ཤར་ཕྱོགས་ཁུག་རྟ།
མཆོག་སྤྲུལ་ཀརྨ་པ་མཆོག་ནི་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་སྲོལ་འབྱེད་ཀྱི་ཤིང་རྟ་བ་ཡིན་ལ། ཁོང་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བླ་སྤྲུལ་ལོ་རྒྱུས་རིང་ཤོས་དེ་ཆགས་ཡོད་པ་མ་ཟད། བོད་མིའི་བྱུང་རབས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད། ཁོང་གི་ཡང་སྲིད་ཕེབས་སྟངས་ནི་འདའ་ཁའི་ཞལ་ཆེམས་གཞིར་བཟུང་ཡབ་ཡུམ་གྱི་རིགས་རུས་དང། ཁྱེའུའི་ལོ་ཁམས། ས་དབྱིབས་སོགས་མངོན་རྟོགས་ཁྱད་པར་ཅན་ལ་བརྟེན་ནས་ངོས་འཛིན་གནང་སྲོལ་ཡོད་པ་ནི། བོད་མི་ཚོས་བརྩི་བཀུར་དང་ཡིད་ཆེས་ཞུ་འོས་པའི་ལམ་ལུགས་མཆོག་གྱུར་ཞིག་ལ་ངོས་འཛིན་གནང་གི་ཡོད།
མཆོག་སྤྲུལ་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ནི་འདའ་ཁའི་ཞལ་ཆེམས་གཞིར་བཟུང་༧གོང་ས་མཆོག་གིས་ངོས་འཛིན་གནང་བ་ཞིག་ཡིན་ལ། ཁོང་གིས་རྒྱ་ནག་གཞུང་གི་འཇམ་རྩུབ་ཀྱི་ཐབས་ཤེས་ཡོད་རྒུས་ཁོང་ཉིད་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་ཁ་གཏད་དུ་བེད་སྤྱོད་གནང་རྒྱུར་ངོ་རྒོལ་གྱིས་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པ་ནི། བོད་བསྟན་སྲིད་ཞབས་ཞུའི་ལོ་རྒྱུས་ནང་གསེར་མདོག་གིས་དགོད་འོས་པ་ཞིག་ཡིན་ཞིང། བཙན་བྱོལ་ཏུ་འབྱོར་བ་ནས་ཁོང་གི་སྐྱོང་ཡུལ་ཀམ་ཚང་ལས་བརྒལ་ཏེ། ཁོང་ལ་དགའ་མོས་དང་ཡིད་ཆེས་བློ་གཏད་ཞུ་མཁན་གྱི་བོད་རིགས་གྲངས་ཀྱིས་ངལ་བའི་རང་བཞིན་དུ་སོང། ཁོང་ནི་༧སྐུ་མདུན་གྱིས་མངོན་གསལ་དོད་པའི་རེ་བ་རྒྱགས་ས་ཞིག་དང། བོད་མི་རིགས་ཀྱི་གནས་བབ་ཐད་ལས་འགན་དམིགས་བསལ་བ་ཡོད་པའི་གང་ཟག་ཞིག་ཏུ་གྱུར་ཡོད།
ཉིན་འགའི་སྔོན་བྱུང་བའི་ཤོག་སྒོར་གྱི་གནས་ཚུལ་དེ་ནི་ཁོང་གི་སློབ་སྟོན་པ་སྐུ་ཞབས་ཀརྨ་སྟོབས་ལྡན་ལགས་དང་ཁྲིམས་རྩོད་པ་ནཱ་རེ་ཤུམ་ཏྲིར་གཉིས་ཀྱིས་གསུངས་པ་ལྟར། ༼ཧིན་སྒོར་དངུལ་ཁང་ལ་འཇོག་རྒྱུར་རྒྱ་གར་དབུས་ལྷན་ཁང་ Enforcement Department and Income Department ་ཆོག་མཆན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་གཞུང་གིས་ཡ་ལན་སྤྲད་མེད་སྟབས། ཕྱི་དངུལ་རིགས་བླ་བྲང་ནས་མི་ཉར་ཐབས་མེད་བྱུང་ཡོད། དེའི་ཐད་རྒྱ་གར་གཞུང་ལ་ཡང་འགན་ཡོད་པ་རེད།༽ ༼ བླ་བྲང་གིས་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་སྙན་གསེང་ཞུས་ཏེ་ས་ཉོ་རྩིས་བྱས་ཤིང་། ས་རིན་ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་བས་ས་བདག་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡིན་སྟབས། ཧིན་སྒོར་འབུམ་ ༡༠༠ དེ་ཀརྨ་བླ་བྲང་ལ་འབྲེལ་བ་མེད་པ་ལྟ་བུ་རེད།༽དེ་དག་ཡུལ་མིའི་ཁྲིམས་ལྟར་ཐག་གཅོད་ཡོང་རྒྱུར་ཁོང་གི་བླ་བྲང་གིས་བཟང་སྤྱོད་ལྡན་པའི་ངང་དགའ་བསུ་ཞུ་བཞིན་ཡོད་པ་རེད།
སྐབས་དེར་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་མཆོག་ཆེད་ཕེབས་གནང་ཡོད་པ་དང། ཁྲིམས་བཟོ་ལྷན་ཚོགས་ནས་གནས་ཚུལ་བྱུང་མ་ཐག་དངོས་ཡོད་འགྲེལ་བརྗོད་གནང་བ་དག་གིས་བོད་མི་ཚོའི་བདེ་སྡུག་དང་མཆོག་སྤྲུལ་ཀརྨ་པའི་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད་པ་མངོན་གསལ་བྱས་ཡོད།
གནས་ཚུལ་འདིའི་བྱུང་རིམ་ལ་ལྟོས་རྗེས། རྒྱ་གར་གྱི་གསར་ལམ་ཁག་གཅིག་ནས་གནས་ཚུལ་འདྲ་མིན་ཐོན་པ་དག་ནི། རུལ་སུངས་དང་ཚོང་ལས་ཀྱི་ངོ་བོར་ཁོ་ནར་ཕྱིན་པའི་སྤྱི་ཚོགས་ཤིག་གི་འགྲོ་སྲོལ་ཡིན་དུ་ཆུགས་ཀྱང། བོད་མི་ཚོའི་བསམ་འདུན་དང་དོན་དངོས་ལ་སྐུར་འདེབས་བྱས་པ་དག་ལ་བློ་ཕམ་ཚད་མེད་བྱུང། ང་ཚོས་ཕ་ཡུལ་གཉིས་པར་བརྩི་བའི་རྒྱ་གར་གཞུང་དང་ཡུལ་མིའི་བར་གྱི་བརྩེ་བ་གོང་དུ་སྤེལ་ཆེད། ནོར་འཁྲུལ་ཤོར་ཟིན་པའི་གསར་ལམ་དག་གིས་ཀྱང་རྗེས་སུ་བཟང་སྤྱོད་དང་མཐུན་པའི་རོགས་འདེགས་ཡོང་བར་ཡིད་ཆེས་བྱེད་བཞིན་ཡོད།
གནས་ཚུལ་དམིགས་བསལ་ཞིག་དང། བཟོད་པ་བསྟེན་མི་ཐུབ་པ་ཞིག་ནི། བོད་མིའི་དབུ་ཁྲིད་མཆོག་ལ་༧རྒྱ་གར་གསར་འགོད་པས་གནས་ཚུལ་འདིའི་སྐོར་བཅའ་འདྲི་བྱས་པ་ནི་ཤིན་ཏུ་ནས་མ་རན་དང་བོད་མི་མང་གི་སེམས་ལ་ཕོགས་ཐུག་བཏང་བ་ཞིག་རེད། ༧གོང་ས་མཆོག་ནི་ང་ཚོའི་དབུ་ཁྲིད་ཙམ་མ་ཟད། འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་ཁར། རང་ཅག་ཨེ་ཤ་ཡའི་མཁས་པའི་རྣམ་དཔྱོད་དང་བྱམས་བརྩེ་དག་གི་གཙུག་ལས་བརྒལ་ཏེ། འཛམ་གླིང་ཤར་ནུབ་ཀུན་ཏུ་བླ་ན་མེད་པའི་དབུ་ཁྲིད་ཞིག་ཡིན་པས། གསར་འགོད་པས་དོན་ཆུང་འདི་ལྟ་བུར་བཅའ་འདྲི་བྱས་པ་ནི་༧གོང་ས་མཆོག་ལ་བརྩི་བཀུར་མ་ཞུས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། རྒྱ་གར་གྱི་མཛེས་མ Katrina Kaif ལྟ་བུ་ཞིག་གིས་སྐར་མ་ཁ་ཤས་རིང་འཁྲབ་སྟོན་བྱས་ན་ཐོབ་པའི་དངུལ་འབོར་ཆུང་ཆུང་ཞིག་རེད། འཇིག་རྟེན་གྱི་འགྲོ་སྲོལ་དང་མཐུན་པའི་བཟང་པོའི་ལམ་ལུགས་ཐོག བོད་མི་ཚོ་དམིགས་བསལ་ཏུ་ཡོད་པ་ཞིག་ནི། ཡ་རབས་དང་བག་ཡོད། བརྩི་བཀུར། ཧམ་པ་མི་བྱེད་པ་སོགས་ཡིན་པས། ལར་ནས་བོད་དང་འབྲེལ་བའི་གནས་ཚུལ་ལ་ཞུགས་སྐབས། བོད་མི་རིགས་ཀྱི་ངོ་བོའི་རང་བཞིན་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཀྱི་ཡོད།
༢༠༡༡། ༢། ༡། ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཀྱིས།
བླ་མར་མ་ཉེས་ཁ་གཡོག་བྱས་པའི་གནས་ཚུལ་འདི་གསལ་བཤད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དངོས་ཡོད་གནས་ཚུལ་འདིའི་སྐོར་ལ་རྒྱ་གར་གྱི་གནད་ཡོད་ནི་སྣ་ཁག་དང་གསར་འགྱུར་རྒྱུད་ལམ་ཁག་གྱི་གཙོ་འགན་རྩོམ་སྒྲིག་པ་སོགས་འབྲེལ་ཡོད་ཁག་ལ་གདོང་ཐུག་བྱས་ནས་བདེན་རྫུན་གང་ཡིན་གསལ་བཤད་ཁ་གསལ་བྱེད་དགོས་པ་དང་རྒྱུད་ལམ་དེ་ཚོའི་ནང་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་བཤད་རུ་བཅུག་ནས་རྒྱ་གར་མི་མང་ཁྲི་ཚོ་མང་པོའི་སེམས་ནང་གི་རྣམ་རྟོགས་སེལ་རྒྱུ་ནི་ཆེས་གནད་འགག་ཆག་ཡོད།
བླ་མར་མ་ཉེས་ཁ་གཡོག་བྱས་པའི་གནས་ཚུལ་འདི་གསལ་བཤད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དངོས་ཡོད་གནས་ཚུལ་འདིའི་སྐོར་ལ་ང་ཚོ་ནང་ཁུལ་དུ་བཤད་པ་ཙམ་མ་ཡིན་པར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་གསར་འགྱུར་རྒྱུད་ལམ་ཁག་གྱི་གཙོ་འགན་རྩོམ་སྒྲིག་པ་སོགས་འབྲེལ་ཡོད་ཁག་ལ་གདོང་ཐུག་བྱས་ནས་བདེན་རྫུན་གང་ཡིན་གསལ་བཤད་ཁ་གསལ་བྱེད་དགོས་པ་དང་རྒྱུད་ལམ་དེ་ཚོའི་ནང་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་བཤད་རུ་བཅུག་ནས་རྒྱ་གར་མི་མང་ཁྲི་ཚོ་མང་པོའི་སེམས་ནང་གི་རྣམ་རྟོགས་སེལ་རྒྱུ་ནི་ཆེས་གནད་འགག་ཆག་ཡོད་པས་ལེན་འདེབས་ཚོགས་ཆུང་ནས་ངེས་པར་དུ་ཐུགས་བསམ་བཞེས་དགོས་པ་ཞིག་རེད་འདུག་སྙམས།
མཁྱེན་དགོས་པ་ཞིག་ལ་ ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པས་ཡུལ་བདག་རྒྱ་གར་གྱི་མཛེས་མ་དང་སྡུར་ཐབས་མེད་པ་ཞིག་རེད་
ཁྱེད་ཚོས་གསུང་པ་བཞིན་ ང་ཚོ་བོད་པའི་ངོས་ནས་༸གོངས་ས་མཆོག་དང་ རྒྱ་བ་ཀརྨ་པ་ཆེན་པོ་དང་
མཐོ་པོ་ག་འདྲ་ཞིག་ཡིན་ནའང་ ྆྆རྒྱ་གར་བ་ཡུལ་མིའི་ངོས་ནས་་ང་ཚོ་བོད་པ་ཚང་མ་སྐྱབས་བཅོལ་བ་རེད་ལ་ཐོབ་སྟངས་ཀྱི་ཐོག་ནས་བཤད་ནའང་རྒྱ་གར་མཛེས་མ་ཕར་བཞག་ ཞིང་པ་སྐྱོ་པོ་ཞེག་ལས་ཆུང་བ་ཡོད་
དེར་རྟེན་རྒྱལ་སྤྱི་དང་རྒྱ་གར་གཞུང་གི་ཁྲིམས་ལས་རྒྱ་གར་ཡུལ་མིའི་སེམ་ལ་མ་ཕོག་པ་གནང་་རྒཱུྱུ་དེ་
མ་འོང་པར་ཧ་ཅང་གལ་ཆེན་པོ་རེད་ གལ་སྲིད་དེ་ལྟར་མ་གནང་ན་ཉིན་ཞིག་སྙོག་དྲ་དེ་ལས་ཆེ་བ་ཞིག་བྱུང་ན་ དེ་དུས་འབྲས་ལྗོང་འབའ་བུས་ཐུགས་ཕན་གསོལ་གྱི་མ་རེད་དོ་
དྲ་རྒྱའི་གླེང་སྟེགས་མང་པོར་དྲ་གྲོགས་མང་པོ་ཞིག་གིས་རང་གི་དད་པ་དག་སྣང་ཙམ་རྒྱུ་མཚན་དུ་བྱས་ནས་ཀརྨ་པའི་བླ་བྲང་དུ་བྱུང་བའི་དོན་རྐྱེན་ཐད་ཧ་ཅང་མང་པོ་མང་པོ་ཞིག་གླེང་སོང་། དེ་རིང་ནས་བཟུང་ཁ་བརྡའི་དྲ་ཐོག་ཏུའང་སླེབས་འདུག ཆེས་དགོད་བྲོ་བ་ཞིག་ཏུ་རྒྱ་གར་གཞུང་གི་ཡུལ་ཁྲིམས་ལས་བརྒལ་བའི་དོན་རྐྱེན་ཞིག་བྱུང་བ་ཤེས་བཞིན་དུ། ད་དུང་བོད་མི་ཁ་ཤས་ཀྱིས་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱེད་དགོས་སོགས་ཧམ་པ་བྱེད། རང་ས་མཐིལ་གང་མེད་པའི་སྐྱབས་བཅོལ་བ་ཞིག་གིས་མགོ་ལུས་སྲོག་གསུམ་རྒྱ་གར་གཞུང་ལ་གཏད་ནས་ད་ལྟ་བར་གནས་པ་རེད་ལ། ད་དུང་ལོ་མང་པོར་གནས་དགོས་པ་འདྲ། ནག་ཉེས་རང་ལ་ཡོད་བཞིན་རྒྱ་གར་གཞུང་ལ་ཁྲིམས་གཏུགས་ཀྱི་སྐད་ཆ་བཤད་པ་ལས། ཁྲིམས་དང་འགལ་བའི་བྱས་ཉེས་ལ་དགོངས་སེལ་བཟོད་གསོལ་བྱེད་དགོས་པ་ཡུལ་གྱི་ཁྲིམས་དང་མཐུན། ཡར་ཀླུང་ཁོག་ལ་བསྡད་ན་ཡར་ལྷ་ཤམ་པོ་མཆོད་དགོས། ཅེས་པ་ལྟར། མཐོ་མི་ཆེན་བླ་ཆེན་ཁག་ནས་བཟུང་རྡ་སའི་སྲང་ལམ་གྱི་གསར་འབྱོར་རྐང་རྗེན་པ་དག མདོར་ན་ང་ཚོ་སྐྱབས་བཅོལ་བ་ཚང་མས་ཡུལ་མིའི་ཁྲིམས་དང་མི་འགལ་བ་ཞིག་བྱ་རྒྱུ་ཤིན་ཏུ་གལ་ཆེ།
འཇིགས་མེད་ལགས་ཀྱིས་བསམ་བློ་གཟབ་མནན་མ་བཏང་བ་འདྲ། རྒྱ་གར་གཞུང་ལ་ཨིན་ཇིའི་མི་སེར་ཡིན་ཟེར་མཁན་མཛེས་མ ཞིག་དང་༧གོང་ས་མཆོག་གཉིས་ཀྱིས་སུས་ཕན་བཏགས་ཚུལ་ལོང་པས་ལྟོས་ཀྱང་རྒྱལ་ཁམས་ཡིན་པས། དེ་ལ་དོན་དག་མི་འདུག མ་ཟད་མཛེས་མ་དེ་དེང་སང་སྙོག་དྲ་གཅིག་མཚུངས་ནང་ལྷུང་བསྡད་ཡོད་པ་རེད། དེ་དག་ལྟ་ཤེས་པ་གྱིས། ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་མཛེས་མའི་མིང་བཏོན་ནས་འབྲི་སྟངས་དེར་རྒྱུ་མཚན་མང་པོ་ཡོད་པ་རེད། དེ་ཙམ་ཡིན།
ཀུན་སློང་ ཞེས་བཅོས་རོགས།
པདྨ་མཚོ་ལགས། ཀརྨ་པ་གསང་ཉུལ་ཡིན་པའི་དོགས་པ་བྱུང་མ་མྱོང་། མིན་པའི་རེ་བ་དང་ཡིད་ཆེས་ཡོད། ཁྲལ་མ་སྤྲད་པ་བདེན་ན་དེ་ཁྲིམས་འགལ་རེད། དཔྱའ་ཁྲལ་ཆད་པའི་བོད་མི་ཡོངས་ལ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་དཀར་འདོན་ཀྱི་གསར་འགྱུར་ཚོགས་པ་སྐོང་མ་ཐུབ་ཚེ་ཕྱོགས་ལྷུང་དངོས་ཆགས་པ་རེད། གུས་པ་རྒྱལ་དབང་བཅུ་དྲུག་པ་སངས་རྒྱས་དངོས་ཡིན་པའི་དད་པ་ཡོད། བཅུ་བདུན་པའི་མཚན་འཛིན་མཁན་སུ་ཡིན་ཡང་དག་སྣང་སྤྱོང་གི་ཡོད། སྒོར་མོའི་དོན་རྐྱེན་དེ་ཁྲལ་ཆད་ལས་བྱུང་བ་ཡིན་ན་ཀརྨ་པ་སྐུ་སྒེར་ཀྱི་ནོར་འཁྲུལ་ག་ལ་ཡིན། ཞབས་གྲས་ཚོས་མ་འཇོན་པ་རེད། རང་ཉིད་བོད་གཞུང་གི་ལོ་རྒྱུས་ལ་རྒྱུས་ཡོད་མཁན་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན། གང་བཤད་པ་དེ་བདེན་པ་ཡིན་མིན་ཤེས་པར་འདོད་ན་སྤྱི་ལོ་༡༩༨༧་་་ནས་༡༩༩༣་བར་གྱི་ཤེས་བྱའི་ཚག་པར་ལ་ཞིབ་མོར་གཟིགས་ནས་ཁོ་བོ་གང་གི་ཕྱོགས་སུ་ལྷུང་འདུག་གསུངས་རོགས། ཁ་ངན་ཚིག་གཅིག་གིས་ཕྱོགས་ལྷུང་རེད་བཤད་པས་ཕྱོགས་ལྷུང་ཆགས་ན་ཀརྨ་པའི་དོན་རྐྱེན་ཡང་དེ་བཞིན་ནོ། །སྤྱི་དོན་དང་སྤྱི་ནོར་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་ན་ཞིབ་ཏུ་དཔྱད་པར་འཚལ།
གུས་མོས་ཁྱེད་ལ་ཕྱོགས་ལྷུང་ཟེར་དགོས་དོན་ལ་རྒྱུ་མཚན་མེད་པ་མིན། ཁྱེད་ཀྱིས་ཁ་གྲགས་ཡོང་དུས་སྤྱི་ནོར་དང་གང་ཅིག་ཅིག་ལབ་ཀྱི་འདུག་སྟབས། ཚང་མ་འདྲ་མཉམ་དགོས་པ་སོགས་གསུངས་ཀྱི་འདུག་པ་དེ་ན་ཚ་གཞན་པ་ཞིག་གིས་སྐུལ་བ་མིན་ན་ཅི་རེད། མ་གཞི་ནས་ཁྱེད་རང་ ༡༦ པར་དད་པ་ཡོད་མཁན་ཞིག་ལས། ༡༧པར་དེ་ཙམ་ཐག་མ་ཆོད་པར་སྡོད་མཁན་ཞིག་ཡིན་སྟངས་ལ་དཔག་ན། ཁྱེད་རང་མི་ག་འདྲ་ཞིག་ཡིན་མིན་གསལ་སྟོན་བྱས་ཚར་བ་རེད།
ཁྱེད་ཀྱིས་ཤེས་དགོས་པ་ཞིག་ནི། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་གསར་འགོད་པས་གུས་མེད་ཀྱིས་བཀའ་འདྲི་ཞུས་པ་དེར། ཕེབས་ཞོར་བཀའ་ལན་ཞིག་གནང་བ་མིག་ལ་མངོན་སུམ་ཡོད་པས་རེ་དོགས་མང་པོ་མ་འཛིན་རོགས། སྤྱི་འཐུས་རྒྱུན་ལས་ཀྱི་བྱེད་ཕྱོགས་དེར་རྒྱུ་མཚན་ཡོད་པ་རེད། དེ་ག་རེ་རེད་ཟེར་ན། ལོ་རྒྱུས་ལ་འགན་ཁུར། གནས་སྟངས་ལ་དགོངས་པ་བཞེས་ནས་གནང་བ་རེད་མ་གཏོགས། གཞན་གང་ཡང་མ་རེད་ལགས། དེ་དག་ལ་ཁྱེད་ནས་ཐུགས་བསམ་ཡག་པོ་བཞེས་ལོ།
ད་ཁྱེད་ཚོ་ཚང་མས་ཕྱོགས་ལྷུང་འཐེན་ཁྱེར་གྱི་གཏམ་གླེང་ཤ་སྟག་བྱེད་འགོ་ཚུགས་ཀྱི་འདུག
གང་ལྟར་ཅུང་ཟད་སྒུག་དང་།
གཟུར་གནས་དགྱེས་པའི་གཏམ་བཟང་ཞིག་ང་ལ་འཆད་རྒྱུ་ཡོད་དོ།།
ཤར་ཕྱོགས་ཀྱི་འོད་སྣང་ལགས། ཁྱེད་ཚོ་ཚང་མ་མ་ཟེར། ཁྱེད་ཀ་ངོ་ཡིག་ངོ་ཆོད་མཁན་གཅིག་པ་རེད། སྐད་ཆ་བསམ་བློ་བཏང་ནས་གསུང་རོགས།
རྒྱ་གར་གཞུང་དང་། རྒྱ་གར་གྱི་ཡུལ་མི་དང་། གསར་འགོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་དང་། སྡེ་སྲུངས་བ་དེ་དག་སོ་སོར་དབྱེ་འབྱེད་ལེགས་པོ་བྱེད་ནས་མིའི་གཏམ་སྨྲ་དགོས་རེད། གུས་པས་བསམ་ན། ད་ལན་དོན་རྐྱེན་འདི་ནི། བོད་མི་རྣམས་ལ་ཡུལ་ཁྲིམས་བརྩི་བསྲུངས་དང་། ཡུལ་ཁྲིམས་ལེགས་པོ་སྦྱོང་དགོས་པའི་སྔོན་བརྡ་ཟེར་ན་འདྲ་། ཟབ་སྦྱོང་བླ་ན་མེད་པ་ཞིག་རེད། རྒྱ་གར་གྱི་ཁྲིམས་ལ། དངུལ་དཀར་ཕོན་ཆེན་ཁྱིམ་དུ་ཉར་ན་ཁྲིམས་འགལ་རེད་ལ། དངུལ་དཀར་ཕོན་ཆེན་ལམ་ལས་སྒེར་ཁྲིའི་ནང་དུ་དབོར་འདྲེན་བྱས་ནའང་ཁྲིམས་འགལ་རེད། རང་རེས་ཁྲིམས་འགལ་བྱས་ཡོད་པ་དེ་ལ་ངོས་ལེན་ངེས་པར་ཞུ་དགོས་རེད། འོན་ཀྱང་གུང་ཁྲན་གྱི་སོ་བ་རེད་ཟེར་བ་དེས། རྒྱ་གར་གྱི་ཡུལ་མི་ཡོངས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་གཏན་གཏན་རེད། དེར་རྟེན་གསར་འགྱུར་བརྒྱུད་ལམ་ཁག་ནས་དེ་དག་འབུད་ཞིག་མ་ཐུབ་ན། བོད་པ་ཡོངས་ལ་མ་འོང་པར་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་དུ་འགྱུར་སྲིད་པ་རེད།
གོང་དུ་དྲྭ་གྲོགས་ཤིག་གིས་བསམ་འཆར་སྤེལ་བ་བཞིན། རང་རེ་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་ཚང་མ་རྒྱ་གར་ལ་གནས་ཚང་གཡར་ནས་སྡད་ཡོད་རེད། རྒྱ་གར་གྱི་ཕེབས་རོགས་གྱིས་ཟེར་གདན་འདྲེན་བྱས་ནས་སྡད་པ་ཞིག་ལར་ནས་མ་རེད། ང་ཚོ་སྡོད་ས་མེད་ནས་རྒྱ་གར་གྱིས་རོགས་དན་བླ་ན་མེད་པ་གནང་ནས་གནས་ཚང་གཡར་ནས་སྡད་པ་ཞིག་རེད། ད་དུང་བོད་མི་རྣམས་ཀྱིས་རང་གང་ཡིན་ཙམ་ཡང་མི་བསམ་ནས་རྒྱ་གར་གཞུང་དང་། རྒྱ་གར་ཡུལ་མི་ལ་གཏམ་འཆར་གང་བྱུང་འཕེན་པ་དེ་ལར་ནས་འོས་ཤིང་འཚམ་པ་ཞིག་མིན།
ང་ཚོ་ནི་གང་ཡང་མེད་པའི་མི་འཁྱམས་དངོས་གནས་དེ་རེད། རྒྱ་གར་གཞུང་དམངས་གཉིས་ནི། བོད་ལ་རོགས་དན་ཆེ་ཤོས་བྱེད་པའི་དྲིན་ཆེན་ཞིག་རེད། ད་དུང་གནས་ཚང་ལ་གནས་གླ་ཁྱོན་ནས་སྤྲད་དགོས་ཀྱི་ཡོད་མ་རེད། ད་དུང་རྒྱ་གར་གཞུང་གིས་ང་རང་ཚོ་ལ་འགྲུལ་བ་ཙམ་གྱི་ལྟ་སྟང་དང་། འགྲུལ་བ་ཙམ་གྱི་རང་དབང་སྤྲད་པ་མ་ཡིན་པ། དངོས་སོ་སོའི་ཁྱིམས་ཚང་གཅིག་ནས་ཆད་པའི་སྤུན་སྲིང་རང་ཁྱིམས་ལ་ལོག་པ་ལྟ་བུའི་འཐུན་རྐྱེན་རང་དབང་ཆ་ཚང་བ་ཞིག་སྤྲད་ཡོད། དེ་དག་གི་བཀའ་དྲིན་དུས་ནམ་ཡང་བརྗེད་རྒྱུ་མེད་དྲྭ་གྲོགས་རྣམས
ལྷན་རྒྱས་ཕེབས་ནས་བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ། ཁ་སྔོན་ནས་ཡུལ་ཁྲིམས་དང་ཡུལ་མིར་བརྩི་བཀུར་རྒྱུན་སྐྱོང་ཐོག རྒྱ་ནག་གི་བར་གཏོར་འགོག་རྒྱུར་གཟབ་མནན་བྱེད་དགོས་པ་རེད་ཅེས་དུས་བབ་སོགས་སུ་འབྲི་ཁུལ་བྱས་པ་ཡིན། ད་ལྟ་འདིར་བཀའ་ཤག་གི་གསལ་བསྒྲགས་ཤིག་ཡོད་པས་ཚང་མས་བོད་མི་ཚོར་གསལ་བཤད་ཡོང་བ་ཞུ།
བོད་གཞུང་གི་བཀའ་ཤག་གི་གསལ་བསྒྲགས།
མཚུངས་མེད་ནང་སྲིད་དྲུང་ཆེ་མཆོག་གང་དེར།
ཆེད་ཞུ། བར་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་དད་ལྡན་ཕྱི་ནང་མང་ཚོགས་ནས་ཕུལ་བའི་དངུལ་གང་ཙམ་ཞིག་ཐོན་པའི་ཐད་རྒྱ་གར་གཞུང་ནས་ཞིབ་འཇུག་གནང་བཞིན་ཡོད་པ་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་གྱི་གནས་ཚུལ་སྤེལ་སྒྲོག་བྱེད་བཞིན་ཡོད་པ་ནི་གཞི་མེད་དཀྲོག་གཏམ་འབའ་ཞིག་ལས་བདེན་པ་རྩ་བ་ནས་མིན་པར་ངོས་འཛིན་དང། སྙོན་འཛུགས་དེ་ལྟར་བྱེད་པ་དེ་ལ་བློ་ཕམ་ཚད་མེད་ཡོད། མང་ཚོགས་ནས་རྒྱབ་སྐྱོར་ཚུལ་དུ་རང་འགུལ་གྱིས་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་མང་དག་སྤེལ་བཞིན་པ་དང། སྤེལ་རྒྱུའི་གནས་ཚུལ་ཡོང་འདུག་པ་ནི་ཐུགས་ཁག་གཏན་ནས་མེད་མོད། འོན་ཀྱང་འདུ་འཛོམས་ཁྲོམ་སྐོར་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་སྣ་ཚོགས་པ་དེས།
༡༽ འགྲོ་བཞིན་པའི་ཞིབ་འཇུག་པ་དོ་ཕོགས་འགྲོ་རྒྱུ་དང། བླ་བྲང་གི་འཕྲལ་ཕུགས་གཉིས་ཀར་གནོད་གཞི་འབྱུང་སྲིད་པ།
༢༽ ཡུལ་མི་དང་བོད་མིའི་བར་འཁོན་གཞི་ཆགས་རྒྱུའི་བཟོ་ལྟ་ཐོན་བཞིན་པ།
༣༽ དེ་ལྟའི་ཟིངས་ཆའི་གོ་སྐབས་འདི་བཟུང་ཏེ་རྒྱ་ཕྱོགས་ནས་སྲིད་བྱུས་འཛིན་བཞིན་པ་ཡུལ་མི་དང་བོད་མིའི་བར་འགལ་ཟླ་བཟོ་རྒྱུ། རྒྱ་གར་གཞུང་དང་བཙན་བྱོལ་སྒྲིག་འཛུགས་བར་འགལ་ཟླ་བཟོ་བ། བོད་མི་ནང་ཁུལ་བསམ་ཚུལ་དང། གཞུང་མང་བར་འགལ་ཟླ་བཟོ་བའི་གོ་སྐབས་ལེན་སྲིད་པས་མང་ཚོགས་ནས་ལས་འགུལ་དེ་འདྲ་མི་སྤེལ་བའི་གོ་བསྐོན་སློབ་གསོ་དགོས་གཤིས། དེ་བཞིན་གཞུང་ཞབས་སྲི་ཞུ་བཅས་པར་ཡང་བཀོད་ཁྱབ་ནན་པོ་དགོས་ཞེས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས ༢༠༡༡ ཟླ ༢ ཚེས ༢ ཉིན་ལ་ཕུལ།
ངོ་བཤུས། དྲུང་ཆེ་འགན་འཛིན་རྣམ་པ། བཀའ་དྲུང། མི་འགྱུར་རྡོ་རྗེ། ལས་ཐམ། ཕྱག་རྟགས།
ཞིབ་འཇུག་པ་དེ་་་་་་ཞིབ་འཇུག་ལ་རུ་བཅོས་རོགས། དགོངས་དག།
བཀུར་འོས་ཤར་ཕྱོགས་ཁུག་རྟ་ལགས། དུས་བབ་ནང་ཁྱེད་ཀྱི་གསལ་བསྒྲགས་དེ་ཅིག་བཀོད་ན་དེ་བས་ཕན་ས་རེད།
རིན་པོ་ཆེ་ནས་གསུངས་པ་ལྟར་ངས་བསམ་ཏེ་བཀོད་པ་ཡིན་མོད། རྩོམ་སྒྲིག་པས་བཀོག་ནས་ཟུར་དུ་བཟོས་འདུག དེ་ཁྱད་པར་མི་འདུག གཅིག་རེད།
རྒྱལ་བ་ཀརྨ་པ་རིན་པོ་ཆེར་གཞི་མེད་དོགས་འཛུགས་ཀྱི་དཀྲོགས་གཏམ་ལ་བློ་ཕམ་ཚད་མེད་བྱུང་། རིན་པོ་ཆེ་དྲི་མེད་ཤེལ་གོང་རང་ཡིན་པར་ཡིད་ཆེས་གཙང་མ་ཡོད། གཙོ་ཆེར་ཞབས་ཞུས་མ་འཇོན་པ་དང་། རྒྱ་གར་གཞུང་གིས་དགོས་ངེས་ཀྱི་ཆ་རྐྱེན་མ་གནང་བ་གཉིས་ལ་ཐུག་འདུག གསར་འགོད་པ་བོད་རྒྱུས་མེད་པ་ཚོས་ཨ་གསར་ཆེན་པོ་བྱས་པ་སྐྱོན་གྱི་འབྱུང་རྩ་རེད། དེ་ཚོ་ཡན་པོར་མ་སོང་བ་དགོས། དངུལ་ནི་དངུལ་ཙམ་རེད། ཡིན་ནའང་། རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་མང་གཉིས་བོད་ལ་སྐུ་དྲིན་ཆེན་པོ་ཡིན་པས། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ །གསུངས་པ་ནང་བཞིན་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་མང་ལ་དོ་ཕོག་གཏན་ནས་བཟོ་མི་ཉན། རྒྱ་འདྲེའི་འཚུབ་མ་འཁོར་བཞིན་ཡོད་པ་ལ་ཐེ་ཚོམ་མི་དགོས་པས་གཟབ་གལ་ཆེ། རང་གཞུང་བཀའ་ཤག་གི་གསལ་བསྒྲགས་དེ་གནད་ཆེ་བས་དེ་དེ་བཞིན་ལག་བསྟར་གནང་འཚལ། རིན་པོ་ཆེར་གུས་ཕྱག་གྲངས་མེད་བཅས་རེབ་ཀོང་ནས།
དཔལ་རྒྱལ་དབང་ཀརྨ་པ་མཁྱེན།རྒྱབ་སྐྱོར་ནང་ལ་སྐབས་འཚོལ་རིང་ལུགས་པ་མེད་པར་ཤོག།
གསལ་བསྒྲགས་དེ་ཡིག་ནོར་མང་པོ་འདུག།
ངའི་བསམ་ཚུལ་འདི་འདྲ་ཡིན།
རྒྱལ་སྤྱིའི་ནང་དོ་སྣང་དང་བགྲོ་གླེང་གི་ངོ་བོར་གྱུར་པའི་ཀརྨ་པའི་དོན་རྐྱེན་སྐོར་ཁ་བརྡའི་ནང་དལ་དལ་ངང་སླེབས་སོང་།
དུས་བབས་ནང་འདིའི་སྐོར་གསར་འགྱུར་དང་འབྲེལ་རྩོམ་ཐུང་ཁག་བཞི་ཙམ་བྲིས་འདུག་ལ་མཆན་བུ་བ་ཚོས་ཀྱང་ཚ་ཚ་འུར་འུར་ངང་མཆན་བུའང་གང་འཚམས་བཏགས་འདུག
ཞིབ་ཚགས་ཀློག་རྒྱུ་མ་བྱུང་མོད་འོལ་ཚོད་ཀྱིས་གཞིག་ན་ཀརྨ་པ་ལ་ཉེས་པ་གཏན་ནས་མེད་པ། རྒྱ་ནག་གིས་ངན་བྱུས་ཡིན་པ། ཞབས་འབྲངས་པ་ཁག་གིས་མ་འཇོན་པ། རྒྱ་གར་གིས་ཐུབ་ཚོད་བཏང་བ་སོགས་སུ་འབྲེལ་གྱིན་འདུག ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་པ་སྨོས་མེད་ཐོག ཧིན་སྒོར་འབུམ་བདུན་བརྒྱ་ལས་བརྒལ་བའི་རྩིས་ཕྲ་འདི་ཡིན་སྟོན་རྒྱུ་མེད་དངུལ་དམར་རྐྱང་ཉར་བ་འདི་ཀརྨ་པ་མཆོག་གི་ཉེས་པ་རེད། ནོར་བ་དེ་ཞབས་འབྲངས་བ་འདི་དང་དེའི་མགོར་གཡུག་པ་ནི་ང་ཚོས་རང་སེམས་རང་གི་གསོ་བའི་ཐབས་ལས་ཁྲིམས་ཐོག་ནས་བལྟས་ནས་སྒོར་མོའི་ཁེ་གྱོང་གཉིས་ཀ་སྒོར་མོའི་བདག་པོ་ལ་དག་པ་ཞིག་རེད། ྆༿
ཡུལ་྆༿྆༿྆༿ཁྲིམས་མ་རྟོགས་ནས་དེ་ལྟར་བྱུང་བར་བཤད་ཀྱང་ཡིད་ཆེས་དཀའ་སྟེ་གང་གི་ཉེ་འཁོར་ན་སློབ་སྟོན་པ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་སོགས་ཁྲིམས་དང་སྒྲིག་གཞི་ཤེས་རྟོགས་ཡོད་མཁན་རྐྱང་རེད་འདུག དེས་ན་ངའི་ངོས་ནས་བཤད་ན་དངུལ་གྱི་འབྱུང་ཁུངས་དད་ལྡན་མང་ཚོགས་ཀྱིས་ཕུལ་བ་དངོས་ཡོད་བདེན་པའི་གནས་ལུགས་དེ་རྒྱ་གར་གཞུང་དང་གསར་འགྱུར་རྒྱུད་ལམ་ཁག་ལ་ཁུངས་ལུང་དངོས་ར་ཕྲོད་པ་བྱ་རྒྱུ་དང་། རྩིས་ཕྲར་མ་བཏང་བར་དངུལ་དམར་བཞག་པར་རྒྱ་གར་གཞུང་ལ་དགོངས་སེལ་དང་འབྲེལ་ཉེས་ཆད་དང་ལེན་གནང་རྒྱུ།
དེ་རྗེས་རྒྱ་མིའི་གསོ་ཉུལ་བའི་ནག་ཉེས་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་པ་དེ་དག་དང་ལྷག་པར་རྒྱ་གར་གཞུང་ངོས་ནས་གཞུང་འབྲེལ་གྱིས་དེ་ལྟར་བཤད་ཡོད་ན་མངའ་སྡེའི་ཁྲིམས་ཁང་གོང་མ་དང་། རྒྱ་གར་ཆེས་མཐོའི་ཁྲིམས་ཁང། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་སུ་རྒྱ་གར་གཞུང་ལ་ཁྲིམས་ཐོག་ན་ཁྲིམས་ལ་བཏུག་ན་འགྲིག
གང་ལྟར་ད་ལྟའི་སྐབས་སུ་འདི་དང་འབྲེལ་བའི་ལས་འགུལ་གང་ཞིག་སུ་ཞིག་གིས་རྩོམ་འདོད་ཀྱང་། སྤྱིར་ནང་པ། བྱེ་བྲག་བོད་པ། ཧི་མ་ལ་ཡའི་མི་མང། བཙན་བྱོལ་གཞུང་། ༧གོང་ས་མཆོག་སོགས་ཚང་མ་བློ་ལ་བཀོད་དེ་ལས་འགུལ་སྤེལ་དགོས། གཞན་ཅལ་ཅལ་ཟེར་བ་དང་ཅོལ་ཅོལ་ཟེར་ནས་ཧོལ་རྒྱུགས་མ་བྱེད་ན་ལེགས།
འདིར་ངའི་འགྲོ་བ་མིའི་ལུགས་སུ་བྱས་ཏེ་བསམ་ཚུལ་བཀོད་པ་ལས་རྡོ་རྗེ་འཆང་གི་སྲོལ་དུ་བྲིས་མེད་པས་དེ་དང་མཐུན་པའི་དགོངས་འཆར་ཞུ།
དངུལ་དེ་ཀརྨ་པ་ཕྲིན་ལས་རྡོ་རྗེ་ལ་དབང་བ་ཡིན་ན་ཁོང་རང་གིས་འགན་འཁུར་དགོས་པ་རེད། ཁོང་རྒྱ་ནག་གི་གསང་ལས་པ་ཡིན་མིན་ང་ཚོ་ལྟ་བུ་ཞིག་གིས་ཤེས་གི་མ་རེད། རྒྱ་གར་གསང་བའི་ལས་ཁུངས་ལ་སྐད་གྲགས་ཡོད་པ་རེད། ཁོང་ཚོས་ཅིག་ཤེས་གི་མེད་དམ། བླ་མས་ཅི་གསུང་མ་ཤེས་གོང་༎གྲྭ་བས་འདོན་ཚོད་རྡོ་རོ་རོ༎ཞེས་པ་དེ་ཁྱོད་ཚོ་རེད། གཅིག་ནས་ཁོང་ལ་དངུལ་བཅོལ་འཇོག་གི་ཆོག་མཆན་མེད་བཞིན་དུ་དངུལ་ཕོན་ཆེན་དེ་འདྲ་ཞིག་བསྡུ་རུབ་བྱས་པ་དེ་ཁྱད་མཚར་རེད། དངུལ་བཅོལ་འཇོག་ལ་ཆོག་མཆན་མེད་ན་དངུལ་མ་བླངས་ན་ཆོག་གི་རེད་པ། གཉིས་ནས་ཕྱི་དངུལ་ཕོན་ཆེན་དེ་འདྲ་ཞིག་གི་ཁུངས་སྣེ་འདི་རེད་ཟེར་ནས་བསྟན་རྒྱུ་མེད་པར་དད་ལྡན་པས་ཕུལ་བ་རེད་ཟེར་བ་ཙམ་གྱིས་དོག་པ་སེལ་ཐུབ་གི་མ་རེད། ཕྱི་དངུལ་ཕོན་ཆེན་དེ་འདྲ་ཞིག་ཕུལ་མཁན་གྱིས་ཕུལ་རུང་ལེན་མཁན་གྱིས་ཉར་མ་ཤེས་པ་དེ་ཡང་ཁྱད་མཚར་རེད། རྒྱ་ནག་གི་གསང་ལས་པ་ཡིན་མིན་ནི་ང་ཚོ་ལྟ་བུ་ཞིག་གིས་རེད་ཟེར་ཐུབ་གི་མ་རེད་ལ་མ་རེད་ཟེར་ཡང་ཐུབ་གི་མ་རེད། བོད་མི་ལས་ངན་འདི་ཚོས་སྐྱེ་བ་སྔོན་མ་ལ་ལས་ངན་པ་གང་ཞིག་བསག་པ་ཡིན་ནམ་ད་ནི་ལྷ་དང་བླ་མ་འདི་ཚོ་སྲུང་སྐྱོབ་མི་ཐུབ་དཀའ་ངལ་ཆེན་པོ་འདུག་ག བོད་མི་ཚོས་རྒྱ་གར་གསར་ལམ་ཁག་ལ་ངོ་རྒོལ་བྱེད་པ་དེ་ངོ་ཚ་སྤྱད་རེད། མིའི་ཡུལ་འདིར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བསྡད་བཅུག་ཡོད་དུས་ཡུལ་མིར་ངོ་རྒོལ་བྱ་རྒྱུ་སེམས་ལ་དྲན་ཡང་མི་ཕོད་པ་ཞིག་རེད། ར་མ་མགོ་ཐོག་བཞག་ལ་རིལ་མ་རྐེ་ཁུགས་སུ་གཏོང་ཟེར་བ་དེ་རེད།
ཁུག་རྟས་གསུངས་པ་ལྟར་རེད། འདིའི་སྐབས་སུ་རྒྱ་ནག་ལ་མཉམ་འཇོག་འདྲ་བྱས། གསར་འགྱུར་མིས་བཤད་ཀྱི་ཡོད་ཙང། མི་ལ་ཀརྨ་པ་ངོས་འཛིན་གནང་སྟངས་ཁྱད་མཚར་དེ་འདྲའི་བསམ་བློ་འཁོར་སྲིད་པ་རེད་ལ། བག་ཆགས་བཞག་ཚར་བ་རེད། རྒྱ་ནག་གིས་མ་ཡིན་པ་རེད་ལབ་པ་དང། རྒྱ་གར་གི་གསར་ལམ་ཁག་ནས་མ་ཡིན་པ་རེད་ལབ་ལ་གཉིས་ལ་ཁྱད་པར་ཨེ་ཡོད་ན། ད་དུང་གསར་ལམ་དེ་ཚོ་ཚོང་ལ་འཁོར་ནས་རུལ་བསྡད་པ་མི་ཤེས་མཁན་ག་ཚོད་ཡོད་མེད། སྤོབས་པས་ཤེས་དགོས་ཀྱི་འདུག འདི་གནད་འགག་ཅིག་རེད།
དེ་མིན་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་རིགས་བྱེད་པ་དེ་བླུན་རྟགས་རེད། འདི་ལ་དེ་རན་པོ་མི་འདུག ཡིག་ཐོག་ནས་གསལ་བཤད་བྱེད་ཐུབ་ན་མཁས་པ་རེད། འཇོན་པ་རེད།
དོན་དམ་གྱི་བགྲོ་གླེང་བྱེད་རྒྱུ་ལས། སྤྱི་དོན་ལ་གནོད་རིགས་ལ་གསུངས་ན་ཡག་གི་རེད། དྲ་གྲོགས་ལྷན་རྒྱས།
མ་གསུངས་ན་ཞེས་བཅོས་རོགས། ཧཧཧཧཧ
xxxxxxxxxxxxxxxxx
པདྨ་མཚོ། ཁྱེད་ཉིད་བུད་མེད་ཡིན་མིན་ཇུས་གཏོགས་མེད་ནའང། ང་མི་འདི་བསྟོད་པ་ལས་སྨད་ར་བཏང་བཞག་ན་ཕན་མཁན་ཞིག་ཡིན། དོན་ལ་འབྲེལ་ཡོད་ཅིག་ལས་ཉ་ཉོག་མང་པོ་གསུང་གི་མ་འདུག