ཀླུ་སྨྱོན།
ཅི་ཡིན་འདི་ཡིན་མི་ཤེས་པར་རྨི་ལམ་འཁྲུགས་སོང་།
རྨི་ལམ་འཁྲུག་སྟངས་ཀྱང་མི་འདྲ་གི
ཕྱེ་མ་ལེབ་དང་གྲོག་མ།
ས་འབུ་ཐག་ནར་དང་སྦྲང་མ་སོགས་ཀྱིས་མཆེ་བ་གཙིགས་ཡོང་།
ཁོ་ཚོར་ངའི་ཟུངས་ཁྲག་དྲོན་མོ་དགོས་ཟེར།
ལྷ་འདྲེ་དང་འབྱུང་བོ་རོ་ལངས།
དྲི་ཟ་དང་གནོད་སྦྱིན་སོགས་ཀྱིས་ལག་གཡོབ་བྱས་སོང་།
ཁོ་ཚོར་ངའི་རྣམ་ཤེས་འཁྱམ་པོ་དེ་དགོས་ཟེར།
རྨི་ལམ་འཁྲུགས་སོང་།
གོ་རིམ་དང་བརྟག་དཔྱད་མེད་པར་རྨི་ལམ་འཁྲུགས་སོང་།
དབྱར་གཞུང་གི་མཛེས་སྡུག་དང་དགུན་གཞུང་གི་གྲང་རླུང་སྡེབས་ནས་སྲོག་ལ་གཟན་བྱུང་།
རྨི་ལམ་གྱི་ཁ་བྱང་མི་གཅིག་པའི་རྐྱེན་གྱིས།
རྨི་ལམ་གྱི་རྒྱབ་ལྗོངས་ངོ་མ་དེ་ཤེས་མ་བྱུང་།
བུ་མོ་དང་བྷ་ག་སོགས་ནམ་རྒྱུན་རྒྱུགས་ཆེ་བའི་ཐ་སྙད་ཁག་ཅིག
འཇམ་ལྷུག་ལྷུག་སྦྲང་རྩི་བཞིན་རྨི་ལམ་གྱི་ནང་དུ་བཞུར་ཡོང་།
རྨི་ལམ་ནང་འཁྲིག་པ་སྤྱོད་པ་འདི་དགའ་བ་ལ་ཨང་།
དེ་ཡང་བག་ཚ་དང་སྤམ་རྫུ་མེད་པར་དགའ་མགུར་སྤྱོད་སྟངས་ཤིག་ཀྱང་རྨི་ལམ་ནང་མཐོང་སོང་།
ཆོས་ལུགས་དང་གྲུབ་མཐའ་ནགས་ཚལ་ལྟར་གཟེངས་པའི་རྨི་ལམ་ནང་།
རིག་གཞུང་དང་ལྟ་གྲུབ་རྒྱ་མཚོ་ལྟར་འཕྱུར་བའི་རྨི་ལམ་ནང་།
ངས་རང་ཉིད་བྱིས་པ་ཡིན་དུས་ཀྱི་རྩེད་ར་ཆུང་ཆུང་དེ་མཐོང་བྱུང་།
ད་དུང་ནམ་ཡང་བརྗེད་མ་མྱོང་བའི་རྩེད་གྲོགས་བུ་མོ་ཆུང་ཆུང་དེར་ཡང་ཐུག་བྱུང་།
མེ་ཏོག་སེར་ཆེན་སྐྱེས་པའི་རྨི་ལམ་ནང་དུ།
ངའི་མི་ཚེ་དེ་ཞེ་དྲགས་རིང་རྒྱུ་མེད་པ་དང་།
དེའི་ནང་དུ་སྐྱིད་སྡུག་གི་རི་མོ་སྣ་ཚོགས་ཤིག་བྲིས་འདུག་པ་ཡང་མཐོང་བྱུང་།
གང་ལྟར་ལུས་པོ་བྱ་སྤུ་ལྟར་ཡང་བའི་རྨི་ལམ་ནང་དུ།
རང་ཉིད་གར་འགྲོ་ངེས་མེད་ཡིན་ལ།
རྣམ་ཤེས་ཤིང་ལོ་བཞིན་འཕུར་བའི་རྨི་ལམ་ནང་དུ།
རང་ཉིད་སུ་ཡིན་ངོ་རྟགས་ཀྱང་མི་ཆོད་པར་འདུག
དཀོན་མཆོག་སྐྱིད། བདེ་སྐྱིད་མཚོ། བྱམས་མཚོ་སྐྱིད། མི་ཤེས་པའི་འབྲུག་མོ་དེ། ཚེ་རིང་སྐྱིད།
ད་དུང་སེམས་པ་ཤོར་མྱོང་བའི་མཁའ་སྤྱོད་མའི་སྐུ་བརྙན་དམར་པོ་དེ།
དེ་དག་ཚང་མ་ངས་རྨི་ལམ་ནང་དུ་མཇལ་བྱུང་།
གལ་སྲིད་རྨི་ལམ་དེ་ངས་རྒྱུན་རིང་ཙམ་རྨི་རྒྱུ་བྱུང་ན།
ངས་རང་ཉིད་ཀྱིས་མཛེས་སྡུག་ལྡན་པ་ཞིག་ཏུ་མཐོང་བ་མཐའ་དག་བདག་གིར་བྱེད་འདོད་པ་དང་།
རང་ཉིད་ལ་ཐོབ་པ་དེ་དག་དང་ནམ་ཡང་ཁ་མི་འབྲལ་བའི་སྨོན་ལམ་ཞིག་འདེབ་འདོད།
ཨ་རོ་དེང་སང་ད་སྙན་ངག་ཟེར་ནོ་བྱིས་པས་གཅིན་གཏོང་སྟངས་བྱེད་ཀྱིན་ཡོད་ཁ། ངར་བ་ཟིག་རེད། ཤི་རག་བར་དུ་རྩོམ་འབྲི་རྒྱུ་ཟེར་བའི་ཁ་སང་གི་སྐད་ཆ་དེས་ང་སེམས་འགུལ་ཐེབས་བཅུགས་སོང་། རྒན་མོ་མེད་ན་དགོན་པར་ཤོག་དང་སྔོན་མའི་ནག་རིལ་མ་འོ་མ་བཙོང་ནོ་དེ་ལྷག་ཡོད་ཁུ། འདི་ནི་ཕྱོགས་གཞན་ནས་གོ་བ་ལེན་དགོས།
སྤྱིར་གྲྭ་པ་ཞིག་ལ་མཚོན་ན་ཤུ་རག་བར་ཏུ་རྩོམ་འབྲི་རྒྱུ་ཞེས་པ་སྟེ་ཧ་སང་གོས་པ་ཞིག་མ་རེད་ཡིན་ཡང་ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་ལ་ལྟས་ན་མི་ཞིག་མི་ཚེ་གང་བོར་བོད་མི་རིགས་ཀྱི་བདེ་སྡུག་གླེང་བཞིན་རྩོམ་ཡིག་ཞིག་བྲས་ན་དེ་རླབས་ཆེན་འདྲ་བོ་མཐོང་ཡིན་ཡང་། གྲྭ་བ་ཞིག་བརྗོད་འོས་མིན་བསམ་བློ་གཏོང་དགོས་པ་ཞིག་མ་རེད་དམ།
ཚེ་རིང་སྐྱིད་ཀྱི་མཛེས་སྡུག་ཀླུ་སྨྱོན་གྱི་སྙིང་ལ་ཟུག་འདུག
གལ་ཏེ་སྙིང་ནད་བྱུང་ནས་ཨ་ལགས་ཚང་གཤེགས་སོང་ན། དེའི་འགན་ཆ་ཚང་ཚེ་རིང་སྐྱིད་ཀྱིས་ཁུར་དགོས། ངས་ཁྲིམས་གཏུག་བྱེད་ཀྱི་ཡིན།
ཧ་ཧ་ཧ་ཧཧཧཧ
ཚེ་རིང་སྐྱིད་ལ་ནག་ཉེས་མེད་ན་ཁྲིམས་ཤོར་འགྲོ་ནི་རེད། ཁྲིམས་ཤོར་སོང་ན་ད་དུང་དེའི་སྟེང་ལ་གུན་བསམ་སྤྲད་དགོས་ནི་རེད། དེ་ནས་ཕམ་ཐོག་ཕམ་བཞག་རེད་ཡ། ད་ཁྲིམས་གཏུག་མ་བྱས་ན་དགའ་གི་གོ
གྲྭ་བ་གཙང་ན་ཁ་མི་གཙང་ཟེར་རྒྱུ་བོ་ཅི་མ་བདེན། ཡང་ཡེ་ཤེས་སྤྲུལ་སྐུའི་རྨི་ལམ་འཁྲུགས་ཚར་ཐལ། །
སྙན་པོ་ཞེད་པོ་འདུག བཀའ་དྲིན་ཆེ།
ང་ནི།
ཞོགས་པར་ང་རྒྱལ་ལངས།
ཉིན་དགུང་ཕྲག་མདོག་སྐྱེས།
ཕྱི་དྲོ་འདོད་ཆགས་འབར།
དགོང་དྲོ་གཏི་མུག་གིས་གཉིད་ཉལ།
མཚན་དུས་སུ་རྨི་ལམ་འཁྲུགས།
རྒྱ་མིས་བོད་སེམས་དཀྲུགས།
དཀྲུག་མཁན་འཁྲུག་མཁན་དེ་བས་མང་།
སྙིགས་མའི་རང་མཚང་རྡོལ་སྟངས་དེ་ལྷག་ཅི་དགོས།
སྙིང་རྗེ་བའི་རབ་འབྱམས་པ།
ལས་ངན་པའི་རབ་འབྱམས་པ།
ཅི་ཡང་མེད་པའི་རབ་འབྱམས་པ།
མིང་ཙམ་གྱི་རབ་འབྱམས་པ།
གྲལ་མཐའི་རབ་འབྱམས་པ།
སྙིང་རྗེ་ལྷ་ཡིས་བྱིན་གྱི་རློབས། །
ལས་ངན་སྡིག་སྒྲིབ་དག་པར་ཤོག །
ཅི་ཡང་མེད་ཀྱང་ཆོག་ཤེས་ཡོད། །
མིང་ཙམ་གིས་ཀྱང་ཀུན་ལ་ཕན། །
གྲལ་མཐར་བསྡད་ནས་ཀུན་གྲོལ་ཤོག །
སྙིང་རྗེས་མིག་ལ་ཕན་པར་ཤོག །
ལས་ངན་མིག་ལ་མ་ཕོག་ཤོག །
ཅི་ཡང་མེད་ཀྱང་མིག་ལྡན་ཤོག །
མིང་ཙམ་རྟོག་བཏགས་རྟོགས་པར་ཤོག །
གྲལ་མཐའི་མིག་མེད་སྒྲོལ་བར་ཤོག །
ཧེ་ཙིས༼རླབས་ཆེ་བའི་སྙན་ངག༽ཁྲོད་དུ་འདི་ལྟར་བྲིས་ཡོད་དེ། རླབས་ཆེ་བའི་སྙན་ངག་ནི་བརྩེ་དུང་གི་སྙན་ངག་མ་ཡིན་ལ། བརྩེ་དུང་མཚོན་པའི་སྙན་ངག་ཀྱང་མིན། གདོད་མའི་རྒྱུ་ཆ་མཚོན་པའི་སྙན་ངག་དེ་བས་ཀྱང་ལྟ་ག་ལ་ཞིག་གོ། རླབས་ཆེ་བའི་སྙན་ངག་ནི་རྣམ་ཤེས་དམར་རྗེན་མ་རེ་རེའོ།།
ཟེར་བ་ལྟར་སྙན་ངག་འདི་ན་ཡང་བརྩེ་དུང་གི་ཚིག་འབྲུ་་རེ་ཟུང་གདའ་ཡང་། དོན་གྱིས་ ནི་རྣམ་ཤེས་དམར་རྗེན་མ་རེ་རེ་རེད་དོ །