ཐོར་རྒོད་པ་སྤྱན་ཆབ།
རང་གི་རྐང་མགོར་ལོངས་དང་།།ལག་རྩལ་ངོམ་ནས་ཤོག་དང་།།ཀླད་ཤུགས་ངོམ་ནས་ཤོག་དང་།།སྒྱུ་རྩལ་ངོམ་ནས་ཤོག་དང་།།ཁྱོད་རང་ལའང་ཁྱོད་རང་གི་ལག་ཟུངཆེན་པོ་ཡོད།ཁྱོད་རང་ལའང་ཁྱོད་རང་གི་ཀླད་ཤུགས་སྟོབས་ལྡན་ཡོད། ཁྱོད་ནི་ཁྱོད་རང་གི་སླད་དུ་གསོན་ཤོག། ཁྱོད་ནི་ཁྱོད་རང་གི་ཆེད་དུ་ལོངས་ཤོག།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག འཇིག་རྟེན་གྱི་མདུན་དུ།མི་ཚོགས་ཀྱི་མདུན་དུ།ཁང་བརྩེགས་ཀྱི་མདུན་དུ།རི་རབས་ཀྱི་མདུན་དུ།མེ་ལོང་གི་མདུན་དུ།སྙིང་ཉེ་ཡི་མདུན་དུ།
རང་ཉིད་་རྐང་འོག་གི་ས་སྤར་མོ་གང་བོ་འདི་བསམ་བཞིན།།རང་ཉིད་ཀྱི་ཁ་ནང་གི་ཆུ་ཐོམ་བུ་གང་བོ་འདི་བམ་བཞིན།།གོ་ལ་འདི་བསམ་བཞིན།ཉི་ཟླ་འདི་བསམ་བཞིན།ཆུ་ཆེན་པོ་འདི་བསམ་བཞིན།ས་འཁྱགས་པ་འདི་བསམ་བཞིན།མི་ཚོགས་འདི་བསམ་བཞིན།གད་སྙིགས་འདི་མསམ་བཞིན།རང་བྱུང་གི་ཁོར་ཡུག་སྣུམ་པོ་འདི་བསམ་མཞིན།།རང་བྱུང་གི་མཁའ་དབུགས་གཙང་མ་འདི་བསམ་བཞིན།།རངབྱུང་གི་སེམས་ཅན་ ཡོད་དོ་ཅོག་བསམ་བཞིན།།རང་བྱུང་གི་རྩི་ཤིང་དང་ལྗོན་པ་དང་བསམ་བཞིན།།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག བོད། བོད། བོད།
རང་གི་རྐང་མགོར་ལོངས་དང་།།ཞབས་བྲོ་རྒྱག་བཞིན་ཤོག་དང་།།གླུ་གཞས་གཏོང་བཞིན་ཤོག་དང་།།སྙན་ངག་གྱེར་བཞིན་ཤོག་དང་།།ཁྱོད་རང་ལའང་ཁྱོད་རང་གི་སྐྱས་གཟུགས་མཛེས་པོ་ཡོད།།ཁྱོད་རང་ལའང་ཁྱོད་རང་གི་སྐད་ངག་སྙན་མོ་ཡོད།། ཁྱོད་ནི་ཁྱོད་རང་གི་སླད་དུ་གསོན་ཤོག།ཁྱོད་ནི་ཁྱོད་རང་གི་ཆེད་དུ་ལོངས་ཤོག།།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོགའཇིག་རྟེན་གྱི་མདུན་དུ།མི་ཚོགས་ཀྱི་མདུན་དུ།ཁང་བརྩེགས་ཀྱི་མདུན་དུ།རི་རབས་ཀྱི་མདུན་དུ།མེ་ལོང་གི་མདུན་དུ།སྙིང་ཉེ་ཡི་མདུན་དུ།
རང་ཉིད་ཀྱི་རྐང་འོག་གི་ས་སྤར་མོ་གང་བོ་འདི་བསམ་བཞིན།།རང་ཉིད་ཀྱི་ཁ་ནང་གི་ཆུ་ཐོམ་བུ་གང་བོ་འདི་བསམ་བཞིན།།གོ་ལ་འདི་བསམ་བཞིན།ཉི་ཟླ་འདི་སམ་བཞིན།ཆུ་ཆེན་པོ་འདི་བསམ་བཞིན།ས་འཁྱགས་པ་འདི་བསམ་བཞིན།མི་ཚོགས་འདི་བསམ་བཞིན།གད་སྙིགས་འདི་བསམ་བཞིན།རང་བྱུང་གི་ཁོར་ཡུག་སྣུམ་པོ་འདི་བསམ་མཞིན།།རང་བྱུང་གི་མཁའ་དབུགས་གཙང་མ་འདི་བསམ་བཞིན།།རང་བྱུང་གི་སེམས ་ཅན་ཡོད་དོོ་ཅོག་བསམ་བཞིན།།རང་བྱུ་གི་རྩི་ཤིང་དང་ལྗོན་པ་དང་བསམ་བཞིན།།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག བོད། བོད། བོད།
རང་གི་རྐང་མགོར་ལོངས་དང་།དཔེ་དེབ་ཁུར་ནས་ཤོག་དང་།སྨྱུ་གུ་བཟུང་ནས་ཤོག་དང།བསམ་བློ་ཐོངས་ནས་ཤོག་དང།ཁྱོད་རང་ལའང་ཁྱོད་རང་གི་མདུན་ལམ་ཆེནམོ་ཡོད།ཁྱོད་རང་ལའང་ཁྱོད་རང་གི་དམིགས་ཡུལ་མཐོན་པོ་ཡོད། ཁྱོད་ནི་ཁྱོད་རང་གི་ཆེད་དུ་ལོངས་ཤོག ཁྱོད་ནི་ཁྱོད་རང་གི་སླད་དུ་གསོན་ཤོག ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག འཇིག་རྟེན་གྱི་མདུན་དུ།མི་ཚོགས་ཀྱི་མདུན་དུ།ཁང་བརྩེགས་ཀྱི་མདུན་དུ།རི་རབས་ཀྱི་མདུན་དུ།མེ་ལོང་གི་མདུན་དུ།སྙིང་ཉེ་ཡི་མདུན་དུ།
རང་ཉིད་ཀྱི་རྐང་འོག་གི་ས་སྤར་མོ་གང་བོ་འདི་བསམ་བཞིན།རང་ཉིད་ཀྱི་ཁ་ནང་གི་ཆུ་ཐོམ་བུ་གང་བོ་འདི་བསམ་བཞིན།གོ་ལ་འདི་བསམ་བཞིན།ཉི་ཟླ་འདི་སམ་བཞིན། ཆུ་ཆེན་པོ་འདི་བསམ་བཞིན།ས་འཁྱགས་པ་འདི་བསམ་བཞིན། མི་ཚོགས་འདི་བསམ་བཞིན།གད་སྙིགས་འདི་བསམ་བཞིན།།རང་བྱུང་གི་ཁོར་ཡུག་སྣུམ་པོ་འདི་བསམ་མཞིན།།རང་བྱུང་གི་མཁའ་དབུགས་གཙང་མ་འདི་བསམ་བཞིན།རངབྱུང་གི་སེམས་ཅན་ཡོད་དོ་ཅོག་བསམ་བཞིན།།རང་བྱུང་གི་རྩི་ཤིང་དང་ལྗོན་པ་དང་བསམ་བཞིན།།ལོངས་ཤོག ལོངས་ཤོག ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག བོད། བོད། བོད།
ཉིན་ཞག་བདུན་བརྒྱ་ཉི་ཤུའི་མཇུག་བསྡོམས་བརྒྱབས་ནས་ལོ་རྟགས་གསར་བ་ཞིག་གི་འཕག་འཚུག་རྒྱག་བཞིན་པའི་ལོ་འགོ་འདི་ལ་བོད་པ་ཚོ་ལངས་ན་ཧ་ཅང་འགྲིག་གི་ཡ།
གྲོགས་པོ་རྡོ་རྗེ་བཀྲ་ཤིས་ནས་སྙན་དབང་གཡར་བར་ཐུགས་རྗེས་ཆེ་ཞུ་བ་དང་།
ང་ནོར་བ་མིན་ན དྲ་ཚིགས་འདིར་སྙན་ངག་སྒྱུ་རྩལ་ལ་ཟུར་མིག་ཙམ་འཕེན་འཁན་ཡང་མེད་པར་སྣང་པས་ཞེ་སེམས་ཧ་ཅང་མུག
ངའི་རེབ་ཀྱི་གཞས་ཚིག་ནི།
མདང་དགོང་མཛེས་མཇལ་བྱུང་།
འདི་རིང་མཛེས་མ་དྲན་བགྱིད།
སང་ཉིན་ག་དུས་ཐུག་ཡོང་།
མཛེས་མ། མཛེས་མ། བོད་ཀྱི་མཛེས་མ།
སྔ་དྲོ་ཉི་མ་དྲོ་དགོས།
ཉིན་དགུང་རླུང་བསིལ་རྒྱབ་དགོས།
དགོང་དྲོ་རླུང་འཚུབ་མེད་དགོས།
འདི་རིང་ཉི་མ་སྐྱིད་དགོས།
དགས་བྱུང་། སྐྱིད་བྱུང་། ཉི་མ་སྐྱིད་བྱུང་།
བཀླགས་ཟིན།
ཐུགས་རྗེ་ཆེ་ལགས།ཡིན་ནའང་ངས་ཁྱོད་ལ་ཡོད་པའི་རབས་བྱེད་དག་ལས་གཅིག་ཀྱང་བཀླགས་ཐུབ་མ་སོང་་་ང་ལ་ཅིག་གཡར་རོགས་ཞུ་་་ཧ་ཧཧ་ཧཧ་
བཀྲ་ཤིས་བདེ་ལེགས