དེ་རིང་ཉིན་རྒྱབ་རྒྱུད་སྟོད་ཀརྨ་བླ་བྲང་དུ་ཨོ་ནཱ་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་བ་འབྲས་ལྗོངས་བ་ཀརྨ་སྟོབས་ལྡན། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མཊུར་ལགས་བཅས་ཀྱིས་ཀརྨ་བླ་བྲང་གི་གནད་དོན་དེའི་སྐོར་ལ་གསལ་བཤད་བྱས་ཡོད།
ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱལ་པ་ཀརྨ་པའི་བླ་བྲང་ནས་ཡིག་ཐོག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིར་རྒྱལ་བ་ཀརྨ་པ་དང་ཁོང་གི་བླ་བྲང་ལ་སྐྱོན་འཛུགས་བྱེད་པ་དང་། ལྷག་པར་དུ་རྒྱ་གཞུང་དང་འབྲེལ་བ་ཡོད་སྐོར་བཤད་པ་ནི་གཞི་རྩ་གང་ཡང་མེད་པའི་དཀྲོགས་གཏམ་རེད། ཉེན་རྟོག་པ་ཚོས་བླ་བྲང་ནས་རྒྱལ་ཁབ་འདྲ་མིན་གྱི་དངུལ་ཕྱིར་བཏོན་པ་དེ་དག རྒྱལ་ཁབ་འདྲ་མིན་གྱི་ཆོས་ཞུ་བ་དག་གིས་བསྔོ་རྟེན་དང་སྐྱབས་རྟེན་དུ་ཕུལ་བ་ཁོ་ན་ཡིན། ང་ཚོས་དངུལ་དེ་དག་བླ་བྲང་གི་འགྲོ་སོང་དང་ཤེས་ཡོན་སྡེ་ཚན་ཁག་ལ་གཏོང་གི་ཡོད། རྒྱ་སྒོར་མང་ཆེ་བ་བོད་ནས་ཕེབས་མཁན་ཆོས་ཞུ་བ་དག་གིས་ཕུལ་བ་རེད། ཅེས་དང་།
རྒྱལ་བ་ཀརྨ་པའི་དགོན་པ་རྒྱག་རྒྱུར་ས་ཉོ་རྩིས་ཡོད་པ་དེ་ནི་དངོས་ཡོད་ཡིན་ལ། དེ་ནི་འབྲེལ་ཡོད་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་ཆོག་མཆན་ཆ་ཚང་ཞུས་ཡོད་པ་མ་ཟད། ད་ལྟ་ལས་རིམ་འགྲོ་བཞིན་པ་ཡིན། ང་ཚོའི་བླ་བྲང་གི་ངོས་ནས་བཀག་ཉར་འོག་ཡོད་པའི་དངུལ་གཉེར་བ་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཉེན་རྟོག་པ་ཚོར་དོགས་གཞི་གང་ཞིག་ཡོད་ཀྱང་ང་ཚོས་དུས་ཐོག་ལ་ལན་འདེབས་ངེས་ཡིན་ལ། རྒྱལ་བ་ཀརྨ་པ་མཆོག་གིས་ཀྱང་འབྲེལ་ཡོད་དཔོན་རིགས་ཚོར་བཀའ་ལན་གནང་རྒྱུ་གྲྭ་སྒྲིག་ཡིན།
དེ་རིང་ཕྱི་ཚེས་ ༣༠ ཉིན་ཉེ་ཆར་གྱོད་དོན་འདི་མགོ་བསླངས་ས་ཨོ་ནཱ་ས་གནས་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཀཱ་པོར་ G.S Kapoorརྒྱུད་སྟོད་དུ་འབྱོར་ཏེ་རྒྱལ་བ་ཀརྨ་པ་མཆོག་ལ་དངོས་སུ་འདྲི་རྩད་བྱས་ཡོད་འདུག་ལ། དེའི་རྗེས་ཁོས་གསར་ལམ་ཁག་ཏུ། ངས་ཀརྨ་པ་མཆོག་ལ་དྲི་བ་བཏང་བ་ཁག་ལ་ལན་གསལ་བོ་གནང་སོང་། བླ་བྲང་གི་དངུལ་གྱི་བྱུང་སོང་ཐད་ཁོང་ལ་འབྲེལ་བ་གང་ཡང་མི་འདུག གལ་སྲིད་དགོས་མཁོ་བྱུང་ན་བསྐྱར་དུ་ཁོང་ལ་འདྲི་རྩད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
དེ་རིང་ཉིན་རྒྱབ་བླ་བྲང་གི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། འབྲས་ལྗོངས་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་བ་དང་ཀརྨ་པའི་སློབ་སྟོན་པ་སྐུ་ཞབས་ཀརྨ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་གྱོད་དོན་སྐོར་བརྗོད་རྒྱུར། རྒྱལ་བ་ཀརྨ་པ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་། ཁོང་གི་དངུལ་གྱི་ཡོང་ཁུངས་གང་ཡིན་ཟེར་ན། རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་དད་ལྡན་མི་མང་གིས་ཕུལ་བ་རྐྱང་རེད། དེ་སྔོན་བླ་བྲང་གིས་རྒྱ་གར་གཞུང་ལ་ཕྱི་དངུལ་ཉར་ཚགས་དང་། ཧིན་སྒོར་དངུལ་ཁང་ལ་འཇོག་རྒྱུར་རྒྱ་གར་དབུས་ལྷན་ཁང་ Enforcement Department and Income Department ཆོག་མཆན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་གཞུང་གིས་ཡ་ལན་སྤྲད་མེད་སྟབས། ཕྱི་དངུལ་རིགས་བླ་བྲང་ནས་མི་ཉར་ཐབས་མེད་བྱུང་ཡོད། དེའི་ཐད་རྒྱ་གར་གཞུང་ལ་ཡང་འགན་ཡོད་པ་རེད། ཀརྨ་པ་ཁོང་ད་བར་རྒྱུད་སྟོད་དགོན་པར་གནས་ཚང་གཡར་ནས་བསྡད་པ་རེད། ད་ཆར་ཁོང་གིས་ས་ཉོས་ཏེ་བཞུགས་གནས་ཤིག་གྲ་སྒྲིག་བྱེད་ཀྱི་ཡོད་པ་དེར་ང་ཚོས་དགའ་མོས་དང་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཆགས་ཡོད་ཟེར།
དེའི་རྗེས་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མཊུར་ལགས་ཀྱིས་བརྗོད་དོན། ཐེངས་འདིའི་གནད་དོན་ལ་རྒྱུ་རྐྱེན་ཁ་ཤས་ཡོད། དང་པོ། ཨོ་ནཱ་ས་གནས་སུ་རྒྱ་གར་བ་གཉིས་ཀྱི་ལག་ནས་ཧིན་སྒོར་འབུམ་ ༡༠༠ ཐོན་སྐབས། ཁོང་གཉིས་ཀྱི་ཁྲིམས་མཐུན་མིན་པའི་རླངས་འཁོར་ཞིག་སྐོར་ཡོད། དེ་ནི་ཀརྨ་པའི་ཕྱོགས་ཀྱི་གནད་དོན་མ་རེད། བླ་བྲང་གིས་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་སྙན་གསེང་ཞུས་ཏེ་ས་ཉོ་རྩིས་བྱས་ཤིང་། ས་རིན་ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་བས་ས་བདག་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡིན་སྟབས། ཧིན་སྒོར་འབུམ་ ༡༠༠ དེ་ཀརྨ་བླ་བྲང་ལ་འབྲེལ་བ་མེད་པ་ལྟ་བུ་རེད།
གཉིས་པ། བླ་བྲང་ནས་རྒྱ་སྒོར་མང་པོ་ཞིག་ཐོན་ཡོད་སྟབས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཞིག་བྱུང་ཡོད། དེ་ནི་དགོད་བྲོ་བ་ཞིག་རེད། རྒྱ་སྒོར་ཡོད་པ་ཙམ་གྱིས་རྒྱ་གཞུང་ལ་འབྲེལ་བ་ཡོད་དགོས་ན། ཕྱི་དངུལ་མང་ཤོས་ཨ་སྒོར་ཐོན་ཡོད། དེས་ན་ཀརྨ་པ་ཨ་རིའི་གསང་མྱུལ་བ་རེད་ཟེར་ན་འགྲིག་གམ། ཀརྨ་བླ་བྲང་གི་ཕྱི་དངུལ་ལས་རྒྱ་སྒོར་གྱིས་བརྒྱ་ཆ་ ༡༠ ཙམ་ལས་ཟིན་མེད། དེ་རྣམས་བོད་ནས་ཕེབས་པའི་མཆོད་མཇལ་བ་དང་། རྒྱ་རིགས་དད་ལྡན་པ་ཚོས་ཕུལ་བ་རྐྱང་རེད། བོད་དང་རྒྱ་ནག ཕྱི་རྒྱལ་སོགས་ནས་ཉིན་ལྟར་ཀརྨ་པར་མཇལ་དུ་ཡོང་མཁན་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་རྒྱ་གར་གཞུང་ལ་གསལ་བོར་ཡོད། ཐེངས་འདིའི་དོན་རྐྱེན་ཐད་ཉེན་རྟོག་པའི་བྱེད་སྟངས་ཚད་ལས་རྒལ་བ་རེད། ཅེས་ཟེར།
གསར་འགོད་གསལ་བསྒྲགས་དེའི་རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མུད་མེད། དགུ་བཅུ་གསུམ། རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཇི་བཞིན་ང་ཚོས་བརྩི་མཐོང་བྱེད་ཀྱི་ཡོད། འོན་ཀྱང་ཐེངས་འདིར་རྒྱ་གར་གསར་ལམ་ཁག་ཅིག་གིས་རྒྱལ་བ་ཀརྨ་པ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་གྱི་དཀྲོགས་གཏམ་སྤེལ་ཏེ། ཀརྨ་པ་མཆོག་གི་མཚན་སྙན་ལ་དམའ་འབེབ་ཚད་མེད་བྱས་པར་ངེད་ཚོགས་པ་ལྔས་བོད་རིགས་མི་མང་གི་ཚབ་བྱས་ཏེ། ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ཀརྨ་བླ་བྲང་གི་ངོས་ནས། ཉིན་འདི་འགའི་རིང་རྒྱལ་བ་ཀརྨ་པ་མཆོག་གི་མཛད་རིམ་ཡོངས་རྒྱུན་ལྡན་ཡིན་ལ། ཆོས་ཞུ་བ་ཚོར་སྔར་རྒྱུན་བཞིན་མཇལ་ཁ་དང་། མི་སྣ་གལ་ཆེན་རིགས་ལ་ཐུག་འཕྲད་བྱེད་ཀྱིན་ཡོད། ཐེངས་འདིར་བླ་བྲང་ནང་ཧིན་སྒོར་དང་། ལྷག་པར་དུ་ཕྱི་དངུལ་ཉར་འཇོག་བྱས་པ་དེར། རྒྱ་གར་གཞུང་གིས་ཁྲལ་ལམ་ཉེས་ཆད་གཏོང་སྲིད་ཀྱང་། དེ་ལ་ང་ཚོས་ངོས་ལེན་གཙང་མ་ཞུ་རྒྱུ་ཡིན་ལ། དེ་ལས་གཞན་པའི་གནད་དོན་ཚབས་ཆེན་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
ཀརྨ་པའི་ལས་ཞབས་མི་མགོ་དཀར་བ་ཞིག་འདུག འདིའི་ཀུན་སྤྱོད་ཆེས་ངན་པ་ཞིག་འདུག ཁོའི་ཁ་དེ་སྐྱག་པས་འགག་པ་འདྲ། ཤོད་དགོས་ཡས་རྣམས་རྩ་བ་ནས་ཤོད་ཀྱི་མི་འདུག ད་དུང་རྣམ་འགྱུར་ཤིན་ཏུ་ངན་པ་ཞིག་འདུག མི་འདི་རིགས་དངོས་གནས་ལས་གནས་ནས་གནས་དབྱུང་གཏོང་དགོས། དངུལ་རྣམས་འཛམ་གླིང་ཕྱོགས་མཐའ་ཁག་གི་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་དད་རྫས་ཤ་སྟག་རེད་ཅེས་བརྗོད་མི་ཤེས་པ་ཡོད་དམ། ཁོས་ད་དུང་ང་ཁ་ཁུ་སིམ་པོར་སྡོད་ཡས་ཀྱི་ཐབ་ཐང་ཡོད་ཟེར་ནས་ལན་རྒྱག་རོགས་བྱེད་ཀྱི་མི་འདུག ཁོ་དངོས་གནས་མི་གནོང་ཅན་ལྟ་བུ་ཞིག་འདུག ད་མི་འདི་འདྲ་བ་སྤྱི་ཚོགས་ཀྱི་ཁུར་པོ་དང་བླ་མའི་དཀོར་ཟ་མཁན་ངོ་མ་རེད། ཀརྨ་པ་ལ་མི་འདི་ལས་དྲག་པ་རེ་རག་གི་མེད་པ་རེད་དམ།
རྒྱལ་སྤྱིའི་ནང་དོ་སྣང་དང་བགྲོ་གླེང་གི་ངོ་བོར་གྱུར་པའི་ཀརྨ་པའི་དོན་རྐྱེན་སྐོར་ཁ་བརྡའི་ནང་དལ་དལ་ངང་སླེབས་སོང་།
དུས་བབས་ནང་འདིའི་སྐོར་གསར་འགྱུར་དང་འབྲེལ་རྩོམ་ཐུང་ཁག་བཞི་ཙམ་བྲིས་འདུག་ལ་མཆན་བུ་བ་ཚོས་ཀྱང་ཚ་ཚ་འུར་འུར་ངང་མཆན་བུའང་གང་འཚམས་བཏགས་འདུག
ཞིབ་ཚགས་ཀློག་རྒྱུ་མ་བྱུང་མོད་འོལ་ཚོད་ཀྱིས་གཞིག་ན་ཀརྨ་པ་ལ་ཉེས་པ་གཏན་ནས་མེད་པ། རྒྱ་ནག་གིས་ངན་བྱུས་ཡིན་པ། ཞབས་འབྲངས་པ་ཁག་གིས་མ་འཇོན་པ། རྒྱ་གར་གིས་ཐུབ་ཚོད་བཏང་བ་སོགས་སུ་འབྲེལ་གྱིན་འདུག ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་པ་སྨོས་མེད་ཐོག ཧིན་སྒོར་འབུམ་བདུན་བརྒྱ་ལས་བརྒལ་བའི་རྩིས་ཕྲ་འདི་ཡིན་སྟོན་རྒྱུ་མེད་དངུལ་དམར་རྐྱང་ཉར་བ་འདི་ཀརྨ་པ་མཆོག་གི་ཉེས་པ་རེད། ནོར་བ་དེ་ཞབས་འབྲངས་བ་འདི་དང་དེའི་མགོར་གཡུག་པ་ནི་ང་ཚོས་རང་སེམས་རང་གི་གསོ་བའི་ཐབས་ལས་ཁྲིམས་ཐོག་ནས་བལྟས་ནས་སྒོར་མོའི་ཁེ་གྱོང་གཉིས་ཀ་སྒོར་མོའི་བདག་པོ་ལ་དག་པ་ཞིག་རེད། ྆༿
ཡུལ་྆༿྆༿྆༿ཁྲིམས་མ་རྟོགས་ནས་དེ་ལྟར་བྱུང་བར་བཤད་ཀྱང་ཡིད་ཆེས་དཀའ་སྟེ་གང་ལ་སློབ་སྟོན་པ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་སོགས་ཁྲིམས་དང་སྒྲིག་གཞི་ཤེས་རྟོགས་ཡོད་མཁན་རྐྱང་རེད་འདུག དེས་ན་ངའི་ངོས་ནས་བཤད་ན་དངུལ་གྱི་འབྱུང་ཁུངས་དད་ལྡན་མང་ཚོགས་ཀྱིས་ཕུལ་བ་དངོས་ཡོད་བདེན་པའི་གནས་ལུགས་དེ་རྒྱ་གར་གཞུང་དང་གསར་འགྱུར་རྒྱུད་ལམ་ཁག་ལ་ཁུངས་ལུང་དངོས་ར་ཕྲོད་པ་བྱ་རྒྱུ་དང་། རྩིས་ཕྲར་མ་བཏང་བར་དངུལ་དམར་བཞག་པར་རྒྱ་གར་གཞུང་ལ་དགོངས་སེལ་དང་འབྲེལ་ཉེས་ཆད་དང་ལེན་གནང་རྒྱུ།
དེ་རྗེས་རྒྱ་མིའི་གསོ་ཉུལ་བའི་ནག་ཉེས་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་པ་དེ་དག་དང་ལྷག་པར་རྒྱ་གར་གཞུང་ངོས་ནས་གཞུང་འབྲེལ་གྱིས་དེ་ལྟར་བཤད་ཡོད་ན་མངའ་སྡེའི་ཁྲིམས་ཁང་གོང་མ་དང་། རྒྱ་གར་ཆེས་མཐོའི་ཁྲིམས་ཁང། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་སུ་རྒྱ་གར་གཞུང་ལ་ཁྲིམས་ཐོག་ན་ཁ་མཆུ་འཛུག་འོས།
གང་ལྟར་ད་ལྟའི་སྐབས་སུ་འདི་དང་འབྲེལ་བའི་ལས་འགུལ་གང་ཞིག་སུ་ཞིག་གིས་རྩོམ་འདོད་ཀྱང་། སྤྱིར་ནང་པ། བྱེ་བྲག་བོད་པ། ཧི་མ་ལ་ཡའི་མི་མང། བཙན་བྱོལ་གཞུང་། ༧གོང་ས་མཆོག་སོགས་ཚང་མ་བློ་ལ་བཀོད་དེ་ལས་འགུལ་སྤེལ་དགོས། གཞན་ཅལ་ཅལ་ཟེར་བ་དང་ཅོལ་ཅོལ་ཟེར་ནས་ཧོལ་རྒྱུགས་མ་བྱེད་ན་ལེགས།
འདིར་ངའི་འགྲོ་བ་མིའི་ལུགས་སུ་བྱས་ཏེ་བསམ་ཚུལ་བཀོད་པ་ལས་རྡོ་རྗེ་འཆང་གི་སྲོལ་དུ་བྲིས་མེད་པས་དེ་དང་མཐུན་པའི་དགོངས་འཆར་ཞུ།
སྒོར་འབུམ་༡༠༠པོ་དེ་ཡང་བླ་བྲང་གསར་བཞེངས་ཀྱི་ས་ཆ་གསར་ཉོའི་བིལ་འཛིན་ཡོད་པ་དང་། གཟིམ་ཤག་རྔོག་བཤེར་སྐབས། དངུལ་ལོར་དྲ་མིན་མང་པོ་ནང་ནས། མའོའི་རོ་སྒྲིབ་གོས་པའི་རྒྱ་ནག་དངུལ་ལོར་བརྒྱ་ཆ་འགའ་ཤས་ཟིན་པ་ལ་བསྙད་ནས། རྒྱ་མིའི་སོ་པ་ཡིན་པ་སོགས་ཀྱི་མཚན་དམད་བྱས་པ་ནི། བཟོད་དཀའ་བའི་གནས་ཡིན་ཀྱང་། བྱ་ཐབས་བྲལ་ཞིང་མཆན་བུ་ཁ་ཤས་དུས་བབ་ནང་དུ་བཀོད་ཐལ་ཤོར་ཟིན་པས་མི་འདིར་ཟློས་ལགས།
འདིར་༼མི་༽ཟློས་ལགས།
གོང་གསལ་ཟུར་བཀོལ་གྱི་གསར་འགྱུར་དེའི་ནང་་་་་་་་་་རྒྱ་སྒོར་ཡོད་པ་ཙམ་གྱིས་རྒྱ་གཞུང་ལ་འབྲེལ་བ་ཡོད་དགོས་ན། ཕྱི་དངུལ་མང་ཤོས་ཨ་སྒོར་ཐོན་ཡོད། དེས་ན་ཀརྨ་པ་ཨ་རིའི་གསང་མྱུལ་བ་རེད་ཟེར་ན་འགྲིག་གམ། ཞེས་པའི་ཆ་མཚུངས་ཀྱི་རིགས་པ་དེས་ཉན་རྟོག་པ་ཚོ་ཁ་གྲག་རྒྱུ་མེད་པ་ཞིག་བཟོ་ངེས་འདུག
༼ཉེན་རྟོག་པ་༽
དཀོན་མཆོག་མཁྱེན་ ཀརྨ་པའི་སྐུ་ལ་བར་ཆད་མེད་པར་ཤོག།།
རྒྱ་དངུལ་ཡིན་ན་ཡང་འདྲ། ཡོ་དངུལ་ཡིན་ན་ཡང་འདྲ། དོན་ལ་དངུལ་དེས་ཡོང་ཁུངས་གསལ་པོ་དགོས་པ་རེད། དངུལ་དངུལ་ཁང་བརྒྱུད་ནས་བྱུང་སོང་བཅོལ་འཇོག་མི་བྱེད་པ་དེ་ཁྲིམས་འགལ་རེད་ཟེར་གྱིན་ཡོད་པ་རེད། ཀརྨ་པ་ལ་དངུལ་ཁང་དུ་དངུལ་བཅོལ་འཇོག་ལ་ཆོག་མཆན་མེད་བཞིན་དུ་དངུལ་དེ་འདྲ་མང་པོ་བསྡུ་རུབ་བྱེད་པ་དེ་ཡང་ཡུལ་ཁྲིམས་ལ་བརྩི་འཇོག་མ་བྱས་པ་རེད་ཟེར་གྱིན་ཡོད་པ་རེད། སྔོན་མ་རྫོང་གསར་མཁན་པོ་ཀུན་དགའ་དབང་ཕྱུག་འདས་པོས་ཐའེ་ཝན་ནས་ཧིན་སྒོར་དུང་ཕྱུར་ལྷག་ཅིག་བསྣམས་ཕེབས་བྱུང་བར་ཡང་རྒྱ་གར་གཞུང་ལ་དག་འབུད་བྱེད་དགོས་བྱུང་སོང་ང་།དེ་དུས་བོད་མི་མང་གིས་ཁ་གྲག་མ་སོང་། རྡ་རམ་ས་ལའི་ཚོགས་པ་ཚོས་ཁ་གྲག་མ་སོང་། ཀརྨ་པ་སྐུ་ན་འདྲ་གཞོན་པའི་རྒྱུ་མཚན་གྱིས་ཡིན་ནམ། བོད་མིའི་གཏམ་དཔེར་ཡང་། མི་རྒན་རྒན་ཁྱི་རྒན་གསུམ༎ལས་བྱས་པ་མེད་དེ་ཀུན་གྱིས་བརྙས༎མི་འུ་རྟེའུ་ཁྱིའུ་གསུམ༎ལས་བྱས་པ་མེད་དེ་ཀུན་གྱིས་གཅེས༎ཞེས་ཟེར་སྲོལ་འདུག ད་ངོ་མ་བོད་མི་མང་གིས་སྐྱེ་བ་སྔོན་མར་ལས་ངན་གང་ཞིག་བསགས་པ་ཡིན་ནམ་ད་ནི་ལྷ་དང་བླ་མར་སྲུང་སྐྱོབ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འདུག་ག
རྒན་རབས་ཚོའི་ཞལ་སྔ་ནས།
མི་རྒན་རྟ་རྒན་ཁྱི་རྒན་གསུམ༎
ལས་བྱས་པ་མང་སྟེ་ཀུན་ཀྱིས་བརྙས༎
མི་འུ་རྟེ་འུ་ཁྱི་འུ་གསུམ༎
ལས་བྱས་པ་མེད་དེ་ཀུན་གྱིས་གཅེས༎
ཞེས་པ་འདི་ཉམས་མྱོང་ཤ་སྟག་ལས་གྲུབ་པའི་བདེན་ཚིག་རྣལ་མ་ཞིག་གོ།
སྤྱི་དཔོན་ཁྲ་རྒན་གྱིས། མི་རྒན་རྟ་རྒན་ཁྱི་རྒན་གསུམ༎ བྱས་པ་མེད་དེ་ཀུན་གྱིས་སྡང༎
ཨ་ཉོགཁྱི་གུ་རྟེའུ་་གསུམ༎
བྱས་པ་མེད་དེ་ཀུན་གྱིས་བྱམས། །རྒད་པོ་འགྲོ་མི་རྩེབས་ཟེར། །རྒད་པོས་མ་ཟ་མི་འཇུ་ཟེར། །རྒད་པོས་མ་གཏམ་མི་འགྲུབ་ཟེར། །སྡུག་ཅིག་ཡོད་དེ་བློ་རབས་མེད། །རྒད་པོ་མི་མཁོ་དཀའ་མོ་ཡིན། །བསྐལ་བའི་འཕོ་ལེན་བྱས་ན་མཁོ། །ཞེས་ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་སོ། །