གཡང་སྐྱབས་རྒྱལ།
དེ་རིང་གློ་བུར་དུ་སྐད་ཆ་ཞིག་བཤད་འདོད་བྱུང་། ང་ཚོ་སུ་ལའང་མདོ་དབུས་ཁམས་གསུམ་གྱི་སྐད་གཅིག་མིན་པ་ནི་བཤད་ག་ལ་དགོས། ང་ཚོས་ཉན་ན་དབུས་པས་མཆུ་ཤུགས་ཆེར་འགུལ་ནས་སྐད་ཆ་བཤད། ཁམས་དང་ཨ་མདོ་བ་ཚོས་མཆུ་ཧ་ཅང་འགུལ་མ་དགོས་པར་སྐད་ཆ་བཤད། མཆུ་འགུལ་ནས་བཤད་སའི་ཨ་མདོའི་ས་ཁུལ་འགའ་ཡོད་པ་དེ་དག་གིས་ ཆུ་ ཞེས་བཀླགས་ན་དབུས་པས་བཀླགས་པ་དང་ཧ་ཅང་ཐག་ཉེ། མཆུ་ཧ་ཅང་འགུལ་མ་དགོས་པར་བཤད་མཁན་གྱི་ཁམས་དང་ཨ་མདོའི་སྒྲ་ཡི་ནང་། མི་དང་མུ་ ཆི་དང་ཆུ་ ལྟ་བུའི་སྐབས་ དབྱངས་གཉིས་གཅིག་མཚུངས་སུ་ཀློག དེ་ཡིན་པ་བྱས།
ད་ནི། ཡི་གེ་འབྲི་སྐབས་ ཨི་དང་ཨུ་གཉིས་ཀྱི་དབྱེ་བ་མ་ཕྱེས་ན་དག་ཆ་མང་པོ་ཞིག་ནོར་ཉེན་ཡོད། མཆུ་མི་འགུལ་མཁན་ཚོར་མཚོན་ན། ཝ་ར་ཎ་སི་ དང་ ཝ་ར་ཎ་སུ་ གཉིས་ལ་ཁྱད་པར་མེད། འོན་ཀྱང་མཆུ་འགུལ་མཁན་ཚོར་ ཕྱི་མ་འདིས་ཞབས་འདྲེན་ཞུ་གི་རེད་དོ༎ ཁི་ལིན་ཊཱོན་དང་ ཁུ་ལིན་ཊོན། ཝིན་ཅ་པའོ་དང་ ཝུན་ཅ་པའོ། བོད་ཡིག་ནང་ལ་ཡང་། མུ་མཐུད་ལ་མི་མཐུད་ རུ་ཁག་ལ་ རི་ཁག་ ལི་མ་ལ་ལུ་མ་ སོགས་འབྲི་ཉེན་ཆེ། ད་དུང་འདིའི་གྲས་ཀྱི་ཚིག་ཁ་ཤས་སེམས་སུ་ཉར་ཡོད་པ་ད་དྲན་མ་བྱུང་།
࿋࿌࿊࿌࿊࿌࿋࿌࿊࿋རེད་རེད། ད་དུང་འོད། ཝོད། བོད། གསུམ་ལའང་ཁྱད་པར་མེད་པ་རེད། ད་དུང་མང་་་་་་་་་་་་་་་་།
ཁ་སང་ངས་བརྗེད་ཐོ་ཞིག་བཏབས་པ་དེའི་ནང་རྣ་བ་འུར་ལ་བསྐུར་བའི་སྒྲ་སྟོན་བྱེད་ལ་༼བང་བང༽་ཞེས་བྲིས་པ་དེ། དབུས་པ་ཞིག་ལ་བསྟན་པར། གད་མོ་ཤོར་འགྲོ་གི་འདུག དེ་ནས་ད་གཟོད་དོ་སྣང་ཞིག་ཀྱང་བྱུང་སྟེ། ག་རེ་རེད། དེས་དོན་དེ་མི་སྟོན་པར་འདུག་གམ་ཞེས་དྲིས་པར། དོན་དེ་ག་ནས་སྟོན། ༼བང་བང༽་ལབ་ན་མེ་མདའི་སྐད་འདྲ་ཞིག་ལ་གོ་གི་རེད། ༼ཝང་ཝང༽་ལབ་ན་ད་གཟོད་རྣ་བ་འུར་ལ་བསྐུར་བ་ཙམ་ལ་གོ་གི་རེད་ཟེར། ད་ཅི་ཟེར་དགོས་སམ།
ཨམ་སྐད་ཀྱིས་བཀླགས་ན་༼བང་བང་༽གིས་རྣ་བ་འུར་ལ་བསྐུར་བ་ཙམ་སྟོན་གི་རེད། ༼ཝང་ཝང་༽ལབ་ན་སྦྲང་མའི་གཤོག་སྒྲ་ལྟ་བུའི་སྐད་ཆུང་ངུ་ཙམ་ལ་གོ་གི་རེད་ཅེས་ལབ་པར། གཞན་གང་ཡང་མ་རེད། ཀློག་གདངས་ཀྱི་ཁྱད་པར་རེད་ལབ་སོང་།
༼བང་བང་༽དང་༼ཝང་ཝང་༽གང་ཞིག་བྲིས་པ་ཡིན་ནའང་། ཨམ་སྐད་ལ་སྒྲ་གདངས་འདྲ་མཚུངས་ཤིག་ཐོན་གི་རེད། དབུས་པའི་ཀློག་གདངས་ཀྱིས་བཀླགས་བཅུག་ན། སྒྲ་གདངས་ལོགས་ཀ་གཉིས་ཆགས་འགྲོ་གི་འདུག
མ་ཤེས་པའི་དྲི་བ་ཞིག་ལགས།
མདོ་དབུས་ཁམས་གསུམ་ཟེར་པའི་བཤད་སྲོལ་དུ་འདི་དུས་ནམ་ཞིག་ནས་མི་སུ་ཞིག་གི་རྩོམ་ནས་བྱུང་པ་རེད།
དེ་དང་ཆོལ་ཁ་གསུམ་ཟེར་པ་དང་ཁྱད་པར་ཡོད་རེད་པས། མཁས་དབང་ཞིག་གིས་གསུང་ལན་ཅིག་ལྡོན་རོགས་ཞུ།
ཨ་མདོའི་སྐད་དུ་ཞི་མོ་ཟེར་བ་ཞུ་མོ་ཟེར་ནས་བྲི་མཁན་རེ་ཟུང་འདུག ནོར་འཆུགས་རེད་ལབ་ཐུབ་མ་སོང་།
སྔོན་ཆད་དགེ་རྒན་དྲིན་ཆེན་དེས་ང་ཚོར་བསྟན་དར་ལྷ་རམས་པའི་མཁས་པའི་ཁ་རྒྱན་དཔེ་ཁྲིད་གནང་བ་རེད། དེབ་དེའི་ནང་དུ་གསལ་བའི་སྐྱེ་གནས་ཀྱི་ཡི་གེ་དེ་ཚོ་དཔེ་ཁྲིད་གནང་སྐབས། ང་ཚོར་དཀའ་ངལ་གཅིག་བྱུང་། དཀའ་ངལ་དེ་ནི་དབུས་པའི་ྐློག་སྟངས་དང་ཨ་མདོའི་ྐློག་སྟངས་ལ་ཁྱད་པར་ཡོད་སྟབས། ཁ་རྒྱན་ནང་དུ་གསལ་བའི་སྐྱེ་གནས་ཀྱི་ཡི་གེ་མང་པོ་ཞིག་ང་ཚོ་ཨ་མདོ་དང་ཁམས་པའི་སློབ་མ་སྐོར་ཞིག་གི་བློ་ངོར་འཇུག་བདེ་པོ་མ་བྱུང་། དེ་བཞིན་རྟགས་འཇུག་ཏུ་གསལ་བའི་ཕོ་མོ་མ་ནིང་གི་ཡི་གེ་དེ་ཚོའང་དེ་བཞིན་རེད། ཡིན་ནའང་གཞུང་ལུགས་ཤིག་ཡོད་པ་དེ་ནི་ང་ཚོའི་རྒྱན་ཆ་རེད། གཞན། དེང་སང་མི་མང་པོ་ཞིག་གིས་རྒྱག་གི་འདས་པ་ལ་རྗེས་འཇུག་ས་མཐའ་མེད་པ་བརྒྱབ་དང་། འདེབས་ཀྱི་འདས་པ་ལའང་བཏབ་འདི་འབྲི་གི་འདུག ས་ཕུད་བླ་མ་ནི་ཇེ་མང་རེད། ཡིན་ནའང་དེ་ནི་ཡིག་ནོར་རེད་ཅེས་སུ་ཞིག་གིས་བསྙོན་ནུས་ཏེ། བསྟན་བཅོས་མང་པོ་ཞིག་གི་ནང་དུ་འདེབས་ཀྱི་འདས་པར་བཏབས་དང་རྒྱག་གི་འདས་པར་བརྒྱབས་འདི་བྲིས་པ་མང་ཙམ་མཐོང་། སྤྱིར་རྗེས་འཇུག་ལ་ས་མཐའ་ཡོད་ན་འདས་པ་ཡིན་པའི་ཁྱབ་ཟེར་བ་ཞིག་ཡོད། དེ་ལ་བསམ་བློ་བཏང་ན་ནི་འདས་པར་རྗེས་འཇུག་ས་མཐའ་ཅན་བྲིས་ན་ལེགས་པར་མཐོང་། ཨོ་ཡ། ད་རྒྱས་པ་ནི་རིམ་པས་ཞུ་གི་ཡིན།
ཨ་མདོ་ལ་་ཆི་དང་ཆུ་གཉིས་ལ་ཁྱད་པར་མི་འདུག་ཟེར་ན་བདེན་པ་ཆ་ཚང་བ་ཞིག་མ་རེད། འོ་ན། ཆིང་དང་ཆུང་གཉིས་ཀྱི་སྒྲ་ཨེ་གཅིག་གི ད་དུང་་་་་མིང་དང་མུང་། ཉིང་དང་ཉུང་ཡང་དེ་བཞིན་རེད། ཆུང་ཆུང་དང་ཉུང་ཉུང་དབུས་གཙང་དང་ཐག་ཉེ་བ་རེད།
ད་དུང་ཨ་མདོ་ལ་ཨོ་ལ་སྒྲ་ཀློག་སྟངས་གཉིས་འདུག ཁ་ནང་གི་སོ་ཟེར་བ་དང་ཞིང་ནང་གི་སོ་གཉིས་ཀློག་སྟངས་མི་འདྲ་གི ད་དུང་ཡིག་མཁན་ལག་གི་ཟིན་ཐོ་དང་མགར་རའི་ལག་གི་ཐོ་གཉིས་ཀློག་སྟངས་མི་འདྲ།
ཟ་མའི་་་་ཐོ་་་་ཁྱེར་ཤོག ངས་ཁ་ལག་ཟ་གི་ཡིན། ཟེར་བ་དང་། ལྕགས་ཀྱི་་་་ཐོ་་་ཁྱེར་ཤོག ངས་ལྕགས་རྡུང་གི་ཡིན། ཟེར་བ་ལ་ཁྱད་པར་ཆེན་པོ་འདུག་ག ད་དུང་འདི་འདྲ་མང་པོ་མང་པོ་འདུག