ་ལེན་གྱི་བདག་པོ་རེད། ང་འགྲོ་མྱོང་བའི་ས་ཆ་ཁ་ཤས་སུ་མང་ཚོགས་ཚོ་དགོན་པའི་མང་ཇ་དང། སྤྲུལ་སྐུའི་བརྟན་བཞུགས་སོགས་ཀྱི་འོག་མགོ་གཏན་མེད་འཇོག་བཅུག་གི་མེད་པ་མཐོང་མྱོང་། ས་ཆ་འགའ་ཤས་ནས་ལོ་རེར་ཁོང་ཚོའི་སྤྲུལ་སྐུ་ལ་རྒྱ་ནག་སྒོར་མོ་ཁྲི་ཚོ་ཉིས་བརྒྱ་ལྷག་འབུལ་གྱིན་ཡོད་ཟེར། འོན་ཀྱང་ཁོངཚོའི་མི་འབོར་ཧ་ཅང་གི་ཉུང་ཉུང་ཞིག་རེད། ད་དུང་ཁོང་ཚོའི་དགོན་པར་ལོ་རེར་མང་ཚོགས་ནས་ཞབས་རིམ་སོགས་བཅོལ་བའི་ཡོང་སྒོ་རྒྱ་ནག་སྒོར་མོ་ཁྲི་ཚོ་དྲུག་བརྒྱ་ལྷག་འདུག་ཟེར། འོན་ཀྱང་ཁོང་ཚོའི་བུ་ཕྲུག་སློབ་གྲྭར་གཏོང་བའི་འགྲོ་སོང་མེད་རབས་ཟེར། མ་ཟད་ཁོང་ཚོའི་དཔལ་འབྱོར་ཐད་ཀྱི་ཚོང་ལས་པ་ཚོར་དཔལ་འབྱོར་ཉམས་ཉེསའོག་་ལོ་རེ་ནས་མར་མར་ཐུར་ཐུར་རེད་ཟེར། ཁོང་ཚོའི་སྤྲུལ་སྐུ་ལ་དེ་ལྟར་དངོས་འབུལ་བྱེད་སྒོས་དོན་ནི་རྒྱུད་སྐུལ་སྣ་ཚོགས་འོག་དེ་ལྟར་མ་ཕུལ་ན་ལྷ་སྡེ་དང་མི་སྡེའི་ཁྲོད་ནས་ནག་ཅན་དུ་ཆགས་པ་དང་། ཆོས་ལ་ལོག་ལྟ་ཅན་དང་སྐུལ་འདེབས་བྱེད་མཁན་དུ་ངོས་འཛིན་དང་སྡུག་དམོད་སྣ་ཚོགས་ཁུར་དགོས་ཡོང་གི་ཟེར། དེ་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་དང་སྤྲུལ་སྐུ་ཁག་ནས་དཔལ་འབྱོར་ཐོག་དང་བསམ་བློའི་ཐོག་བཤུ་གཞོག་ཆེན་པོ་བྱེད་ཀྱིན་པའི་ཚོར་བ་བྱུང་།
tibetan girl ལགས་ལ་ཞུ་འདོད་པ་ནི། དགོན་པའམ་བླ་མ་ག་གེ་མོ་ཞིག་ལ་བསྔོ་རྟེན་ཕུལ་བ། ཞབས་རིམས་སྒྲུབ་འཇུག་པ། དེ་དག་ནི་ཁྱིམ་ཚང་གི་དགོས་མཁོ་ཞིག་གི་དབང་གིས་དགེ་འདུན་པ་དེ་དག་བེད་སྤྱད་ནས་ལས་ཀ་ལས་རུ་བཅུགས་པ་ཞིག་རེད། ཡིན་ད་ཡིན། ལས་ཀ་དེ་དག་ལ་གླ་ཆ་ཅུང་ཟད་ཆེན་པོ་དགོས་པ་རེད། རྒྱུ་མཚན་གང་ཡིན་ཟེར་ན་དགེ་འདུན་པ་དེ་དག་གིས་ལས་ཀ་དེར་དམིགས་བསལ་གྱིས་སྦྱོང་བརྡར་ག་ཚོད་ཞིག་གནང་ཡོད་པ་རེད། ཆོས་གཞུང་དག་ལ་སྦྱང་ནས་ནང་བྱན་ཆུད་པ། ད་དུང་སྔགས་ཕྱོགས་ཀྱི་དབང་དང་གདམ་ངག་བླང་ནས་ཆོས་གཞུང་ནས་བཤད་པ་ལྟར་སྐུ་མཚམ་ལ་བཞུགས་ནས་ཉམས་ལེན་གནང་དགོས་རིགས་ལས་ཀའི་སྔོན་འགྲོ་རེད། ལས་ཀའི་སྔོན་འགྲོ་དེ་ལྟར་བྱེད་དགོས་རིགས་ལ་གླ་ཕོག་མཐོ་པོ་ཡོད་པ་བཤད་མ་དགོས། ཕྱི་རྒྱལ་ན་ཡང་ཁྲིམས་རྩོད་པ་དང་སྨན་པ་སོགས་ལ་གླ་ཆ་མཐོ་ནི་རེད། ཅིའི་ཕྱིར་ཞེ་ན་ལས་ཀའི་སྔོན་འགྲོ་ལ་སློབ་སྦྱོང་མང་པོ་དགོས་པ་དེས་རེད།
དེ་མིན་དོན་མེད་དུ་དངུལ་བསྡུ་ལེན་བྱེད་བཞིན་ཡོད་ན་དེ་མ་འགྲིག་པ་རེད། དོན་མེད་དུ་ཞལ་འདེབས་སོགས་གང་ཞིག་གི་ཆེད་དུ། ཅི་ལྟར་བསྡུ་བ་སོགས་ལ་དཔྱད་ནས། སྐབས་དོན་མི་མང་ལ་དགོས་མཁོ་མེད་པ་ཞིག་ཡིན་ན་དེ་ལ་ཞལ་འདེབས་སོགས་བསྡུ་མི་རིགས་ལ་བསྡུ་མི་འོས།
འོན་ཀྱང་ངས་བསམ་ཚུལ་ལ་བོད་ཀྱི་ལུགས་སྲོལ་ཟེར་ན་འདྲ། གང་ལྟར་ཁ་ཤས་ཀྱིས་སྤྲུལ་སྐུའི་ཚོང་རྒྱགས་བཞིན་པ་དེ་དག་བསྟན་སྲིད་གང་ལ་བསམ་བློ་བཏང་ན་ཡང་ཡག་པོ་ཞིག་ཏུ་མ་མཐོང་། རྡ་སར་ཡོང་ནས་སྤྲུལ་སྐུའི་ཆོག་མཆན་ཡི་གེ་བླངས་རྗེས་བོད་ནང་དུ་གང་བྱུང་མང་བྱུང་བྱེད་བཞིན་པ་ཁ་ཤས་མཐོང་གི་འདུག འདི་དག་ནི་གནས་ཡོད་དང་འབྲེལ་ཡོད་སུ་ཡིན་ན་ཡང་གཟབ་གཟབ་བྱས་ན་མ་གཏོགས། གསར་བརྗེ་བ་དང་གིས་ནང་ཆོས་གསར་བརྗེ་མ་བྱས་སྔོན་ལ། འདི་དག་གིས་ངོ་ནས་ནང་ཆོས་དེ་རྩད་རྫོགས་བྱེད་པའི་ཉེན་ཁ་ལྟ་བུར་མཐོང་།
སྤྲུལ་སྐུ་ངོས་འཛིན་བྱས་ཀྱང་། བོད་ཆོས་འཆད་ཉན་སྤེལ་བའི་ནུས་པ་མེད་ན། བླ་སྤྲུལ་གང་ཡང་མ་རེད། བླ་སྤྲུལ་ངོས་འཛིན་མེད་ཀྱང་། ལུང་རྟོགས་འཛིན་སྐྱོང་སྤེལ་གསུམ་གནང་ཚེ། དོན་གྱིས་བླ་སྤྲུལ་ཆགས་ཡོད་པས་དག་སྣང་བྱེད་ས་མ་ནོར་བ་གྱིས། འདི་ཡང་གསར་བརྗེའི་གྲལ་དུ་འཇོག་དགོས་མ་རེད་དམ། དགེའོ། དགེའོོ། དགེའོོོ།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ཉིན་ཤས་རིང་དྲ་ཚིགས་ཉུལ་ཞིབ་བྱེད་རྒྱུའི་དུས་ཚོད་ཕལ་ཆེར་བྱུང་མ་སོང་། མ་ཟད། དུས་ཐོག་ཏུ་ལན་རེར་འབྲི་དགོས་ས་དང་དྲིས་ལན་འདེབས་དགོས་ས་མང་པོ་ཞིག་ཐོན་འདུག་ཡོད་རུང་། ཏག་ཏག་ཅིག་མ་བྱུང་བས་ན་ཐོག་མར་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན་ལགས། ལྷག་པར་དུ། ཐུགས་འགན་ཆེན་པོ་ཞིག་བཞེས་ནས་གཞོན་ནུ་ཟླ་མེད་དང་དབྱིན་མིང་ཅན་Tibetan girl ད་དུང་ཀརྡོ་རབ་འབྱམས་པ་དང་ཁྲིན་བློ་སྨྱོན་སོགས་དངོས་སུ་ཕེབས་ནས་དྲི་བ་དང་དགོངས་ཚུལ་གནད་ལ་སྨིན་པ་གསུངས་ཡོད་པ་དེ། དངོས་གནས་བུ་མོ་ང་ལ་ཡིད་འགུལ་བྱུང་སོང་། གང་ཡིན་ཟེར་ན། མི་རབས་གསར་བར་ངོས་འཛིན་གསར་བ་ཞིག ཐབས་ཚུལ་གསར་བ་ཞིག གཞན་ཡང་བཅོས་བསྒྱུར་གསར་བ་ཞིག ཁ་སྐོང་གསར་བ་ཞིག་གི་ཕྱོགས་སུ་མཆེད་ཀྱིན་པའི་རྣམ་པ་མཐོང་སོང་། རིག་སོང་། ཚོར་སོང་། ག་འདྲ་བྱས་ནས་ཟེར་ན། རང་ཚུགས་དང་རང་དཔྱོད་ཡོད་པའི་རྣམ་འགྱུར་ཞིག་མཐོང་། ངོས་འཛིན་དང་འགྱུར་ལྡོག་གཏོང་ནུས་ཀྱི་བློ་སྤོབས་ཤིག་རིག་སོང་། རང་འཁྲིའི་འགན་བབ་ཆེན་པོ་ཞིག་ལེན་བཞིན་པ་དེ་ཡང་ཚོར་སོང་།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
བུ་མོ་ངས་དེ་སྔོན་གྱི་མཆན་བུ་ཞིག་ཏུ་《ང་ཚོ་བོད་མི་རིགས་ཀྱི་ཁྱད་ནུས་དང་སྟོབས་ཤུགས་དེའང་མི་རིགས་ཧྲིལ་བོ་ལ་དབང་དགོས་པ་ཞིག་ཡིན་ཀྱང་། ད་སྐབས། མི་གཅིག་གི་ཐོག་ཏུ་སྤུངས་གང་ཐུབ་བྱེད་ཀྱིན་པའི་རྣམ་འགྱུར་ལ་བལྟས་ཡོང་ན། ཧ་ལས་ཤིང་ཧང་སངས་དགོས་པའི་གནས་བབ་ཅིག་མ་རེད་དམ》ཅེས་པ་དྲ་གྲོགས་ཉིད་ཀྱིས་《འདི་གང་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་མ་ཤེས་པའི་དབང་གིས་ཡིན་ཞེས་དང་། ད་དུང་དྲ་གྲོགས་ཞིག་ནས་དེ་སུ་ཞིག་ལ་དམིགས་ནས་བཤད་ཀྱི་ཡོད་མེད་དྲི་བ་བཀོད་སོང་མོད། ཚེ་སྐྱིད་ལགས་ཀྱིས་མ་མཐོང་བའི་ཚུལ་བཟུང་ནས་གསལ་ཁ་བཏོད་མ་སོང་།》 ཞེས་པ་འདི་གལ་གནད་ཅིག་དམིགས་སུ་བཀར་འདུག་ན། བུ་མོ་ངས་ཀྱང་དེ་ལུགས་ཀྱིས་སྒོ་ནས་དྲིས་ལན་ཞིག་ཨེ་འཁྱོངས་ལྟ་གི་ཡིན་ལགས། སྤྱིར་བཏང་ཡིན་ན། འདིའི་དམིགས་དོན་དང་བསྟན་དོན་ངོ་མ་ནི། ད་ལྟའི་བོད་མི་རིགས་ཀྱི་གནས་ཚུལ་ངོ་མ་ཞིག་དམར་རྗེན་དུ་གསལ་སྟོན་བྱས་ཡོད། དེ་ཡང་། ང་ཚོའི་མི་རིགས་ལ་རང་རྣམ་ཞིག་དང་ནུས་སྟོབས་ཤིག་ཡོད་པ་གོར་མ་ཆག་ཀྱང་། ད་ལྟའི་བོད་ཀྱི་ནུས་ཤུགས་མི་བསྐྱེད་ཅིང་ངར་སྟོབས་མི་འདོན་པར་སོས་དལ་བག་ཕེབས་ངང་ནས་ལྷོད་ཀྱིས་འདུག་སྟངས་འགྲོ་སྟངས་སོགས་རྣམ་འགྱུར་ལ་བལྟས་ཡོང་ན། ད་ནི་བོད་མི་རིགས་སྒྱུད་ལུག་དང་རང་འགན་རང་གི་མི་འཁྱེར་བར་གཞན་བརྟེན་སྐྱབས་བཅོལ་གྱི་འདུ་ཤེས་ཆེན་པོ་ཞིག་གིས་བཟུང་ཡོད་ཀི། དེའི་སྟོབས་ཀྱིས། བོད་མི་རིགས་ཀྱི་དོན་དག་ཡོད་ཚད་ནས་ཡོད་ཚད་སྤྱི་ནོར་༸རྒྱལ་དབང་ཚང་ཁོ་ནར་བཅོལ་ཞིང་རེ་བ་བརྒྱབས་པ་ནི་བོད་མི་རིགས་ཀྱི་ཞན་ཆ་ཆེ་ཤོས་ཤིག་རེད། མ་ཟད། གནས་ཚུལ་དེའི་རྐྱེན་པས། ད་ལྟའི་བོད་མི་རིགས་ཀྱི་འགྲོ་ལམ་མི་གསལ་ཞིང་མ་འོངས་པའི་ཁ་ཕྱོགས་དེ་བས་ཀྱང་ཆེས་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དེ་རེད། འདི་ནི། ཟུར་ཟ་མིན་ལ་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་ལ། འདི་ནི། སྐུར་འདེབས་མིན་ལ་དངོས་ཡོད་ཀྱི་གནས་སྟངས་ཇི་བཞིན་པའང་རེད། འདི་ནི། མཐོང་ཆུང་མིན་ལ་མིག་མཐོང་མྱོང་གསལ་གྱི་གནས་བབ་ཅིག་རེད། དྲ་གྲོགས་གཞོན་ཟླས་ད་དུང་བསྙད་ཕྱོགས་ལ་བལྟས་ཡོང་ན། 《༡ གང་ཞིག་གསར་བརྗེ་བྱེད་དགོས་པ། ༢ ཇི་ལྟར་གསར་བརྗེ་བྱེད་དགོས་པ། ༣ དེའི་ཚབ་ལ་ཅི་ཞིག་འཛུགས་དགོས་པ》 སོགས་ཀྱི་དྲི་བར་རེ་རེར་བཞིན་ལན་འདེབས་བྱེད་ཀི་ཡིན་ལགས་ན། དེ་ལུགས་གཟིགས་ཞིབ་ཡོང་བར་ཞུའོ།། ངའི་གཞོན་ཟླ་ལགས།
དྲིས་ལན་དང་པོ། ཆོས་ཆོས་དང་སྲིད་སྲིད་ཀྱི་བགྲོད་ལམ་མ་བསྲེས་པ་རེ་འཚོལ་དགོས་ཀི། ཆོས་ལུགས་དང་མ་འབྲེལ་བའི་བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་ལོ་རྒྱུས་དེ་ལྷ་འདྲེ་དང་མ་འདྲེས་པའི་ངོས་གཙང་ཞིག་དགོས་ཀི། ང་ཚོའི་རྩོམ་རིག་གཞུང་ལུགས་དེ་གཡར་མ་ཞིག་གིས་ད་ལྟའི་བར་དུ་ཚད་བཀག་བྱས་བསྡད་པ་ཞིག་རེད་དེ། ད་ནས་བཟུང་བོད་རང་གི་ཡུལ་ཁམས་དང་འཚམ་པའི་རྩོམ་རིག་ཅིག་དགོས་ཀི། བོད་ཀྱི་དཔལ་འབྱོལ་ལམ་ལུགས་དེའང་འགྲོ་སྟངས་དེ་ཆེས་མི་གསལ་བ་ཡིན་པས་ན། ཁ་གསལ་གཏིང་གསལ་ཅན་དུ་བསྒྱུར་དགོས་ཀི། ཆོས་པ་དང་འཇིག་རྟེན་པའི་འགྲོ་འདུག་སྤྱོད་གསུམ་ནི། གཞི་རྩའི་ཆ་ནས་ཁ་ཁ་སོ་སོ་ཡིན་དུས། དེང་སང་ནང་བཞིན་མིན་པར། རང་རང་སོ་སོའི་བཤད་སྟངས་འགྲོ་སྟངས་གཙིགས་འཛིན་བྱེད་རྒྱུ་ལས་ཆོས་པ་འཇིག་རྟེན་པར་ཆགས་པ་དང་འཇིག་རྟེན་པ་ཆོས་པར་བརྫུས་པའི་རིགས་དེ་མཚམས་འཇོག་དགོས་ཀི། གྲྭ་གྲངས་ཇེ་མང་དུ་གཏོང་བའི་ལམ་ལུགས་དེའང་བསྒྱུར་དགོས་ཀི། དགོན་སྡེ་དང་སྤྲུལ་སྐུ། བླ་མ་དང་གྲྭ་པ་རྣམས་ཀྱིས་ད་ནས་བཟུང་བོད་འབངས་ལག་ནས་འབུལ་སྡུད་བྱེད་མཚམས་འཇོག་དགོས་ཀི། སྤྲུལ་སྐུའི་ལམ་ལུགས་ནི་ངེས་པར་དུ་མེད་པར་གཏོང་དགོས་ཀི། ཨོ་རེད། འདིའི་དྲིས་ལན་རྗེས་ནས་ཞིབ་ཕྲ་ཞུ་ཆོག་པ་གྱིས།
དྲིས་ལན་གཉིས་པ། བློས་བཏང་དང་བློ་སྟོབས་ཆེན་པོ་སྒོ་ནས། གཞན་ལྟ་དང་རང་ཉམས་ངོས་འཛིན་གནད་སྨིན་བྱས་ནས། ཚུར་ལེན་དང་འཐུས་སྒོ་ཚང་ཐབས་ཀྱི་སྒོ་ནས། འགྱུར་ལྡོག་དང་འགྱུར་བའི་ཁ་ཕྱོགས་ལ་བསྟུན་ནས། དབྱེ་ཞིབ་དང་དཔྱད་བསྡུར་གྱི་སྒོ་ནས། མདུན་ནས་མདུན་དུ་བསྐྱོད་དགོས་པ་ནི། གལ་གནད་ཅིག་རེད། ད་རུང་། ཨུ་ཚུགས་དང་མཁྲེགས་འཛིན་མི་བྱེད་པར། རང་རློམ་དང་ཁེངས་སེམས་མི་སྐྱེས་པར། བག་འཁུམས་དང་རྙིང་ཞེན་མི་བགྱིད་པར། མཉམ་འབྲེལ་དང་གུ་ཡངས་བྱེད་དགོས། གསར་བརྗེ་དང་གསར་གཏོད་བྱེད་དགོས། སྙིང་སྟོབས་དང་བློ་རིག་བསྐྱེད་དགོས། ཆོད་སེམས་དང་བློ་ཐག་རྦད་ཆོད་དགོས།
དྲིས་ལན་གསུམ་པ། དེང་དུས་སུ་དགོས་མཁོ་ཆེ་ཞིང་ལྷག་པར་དུ། མ་འོངས་པའི་མདུན་ལམ་ལ་ཕན་ནུས་ཐོན་པའི་རིགས་དེ། དཔེར་ན། ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་གསར་སློང་བྱ་རྒྱུ། ཆོས་ལུགས་པའི་འགྲོ་ལམ་གཙང་མ་བཟོ་རྒྱུ། མི་རིགས་ཀྱི་སློབ་གསོའི་སྤུས་ཀ་མི་རིགས་ཅན་དུ་བསྒྱུར་རྒྱུ། ལོ་རྒྱུས་རིག་པའི་རིགས་ལམ་ཞིག་བཏོད་རྒྱུ། བོད་མི་ཚང་མ་ཆོས་ལུགས་ཀྱི་དྲིལ་བསྒྲགས་ཡོ་བྱད་དུ་མི་འགྱུར་བར་བྱེད་རྒྱུ། བླ་མ་སྤྲུལ་སྐུའི་མིང་ཅན་མང་པོ་མང་པོ་ཞིག་གིས་དད་པ་དམ་ཚིག་ཁ་འཁྱེར་གྱིས་སྒེར་གཅོད་ཀྱི་གོམས་གཤིས་གཏོར་རྒྱུ་སོགས་མང་པོ་ཞིག་ཡོད་ཀྱང་རུང་། དེ་རིང་གི་དུས་ཚོད་དང་དྲན་འཛིན་བྲེལ་བའི་སྟབས་ཀྱིས་ཞིབ་ཅིང་རྒྱས་པའི་ལན་ཞིག་མ་ནུས་པས་ན། ད་དུང་ཡིན་རུང་། འདི་དག་གི་ལན་དེ། རྗེས་ནས་ཇེ་གསལ་དུ་གཏོང་རྩིས་ཡོད་ལགས།
བཀུར་འོས་དྲ་གྲོགས་ཁྲིན་བློ་སྨྱོན་ལགས།
གསར་དུ་འདིར་ཕེབས་ནས་བསམ་ཚུལ་བཤད་པར་དགའ་ཡོད། 《བོད་མི་རིགས་ཀྱིས་ལྷ་ཆོས་རིང་ལུགས་ལ་གཞི་རྟེན་བཅོལ་རྒྱུ་ཡིན་ནམ། ཡང་ན། འཇིག་རྟེན་མི་ཆོས་རིང་ལུགས་ལ་རྟེན་གཞི་བྱེད་ཀྱི་ཡིན་ནམ། རྨོ་ལུང་རྩིས་གསུམ་ལ་གཞི་བཅོལ་རྒྱུ་ཡིན་ནམ། ཡང་ན། རང་ཉིད་ཀྱི་བློ་གྲོས་ཀྱི་དཔྱོད་རྒྱ་ལ་ཡིད་རྟོན་བྱེད་ཀྱི་ཡིན་ནམ།》 ཞེས་པའི་དྲི་ཚིག་རེ་རེར་ལན་འདེབས་ཤིག་བྱེད་ན་འདོད་ཀི།
དང་པོ་ཡིན་ན། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་ད་ལྟའི་བར་དུ་འདི་ལྟར་འགྲོ་བསྡད་པ་ཞིག་རེད། སྤྱིར་ན། ཕན་ཤུགས་ཆེན་པོ་ཞིག་ཐོན་ཡོད་རྒྱུ་ན། ད་ལྟའི་སྐབས་སུ་སྐད་ངན་ཞིག་ཤོར་དགོས་པ་དང་མདོག་ངན་ཞིག་བསྟན་དགོས་དོན་ཡོད་པ་མ་རེད་དེ། གང་ལྟར། ང་ཚོའི་མི་རིགས་དང་མདུན་ལམ་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་མ་རེད།
གཉིས་པ་ལྟར་བྱས་ཡོད་རྒྱུ་ན། ད་ལྟའི་བོད་ཀྱི་གནས་སྟངས་འདི་ལྟར་ཁལ་མ་ན་གནས་ཀི་མ་རེད། མི་རིགས་གཞན་ནང་བཞིན་གྱི་འགྲོ་ཕྱོགས་ཡོད་པ་ཅན་ཞིག་ལ་འགྱུར་བའི་རེ་འདུན་ཆེ་རུང་། སྔོན་དང་ད་ལྟ་གང་ཡིན་རུང་དེ་ལྟར་ནི་མ་ནུས་པ་རེད། དེའི་སྟོབས་ཀྱིས། ད་ལྟའི་ཁ་སྟབས་འདིར་ལུས་པ་ཞིག་རེད།
གསུམ་པ་ཡིན་ན་ཡང་། དེ་མཚུངས་རེད། གཞན་རྟེན་གཞན་བཅོལ་གྱི་རང་རྣམ་བཟུང་ནས་ད་ལྟའི་བར་དུ་སོང་བ་རེད་དེ། ད་དུང་ཡིན་རུང་སྒལ་ཚིགས་ཤིག་དང་ཚུགས་ཐུབ་ཀྱི་གཤིས་སྤྱོད་ཅིག་ཆགས་ཡོད་པ་མ་རེད།
བཞི་བ་ཡིན་ན། དགོས་ངེས་ཅན་ཞིག་དང་མེད་ཐབས་བྲལ་བ་ཞིག་རེད་དེ། བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་བཤད་ན། བོར་སོང་ཡོད་པ་ལྟ་བུ་ཞིག་དང་བརླག་སོང་ཡོད་པ་ལྟ་བུ་ཞིག་ཀྱང་རེད། བྱས་ན། ད་ནས་བཟུང་རང་གིས་རང་ལ་ཡིད་རྟོན་ཞིག་དང་རང་སྤོབས་ཤིག་དགོས་པ་ནི། དུས་ཀྱིས་སྐུལ་བའི་གནད་དོན་ཆེན་པོ་ཞིག་རེད།
བཀུར་འོས་དྲ་གྲོགས་དབྱིན་མིང་ཅན་Tibetan girl ལགས།
འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད་ལ། མ་ཟད། གསར་བརྗེ་བྱ་སའི་ཡུལ་མང་པོ་ཞིག་དཔེར་མཚོན་དུ་བཀོད་འདུག་པ་ནི། དོན་ལ་གནས་ཤིང་གནས་ལུགས་ལྡན་པ་ཞིག་ཏུ་མཐོང་སོང་། ལྷག་པར་དུ། དྲ་གྲོགས་ཉིད་ཀྱིས་《ཆབ་སྲིད་པ་དང་རིག་གཞུང་སྨྲ་པ། མཚན་ཉིད་རིག་པ། ཆོས་ལུག་མཁས་པ། སྒྱུ་རྩལ་པ་སོགས་རང་སར་རང་འཇོག་དང་རང་གནས་རང་སྤྲོད་ལས། གཅིག་ཚབ་གཅིག་དང་གཅིག་གིས་ཀུན་བྱེད་པའི་ལམ་སྲོལ་མཚམས་འཇོག་རྒྱུ། དེས་ཆེད་ལས་དང་ཆེད་མཁས་ཀྱི་སྒོ་ཡངས་པོར་བྱེད་ཐུབ་རྒྱུ་ཡིན》 ཞེས་གདམས་པ་ནི། བུ་མོ་ངའི་ཡིད་ངོར་བབས་སོང་། དེར་བརྟེན། རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀི་ཡིན། རྒྱུ་མཚན་ནི། ད་འདི་ལྟར་བགྲོད་ལམ་ཞིག་མ་བཙལ་ན། མཚམས་ཤིག་ལ་ལམ་ཞིག་འཚོལ་འདོད་ཡོད་ཀྱང་ཆེས་མི་གསལ་བ་དང་མག་མོག་གི་གནས་སུ་འགྲོ་ངེས་རེད། ཕལ་ཆེར་ད་ལྟ་ནས་འགྲོ་བཞིན་པ་རེད་དེ། རེ་བ་དེ་ཞིག་མེད་པ་མ་རེད། བྱས་ན། ང་ཚོའི་ངོས་ནས་རྣམ་འགྱུར་གསར་བ་ཞིག་བཟུང་ནས་འགྲོ་ཕྱོགས་གསར་བ་ཞིག་འཚོལ་དགོས་ལ། རྙེད་ཀྱང་དགོས། འདི་ནི། དྲ་གྲོགས་ཉིད་དང་བུ་མོ་ངའི་ལངས་ཕྱོགས་དང་ཕུགས་བསམ་ཞིག་ཏུ་རེ་འགྱུར་ཆེའོ།།
བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས།
བླ་ན་མེད་པ་བཀུར་ཡང་།།
སངས་རྒྱས་ལྟ་བུའི་མཛད་རྣམ།།
བདག་གིར་བཞེས་རྒྱུའི་ཚབ་ཏུ།།
རྐང་འདྲེན་མང་པོ་བཀང་འདུག །
བླ་མ་སྤྲུལ་སྐུ་ཟེར་དུས།།
ཁྲི་སྟེང་གྲལ་མགོར་ཡོད་ཀྱང་།།
དམངས་དོན་ཡེ་ནས་བོར་བའི།།
བླ་སྤྲུལ་རྫུན་མས་གང་འདུག །
སྤྲུལ་སྐུའི་མདུན་ལ་འགྲོ་དུས།།
སྒོར་མོའི་བམ་ཁ་མཐུག་ན།།
ཞལ་མཇལ་ལྷོད་ཀྱིས་རེག་གི།།
བསྟོད་བསྔགས་མིང་ཆེན་སྩོལ་གི།
ལྷ་འདྲེ་མང་བའི་མི་རིགས།།
བླ་སྤུལ་མང་བའི་མི་རིགས།།
གཞན་རྟེན་ཆེ་བའི་མི་རིགས།།
ད་དུང་སད་རྒྱུ་དཀའ་གི།།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་དང་Tibetan girlགཉིས་ལགས།
ཁྱེད་རྣམ་གཉིས་ཀྱི་ངོས་ནས་དགོངས་ཚུལ་ཞིབ་ཅིང་ཟབ་བརླིང་ལྡན་པ་རེ་གསུངས་པ་དེ་དངོས་གནས་དགའ་སྤོབས་སྐྱེས་སོང་། གང་ཡིན་ཟེར་ན། དགའ་བ་ནི་ང་ཚོའི་བརྗོད་གཞི་འདི་ཚ་ཚ་འུར་འུར་གྱིས་གླེང་རིན་ཡོད་པ་ཞིག་ཏུ་བསྒྱུར་བཞིན་འདུག་ལ། སྤོབས་སེམས་ཡོང་བ་ནི། གང་ལྟར་གསར་བརྗེ་དང་གསར་གཏོད་ཀྱི་རིན་ཐང་རྟོགས་ཤིང་ཐབས་ཚུལ་ལྡན་པའི་མི་རབས་ཤིག་ཆགས་གྲབ་བྱེད་ཀྱིན་པའི་རྣམ་འགྱུར་གྱིས་རེད། དེ་ནས། དེང་སང་། ནང་བསྟན་དཔལ་འབྱོར་རིག་པ་ཟེར་བ་དང་གངས་རིའི་རིང་ལུགས་ཀྱི་ནང་བསྟན་ཟེར་བ་སོགས་ཀྱི་རང་རང་གི་དགོས་དོན་ཉི་ཚེ་བ་རེའི་ཆེད་དུ། ནང་ཆོས་ཀྱི་གཞི་རྩའི་གཞུང་ལུགས་དང་འགལ་བའི་ཁྱད་མཚར་རྐྱང་རྐྱང་གིས་རང་ཉམས་ཕྱིར་སྟོན་བྱེད་ཀྱིན་འདུག་ལ། མ་ཟད། ང་ཚོའི་མི་རིགས་ཀྱི་གདོང་མདོག་ངོ་མ་དེ་རྫུན་མ་དང་བརྫུས་མས་བསྒྱུར་བཞིན་པའི་དུས་འདིར། དབྱེ་མཚམས་ཤིག་དང་ས་མཚམས་ཤིག་དགོས་པའི་ཚད་དུ་སླེབས་ཟིན་པའི་ཚད་ལས་འདས་ཡོད་པ་རེད། དེར་བརྟེན། ང་ཚོའི་མི་རབས་ཀྱི་ངོས་ནས་ཅམ་འཇོག་དང་སྣང་མེད་དུ་མི་བསྐྱུར་བར། བསྐྱར་ཞིབ་དང་འགྱུར་བ་ཞིག་གཏོང་དགོས་པའི་དུས་ཚོད་གནད་འགག་ཅན་ཞིག་རེད། བྱས་ན། བློ་རིག་གནད་ལ་ཟིན་པར་བསྐྱེད་ནས། ངོས་འཛིན་ཐོབ་པར་བྱས་ནས། ཁ་ཕྱོགས་ཡོད་པར་བྱས་ནས། གྲ་སྒྲིག་ཡོད་པར་བྱས་ནས། འཆར་གཞི་བཟོ་ནས། མདུན་དུ་བསྐྱོད་ནས། ཆོད་སེམས་ཤིག་དང་བློ་སྟོབས་ཤིག་གི་སྟེང་ནས་འགྲོ་དགོས་པ་ནི། དུས་བབ་དང་དགོས་མཁོ་ཞིག་གིས་དེད་པའི་རྟིང་སྐུལ་རྣལ་མ་ཞིག་རེད། དེས་ན། བུ་མོ་ངས་ཀྱང་དེ་དག་གི་གནད་དོན་ཤེས་ནས། སེམས་ཤུགས་ཤིག་བཅིངས་ནས། བློས་བཏང་ཞིག་འཁྱེར་ནས། བསམ་བློ་ནན་མོ་ཞིག་བཏང་ནས། འགྲོ་འདོད་ཆེན་པོ་ཞིག་གིས་སྙིང་ཁམས་འཕར་ལྡིང་བྱེད་ཀྱིན་འདུག་ལགས་ན། བུ་མོ་ངའི་སྙིང་གི་ཚི་ལུ་དེ་རང་གི་དམིགས་འབེན་དང་དགའ་ཕྱོགས་རེད། དེའི་དབང་གིས། ད་ལྟ་བུ་མོ་ང་ནི། རང་དབང་མེད་པའི་ཁེར་ཚུགས་ཀྱི་རྣམ་འགྱུར་ཞིག་བསྟན་པ་ཡིན་ལ། མ་འོངས་པ་ན། ལག་ལེན་གྱི་གྲུབ་འབྲས་ཤིག་ཡོད་པའི་འབད་བརྩོན་བྱེད་འདུན་སླད་མེད་ཅིག་ཡིན་སྟབས། བུ་མོ་ང་ལ་མཁྱེན་ལྡན་ཁྱེད་དང་ཁྱེད་རྣམ་པའི་ཕྱོགས་ཡོངས་ནས་རོགས་འདེགས་ཤིག་ཡོང་བའི་སྐུལ་མ་བྱས་དང་བྱེད་ཀྱིན་པའི་གནས་སྟངས་འདི་རེད། འདི་ནི། བུ་མོ་ངས་ཐབས་སྒོ་འཚོལ་བའི་གོ་རིམ་ཞིག་རེད་ལ། རང་ཚུགས་རྙེད་པའི་དུས་རབས་ཤིག་ཡོང་བས་ན། དོགས་འདྲི་དང་དགོངས་ཚུལ། དྲི་བ་དང་དགག་བཞག་གི་འགྲོ་ཕྱོགས་དེ་ཤིན་ཏུ་དགོས་མཁོ་ཆེ་བ་ཞིག་ཏུ་འཁུམས་སོ
བཀུར་འོས་ཀརྡོ་རབ་འབྱམས་པ་ལགས།
བུ་མོ་ང་ལྟ་བུ་ཡིན་ན། རབ་འབྱམས་པ་དང་རབ་འབྱམས་པའི་མིང་ཞིག་ཡོད་མཁན་རྣམས་ལ་བརྟག་ཞིབ་ཧ་ཅང་དགའ། གང་གིས་ཟེར་ན། ཁོང་ཚོའི་མཚོན་དོན་དང་ལག་ལེན་གཉིས་ཀྱི་བར་ལ། ཧེ་བག་ཆེན་པོ་ཤོར་བཞིན་པའི་གནས་ཚུལ་འདི་ཚོ་བསྔོག་ན་འདོད་པས་ཡིན་ལ། མ་ཟད། རབ་འབྱམས་པ་དང་རབ་འབྱམས་པའི་མཚན་མིང་འཛིན་མཁན་ཚོའི་ཤེས་རྟོགས་དང་ངོས་འཛིན། ལག་ལེན་དང་གྲུབ་འབྲས་སོགས་ཀྱི་ཚད་གཞི་དེ། གང་གི་མཚོན་དོན་གྱི་དགོས་དོན་འགྲུབ་ཡོད་མེད། མེད་ན། ག་འདྲ་བྱས་ནས། ཁོང་ཚོར་དེ་ལྟ་བུའི་མཚན་གནས་དེ་ཅི་ལྟར་བྱས་ནས་ཐོབ་སྟངས་དང་རེག་སྟངས་ལ་ཉམས་ཞིབ་བྱེད་འདུན་ཆེན་པོ་ཡོད་པས་སོ།། དེའི་བརྒྱུད་རིམ་གྱི་ཁྲོད་ནས་ཡ་ང་ཞིང་སྐྱུགས་བྲོ་བའི་གནས་ཚུལ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་འཕྱུར་ཡོང་བ་ལྟ་བུ་རེད། གང་ལྟར་འདི་ནི། ཐོག་མར་བུ་མོ་ངས་དྲ་གྲོགས་ཉིད་ཀྱི་མཚན་དོན་དང་འབྲེལ་བའི་བསམ་འཆར་ཞིག་ཐོག་མར་བཏོན་པ་ཡིན་ནོ།། དེ་ནས་ཉིད་ཀྱིས་དགོངས་ཚུལ་དེ་ཁྱད་མཚར་ཞིག་གི་ཕྱོགས་སུ་མཆེད་འདུག རྒྱུ་མཚན་ནི། གསར་བརྗེ་ཟེར་དུས། ལམ་དང་ལུགས་སྲོལ་སྐྱོང་བ་ཞིག་ལ་ངོས་འཛིན་གནང་བ་ཡིན་ན། དེ་ནི། གསར་བརྗེ་ཡི་དགོས་དོན་མ་རེད། བྱེད་ཐབས་ཀྱང་དེ་བས་ཀྱང་མ་རེད། ཉིད་ཀྱི་དགོངས་ཚུལ་ནི་རྒྱུན་འཛིན་པ་ཙམ་ཞིག་དང་སོ་ན་གནས་པ་ཞིག་གི་གནས་སྟངས་བསྟན་པ་ལས། གསར་བརྗེ་དང་ལྷག་པར་དུ། གསར་གཏོད་ཀྱི་ཆ་རྐྱེན་ཅི་ཡང་ཚང་གི་མི་འདུག་ན། རྗེས་ཕྱོགས་ཡིན་ན། འདི་འདྲའི་ཕྱོགས་ལྷུང་གི་དགོངས་ཚུལ་ཅི་འདྲའི་མང་པོ་ཞིག་གསུངས་རུང་། ཨུ་ཚུགས་དང་མཁྲེགས་འཛིན་པའི་རྣམ་འགྱུར་ཙམ་ཞིག་ལས་མེད་ཀིའོ།།
དྲ་གྲོགས་Tibetan girl དང་རྔ་བ་ཚེ་སྐྱིད། གཞོན་ནུ་ཟླ་མེད་གསུམ་ལ་ཆེད་ཞུ།
སྤྱིར་བཏང་གི་གནས་ཚུལ་ཙམ་ཞིག་གི་ངོས་ནས་བལྟས་ན། བོད་ཀྱི་རིག་གཞུང་གི་སྲོག་ཤིང་དེ་ཆོས་བརྒྱུད་ཆེན་པོ་བཞིས་བཟུང་བསྡད་ཡོད་པའི་རྣམ་འགྱུར་འདུག་རུང་། མི་རིགས་འཕེལ་རྒྱས་ཧ་ཅང་རྗེས་ལུས་ཡིན་པ་དེ་རྨོངས་དད་ཀྱི་དབང་གིས་བོད་ཀྱི་ཆོས་བརྒྱུད་ཁག་བོད་འབངས་ཀྱིས་ཡར་རྒྱས་བཏང་བཞག་པ་རེད་དེ། ཚུར་བོད་དམངས་ལ་ཞབས་འདེགས་བསྒྲུབས་པ་ནི་ཁ་ནས་མཎི་བགྲངས་པ་ཙམ་ཞིག་དང་ཁྱད་མེད་པས་ན། སེམས་ནས་མ་བོར་བ་ཞིག་གིས་ཕན་ནུས་ཐོན་གི་རེད་དམ་མ་རེད། ངས་བལྟས་ན། བོད་ཀྱི་ཆོས་ལུགས་ཁག་གིས་ཀུན་ནས་བསླངས་པའི་བྱེད་སྒོ་ནི་ཕྱིའི་དངོས་པོ་འབའ་ཞིག་དང་དཔལ་འབྱོར་ལ་དམིགས་པ་ལས་བོད་དམངས་ཀྱི་སེམས་ཀྱི་བག་ཆགས་དེ་ནམ་ཡང་སད་ཀྱི་མེད་སྟབས། འདི་ལྟར། ཆོས་ལུགས་པ་ཁས་འཆེ་བ་དག་གིས་བེད་སྤྱོད་བཏང་བ་ཞིག་རེད།
བཀུར་འོས་དྲ་གྲོགས་ཁྲིན་བློ་སྨྱོན་ལགས།
བུ་མོ་ངས་བསམས་ཡོང་དུས། དྲ་གྲོགས་ཉིད་ཁ་རུ་ཁ་ཐུག་འདྲ་བོ་ཞིག་མཐོང་སོང་། དེ་ཡང་། ཡག་པོ་རེད། གང་ཡིན་ཟེར་ན། མགོ་བདེ་དྲན་འཕྲུལ་ལ་གོམས་པའི་མི་རྣམས་ཀྱི་ཐག་རྭ་རྒྱང་བསྐོར་གྱི་བཤད་ཚུལ་མ་བཟུང་བར། དགེ་སྐྱོན་གང་ཡོད་ཐད་ཀར་དུ་བཤད་པ་ནི། ཕལ་ཆེར་ཁ་ཁོག་མཚུངས་རྟགས་འདྲ་བོ་ཞིག་རེད་དེ། དེ་ཙམ་གྱིས་ང་ཚོའི་མི་རིགས་ཀྱི་སྐྱོན་ཆ་དང་ཞན་ཆ་རྣམས་ཐེར་འདོན་དང་སྔོག་འདོན་ཐུབ་ཀྱི་མ་རེད་བསམ་གི། བྱས་ན། ད་ནས་བཟུང་། ཐབས་ཚུལ་སྣ་ཚོགས་སྤྱད་དགོས་པ་དེ་གནད་ཀྱི་དམ་པ་ཞིག་རེད། སྤྱིར་ན། དུས་ནམ་ཞིག་ཡིན་རུང་། ཕྱོགས་གཅིག་དང་ཐབས་ལམ་གཅིག་རང་གི་ཐོག་ཏུ། འདུག་ཡུན་དང་འགྲོ་ཡུན་རིང་དྲགས་ན། སྔ་ཕྱི་མ་གཏོགས་ཕམ་ཁའི་གནས་སུ་ཚུད་འགྲོ་བ་ལྟ་བུ་ཞིག་རེད། དེའི་ཕྱིར་ན། ཅི་ཙམ་གྱིས་ཐབས་ལམ་མང་ན་དེ་ཙམ་གྱིས་འགྲོ་ལམ་མང་ཞིང་ནུས་ཤུགས་ཆེ་བ་མངོན་ཡོང་གི་རེད།
བཀུར་འོས་དྲ་གྲོགས་གཙང་རིགས་དང་སྦྲ་ནག ད་དུང་རྒྱང་འཁྱམས་པ་རྣམས་གང་ཞིག་ཏུ་ཡོད་དམ།
གླེང་སྟེགས་འདིར་ཡོང་རྒྱུ་མེད་ནོ་འདི་ཅི་ཞིག་རེད་སོང་བ་རེད་དམ། ཡང་མིན་ན། བུ་མོ་ངས་བསམ་ཚུལ་གྱི་ཁ་ཕྱོགས་མ་གསལ་བ་དང་ཐབས་ཚུལ་ཞན་པས་ཡིན་ལས་ཆེ་ན་ཐང་། གལ་སྲིད། བུ་མོ་ངའི་སྐྱོན་ཞིག་ཡིན་ན་ནི། གསལ་བོ་ཤོད་དང་དྲིས་དང་། བུ་མོ་ངས་འབད་རྒྱུ་ཡིན་ལགས། བཀུར་འོས་དྲ་གྲོགས་རྣམ་པ་ལགས། ཨོ་རེད། ཁ་སྔོན་ཞིག་ལ་བཤད་ཟིན་པ་བཞིན། བུ་མོ་ངས་ད་ནས་བཟུང་། དམར་དམར་རྗེན་རྗེན་གྱི་གླེང་གཞི་འཛུགས་ཀི་ཡིན་ལ། ཐབས་ཚུལ་ཡང་དོན་དུ་ཁེལ་བ་གང་ཐུབ་འདོན་རྒྱུ་ཡིན་ནོ།། དེས་ན། རིགས་མཐུན་དྲ་གྲོགས་རྣམ་པས་དགོངས་འཆར་སྤུངས་ཐུབ་པའི་རེ་འདུན་ཆེའོ།། གཞན་ཡང་། བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་འདི་འདྲ་ཞིག་ལ་དམིགས་འཛིན་བྱེད་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་མང་པོ་བཤད་ཟིན་པ་ཡིན་ལ། ད་ནི། སྐབས་དོན་དངོས་ཀྱི་བརྗོད་གཞི་རང་གི་ཐོག་ཏུ་འབབ་རྒྱུར་གཙོར་འཛིན་བྱེད་ཀི་ཡིན། ལྷག་པར་དུ། ད་ལྟ་དང་མ་འོངས་པའི་ཁ་ཕྱོགས་ཀྱི་ཆེད་དང་། དེ་ལས་ཀྱང་དེའི་ཐབས་བྱུས་འདོན་ཕྱོགས་ལ་འབད་རྒྱུ་ཡིན་ནོ།།
བཀུར་འོས་དྲ་གྲོགས་ཚེ་སྐྱིད་ལགས། རང་དོན་རོགས་དོན་གང་ཡིན་མི་ཤེས་པས་ངའི་མི་ཚེའི་ཅག་ཅོག་གི་ལམ་འཕྲང་འདི་ལས་ཆུ་ཚོད་ཀྱིས་མ་འདང་བས་དཀའ་ངལ་ཞིག་གི་དབང་དུ་ཤོར་བ་མ་གཏོགས་ཁྱེད་ཀྱི་ཕུག་བསམ་ལ་རྗེས་སུ་ཡི་རིང་ཡོད། མ་ཚད་ཁྱེད་ཀྱིས་གསུངས་མཆན་ལ་དོགས་སློང་དང་རེ་བསྐུལ་ཞུ་འདོད་ཤིན་ཏུ་ཆེ། དེ་བས་ཀྱང་ང་རྒྱལ་དང་ཁེངས་དྲག་མེད་པར་ཉམ་ཆུང་གུ་ཡངས་ཀྱི་སྒོ་ནས་བོད་མི་རིགས་ཀྱི་གསར་བརྗེ་མདུན་ལམ་གྱི་ཆེད་དུ་རིགས་མཐུན་དྲ་གྲོགས་པདྨའི་ཚལ་དུ་ཀུ་མུཏ་ལྟར་མངོན་པ་ནི། མཛེས་པའི་ནང་གི་ཆེས་མཛེས་ཤིང་སྙིང་དུ་སྡུག་པ་ཞིག་རེད། མ་གཏོགས་ཆེ་བསྟོད་དང་གུས་བཀུར་ལ་མགོ་བོ་འཁོར་ཏེ། རང་རློམ་དང་ང་རྒྱལ་གྱི་མགོ་འཕང་མཐོན་པོས་བྱང་ཆུབ་སེམས་མཆོག་མས་ཁ་དབྱངས་སྒྲོག་བཞིན། ཆོས་བརྒྱུད་དང་ཆོལ་ཁའི་དཀྲུག་ཤིང་བྱེད་བཞིན། མཐུན་སྒྲིལ་དང་སྟོབས་ཤུགས་ལ་གཏོར་བརླག་གཏོང་བཞིན། ་རིག་གསར་དང་མདུན་ལམ་གྱི་བཀག་རྡོ་བྱེད་བཞིན། རྨོངས་དད་དང་ཞེན་ཁོག་ཁོ་ནས་འཚོ་བའི་མི་རིགས་ཤིག་ལ་ཡར་རྒྱས་མེད་པ་ཆོས་ཉིད་རེད། འོན་ཀྱང་། བུ་མོ་ལགས་སྤོབས་སེམས་སྐྱེད། ང་ཚོས་མདུན་བསྐྱོད་ཀྱི་གོམ་ཁ་དང་བགྲོད་ལམ་ཡངས་ཤིང་གསལ།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
བསམ་ཚུལ་མང་པོ་ཞིག་འདོན་བཞིན་པར་རྗེས་སུ་ཡི་རངས་ཡོད། གང་ཞིག་མིན་ན་གང་ཞིག་ནས་ཕན་ངེས་རེད། གནད་དོན་ནི་སྐབས་ཐོག་ཙམ་མ་ཡིན་པར་དུས་རྒྱུན་ལྡན་ནས་བསམ་ཞིབ་ཡོད་པའི་སྒོ་ནས་ཁྱོན་ཡོངས་མཐོང་བ་བྱས་ཏེ་རང་རང་གིས་གང་ཤེས་རྣམས་ཚིག་རིས་ཙམ་མིན་པར་དྲང་ཚུགས་ཀྱི་སྒོ་ནས་བཤད་རྒྱུ་འདི་གལ་མི་ཆེའམ། དེ་མིན་འཆར་སྣང་གི་ཚོད་དཔག་ཙམ་གྱིས་རྔོ་ཐོགས་རྒྱུ་ཧ་ཅང་དཀའ་བར་སྣང་། གནད་དམ་པ་ནི་དགེ་སྐྱོན་གཉིས་ཀྱི་ཕྱོགས་རེ་རེ་ནས་བཟུང་ཞིབ་པར་གླེང་ན་ད་གཟོད་རབ་རིབ་མ་ཡིན་པའི་ལམ་ཁ་ཞིག་རྙེད་རྒྱུར་རེ་བ་ཆེ།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
རིན་ཐང་ཆེ་ཞིང་རྩ་ཆེ་བའི་ཉིད་ཀྱི་དུས་ཚོད་བཏོན་པ་མ་ཚད། འདིར་ཕེབས་ནས་བུ་མོ་ང་ལ་སྐུལ་མ་དང་ཡི་རངས་བགྱིས་པར་ཐུགས་རྗེ་ཞུའོ།། རེད། དངོས་གནས་རེད། ང་ཚོ་བོད་མི་རིགས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་གི་ཕྱོགས་སུ་བསྐྱོད་དགོས་ན། ངེས་པར་དུ། དུས་ཀྱི་འགྱུར་བ་དང་བསྟུན་དགོས་པ་ནི། གལ་གནད་ཅན་གྱི་དགོས་མཁོ་ཞིག་རེད། སོང་ན། དེ་འདྲའི་ཐབས་བྱུས་འདོན་ཐུབ་མིན་དེ་ང་ཚོའི་མི་རབས་ཀྱི་ཤེས་རྟོགས་དང་ལག་ལེན། གསར་བརྗེ་དང་གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་དགོས་པ་ནི། དེ་བས་ཀྱང་གལ་ཆེན་ཞིག་རེད། ཨོ་རེད། གལ་ཆེན་རང་བཞིན་དང་དགོས་མཁོ་རང་བཞིན་མང་པོ་མང་པོ་ཞིག་བཤད་ཟིན་པ་ཡིན་ལགས་ན། ད་ནི། ཐབས་བྱུས་འདོན་རྒྱུའི་ཕྱོགས་སུ་ཤུགས་རྒྱག་གི་ཡིན། གང་ལྟར། དང་པོར། ངོས་འཛིན་གནད་སྨིན་ཞིག་དང་བློས་བཏང་ཆེན་པོ་ཞིག་དགོས་པ་ནི། ཆེས་མཐའི་ཆ་རྐྱེན་ཞིག་རེད། དེ་ནས། མཉམ་རུབ་དང་མཉམ་འབྲེལ་གྱི་སྤྱོར་བ་ཞིག་དགོས་པའང་དེ་བཞིན་རེད། ཨ་ཙི། བུ་མོ་ང་འདི་ནི། ཆེས་མཚར་བོ་ཞིག་རེད། བཤད་དགོས་རྒྱུ་དེ་མི་འཆད་པར་དགོས་མེད་དོན་གཞན་རྐྱང་རྐྱང་གིས་ནམ་རྒྱུན་བཀང་བཞིན་པ་ནི་ད་ནས་མཚམས་འཇོག་གི་ཡོད་ལགས། རེད་ཡ། གསར་བརྗེ་བྱེད་དགོས་པ་ནི་མ་འདང་བ་ཞིག་དང་མ་ནུས་པ་ཞིག་གིས་འདེད་བཞིན་པས་རེད། གསར་གཏོད་ནི་དགོས་མཁོ་ཞིག་དང་ནུས་སྟོབས་ཤིག་འཕེལ་བའི་ཆེད་དུ་ཡིན་དུས། ང་ཚོ་བོད་མི་རིགས་ལ་སྤྱི་ཡོངས་ནས་མ་འདང་བ་ཆ་མང་ཞིང་མ་ནུས་པའི་ཕྱོགས་དེ་བས་ཀྱང་མང་པོ་ཞིག་རེད་ལ། དེ་ལས་ཀྱང་། གསར་གཏོད་ཀྱི་ཆ་དགོས་མཁོ་ཆེ་ཞིང་དེའི་སྟོབས་ཤུགས་དེའང་ངེས་པར་དུ་མེད་ཐབས་བྲལ་བ་ཞིག་རེད། དེས་ན། ང་ཚོའི་མི་རབས་ཀྱི་འགན་འཁྲིའི་ངོས་ནས་དང་ད་ལྟའི་མི་རིགས་ཀྱི་གནས་བབ་ཛ་དྲག་འདི་ལ་ཁ་ཕྱོགས་གསར་བ་ཞིག་འཚོལ་སྙེག་བྱེད་དགོས་པ་ནི། དོན་སྙིང་ལྡན་ཞིང་མཁོ་གལ་ཆེ་བ་ཞིག་ཏུ་འཁུམས་སོ།།
བཀུར་འོས་དྲ་གྲོགས་སྦྲ་ནག་ལགས།
ཉིད་ཀྱིས་གནད་ཀྱི་དོན་པོ་ཁ་ཤས་གསལ་འདེབས་དང་འབྲེལ་ནས་དམིགས་སུ་བཀར་བ་དེ་ཡག་པོ་མཐོང་བྱུང་། དངོས་གནས་རེད།
རྒྱུན་འཁྱོངས་དགོས་པ་ནི་འགངས་ཆེན་པོ་ཞིག་ཡིན་པས་ན། བུ་མོ་ངས་ཀྱང་ནུས་ཤུགས་འདོན་བཞིན་པའི་རྣམ་འགྱུར་འདི་ཡིན།
ཚིག་རིས་ཙམ་མིན་པར་དངོས་ཡོད་དང་མཐུན་དགོས་པ་ནི་ངེས་པར་དུ་ཤེས་དགོས་པ་ཡིན་སྟབས། བུ་མོ་ངས་ཀྱང་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་གཞིགས་ནས་འབྲི་ཁུལ་དང་བཤད་ཁུལ་བྱེད་ཀྱིན་པའི་སྒང་ཡིན་ལགས།
རང་ཚུགས་དང་དྲང་བཞག་དགོས་པ་ནི། བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་འདི་ཡིན་ན་ཆོག་གི། ཡང་མིན་ན། སྤྱིར་བཏང་གི་བྱ་བཞག་གང་ཞིག་རྩོམ་ན་དེའི་མགོ་མཇུག་ཚང་མའི་སྲོག་ཤིང་ལྟ་བུ་ཞིག་ཡིན་པའི་ཕྱིར། བུ་མོ་ངས་ཀྱང་དྲང་ཚུགས་དང་བརྟན་བརླིང་གི་རྣམ་འགྱུར་ཞིག་བཟུང་ནས་ད་ལྟའི་བར་དུ་འགྲོ་བཞིན་པའི་སྐབས་ཡིན་ལགས།
ལྷག་པར་དུ། ཚོར་སྣང་དང་འཆར་སྣང་རིང་ལུགས་པ་ཞིག་ཏུ་གྱུར་སོང་བ་ཡིན་ན་ནི། དེའི་གྲུབ་འབྲས་དང་ལག་ལེན་གྱི་མངོན་ཚན་ཡང་དེ་བཞིན་དུ་འགྱུར་འགྲོ་བའི་སྟོབས་ཀྱིས། བུ་མོ་ངས་ཀྱང་ཚོར་སྣང་དང་འུར་རྒྱག་མ་བྱས་པར་རང་གི་ལྟ་ཚུལ་འདིའི་རྒྱབ་ལྗོངས་དང་མ་འོངས་པའི་ཁ་ཕྱོགས་སོགས་དངོས་ཡོད་དང་མཐུན་ཞིང་དཔྱད་གཞིགས་ཟབ་བརླིང་ལྡན་པ་ཞིག་ཡོང་བའི་ཆེད་དུ། བུ་མོ་ངའི་རྣམ་དཔྱོད་དང་ཐབས་ཚུལ་འདོན་བཞིན་པ་ཡིན་ལགས་སོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ཁམས་བཟང་།
དེ་རིང་བུ་མོ་ངའི་ངོས་ནས་བསམ་ཚུལ་ཁ་ཤས་འདོན་རྒྱུར་འབད་ཀི་ཡིན་ལགས་ན། དེ་དོན་ཐུགས་འཇངས་ཡོང་བར་ཞུའོ།། སྤྱིར་བཏང་ཡིན་ན། བུ་མོ་ངའི་ལྟ་ཚུལ་ཟེར་ན་འདྲ། གང་ལྟར། རིགས་མཐུན་དྲ་གྲོགས་མང་པོ་ཞིག་གིས་ཚ་ཚ་འུར་འུར་གྱིས་གླེང་བཞིན་པའི་གནད་དོན་ནི། ད་ལྟའི་བོད་མི་རིགས་ལ་གསར་གཏོད་ཇི་ལྟར་བྱེད་དགོས་པ་དང་བརྒྱུད་རིམ་གང་ཞིག་བརྒལ་དགོས་པ། ངོས་འཛིན་གང་འདྲ་བྱས་ན་ཐོབ་དགོས་པ་དང་ག་འདྲ་བྱས་ནས་གྲུབ་འབྲས་ལེན་དགོས་པ་སོགས་ཀྱི་གནད་དོན་དེ་རེད། དེས་ན། བུ་མོ་ངས་ཀྱང་། དེ་མཚུངས་ཀྱི་སྒོ་ནས་ཐབས་བྱུས་འདོན་རྒྱུར་འབད་ཁུལ་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་། དོན་ལ་གནས་ཤིང་སྙིང་བོ་ཅན་གྱི་ཐབས་ལམ་ཞིག་འདོན་རྒྱུར་ཆ་རྐྱེན་མང་པོ་ཞིག་ཚང་དགོས་ཀྱང་། བུ་མོ་ང་ལ་ཡོད་པ་གཅིག་ནི། བློས་བཏང་ཆེན་པོ་ཞིག་དང་། གཉིས་ནི་ངོས་འཛིན་གཏིང་ཟབ་ཅིག་ཡོད་པ་དང་། གསུམ་ནི་སྒེར་ཚུགས་ཀྱི་ལྟ་ཚུལ་ཞིག་ཡོད་པ། བཞི་ནི་རང་རྟོན་ཡང་ངར་བ་ཞིག་ཡོད་པ་སོགས་ཀྱི་དབང་གིས། བུ་མོ་ངའི་ལྟ་ཚུལ་དང་ལངས་ཕྱོགས་དེ། འདི་ལྟར། སྐྱེད་སྲིང་བྱས་ཤིང་། འདི་ལྟར། ལམ་དུ་ཆས་པ་ཡིན། དེའི་ཛྷཕྱིར་ན། ད་ནི། ཐབས་ལམ་འདོན་པའི་དུས་བབ་ཅིག་རེད་ལ། ཐབས་བྱུས་དེ་ཡང་གནད་ལ་འཁེལ་ཞིང་དོན་ལ་གནས་པ་ཞིག་དགོས་པ་ནི། བུ་མོ་ངའི་ཐོག་མའི་དམིགས་ཡུལ་དང་ལངས་ཕྱོགས་ཀྱི་ཆ་རྐྱེན་དང་པོ་ཞིག་ཀྱང་རེད། དེས་ན། གསར་བརྗེ་ཞིག་བྱ་དགོས་ན། དམིགས་ཡུལ་ཞིག་དང་དགོས་མཁོ་ཞིག་མངོན་དགོས་པ་རེད་ལ། དེ་ལྟར་ཡོང་རྗེས་རུལ་སུངས་དང་རྗེས་ལུས་བག་འཁུམས་ཀྱི་བཀག་རྡོར་གྱུར་པའི་རིགས་དེ། ངོས་འཛིན་མ་ནོར་བ་ཞིག་ཐོབ་དགོས་ཀི། གཞི་ནས། དབྱེ་ཞིབ་དང་བརྟག་དཔྱད་ཀྱི་སྒོ་ནས་འཇུག་རིམ་ཞིག་བསྟན་དགོས་པ་རེད། ལར་སྤྱི་ཡོངས་ལ་གོ་རྟོགས་དང་ལག་ལེན་གྱི་གནད་དེ་བསྟན་ནས་གོ་རིམ་བཞིན་དུ་འགྲོ་དགོས་པ་རེད། དེ་ནས་ཆོད་སེམས་ཤིག་དང་རྒྱུུན་འཁྱོངས་ཤིག་མུ་མཐུད་དུ་བཅིངས་ནས་དཀའ་ངལ་གདོང་གཏད་དགོས་པ་དེ་རེད། རིམ་གྱིས། འཕེལ་འགྱུར་ཆེན་པོ་ཞིག་འབྱུང་བའི་སྐབས་སུའང་། ཡར་རྒྱས་དང་འཐུས་སྒོ་ཚང་བ་ཅན་དུ་བསྒྱུར་དགོས་པ་དེ་གསར་བརྗེ་ཡི་དགོས་དོན་སྙིང་བོ་ཞིག་ཏུ་སེམས་སོ།། སླར་ཡང་། གསར་གཏོད་ཀྱི་ཆ་མང་པོ་ཞིག་རང་ཤུགས་ཀྱིས་བསྐྲུན་དགོས་ངེས་ཡིན་པ་ཌྷདང་། བསྐྲུན་སྟངས་དེ་ཡང་དུས་རབས་ཀྱི་དགོས་མཁོ་དང་འགྱུར་བའི་ཁ་ཕྱོགས་ལ་གཞིགས་ནས། ཚུར་ལེན་དང་དཔེ་ལྟོས་ཀྱི་སྒོ་མོ་ཛྷཕྱེས་ཏེ་རང་གི་མི་རིགས་དང་རིག་གནས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་ཐབས་སུ་འབད་དགོས། འདི་ནི། སྐུལ་མ་ཙམ་ཞིག་དང་རེ་བ་ཡོད་པ་ཙམ་ཞིག་གིས་འགྲུབ་རྒྱུ་ཞིག་མིན་པར་ལག་ལེན་དངོས་ཀྱི་འབྲས་བུ་ཞིག་སྨོན་ཐབས་ལ་ཕྱོགས་དགོས་པ་ཞིག་རེད། དེ་ཡང་། རང་ཉམས་ཀྱི་ནུས་ཤུགས་དང་གཞན་གྱི་ལེགས་ཆ་མཚུངས་བསྡུར་གྱི་སྒོ་ནས། བསྐྱོད་དགོས། ད་གཟོད། རང་མི་རིགས་ཀྱི་གནས་སྟངས་དང་གཞན་སྟངས་གསལ་བོ་ཞིག་རང་ཤུགས་ཀྱིས་ཆགས་ཡོང་དུས། ཚད་གཞི་གང་ཞིག་ཏུ་ཐོན་མིན་ཤེས་རྟོགས་རྙེད་སླ་བ་ཞིག་རེད། སྐབས་དེར། ད་ལྟ་བ་ལྟ་བུའི་རྨོངས་འཐོམས་རིང་ལུགས་ལས་རིང་དུ་བརྒལ་ཡོད་མེད་ཀྱི་ཚད་དེའང་ཤེས་སླ་བ་ཞིག་རེད། བྱས་ན། ད་སྐབས་ནང་བཞིན་གྱི་དཀའ་རྙོག་མང་པོ་ལས་གྲོལ་ཡོད་ལས་ཆེ་ན་ཐང་མོད། དེ་ལྟར་ཡོང་ཐབས་སུ།
སྟོབས་ཤུགས་ཆིག་སྒྲིལ་དང་ཁ་ཕྱོགས་གཅིག་གྱུར་ཞིག་དགོས་པ་ནི་ཆེས་གནད་འགག་ཅིག་རེད་ལགས། བཀུར་འོས་དྲ་གྲོགས་རྣམ་པ།
དེ་རིང་།
སེམས་འགྱུ་དྭངས་མའི་ལྕུགས་ཕྲན་གསེབ་ན།།
དབྱངས་རྟ་སྟོང་གི་ཚོམས་བུར་འཁྱུད་པའི།།
འཛུམ་པའི་ལང་ཚོ་རབ་ཏུ་དམར་པའི།།
སྙིང་གི་དུམ་བུ་གཏན་དུ་ཤོར་སོང།།
བཀུར་འོས་དྲ་གྲོགས་ཚེ་སྐྱིད་ལགས།
ངས་བསམ་ཚུལ་མདོར་བསྡུས་ཤིག་གླེང་ན་འདོད། བློས་བཏང་ཆེན་པོ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར་ངོས་འཛིན་གསལ་བོ་ཞིག་ཡོད་དགོས། སྤྱིར་ཆོས་ལུགས་དང་དེའི་ནང་ནས་བོད་ཀྱི་ནང་ཆོས་ནི་གཏིང་ཟབ་པའི་ནང་བསམ་བློའི་རིག་གཞུང་ཞིག་ཡིན་པས། དེ་དུས་རབས་འདིའི་སྤྱི་ཚོགས་དང་འཚམ་པའི་འདོར་ལེན་དང་དབྱེ་ཞིབ་བྱེད་པར་དཔྱད་བརྗོད་གཏིང་ཟབ་མོ་ཞིག་མེད་ན་ཧ་ཅང་ཁག་པོ་རེད། མ་ཚད་དེ་ཕྱོགས་ལ་ངེས་ཆ་མེད་མཁན་ཚོ་ཡང་ཞེན་ཁོག་རྨོངས་དད་ཀྱིས་དབང་གིས། སྲོལ་རྒྱུན་གྱི་བག་ཆགས་ཟབ་མོའི་གཏིང་རིམ་ལས་གྲོལ་མི་ཐུབ། བློས་བཏང་ཞིག་ཡོད་ན་བློས་བླངས་ཤིག་ཀྱང་ཡོད་དགོས། དེ་ཡང་ལེན་ཕྱོགས་དང་འཛིན་ཕྱོགས་གང་གི་ཆ་ནས་ཞིབ་འཇུག་ཚད་ལྡན་ཞིག་དགོས། སྒེར་ཚུགས་ཀྱི་ལྟ་ཚུལ་ཞིག་ཡོད་པ་དེ་ཡང་ཕྱོགས་ལྷུང་མེད་པ་ཞིག་དགོས་གལ་ཆེ། ཕྱོགས་ལྷུང་ཅན་གྱི་ལྟ་ཚུལ་ལ་ངོས་འཛིན་དེ་བས་ཀྱང་ཐོབ་མི་སྲིད། རང་རྟོན་ངར་བ་ཞིག་ཡོད་པ་དེས་ཀྱང་གཞན་གྱིས་ཡིད་རྟོན་བྱེད་ཐུབ་པས་ནུས་པ་ཞིག་འདོན་དགོས། གང་ལྟར་ལྟ་ཚུལ་དང་ལངས་ཕྱོགས་ སྐྱེད་སྲིང་བྱེད་དགོས་ན་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་དགོས།
བཀུར་འོས་དྲ་གྲོགས་Tibetan gril ལགས།
སེམས་དང་སེམས་པ་མཐུན་ན།།
འགྱུར་མེད་ཡིད་ཆེས་ཇེ་བརྟན།།
སེམས་དང་སེམས་པར་ཁེན་ན།།
སླད་མེད་དུང་བ་འཕེལ་ཡོང་།།
ལྟ་ཚུལ་དང་ལངས་ཕྱོགས་བསྡུར་དུས།།
རྣམ་དཔྱོད་བློ་རིག་ཇེ་རྣོ།།
རྒྱུ་མཚན་གནས་ལུགས་བསྡུར་དུས།།
གྲུབ་འབྲས་ཐབས་ལམ་ཇེ་མང་།།
དུས་ཀྱི་འགྱུར་བའི་ཁྲོད་ན།།
ཨུ་ཚུགས་མཁྲེགས་འཛིན་ཆེ་ཞིང་།།
རྗེས་ལུས་ཐེབས་པའི་བོད་པ།།
ད་དུང་ཁལ་མར་འདུག་གི།།
དེ་ལྟའི་གནས་སྟངས་མཐོང་སྐབས།།
མ་བཟོད་འགན་འཁུར་ཞིག་གིས།།
གྱེན་ལ་དེད་པའི་བུ་མོ།།
འདི་ལྟར་བགྲོད་མགོ་བརྩམས་ཡོད།།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
རེད་ལགས། དངོས་གནས་རེད། ཉིད་ཀྱིས་ཐོག་མར་ངོས་འཛིན་མ་ནོར་བ་ཞིག་དགོས་སྐོར་གླེང་སློང་གནང་བར་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། བྱས་ན། ད་ལྟའི་བར་དུ། བུ་མོ་ངས་ཀྱང་ངོས་འཛིན་དང་རྒྱབ་ལྗོངས་བཤད་བསྡད་པའི་ཁུལ་ཡིན་མོད། འོན་ཀྱང་། ད་དུང་། གསལ་ཁ་མེད་པ་དང་ནོར་བའི་ཕྱོགས་ཀྱི་ཤུགས་ཆེ་བའི་དབང་གིས། ཕལ་ཆེར་ཉིད་ཀྱིས་དེ་ལྟར་བསྙད་ཡོད་རྒྱུ་རེད་སྙམ་བྱུང་། དེས་ན། བུ་མོ་ངས་ད་རུང་ཡིན་ཡང་འབད་བརྩོན་ཆེན་པོ་བྱེད་འདུན་ཡོད་ལགས་ན། དེའི་དོན་ཐུགས་འཇགས་ཡོང་བར་ཞུ། སྤྱིར་བཏང་བུ་མོ་ངའི་བསམ་ཕྱོགས་ཡིན་རུང་། ནང་ཆོས་ནི་གཞུང་ལུགས་ཟབ་མོ་ཞིག་དང་རྒྱབ་ལྗོངས་བཙན་པོ་ཅན་ཞིག་ཡིན་པ་བསམ་གྱི་ཡོད། ཡོད་དེ། ནང་ཆོས་ཁོ་རང་ལ་སྒྲིག་ཁྲིམས་ཤིག་དང་འདུག་སྟངས་ཤིག འགྲོ་ཕྱོགས་ཤིག་དང་སྐྱོང་སྟངས་ཤིག་ཡོད་པ་གསལ་བོ་རེད། དེ་འདྲ་ཡིན་དུས། རང་རང་གི་གནས་བབ་དང་འཚམ་པའི་སྡོད་གནས་རེ་བཙལ་དགོས་པ་ལས། ཡོད་ཚད་མཉམ་བསྲེས་དང་དཀྲུགས་དཀྲུགས་བཏང་བཞག་པ་ཡིན་ན་ནི། རིག་གནས་རང་རང་གི་ནུས་པ་ཉམས་ཉེས་ཆེན་པོ་འབྱུང་རྒྱུ་མ་ཟད། ཁ་ཕྱོགས་ཀྱང་ཆེས་རྩིང་སྤྱོད་ཅིག་གི་ཕྱོགས་སུ་འགྲོ་རྒྱུ་རེད། སྐབས་དེར། དྭངས་དཀའ་བའི་རྙོག་དྲ་ཞིག་དང་སངས་དཀའ་བའི་གནས་སྟངས་ཤིག་ལ་བསྐྱལ་ཚར་དུས། གཅིག་ནས། ཕྱིས་དྲགས་པ་རེད་ལ། གཉིས་ནས། འགྱུར་བ་གཏོང་དགོས་ན་མགོ་རྙོག་ཚ་བོ་ཞིག་རེད། ཉིད་ཀྱིས་གསུངས་པར་བལྟས་ཡོད་དུས། 《ནང་ཆོས་ཀྱི་ཕྱོགས་ལ་ངེས་ཆ་མེད་མཁན་ཚོ་ཡང་ཞེན་ཁོག་རྨོངས་དད་ཀྱིས་དབང་གིས། སྲོལ་རྒྱུན་གྱི་བག་ཆགས་ཟབ་མོའི་གཏིང་རིམ་ལས་གྲོལ་མི་ཐུབ།》ཅེས་པ་ནི། དངོས་ཡོད་ཚུལ་གྱི་ཐོག་ནས་འདི་འདྲ་ཞིག་རེད་དེ། གང་ལྟར། གསར་བརྗེ་ཞིག་བྱེད་པའི་བརྒྱུད་རིམ་ན། རྒྱུ་མཚན་མེད་པའི་ཞེན་ཁོག་དང་མ་ཤེས་མ་རིག་པའི་རྨོངས་དད་དེ་འགོག་རྐྱེན་ཆེ་ཤོས་ལྟ་བུ་ཞིག་རེད་མོད། འོན་ཀྱང་། ངེས་པར་དུ། བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཚར་གཅོད་གཙང་སེལ་བྱེད་དགོས་པ་ནི། ཆེས་མ་མཐའི་མེད་དུ་མི་རུང་བའི་ལངས་ཕྱོགས་ཤིག་དང་བློས་བཏང་ཞིག་རེད།