རབ་འབྱོར་གྱིས།
སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་དྲི་བའི་སྔོན་ལ། དེས་སྤྱི་ཚོགས་ལ་འགན་གང་ཞིག་འཁུར་ཐུབ་རྒྱུ་ཡིན་པ་འདི་འདྲི་འོས། སྤྱི་ཚོགས་ལ་འཁུར་རྒྱུའི་འགན་ཁོངས་ནི་ཧ་ཅང་རྒྱ་ཆེན་པོ་རེད། དང་པོ་སྤྱི་ཚོགས་ཀྱི་ཕོ་བ་རྒྱག་དགོས་པ་དང་རྒྱབ་དྲོ་དགོས་པ་དེ་རེད། དེ་ནི་མི་སྒེར་དང་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁུར་རེད། དེ་ནས་སྤྱི་ཚོགས་ལ་རྐུན་ཇག་སོགས་ཀྱི་འཇིགས་པ་མེད་པའི་བདེ་འཇགས་རེད། དེ་ནི་སྤྱི་བདེ་དང་བདེ་འཇགས་ལས་ཁུངས་ཀྱི་ལས་འགན་རེད། དེ་ནས་སྤྱི་ཚོགས་ལ་ན་བ་ཚ་བ་ཉུང་ཞིང་བདེ་ཐང་ཡིན་དགོས་པ་དེ་རེད། དེ་ནི་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་སོ་སོའི་ལས་འགན་རེད། དེ་ནས་སྤྱི་ཚོགས་ཀྱི་ཤེས་འཇོན་ཡར་རྒྱས་གཏོང་རྒྱུ་དེ་རེད། དེ་ནི་སློབ་གསོའི་ལས་ཁུངས་དང་སློབ་གྲྭ་རྣམས་ཀྱི་འགན་འཁུར་རེད། ད་དུང་སྤྱི་ཚོགས་ལ་དགོས་པ་ནི་དྲང་བདེན་དང་འདྲ་མཉམ་རེད། དེ་ནི་ཁྲིམས་ཁང་དང་ཁྲིམས་བཟོ་ལས་ཁུངས་སོགས་ཀྱི་འགན་འཁུར་རེད། འདི་དང་འདི་ལྟ་བུའི་སྤྱི་ཚོགས་ཀྱི་རྩ་བའི་དགོས་མཁོ་སྐོར་ཞིག་ཡོད་པ་ལས་སྙན་ངག་གི་འགན་དུ་འབབ་པ་དང་འགན་ལེན་ཐུབ་པ་གང་ཡོད་དམ།
ང་ཚོའི་རྩོམ་རིག་སྨྲ་བ་རྣམས་ཀྱིས་རྩོམ་རིག་གིས་སྤྱི་ཚོགས་ལ་གཤེགས་བཅོས་བྱེད་དགོས་ཞེས་ཏེ་སྤྱི་ཚོགས་མཚང་འབྱིན་གྱི་ལས་འགན་ཞིག་རྩོམ་རིག་གི་ཐོག་ལ་འགེལ་བ་ལ་ལོབས་ཡོད། གཅིག་བྱས་ན་དོན་གནད་འདི་འདྲ་ཞིག་གི་ཐོག་ནས་སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་མིན་གླེང་བ་ཡིན་ནམ། ཡིན་ན་ཡང་དམངས་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་འདི་ཡང་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་བཅས་ཀྱི་འགན་འཁུར་རེད། རྒྱུད་ལམ་དེ་དག་གིས་རྟོག་བཟོའི་ཆ་ལ་གཡོལ་གང་ཐུབ་ཀྱིས་སྤྱི་ཚོགས་ཀྱི་ཆ་ཞིག་གི་སྐྱོན་ཇི་མ་ཇི་བཞིན་དུ་བཏོན་ཏེ་སྤྱི་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་དོ་སྣང་འདྲེན་ཐབས་བྱེད་ཀྱི་ཡོད་པ་རེད།
ཀྲུང་གོ་ལ་རྒྱུད་ལམ་རྣམས་ནི་གུང་ཁྲན་ཏང་གི་ཁ་ལྕེ་ཡིན་སྟབས་རང་དབང་གི་སྒོ་ནས་སྤྱི་ཚོགས་ཀྱི་སྐྱོན་འདོན་བྱེད་པའི་དབང་ཆ་མེད་པ་དེ་བདེན་པ་རེད། དེ་དུས་གཞུང་འཛིན་པའི་ཁ་ལྕེར་མ་གྱུར་བ་ཞིག་གིས་སྐྱོན་འདོན་བྱེད་དགོས་ཤིང་། ང་ཚོའི་བོད་ལ་མཚོན་ན་ལས་འགན་དེ་རྩོམ་རིག་གིས་ལེན་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་། ཕངས་པ་ཞིག་ལ། ངས་བལྟས་ན་ང་ཚོས་རྩོམ་རིག་གི་འགན་འཁུར་མ་ཡིན་པ་ཞིག་རྩོམ་རིག་ལ་འགེལ་གྱི་ཡོད་པ་འདྲ། རྩོམ་རིག་ནི་ཇི་འདྲའི་དངོས་དོན་ཡིན་ཞེ་ན་ཡང་རྟོག་བཟོ་དང་མ་འདྲེས་པ་ཞིག་ཤིན་ཏུ་དཀའ་ལ། ང་ཚོས་རྩོམ་རིག་བརྩམས་ཆོས་ཤིག་གི་བཟང་ངན་བརྗོད་པ་ཡང་དོན་དངོས་སུ་རྩོམ་པ་པོའི་རྟོག་བཟོའི་ནུས་རྩལ་གྱི་བཟང་ངན་བརྗོད་པ་ཡིན། དོན་དག་གང་ཞིག་ཡིན་ཡང་རྩོམ་རིག་གི་བརྗོད་གཞིར་གྱུར་ཚར་རྗེས། དེ་ལ་དོན་དངོས་ཀྱི་ནུས་པ་ཤོར་ཚར་བ་རེད། སྐྱོན་འདོན་བྱས་པ་གཞིར་བཟུང་གིས་སྐྱོན་བཅོས་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། དེས་གསར་འགོད་ཀྱི་རྒྱུད་ལམ་འདྲ་མིན་ལས་ཐོན་པའི་གནས་ཚུལ་དང་། དོན་དག་གང་ཞིག་ལ་དམིགས་བསལ་གྱིས་བྱས་པའི་རྟོག་དཔྱོད་ཀྱི་ཡིག་རིགས་ལྟ་བུ་ལ་ཆ་འཇོག་གིས་སྐྱོན་སེལ་བྱེད་རྒྱུ་རེད་མ་གཏོགས་སྙན་རྩོམ་ལ་བརྟེན་ནས་སྐྱོན་སེལ་བྱེད་པ་ནི་ཡོང་མི་སྲིད་པ་ཞིག་རེད།
ངའི་གོང་གསལ་གྱི་བསམ་བློ་གཏོང་སྟངས་ལྟར་ན། རྩོམ་རིག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་གཏམ་དེ་ནི་ཡོང་དོན་མེད་པ་ཞིག་རེད། ཡིན་ན་ཡང་བོད་ནང་གི་རྩོམ་པ་པོ་དང་རྩོམ་རིག་སྨྲ་བ་རྣམས་ཀྱི་ངག་ལ་བརྗོད་གཞི་འདི་ཁྱབ་རྒྱ་ཆེ། གཅིག་བྱས་ན་ངའི་གོང་གི་བསམ་བློ་གཏོང་སྟངས་དེ་སླ་དྲག་པ་དང་། ཁོང་ཚོ་ལ་དེ་ལས་ལྷག་པའི་གནས་ལུགས་རྣལ་མ་རེ་བཤད་རྒྱུ་ཡོད་ལས་ཆེ། ཡིན་ན་ཡང་ད་བར་དུ་གནས་ལུགས་རྣལ་མ་དེ་འདྲ་ཡིག་ཐོག་ནས་མཐོང་མ་བྱུང་ལ། སྤྱི་ཚོགས་ཀྱི་དངོས་དོན་གྱིས་ཀྱང་འདི་ལ་རྒྱབ་སྐྱོར་ཆུང་།
ལོ་རབས་བརྒྱད་ཅུའི་ནང་ལ་བོད་ཀྱི་རྩོམ་རིག་གསར་པའི་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་གང་མང་ཞིག་གིས་བོད་རང་གི་སྤྱི་ཚོགས་ལ་བླང་དོར་སྟོན་པའི་འབད་བརྩོན་བྱས་ཡོད། དེ་ནི་ཁོང་ཚོས་རྗོད་བཞིན་པའི་སྤྱི་ཚོགས་ལ་འགན་འཁུར་བ་ཟེར་བ་དེ་ཡིན་རྒྱུ་རེད། ཁོང་ཚོས་འབྲོག་པས་རྩྭ་ས་རྩོད་པ་དང་། ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་སློབ་གྲྭར་མི་གཏོང་བ། གཉེན་སྒྲིག་གི་རང་དབང་མེད་པ་བཅས་ལ་སྐྱོན་བརྗོད་བྱེད་པའི་སྙན་རྩོམ་དང་སྒྲུང་རྩོམ་གང་མང་སྤེལ་ཡོད། ཡིན་ན་ཡང་། རྩོམ་རིག་གིས་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་རྩྭ་ས་རྩོད་གྲངས་ཇེ་ཉུང་དུ་སོང་བ་དང་། ཡང་རྩོད་མཚམས་ཆད་པའི་གཏམ་ཞིག་གོ་མྱོང་ངམ། ངས་གོ་ཚུལ་ལ། རྩྭ་ས་སྒེར་ལ་བགོས་པ་ནས་བཟུང་སྔར་གྱི་རྩྭ་ས་རྩོད་པའི་ཐོག་ལ་ཕ་མ་གཅིག་པའི་སྤུན་ཟླའི་བར་ལ་ཡང་རྩྭ་ས་རྩོད་གླེང་བྱུང་ཡོད་པ་རེད་ཟེར།
བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་རྩྭ་ས་རྩོད་གླེང་ལ་སྐྱོན་བརྗོད་བྱས་བྱས་པའི་མཐར། ད་ལྟ་གཞི་ནས་རྩྭ་ས་རྩོད་གླེང་ཇེ་ཉུང་ངམ་རྩོད་མཚམས་ཆད་རྒྱུའི་རེ་བ་ཞིག་མངོན་ཡོང་གི་ཡོད་པ་འདྲ། ཕངས་པ་ཞིག་ལ་འདི་ནི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་བླང་དོར་བསྟན་པའི་འབྲས་བུ་མ་ཡིན་པར། རྩྭ་སའི་བདག་པོ་རྣམས་རྩྭ་ས་ནས་གྲོང་ལ་ཕབ་དང་འབེབས་བཞིན་པ་འདིས། རྩྭ་ས་རྩོད་འདོད་ཀྱང་རྩོད་རྒྱུ་མེད་པ་ཞིག་ཡོང་གི་ཡོད་པ་དེས་ཡིན་ནོ།།
(འདས་ལོར། བོད་དུ་བཏོན་པའི་བོད་ཡིག་གི་དྲ་རྒྱ་ཞིག་ཏུ་སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་སྐོར་ལ་གླེང་མོལ་ཞིག་བྱས་སོང་། གཤམ་གསལ་གྱི་རྩོམ་འདི་ནི་དེ་དུས་བྲིས་པ་འདི། བོད་ཀྱི་རྩོམ་རིག་ལ་ཐུགས་སྣང་ཅན་མང་པོས་གཟིགས་མེད་སྙམ་གྱིས་ད་རེས་ཡང་སྐྱར་འདོན་བྱས་པ་དགོངས་འཇགས་ཞུ།)
རབ་འབྱོར་ལགས།
ངས་ཁྱེད་རང་གི་རྩོམ་འདི་བཀླགས་པ་ཡིན། བསམ་ཚུལ་མང་པོ་ཞིག་བློ་ལ་འཐད་པོ་བྱུང༌། བཤད་སྟངས་བསྒྱུར་ནས་བཤད་ན། ངེད་གཉིས་ཀྱི་ལྟ་ཚུལ་མང་པོ་ཞིག་གཅིག་མཚུངས་རེད། སྙན་ངག་གིས་སྤྱི་ཚོགས་་འགན་ཞིག་འཁུར་ཡོད་པ་དང༌། སྤྱི་ཚོགས་ཀྱིས་སྙན་ངག་ལ་དགོས་མཁོ་ཞིག་བསྟན་པའི་ངོས་ནས་བཤད་ན། ཡང་ན། བོད་ཀྱི་སྙན་ངག་གཞིར་བཞག་གིས་བཤད་ན། སྤྱི་ཚོགས་ཀྱི་འགན་ཞིག་འཁུར་བཞག་པ་ཧ་ལམ་མཐོང་རྒྱུ་མེད། གནས་སྟངས་འདིའི་འོག་ནས། སྙན་ངག་པ་ཚོས་རང་གི་སྙན་ངག་དང་གཞན་གྱི་སྙན་ངག་ལ་འགྲེལ་བཤད་ཡན་གར་བ་སྤེལ་ནས་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་པའི་རེ་བ་བྱས་ཡོད། དེར་ཡང་འབྲས་བུ་མ་བྱུང་བ་རེད། བོད་ཀྱི་སྙན་ངག་པ་ཚོས། མི་ལོ་བཅུ་ཕྲག་གཉིས་ལྷག་ཅིག་གི་རིང་ལ། སྙན་ངག་གིས་སྤྱི་ཚོགས་ལ་ལམ་སྟོན་དང༌། གཞོགས་འདེགས། གཤག་བཅོས་སོགས་བྱས་པར་བསྙད་ནས་སྐྱོན་བརྗོད་དང༌། འདོད་པ་མ་ཁེངས་པའི་རྣམ་པ་མང་པོ་ཞིག་སྙན་ངག་གི་ཚིག་གིས་ལྕིབས་ཁུལ་བྱས་ཡོད། ཡིན་ནའང༌། སྤྱི་ཚོགས་ཀྱིས་དེར་ངོས་ལེན་གང་ཡང་བྱས་མེད། འདི་ནི། སྙན་ངག་གིས་སྤྱི་ཚོགས་ལ་འགན་གང་ཡང་ཁུར་མ་ཐུབ་པའི་གསལ་བཤད་རེད།
ཡང་གཅིག་བཤད་ན། ཁ་སང་དེ་རིང་གི་སྙན་ངག་ལ་བསམས་ན། ཤེས་ཡོན་པའི་ཐོན་འབྲས་ཤིག་མ་རེད། དེའི་སྟབས་ཀྱིས། ཁ་སང་དེ་རིང་གི་བོད་པའི་སྙན་ངག་གི་སྟེང་ནས་བཤད་ན། སྙན་ངག་པ་ནི་ཤེས་ཡོན་པ་རེད་ལབ་པར་རྒྱུ་མཚན་གྱིས་མི་འདང༌། དེང་སང་བོད་ཕྱི་ནང་གཉིས་ན་སྙན་ངག་པ་དང་སྙན་དེབ་མང་པོ་ཐོན་གྱི་ཡོད་པ་རེད། ལོ་གཅིག་དང༌། ཟླ་བ་རེ་གཉིས་ཀྱིས་ཚེ་འཛད་འགྲོ་བ་ལ་བལྟས་ན། དེ་རིང་ཁ་སང་གི་སྙན་ངག་པ་འདི་ཚོ་ནི། ཤེས་ཡོན་པ་རེད་ལབ་ན་རྫུན་ཆེན་པོར་འགྲོ། འདི་ལྟར་གཅིག་གི་སྟེང་ལ་གཉིས་བསྣན་ནས་རྩིས་ཤིག་བརྒྱབ་པ་ཡིན་ན། སྙན་ངག་གིས་སྤྱི་ཚོགས་་འགན་ཅི་ཞིག་འཁུར་ཐུབ་མིན་གྱི་དྲི་བ་འདིར། ང་ཚོའི་སྙན་ངག་དང་སྙན་ངག་པ་ཚོའི་རིན་ཐང་གི་ངོས་ནས་ལན་ཅི་ཡང་མི་རག རྒྱུ་མཚན་འདིས། ཁྱེད་རང་གིས་དྲི་བ་འདིར་ལན་མ་རྙེད་པ་རེད། སུ་གང་གིས་རྙེད་ཀྱི་མ་རེད། རྙེད་སའི་ཡུལ་མེད་པར་གང་ནས་རྙེད།
ད་ལྟའི་བོད་ཀྱི་སྙན་ངག་དང་སྙན་ངག་པ་ཚོས་སྤྱི་ཚོགས་ལ་འགན་ཞིག་འཁུར་ཡོད་པར་བཤད་ས་མི་འགྲོ་བའི་རྒྱུ་མཚན་གཞན་ཞིག་ནི། སྤྱི་ཚོགས་ཀྱི་དགོས་མཁོ་སྙན་ངག་གིས་གླེང་མ་ཐུབ་པ་མ་རེད། གླེང་མི་ཆོག་པའང་མ་རེད། ཡིན་ནའང༌། སྙན་ངག་དང་སྙན་ངག་པ་ཚོའི་ངོས་ན། སྤྱི་ཚོགས་ཀྱི་དོ་སྣང་འདྲེན་པའི་ཁྱད་ཆོས་གང་ཡང་མེད་སོང་བས་རེད། སྙན་ངག་པའི་སྤྱི་ཚོགས་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་བྱེ་བྲག་པ་ཞིག་ཡིན་སྟབས། སྙན་ངག་པའི་སྤྱི་ཚོགས་ཀྱིས་སྙན་ངག་དང་སྙན་ངག་པར་ལྟ་སྟངས་དེས་སྤྱི་ཚོགས་ཡོངས་ལ་དཔེ་འགེབས་བྱས་ན། དེ་ནི་ཤིན་ཏུ་ནས་ནོར་བ་ཆེན་པོ་རེད། ང་ཚོའི་སྙན་ངག་པ་ཚོས་འདི་ལྟར་རང་ཉིད་ལ་གདེང་འཇོག་བྱེད་ཚད་མཐོ་དྲགས་པ་འདིས། སྐད་ཆ་མང་པོ་ཞིག་སྟོང་བཤད་དུ་སོང་བ་རེད། ཚིག་རྩ་མདོར་བསྡུས་ནས་བཤད་ན། ཁྱེད་རང་གིས་བཤད་པ་ལྟར་རེད། དྲི་བ་འདིར་ད་ལྟའི་ང་ཚོའི་སྙན་ངག་པ་དང་སྙན་ངག་གི་ངོས་གང་ནས་ཀྱང་ལན་རྙེད་རྒྱུ་ཁག་པོ་ཆགས་པ་རེད། འདི་ནི་ད་ལྟའི་ང་ཚོའི་སྙན་ངག་པ་ཕལ་མོ་ཆེ་བ་ཤེས་ཡོན་པ་མིན་སོང་བས་རེད། ཤེས་ཡོན་པས་བྲིས་པའི་སྙན་ངག་ནི་རྣམ་པ་གཞན་ཞིག་རེད། ཁྱེད་རང་གིས་བསམས་ན། འདི་འདྲ་ཞིག་ཨེ་རེད།
བོད་ཀྱི་དེང་རབས་སྙན་ངག་གླེང་མཁན་ཚོའི་ཁྲོད་ན། ཞིང་གཤེགས་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་གིས་བཤད་པའི་སྐད་ཅ་ཞིག་རྒྱུན་ལྡན་དུ་གླེང་ཞིང་འདུག་པ་ནི། ཁོང་གིས་བོད་ཀྱི་དེང་རབས་སྙན་ངག་གི་ཚད་གཞི་གླེང་བའི་ཚོགས་འཛོམས་ཤིག་གི་སྟེང་ནས་བཤད་པའི་སྐད་ཆ་ཞིག་རེད།
དེ་ནི་འདི་ལྟར་རེད། སྙན་ངག་པ་ཚོས་དངོས་ཡོད་ཀྱི་བདེན་པ་བཤད་ཐུབ་ཀྱི་མི་འདུག དེ་ཡིན་གཅིག་མིན་གཉིས་བཤད་དགོས་པ་རེད། སྙན་ངག་ལབ་ན་རྫུན་བཤད་ནས་བསྡད་ན་འགྲིག་ཐབས་མེད། དཔེར་ན། ཁྱོས་མི་ཟ་ན་ངས་མི་འཐུང་གི་རྒྱུས་ཡོད་མ་རེད་དེ། རྩོམ་པ་པོ་རྟ་མགྲིན་མགོན་པོ་དང་ངེད་གཉིས་ནི་ངོ་ཤེས་རྒྱུས་ཡོད་རེད། ཁོས་རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཞེན་ཡོད་པའི་སྙན་ངག་ཅིག་བྲིས་ནས་དུས་དེབ་སྟེང་སྤེལ་འདུག ངས་རྩོམ་ཡིག་དེ་བཀླགས་པ་ཡིན། རྩོམ་ཡིག་དེར་ཡིད་ཆེས་སྐྱེས་མ་ཐུབ། གང་ཡིན་ཟེར་ན། རྟ་མགྲིན་མགོན་པོས་རང་གི་ཨ་མ་རང་ཁྱིམ་ནས་ཕྱི་ལ་དེད་པ་དེར་བལྟས་པ་ཡིན་ན། རང་གི་ཨ་མ་ལ་མི་དགའ་མཁན་ཞིག་རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཚུལ་བྲིས་པ་དེར་ང་ཡིད་ཆེས་མ་ཐུབ་ཐ། ཞེས་བཤད་ཡོད་སྐད་པ་དེ། ཕྱིས་ན། རྩོམ་རིག་གླེང་མཁན་ཚོས་སྙན་ངག་ལ་ཚད་འདེབས་བྱེད་སྤྱད་དུ་སྤྱོད་ཀྱིན་ཡོད་པ་རེད།
འདི་ནི་ང་ཚོའི་སྙན་ངག་པ་དང་སྙན་རྩོམ་གཉིས་ཀྱི་བར་ན། ཡང་ན། སྙན་ངག་དང་སྤྱི་ཚོགས་གཉིས་ཀྱི་བར་ན། ལས་འགན་ཞིག་སྒྲུབ་ཡོད་པའི་རིན་ཐང་རྙེད་རྒྱུ་མེད་སོང་བའི་དཔེ་མཚོན་ཅིག་རེད།
hi
རྩོམ་འདིར་ངས་སྔོན་མ་ཞིག་ལ་མཆན་རིང་སེ་ཞིག་བྲིས་པ་ཡིན། དེ་ག་པ་ཕྱིན་པ་རེད།
ལྕགས་རྒྱ་མགོན་པོ་སྤོབས་པ་ཀླུ་སྨྱོན་སོགས། །
ཤེས་ཡོན་ཏོག་ཙམ་རེ་ཡིས་ཡོངས་སུ་ཚིམས། །
དཀོན་མཆོག་སྟག་སྨྱོན་ལྷ་ཀླུ་གཉན་གསུམ་སོགས། །
མི་ཤེས་ཤེས་ཁུལ་ཞིག་གིས་ཀུན་ནས་ཚིམས། །
ཀླུ་སྨྱོན་དེང་སང་དགུ་སྨྱོན་ཆགས་ནས་ང་ལ་མ་དགའ་བའི་རྣམ་འགྱུར་སྟོན་ཁུལ་བྱེད་ཀྱི་འདུག ཀླུ་སྨྱོན་འདི་གསོན་འདྲེ་ཞིག་དང་འདྲ་བར་མིང་འདྲ་མི་འདྲ་མང་པོའི་ཁོག་པར་འཛུལ་ནས་གྲ་རྒྱ་འདིའི་ནང་ཡར་རྒྱུགས་མ་རྒྱུགས་བྱེད་ཀྱི་ཡོད་པ་འདྲ། བེ་སྨྱོན་དང་འདི་ཚོས་བོད་ཡིག་རྩེད་སྤྱད་བྱེད་དྲགས་པའི་དབང་གིས་མི་ཚོ་བོད་ཡིག་དང་ལྷག་པར་དུ་སྒྲུང་རྩོམ་དང་སྙན་རྩོམ་ཚིག་བཅད་སོགས་མཐོང་བ་དང་ཞེན་པ་ལོག་ཡོང་བ་ཞིག་བཟོ་གི་འདུག་པས། བོད་ཡིག་བཀོལ་སྤྱོད་ཡར་རྒྱུས་གཏོང་བའི་རེ་བ་ཞུ་གི་ཡོད།
དགུ་རོང་གྲུབ་ཆེན་ཚང་གི་མཛད་པ་འཕྲིན་ལས་གང་འདྲ་ཞིག་རེད་དམ། ངེད་ཅག་ཁ་ཤས་ཤིག་གི་རང་ཉིད་ཀྱི་རྨོངས་བློ་ཙམ་གྱི་རང་གི་རང་ལ་མགོ་བསྐོར་དང་ཡིད་ཚིམས་བྱེད་ཀྱི་འདུག་མི་སྲིད་པ་མིན་ཡང་། སྐུ་ཉིད་ལྟ་བུས་བོད་ཀྱི་སྐད་ཡིག་ཐད་བྱས་རྗེས་ག་རེ་བཞག་ཡོད་པ་ནས་གང་ཞིག་འཇོག་ངེས་རེད་དམ། བཀའ་ལན་ཞིག་ཡོད་པ་ཞུ། ངེད་ཅག་རྨོངས་པའི་བློ་དམན་པ་དག་ལ་ལམ་སྟོན་རེ་གནང་རོགས་ཞུ།
དྲ་སྨྱོན་རེ་རེ་སྨྱོན་པ་རེ་རེ་སྟེ།། ཚང་མ་སྡོམ་ན་ངེས་ངེས་དགུ་སྨྱོན་རེད།།
དམར་ཤོག་སྨྱོན་པའི་མི་ལས་དགུ་ལས་ཀྱིས།། སྨྱོན་པ་བཟོས་པའི་གྲངས་ཀ་ལོནཐབས་བྲལ།།
མི་ཚིམས་དགུ་ཚིམས་དགུ་རོང་གྲིབ་ཆེན་འདི།། དགུ་རོང་གྲུབ་ཆེན་ཟེར་བའི་མིང་གིས་ཚིམས།།
དམྱལ་འཕྲང་འདྲ་བའི་དགུ་ཁོག་དོག་མོའི་ནང་།། མི་བཤད་དགུ་བཤད་བྱེད་མི་ཁྱེད་འདྲ་བྱུང་།།
མི་ལས་དགུ་ལས་བྱེད་པའི་དགུ་རོང་བ།།
མི་མཁོ་དགུ་མཁོ་ཁ་བརྡའི་ཡུལ་ལ་ཐོན།།
མི་བཤད་དགུ་བཤད་བྱས་པའི་མཐའ་འབྲས་སུ།།
མི་འདོད་ཁ་ལ་ཐལ་བ་བཅུག་ནས་དབྱུང་།།
མིང་ལ་དཀོན་མཆོག་བཏགས་ཀྱང་དཀོན་མཆོག་གི །
བྱིན་རླབས་ཕྲ་མོ་ཙམ་ཡང་མ་ཞུགས་པར། །
རྟག་ཏུ་གཞན་སྐྱོན་ཁོ་ན་འཚོལ་བ་ཡིས། །
ཚེ་འདིར་མནར་མེད་སྒྲུབ་པ་ཀྱེ་མ་ཧུད། །
དགུ་འདུས་རོང་ཁོག་འདི་ཡི་མགོ་རྔ་ནས། །
སྐལ་ལྡན་བིས་པ་ཞབས་དཀར་སྒེའུ་སྟེང་དང་།
དགེ་ཆོས་དོན་རྒྱལ་ལ་སོགས་གནའ་དེང་གི །
མཁས་པའི་ཁྱུ་མཆོག་ཉི་ཟླའི་ཕྲེང་བ་བྱུང་། །
མ་སླེབས་མེད་ས་ལྷ་ཀླུ་གཉན་གསུམ་དང་། །
མ་འཁོན་མེད་ས་ཀླུ་སྨྱོན་ཧེ་རུ་ཀ །
མ་བསྡིགས་མེད་ས་སྟག་སྨྱོན་དཀོན་མཆོག་སོགས། །
མ་འདུག་དྲ་ངོས་འདི་ནས་ད་སོངས་ཤིག །
མགོན་པོ་མིན་ཡང་མགོན་མིང་ཕྱག་གཉིས་དང་། །
སྤོབས་པ་མེད་ཀྱང་སྤོབས་པའི་མིང་ཅན་ཏེ། །
དགེ་བཤེས་མིན་ཡང་ཕྲག་སེར་བེ་འཇིགས་གསུམ། །
ལོ་ལོན་ཉི་མ་ལྡེ་ས་འདི་རུ་སྡོད། །
དགུ་རོང་གྲུབ་ཆེན་གྱི་མིང་འཛིན་པ་ལགས་སུ་ཞུ་རྒྱུ་ཞིག་ལ་མི་ལ་དམའ་འབེབས་བྱེད་པ་ནི་ལས་སླ་བོ་ཞིག་ཡིན་ན་ཡང་། རང་ལ་མི་ཡིས་དམའ་འབེབས་བྱེད་ན་མི་ཚུགས་ཤོར་མདོག་སྟོན་པ་ཁྱེད་རང་ལྟ་བུས་མི་མང་བོ་ཞིག་ལ་རྒྱག་གཏམ་དང་སྐྱག་ལབ་བརྒྱབ་ནས་ཁྱི་ཁ་རྩེད་པ་བཞིན་བསྡོད་པ་ལས་དྲ་ཚིགས་འདིར་སླེབས་པ་ནས་དྲ་ཚིགས་འདིའི་ནང་གི་བོད་མི་ཡུལ་གྱུར་བ་དག་དང་གཞན་དག་གི་རང་གི་མི་རིགས་ལ་བཅིངས་པའི་ཤ་ཞེན་དང་བོད་ཡིག་ལ་བཅིངས་པའི་བརྩེ་དུང་གི་བསྐོར་སོགས་གང་ཡང་བྲིས་སོང་བ་བརྗེད་དེ། ད་དུང་དྲ་ཚིགས་འདིའི་ནང་གི་ཟིན་བྲིས་འདེབས་མཁན་གང་མང་ཞིག་ལ་འཕྱ་དམོད་དང་དམའ་འབེབས་དུས་གཅིག་དུ་བྱས་དེ་འོང་དུས། ཁྱེད་རང་གི་སེམས་ནང་དུ་རང་ཉིད་ནི་འདི་དག་ལ་སློབ་གསོ་རྒྱག་མཁན་ནམ་ཕྱོགས་སྟོན་བྱེད་པ་པོ། ཡང་ན་ཅི་ཡང་མི་ཤེས་པའི་གླེན་པ་བསྐོར་ཞིག་བཀའ་སློབ་གནང་གི་ཡོད་འདོད་ཀྱི་ཡོད་པ་འདྲ། ཁྱེད་རང་གི་ང་རྒྱལ་གྱི་ཡར་བསྒྲེང་བའི་སྐད་ཆ་བཤད་ལུགས་འདི་ལ་འགྱུར་བ་ཞིག་མ་བཏང་བ་ཡིན་ན། ཁྱེད་རང་ནི་རང་རློམ་གྱི་སེམས་པ་བཟི་སྟེ། མི་གཞན་དག་ནི་རང་གི་རྐང་འོག་འབུ་དག་གི་སྣང་བ་ལས་མེད་པ་འདྲ། དངོས་ནས་བོད་པ་ཚང་ལ་ཁྱེད་རང་ལྟ་བུ་སྔ་གཞུག་ལ་བསམ་ཤེས་མེད་པ་དང་གྲོས་མོལ་དང་བསམ་ཚུལ་གླེང་མོལ་བྱེད་མི་ཤེས་མཁན་གང་མང་མང་ཞིག་བྱུང་ན། རྒྱ་ནག་སྲིད་གཞུང་གི་གཏོར་བཤིག་གཏོང་མི་དགོས་པར་བོད་པ་རང་གི་ནང་ཁུལ་ནས་གཏོར་ཚར་ངེས་རེད་འདུག
ནོར། གང་ཡང་བྲིས་སོང་བ་བརྗེད་དེ། བཅོས གང་ཡང་བྲིས་མེད་པ་བརྗེད་དེ།
ནོར། གླེན་པ་བསྐོར་ཞིག བཅོས། གླེན་པ་བསྐོར་ཞིག་ལ།
ནོར། ཁྱེད་རང་གི བཅོས། ཁྱེད་རང་ང་རྒྱལ་གྱི་
དགུ་རོང་གྲུབ་ཆེན་མཐུ་ཡི་ཁ་རྩ་ནས། །
དགུ་བརྒྱ་དྲུག་ཅུའི་ལྷ་ཀླུ་གཉན་གསུམ་གྱིས། །
བཀའ་གསུང་བསྒྲུབ་ན་དམ་ཚིག་མནའ་ཆུ་སྦྱིན། །
མི་ཉན་མགོ་བོ་ཚལ་བ་བརྒྱ་རུ་འགས། །
རང་གིས་བྲིས་པའི་རྩོམ་ལ་ཡིག་ནོར་མང་། །
ནོར་བཅོས་ཡིན་ཁུལ་ནོར་ཡིག་ནོར་ལྟར་བཀྲམས། །
ལྷ་ཀླུ་གཉན་གསུམ་གང་ལ་མི་ཐེ་བའི། །
ཕུང་བོ་གསུམ་པ་རྒྱ་མཚོའི་ཕ་རོལ་སོངས། །
སྔ་མོ་སྨྲ་བརྗོད་ཀྱི་རང་དབང་དང་གསར་འགྱུར་གྱི་རྒྱུད་ལམ་ཤུགས་ཆེ་མ་དར་སྐབས་སྙན་ངག་པས་ཕྱོགས་གཅིག་ནས་མི་དམངས་ཀྱི་མགྲིན་ཚབ་དང་གསར་འགོད་པའི་ནུས་པ་བཏོན་མྱོང་ཡོད་ཚོད་འདུག དེང་སྐབས་མི་ཚང་མའི་ཤེས་ཡོན་གྱི་གནས་ཚད་མཐོ་རུ་སོང་བ་དང་ལྷག་པར་དུ་གསར་འགོད་དང་ཁྱབ་སྒྲག་གི་ནུས་པ་ཤུགས་ཆེན་པོ་ཆགས་པ་དང་སྙན་ངག་པ་དང་རྩོམ་པ་པོ་རྣམས་རང་བཞིན་གྱིས་ནུས་མེད་དང་དགོས་མཁོ་ཆུང་དུ་སོང་མེད་འགྲོ་སྙམ། དམིགས་བསལ་གྱི་ཁྱད་རྩལ་ལྡན་པའི་སྙན་ངག་པ་དང་རྩོམ་པ་པོ་མ་སྐྱེས་པ་དང་། སྤྱི་བཏང་གི་རྩོམ་པ་པོ་ཚོའི་ཚིག་སྦྱོར་གྱི་ཁྱད་པར་ཕྲན་བུ་ལས་བསམ་བློ་དང་མཐོང་རྒྱ་ཐོས་རྒྱ་སོགས་མི་དམངས་དཀྱུས་ཚོ་ལས་བརྒལ་ཐུབ་མེད་སྟབས། སྙན་ངག་པ་དང་རྩོམ་པ་པོ་ཟེར་དུས་ཡ་མཚན་དང་རིན་ཐང་ཅན་གང་ཡང་བཤད་རྒྱུ་མེད་ཀྱང་། རང་ཉིད་ཡི་གེའི་འབྲི་ཀློག་ཡག་པོ་ཡོད་པ་ངོམ་སོ་བྱེད་མཁན་གྱི་ཤེས་ཡོན་པ་ཁ་བདེའི་དཔུང་ཁག་ཅིག་ཏུ་བརྩི་གི་མེད་འགྲོ་བསམ། ཧོར་གཙང་འཇིགས་མེད་ཀྱིས་དེང་སང་སྙན་ངག་འབྲི་གི་མེད་པའང་སྤྱི་ཚོགས་ནང་སྙན་ངག་གི་དགོས་མཁོ་དང་ཆེ་མཐོང་གསལ་བོ་ཧ་གོ་ཟིན་པ་རེད་བསམ།
བོད་ཀྱི་རྩོམ་པ་བུ་མོ་འོད་ཟེར་སྐད་གྲགས་ཆགས་པའི་རྒྱུ་མཚན་གཙོ་བོ་གཉིས་ལས་གཅིག་ནི་མོས་རྒྱ་ནག་གམར་གཞུང་གིས་གསང་བཞིན་པའི་དྲང་བདེན་མ་ཡིན་པའི་རྒྱ་ནག་གི་སྐྱོན་འཚང་རྣམས་རྒྱལ་སྤྱིའི་ཁྲོད་གསལ་སྒྲག་བྱས་པ་དང་། གཉིས་ནས་རྒྱ་མིའི་བཙན་འོག་གི་བོད་མི་ཚོས་བཤད་མི་ཐུབ་པའི་དཀའ་སྡུག་རྣམས་སྙང་སྟོབས་ཆེན་པོས་བྲིས་ནས་ཕྱི་ནང་ཚང་མར་བདེན་དཔང་དང་ར་སྤྲོད་བྱེད་ཀྱི་ཡོད་སྟབས་བོད་ལ་ཆེས་དཀོན་པོ་དང་མཁོ་ངེས་ཀྱི་རྩོམ་པ་པོ་ཞིག་ཏུ་གྱུར་བ་རེད་སྙམ། དེའི་ཕྱིར་ཁོ་མོ་བོད་མི་དམངས་ཀྱི་དཀའ་སྡུག་བརྗོད་མཁན་གྱི་གསར་འགོད་པ་དང་། བོད་མིའི་སེམས་སྡུག་བཤད་མཁན་གྱི་མགྲིན་ཚབ་པ་སྙིང་སྟོབས་ཅན་ཞིག་ཡིན་པས་སྙན་གྲགས་དང་དད་གུས་ཆེན་པོ་བྱེད་ཀྱི་བྱེད་ཀྱི་ཡོད་པ་རེད། གལ་སྲིད་མོ་ལ་ཁྱད་ཆོས་འདི་གཉིས་ལྡན་མེད་ན་མོའི་ཚིག་སྦྱོར་སྙན་པོ་ག་ཚོད་བྲིས་ཀྱང་ཡ་མཚར་དང་དོ་སྣང་བྱད་ཀྱི་མ་རེད། བོད་ཀྱི་རྩོམ་པ་པོ་གཞན་པ་མང་པོ་ཞིག་གིས་རང་གིས་ཚིག་སྦྱོར་ཡག་པོ་ཡོད་པ་ཙམ་ལ་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་རྒྱུའི་རེ་བྱེད་ཀྱི་ཡོད་པ་ནོར་འཁྲུལ་རེད། རྩོམ་པ་པོ་འདི་ཚོས་ད་དུང་བོད་མི་རིགས་ཀྱི་གོ་རྟོག་སད་མེད་པ་དང་ཅི་ཡང་ཤེས་ཀྱི་མི་འདུག་ཟེར་ནས་ཟུར་ཟ་དང་དམའ་འབེབ་ཡོད་ཚད་བྱས་ཏེ། ཧ་ལམ་བཙན་སྐུལ་ལ་བརྟེན་ནས་ཁོ་རང་གི་རྩོམ་ཡིག་ལ་དགའ་བསུ་དང་བསྟོད་བསྔགས་བྱེད་དུ་འཇུག་བརྩིས་བྱེད་ཀྱི་ཡོད་ཀྱང་དེ་ནི་ཆེས་མ་རུང་བའི་བླུན་རྟགས་ཤིག་རེད། གལ་སྲིད་བོད་རིགས་མི་དམངས་དེ་འདྲའི་གླེན་ལྐུག་དང་རྗེས་ལུས་ཀྱི་བསམ་བློ་ཞིག་ཡིན་ན། བོད་སྐད་ཀྱང་མི་ཤེས་པའི་རྩོམ་པ་པོ་འོད་ཟེར་ལྟ་བུ་རྒྱ་ཡིག་རྐྱང་བཀོལ་མཁན་ཞིག་ལ་དེ་བས་ཀྱང་དགའ་བོ་བྱེད་དོན་མེད་པ་རེད། དེའི་ཕྱིར་ང་ཚོའི་དེང་སང་གི་རྩོམ་པ་པོ་ཚོས་རང་ཉིད་ལ་མང་ཚོགས་ཀྱི་དགའ་བསུ་དང་དོ་སྣང་བྱེད་ཀྱི་མེད་ན། རང་ཉིད་མི་རིགས་ལ་དགོས་མཁོ་ཅན་གྱི་རྩོམ་པ་པོ་ཞིག་མ་ཡིན་པ་ཧ་གོ་དགོས་པ་ལས། མི་དམངས་ལ་སྐྱོན་བརྗོད་དང་དགག་པ་བྱེད་མི་རུང་བ་ཤེས་དགོས་ཚད་རེད།
དགུ་རོང་གྲུབ་ཆེན་ལྟ་བུ་མཁས་པ་ཞིག།
ལྷ་ཀླུ་གཉན་གསུམ་ལྟ་བུ་བླུན་པོ་ཞིག།
མཁས་བླུན་གདན་གྲལ་གཅིག་དུ་འཛོམ་དུས་སུ།།
ལྟད་མོ་རྒྱང་ནས་ལྟ་མཁན་མང་ན་ཡང་།།
བར་ལ་ཐེ་བྱུས་བྱེད་མཁན་མེད་པ་དང་།།
འགན་འཁུར་གང་ཡང་མེད་པར་བསྡོད་མཁན་དག།
མཁས་བླུན་གཉིས་ཀྱི་གླེང་མོལ་བྱེད་ལུགས་འདིས།།
མི་མང་སེམས་ལ་ངལ་བ་མི་སྤྲོད་པར།།
ངལ་གསོའི་ཇ་ཐུན་ཉན་པའི་རེ་སྐུལ་དུ།།
བླུན་པོ་ཞིག་གི་སྐད་ཆའི་མགོ་གཞུག་ལ།།
མཁས་རློམ་ཅན་གྱི་དགུ་རོང་གྲུབ་ཆེན་གྱིས།།
གནམ་ས་གཉིས་ཀ་དབང་བསྒྱུར་བྱེད་རྒྱུ་ཟེར།།
འདི་ཕྱི་གཉིས་ཀ་ང་ཡི་འཆད་རྒྱུ་ཟེར།།
ལྷ་ཀླུ་གཉན་གསུམ་ཕྱི་ལ་བསྒྲོད་རྒྱུ་ཟེར།།
དེ་ལས་བོད་ཀྱི་དོན་དུ་ཚེ་སྲོག་ཤོར་བ་ཡིས།།
བོད་ཀྱི་འདས་པོ་དག་གི་ཁ་ཆེམས་ཆེད།།
གྲོས་དང་བསམ་ཚུལ་ཡོད་ན་གླེང་རན་རེད།།
ནང་ལ་དཔའ་གཏམ་བཤད་ནས་འདུག་ཚོད་མིན།།
བླུན་པོ་ང་ཡི་ཞུས་པ་ཉན་ཡོད་ན།།
མཁས་པའི་དབང་བོ་དགུ་རོང་གྲུབ་ཆེན་ཚང་།།
ད་ནི་གངས་ཅན་བོད་པ་ཚང་གི་དོན་རེ་ཤོད།།
ལྷ་ྐླུ་གཉན་གསུམ་ཁྱོད་འདིར་ཡང་སླེབས་འདུག ཡིན་གཅིག་མིན་གཅིག་ས་འབུར་རྡོ་འབུར་ཡོད་ཚད་ཀྱི་རྩར་གཅིག་ཐིགས་པ་རེ་བཙིརམཁན་གྱི་ཁྱི་གུ་སྙིང་རྗེ་བོ་ཞིག་དང་མཚུངས། ད་ཡིན་ན་རློན་ཐིགས་འདིར་བབ་འདུག་ཟེར་བ་ཞིག་ཀྱང་མི་འདུག་པས་ངལ་གསོ་རེ་རྒྱག་གི་མིན་ནམ།
རྡོ་འབུར་ས་འབུར་གཅིན་གྱིས་རློན་དགོས་པའི། །
རྡོ་ལྟར་གོ་མེད་ལྷ་ཀླུ་གཉན་མིང་ཅན། །
རྡོ་རྗེ་སློབ་དཔོན་བཀའ་ལ་མི་ཉན་ན། །
རྡོ་ལོག་ཅིག་གིས་དབུགས་སྣ་སླེམས་སེ་འཇོག །
ང་ཚོས་བརྗོད་གཞི་འདི་ལ་འབྲེལ་མེད་ཀྱི་གཏམ་ཞིག་འཆད་ཀྱིན་འདུག ང་ནི་ཡང་སྐྱར་བརྗོད་གཞི་ལ་འཇུས་ན་འདོད། ངེད་ཀྱི་བསམ་ཚུལ་འདི་གོང་ནས་མི་ཁ་ཤས་ཀྱིས་ཟུར་ཙམ་བརྗོད་ཟིན་པ་འདྲ། འདི་བསྐྱར་ཟློས་མིན་པར་སྨོན། ངེད་ཀྱི་བསམ་ཚུལ་ནི། “རྩོམ་རིག་དང་སྙན་ངག་གིས་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་དང་འགན་འཁྱེར་དགོས་”ཟེར་བ་འདི་གུང་ཁྲན་གྱི་བསྒྲགས་གཏམ་ཞིག་ཡིན་པ་འདྲ། འདི་ནི་བོད་ལ་གོམས་ལོབས་སུ་འགྲོ་བའི་རྒྱུ་རྩ་ནི། བོད་མི་ཚོས་སེམས་གཏམ་མམ་བདེན་གཏམ་ཐད་ཀར་སྨྲ་མ་ཐུབ་སྟབས། སྙན་ངག་ནང་གབ་ནས་འབྲི་དགོས་ཤར་བ་དེས་འདྲོགས་སྣང་ཞིག་འདྲེན་ཐུབ་ཡོད་པ་དེས་ང་ཚོ་ལ་ཤུགས་རྐྱེན་དེ་འདྲ་ཞིག་བཞག་པ་འདྲའོ།།
སྤོབས་པ་ཆེན་པོའི་མི་ལ་བཀའ་གྱོན་གནང་།།
རྡོ་ལོག་ལག་དུ་འཛིན་པའི་གྲུབ་ཆེན་གཉིས།།
བཤད་དབང་འདུག་དབང་མི་སྟེར་དམར་པོ་ལུགས།།
འདི་ནས་འཕུད་འདོད་ཡོད་ཀྱང་སླ་བོ་མིན།།
ང་ཡི་མིང་ལ་བོད་པ་ཟེར་ཞིང་བོད་སྐད་ནི།།
ང་དང་འདྲིས་ཤིང་བོད་ཡིག་ང་ལ་དགོས།།
ཤེས་མདོག་སྟོན་རྒྱུ་དགའ་པ་མ་ཡིན་ཡང་།།
རང་གི་རིགས་ཀྱི་གྲོས་མོལ་བྱེད་ས་རུ།།
ང་རང་འདུར་འདོད་ཡོད་པ་མིག་ཚ་ན།།
ད་ནི་འཐོལ་ལོ་གཤེགས་སོ་རྣམ་པ་གཉིས།།
རང་གི་གང་བྱེད་རང་གི་མི་ཤེས་པར།།
མི་ཡིས་ཅི་བྱེད་མིག་གི་འཚོ་བ་འདིས།།
སེམས་ཀྱི་འབྲེལ་ཐག་གཏོར་ལ་སྙིང་རྗེ་མེད།།
དེ་རིང་གཟའ་ཉི་མ་རེད། འོན་ཀྱང་། ནང་ལས་དང་དེབ་ྐློག་གིས་ང་ལ་གཟའ་ཉི་མ་ཡིན་པ་ཡང་གཏན་བརྗེད་དུ་བཏང་འདུག
ཉིན་གང་བོར་ནང་ལས་འགའ་དང་སློབ་ཚན་འགའ་མ་ཚར་ནས་བསྡད། ད་གཞི་ནས་ཚར། མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་སླེབས་ནས་འདུག
མ་ཉལ་སྔོན་ལ་བོད་ཡིག་གི་དྲ་རྒྱ་ཁག་ལ་མིག་མྱུལ་ཞིག་བྱས། རབ་འབྱོར་ལགས་ཀྱིས་སྙན་ངག་གི་སྐོར་ལ་ཅིག་བྲིས་ཡོད་པ་དེ་སེམས་ལ་དྲན། རྩོམ་འདི་ཡང་བསྐྱར་འགོ་ནས་ཐེངས་གཅིག་བྐླགས། བོད་རིགས་རྩོམ་འབྲི་བ་ཚོས་འགན་རེ་ཁུར་ནས་རྩོམ་རེ་བྲིས་ན་ཅི་མ་རུང་བསམ་པའི་ཚོར་བ་ཞིག་ངེད་ཀྱི་སེམས་ལ་བསྐྱར་དུ་སླེབས།
བོད་རིགས་རྩོམ་འབྲི་བ་ཚོས་ཞིབ་འཇུག་སྔོན་དུ་བཏང་ནས་བསམ་ཚུལ་རེ་སྤེལ་ན་ཅི་མ་རུང་བསམ་པའི་ཚོར་བ་ཞིག་བསྐྱར་དུ་སླེབས།
ཉིན་ཁ་ཤས་ལ་ཁ་བརྡའི་སྒང་ལ་ཡོང་ནས་གཞན་གྱི་རྩོམ་ཡིག་ྐློག་པའི་ཆུ་ཚོད་མ་བྱུང་།
དོ་དགོང་དུས་ཚོད་སྟོང་པའི་བར་གསེང་དང་བསྟུན་ནས་དུས་བབ་དང་ཁ་བརྡ་སོགས་ལ་མིག་ཉུལ་ཞིག་བྱེད་དུ་ཡོང་། འོན་ཀྱང་། ད་དུང་ཡང་སྙན་ཚིག་འབྲི་མཁན་དང་སྙན་ངག་རྩོམ་མཁན་གྱི་གྲངས་ནི་མང་དུ་འགྲོ་གི་ཡོད་པའི་སྣང་བ་ཞིག་ཡོང་གི་འདུག་ལ་འདིའི་རིགས་ལ་བོད་རིགས་རྩོམ་འབྲི་བ་ཚོ་ཡང་དགའ་མོས་ཆེན་པོ་ཡོད་པ་འདྲ། ངེད་ཀྱིས་ྐློག་འདོད་པའི་རྩོམ་ཞིག་ལག་ལ་རེག་མ་སོང་། བསྐྱར་དུ་རབ་འབྱོར་ལགས་ཀྱི་རྩོམ་ཐུང་རིན་ཐང་ལྡན་པ་འདི་ཐེངས་གཅིག་བྐླགས་ནས་ཕྱིར་བུད་སོང་ང་།