རྟ་ནག་སྐལ་བཟང་ལུང་རིགས།
མི་ཚེ་ནི་ཆུ་རིས་འདྲ་ཡང་རྟ་ནག་པར་དངངས་རྒྱུ་མེད་པ།།
མི་ཁ་ནི་རྦབ་རྡོར་མཚུངས་ཀྱང་རྟ་ནག་པར་ཞེད་པ་མི་འདུག།
ནམ་མཁའ་དང་ས་གཞི་འདྲེས་པའི་ཐག་རིང་གི་སྣོལ་མཚམས་དེ་ན།།
ཆོས་བརྫུ་དང་བཟང་བརྫུ་མེད་པའི་བསམ་བློ་ཡི་འོད་ཟེར་ཡོད་སྐད།།
རྡ་ས་ལ་ཆམ་གྱིས་གྱེས་ཀྱང་སྣང་ངོ་ན་མ་ཡལ་ཡོད་དོ།།
གྲོགས་པོ་ཚོར་ཅམ་གྱིས་བཞག་ཀྱང་སེམས་ངོ་ན་གསལ་ལེར་གདའ་འོ།།
སྙན་ངག་པའི་བསམ་བློ་རློན་པ་ཞུགས་ཆེན་གྱི་ཞལ་དུ་བསྟབས་སོ།།
བསམ་བློ་བའི་རུས་རྐང་མཁྲེགས་པོ་སྐུ་དྲག་གི་མཆེ་བས་རྨས་སོ།།
བས་མཐའ་ནས་བས་མཐར་འཕྱན་ནས་ཡད་ཡུད་ཀྱིས་མི་ཚེ་འགྲིབ་བོ།།
སྣང་བ་འདི་སེམས་ལ་བཞག་ན་སྐྱོ་ཤས་ཀྱི་མཆི་མ་བླགས་སོ།།
རྡ་ས་རུ་སེམས་ཀྱིས་སྦྲེལ་བའི་གྲོགས་པོ་ཚོའི་རྣམ་ཤེས་ཡོད་སྐད།།
སྣང་བ་འདིས་ཨར་ལ་གཏད་པའི་གོམ་ཁ་ལ་རང་དབང་མེད་དོ།།
ལྟ་བ་ཡི་ངོ་བོ་སྤྲོས་བྲལ་ཡིན་ཡང་སེམས་ངོ་ན་གསལ་བ་ཨ་རེ་མི་འདུག།
སྒོམ་པ་ཡི་ངོ་བོ་དྲན་པ་ཡིན་ཡང་རང་ངོ་ན་ཤར་བ་དེའུ་རེ་མི་གདའ།།
སྣང་བ་འདིའི་འཁྱེར་སོ་ཟོལ་མར་འདུག་ཀྱང་བརྐམས་ཆགས་ཀྱི་སེམས་བྱུང་ཉེ་ཉེ་འདྲ་འདྲ།།
ཡད་ཡུད་ཀྱི་དྲན་པ་ཟོག་པོ་ཡིན་ཡང་ཚེ་རབས་ཀྱི་ལས་འཕྲོ་མ་རྫོགས་ཙམ་མོ།།
གཞི་མེད་ཀྱི་གཉུག་སེམས་ཅམ་གྱིས་འཕོ་ཚེ་ཞེན་ཆགས་ཤིག་ད་དུང་ཡོད་ཡོད་འདྲ་བས།།
ལས་འཕྲོ་ཡི་མདུད་པ་ཁད་ཀྱིས་དགྲོལ་ཡང་སྣང་བ་འདི་ད་དུང་ཨེ་གདའ་འདྲ་བ།།
ཤིང་ལོ་ཞིག་ས་ལ་དྲུད་པ་མི་རྟག་པའི་སྔོན་བརྡ་རེད་ཙམ།།
སློབ་གྲོགས་འགའ་ཚེ་ཡིས་བདས་པ་འཆི་བ་ཡི་དྲན་བསྐུལ་ཡིན་ཙམ།།
སང་གནངས་ལ་ཨེ་འདུག་བསམ་པའི་སེམས་བསྐྱེད་འདྲ་ཆེ་ཙམ་གདའ་ཡང་།།
ལིང་ལིང་གི་སྣང་བ་འདི་ཡིས་ཨ་འཐུས་ཀྱིས་བསླུས་པ་ཡིན་འདྲ།།
སྐྱབས་མགོན་གྱི་གསེར་ཞལ་མཐོང་ཞིང་གྲོགས་པོ་ཚོར་གདོང་ཞིག་འཕྲད་ན།།
ཅང་མེད་ཀྱི་སེམས་ཁ་འདི་ལ་དེ་ཙམ་གྱིས་འཚེངས་པ་ཡིན་ནོ།།
༢༠༡༠། ༢། ༦། སྦྱར།
བསམ་བློ་བའི་རུས་རྐང་མཁྲེགས་པོ་སྐུ་དྲག་གི་མཆེ་བས་རྨས་སོ།།
ཚིག་འདི་ཕྱིར་འཐེན་གྱིས་གཞན་མེ་ཏོག་ཏོར་འོས་པ་འདུག ཏག་ཏག་ལོ་གཅིག་གོང་ནས་བྲིས་པ་རེད་དམ།
ད་འདི་ཡང་རང་དོན་མ་གྲུབ་པའི་ཧམ་སེམས་ཅན་ཞིག་ཡིན་ཁོ་ཐག་རེད། དེང་སྐབས་དང་པོ་ཧམ་སེམས་ཆེན་པོ་ཞིག་བཅངས། དེ་མ་གྲུབ་དུས་ལམ་སེང་སྐུ་དྲག་དང་སྐུ་དྲག་ཅེས་ཁ་གཏོང་གི་འདུག ཁྱོད་ཀྱིས་སྐུ་དྲག་མེད་པའི་ས་ནས་འཇོན་ཐང་ངོམས་དང་། ཁྱེད་རང་སློབ་གྲྭར་འགྲོ་བའི་གོ་སྐབས་འདི་གང་ལས་བྱུང་། དོན་དངོས་དང་དངོས་པོའི་གཤིས་ལ་བསྟུན་དགོས། ཧམ་ཅན།
རྟ་ནག་པ་ལགས།སྐུ་ཁམས་བཟང་།
སྤྱིར་སྐུ་ཉིད་ཀྱི་རྩོམ་རྩལ་ཅུང་ཡངས་ཤིང་།བསམ་ཚུལ་བརྗོད་པ་མང་བ་བཅས་ལེགས་མོད།
ཁྱེད་ཀྱིས་སྲོལ་རྒྱུན་མཐའ་དག་མི་དགོས་ཟེར་བ་དང།་
སྙན་ངག་མེ་ལོང་མ་མེར་སྲེག་གཏོང་དགོས་ཟེར་བ།
རང་གིས་མ་འཇོན་པ་ཚང་མ།སྐུ་དྲག་གི་བྱས་ཉེས་ལ་རྩིས་མཁན།
ཨ་ཕའི་ཁ་ཕོར་ནང་སྐྱག་གཅིན་གཏོང་གི་ཡིན་ཟེར་བའི་ཕྱོགས་ལྷུང་གི་ལྟ་བ་དེར་ང་ཚོ་ཡི་རངས་མི་སྐྱེས།
ང་ཚོས་ག་དུས་ཡིན་ནའང་སྲོལ་རྒྱུན་གྱི་རྨང་གཞིའི་འོག་གསར་གཏོད་བྱེད་དགོས་པ་ལས།
རྨང་གཞི་མེད་པའི་ཁང་རྩེགས་མཐོ་པོ་ཞིག་བརྩིགས་རྒྱུ་ནི་རྨི་ལམ་རང་རེད།
བཀྲ་ཤིས་བདེ་ལེགས་ཞུ།
རྡ་སར་ཤོག ང་ཚོ་མཉམ་དུ་འགྲོ
མིག་ཚ་ནས་ཁ་ཤས་འདུག
ཨ། རྟ་ནག་པས་སྙན་ངག་མེ་ལོང་མ་མེ་ལ་སྲེག་དགོས་ནམ་ཞིག་ལ་བཤད་པ་རེད། ངས་དེ་རིང་མ་གཏོགས་མ་གོ། སྔོན་མ་ཞིག་ནས་གོ་ཡོད་རྒྱུ་ན་ངེད་གཉིས་ཀྱིས་ཐོང་རྩེ་བཟུང་རུ་ཞིག་ཡེ་དགོ་དང་ནི་རེད།
གོ་མྱོང་། ཡིན་ནའང་རྟ་ནག་པ་ཡིན་པ་ཧ་གོ་མ་སོང་།
སློབ་དཔོན་ཀླུ་སྒྲུབ་ཀྱིས།
རང་ཉིད་རྟ་ལ་བཞོན་བཞིན་དུ། །
རྟ་ཉིད་བརྗེད་པར་འགྱུར་བ་བཞིན། །ཞེས་པ་འདི་ཁོང་ལ་འཚམ་པ་ཞིག་རེད།
ངས་ཀྱང་སྔོན་མ་ཞིག་ལ་མེ་ལོང་མ་བསྲེག་དགོས་བརྗོད་མྱོང་། ཡིན་ན་ཡང་མཐའ་མར་མེ་ལོང་མས་ང་ཚུར་བསྲེགས་སོང་། དེ་ཡང་ཐལ་བར་བསྲེགས་སོང་།
བསམས་མ་ཐག་ཏུ་ཤོད་ལ་ཤོར་འགྲོ་ཞིང།། ཞིབ་ཚགས་རྗེས་ནས་ཡོང་དུས་འདར་སུག་ཅན།། རྟ་ནག་ཡུལ་གྱི་གླུའུ་ཨང་དང་པོ་དེས།། མེ་ལོང་མེ་ལ་བསྲེགས་འདི་དགོད་རེ་བྲོ།། xxxxxxxxxxxxx
མི་འདི་བསམ་བློ་ཞིབ་ཏུ་བཏང་ནས་རྩོམ་འབྲི་མཁན་ཞིག་མ་རེད།དེ་སྔོན་ཞིག་ལ་བློ་སེང་སྐོར་ལ་ཧའ་ཝར་གཙུག་ལག་སློབ་ཆེན་ཟེར་ནས་གཅིག་གཉིས་ཟིག་བྲིས་སོང་སྙམ།བློ་སེང་གི་རྐུབ་བརྡོལ་ནས་ཡོང་དུས་ཁོས་བློ་སེང་གླེང་མཚམས་བཞག་སོང་།ད་ཁྱེད་ཀྱི་བློ་སེང་ག་འདྲ་འདུག།སྨན་ཁང་དུ་ཡོད་དམ།མི་གྲལ་ན་ཡོད།ཡང་ན་་་་་་་་
བོད་གངས་ཅན་གྱི་ལྗོངས་སུ་སྙན་ངག་གི་བསྟན་པ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་པ་འདི་ཡང་མེ་ལོང་མའི་བཀའ་དྲིན་མ་རེད་ཅེས་སུས་ཀྱང་ཁས་ལེན་མི་ཐུབ། ངེད་ཚོས་འདི་ན་སྙན་ངག་ཡིན་ལ་མིན་ལ་ཞིག་འབྲི་ཁུར་བྱེད་བཞིན་ཡོད་པ་འདིའང་མེ་ལོང་མ་འདིའི་བཀའ་དྲིན་ལས་བྱུང་བ་རེད། ད་རུང་ཡང་མེ་མོང་མ་འདི་བོད་ཀྱི་སྙན་ངག་གི་རྐང་ལག་སྲ་བརྟན་དུ་ཡོང་བར་དགོས་ནི་རེད། སེམས་ལ་གོ་ལོག་ཐེབས་མི་ཉན་་་ཨ་ཁུ་ལོ་ལོ།
ངས་དེང་སང་། པདྨ་ལ་པད་མ་དང་། ཡོད་པས་ལ་ཡོད་པེ། ཕ་གི་ལ་ཕ་ཀི་ཞེས་འབྲི་འདོད་ཡོང་བགྱིད་འདུག ང་རིགས་པ་འཆལ་འགྲོ་བ་ཡིན་ནམ། བོད་རིགས་རྣམས་བོད་ཡིག་དང་བོད་སྐད་ལ། རྗེས་ལུས་ཐེབས་འགྲོ་བ་ཡིན་ནམ། ང་རང་གིས་ཁ་མཚོན་གཅོད་དཀའ་ཙམ་འདུག མེ་ལོང་མ་ལས་འཁྲུངས་པའི་བོད་པའི་སྙན་ངག་རིག་བུ་མོ་གསར་མ་ཞིག་སྐྱེས་འཕེལ་ལ་བརྩོན་མི་དགོས་སམ་སྙམ།
རིག་འདི་རིག་པ་ལ་བཅོས།
འདི་ན་ཡང་རྟ་ནག་པའི་རྩོམ་རྩལ་ལ་ཕྲག་དོགས་བྱེད་མཁན་སྐོར་ཞིག་གིས་འུར་རྒྱག་གིན་འདུག
རྟ་ནག་པས་མེ་ལོང་མ་མེར་བསྲེག་དགོས་ཟེར་བ་ལ་ངོས་ལེན་མེད་ཀྱང་། བསྡུས་གྲྭ་མེར་བསྲེག་བྱེད་དགོས་ལབ་ན་ངས་ཀྱང་རྒྱབ་སྐྱོར་ཞིག་བྱེད་ཆོག
སྐད་ཡིག་བརྒྱུད་འཛིན་ཚོགས་པའི་ཚོགས་གཙོ་ཟེར་བ་ཤར་ཕྱོགས་འོད་སྣང་གིས་ད་བསྡུས་གྲྭ་མེ་ལ་བསྲེགས་ན་རྒྱབ་སྐྱོར་ཡོད་གསུངས་གཱ ཧཧཧཧཧཧ ག་རེ། སང་ཉིན་ཞིག་ལ་བགྲོ་གླེང་ཚོགས་ཀི་ཡིན་ཟེར་གི་འདུག ཧཧཧཧཧ བྱིས་པ་འདི་ཚོ་དགོད་རེ་བྲོ་བ་ལ། འབྲོག་རུ་རྟ་ནག་ཡུལ་དུ་དགོད་བྲོའི་ཕོ་གསར་མང། ཧཧཧཧཧ
ཤར་ཕྱོགས་ལགས་སུ་ཆེད་ཞུ། པད་མ་མཚོ་ཡིས་བཤད་པ་ལྟར་ཁྱེད་རང་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་ཡིན་ནམ། ཁྱེད་རང་གིས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཇི་ལྟར་བྱ་རྩིས་ཡོད། དུས་དུས་སུ་ཚོགས་འདུ་རེ་འཚོགས་པ་དང་། དུས་དེབ་རེ་འདོན་པ། སྤྱི་ཚོགས་ནང་དྲན་སྐུལ་རེད་བྱེད་པ་བཅས་ཀྱིས་སྐད་ཡིག་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་རྩ་བ་ནས་མེད། ཁྱེད་རང་གིས་དོན་དག་ཡོད་པའི་ལས་དོན་བྱེད་འདོད་ན་སྤྱི་ཚོགས་འགུལ་བསྐྱོད་ཐུབ་པའི་ལས་འགུལ་སྤེལ་དགོས་པ་དང། དེ་བཞིན་བོད་ཡིག་གི་སྤྱོད་ཚད་རྒྱ་ཆེ་རུ་གཏོང་དགོས། ངས་འདིའི་ཐད་དེ་སྔ་བསམ་བློ་མང་པོ་བཏང་་མྱོང་ལ་དཔྱད་རྩོམ་ཀྱང་འགའ་ཞིག་སྤེལ་མྱོང་། འོན་ཀྱང་ལས་བྲེལ་ཤིན་ཏུ་ཆེ་བས་ནུས་པ་ཐོན་པ་ཞིག་ཡོང་གི་མི་འདུག གལ་ཏེ་ཁྱེད་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་ཞིག་བརྩམ་འདོད་ན་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་རོགས། ང་ཚོས་མཉམ་རུབ་ཐོག་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་སྨན་པའི་ལས་དོན་གསར་གཏོད་བྱས་ཆོག
དྲྭ་གྲོགས་བི་བི་སི་ལགས།
ང་འདྲ་བའི་འཁྱམས་པོ་བ་ཞིག་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་རུ་མཐོང་བ་དེ་པདྨ་མཚོའི་ཐུན་མིན་གྱི་དག་སྣང་ཞིག་ཡིན་པ་ལས་མང་ཚོགས་ཐུན་མོང་གི་སྤྱོད་ཡུལ་ཞིག་གཏན་ནས་མིན། དང་ཐོག་ང་ལ་སྐད་ཡིག་རྒྱུན་འཛིན་ཚོགས་པའི་འགན་འཛིན་གཙོ་བོའི་གྲས་སུ་མངའ་གསོལ་གནང་མཁན་ཡང་པདྨ་མཚོ་རེད། དེར་བརྟེན་ངས་པདྨ་མཚོའི་རེ་འདུན་ལྟར་སྐད་ཡིག་རྒྱུན་འཛིན་དང་རིག་གནས་དར་སྤེལ་གྱི་ལས་རིམ་ཞིག་སྤེལ་འདོད་ཡོད་ཀྱང་། ཆེས་ཐོག་མར་སྔོན་འགྲོའི་ཆ་རྐྱེན་དུ་བསྡུས་གྲྭ་མེ་བསྲེག་གཏོང་རྒྱུའི་ལས་རིམ་དེ་འགོ་མ་བཙུགས་ན་གདན་ས་ཁག་ཏུ་ལོ་ན་ཆུང་བའི་གྲྭ་བཙུན་མང་པོ་ཞིག་གིས་འབྲུ་དེད་བྱེད་ཤེས་ཙམ་ནས་ཁ་དོག་དཀར་དམར་དང་། ཡིན་ལོག་མིན་ལོག རྒྱུ་འབྲས་ཆུང་བ། སྤྱི་བྱེ་བྲག རྫས་ལྡོག་འགལ་འབྲེལ་སོགས་སྟོང་སྐད་སྐམ་པོའི་རྩོད་པ་ཁོ་ནར་གཡེངས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་སྦྱང་རྒྱུའི་དུས་ཡུན་རིན་ཐང་ཅན་མང་པོ་ཞིག་དོན་མེད་འཕྲོ་བརླག་ཏུ་བཏང་དང་གཏོང་བཞིན་འདུག་པས། འདིའི་སྐོར་ལ་རིང་མིན་ཚོགས་འདུ་ཞིག་བསྐོང་རྒྱུ་ལགས་ན། སྐུ་ཉིད་ཀྱང་ཚོགས་འདུའི་སྐུ་མགྲོན་ལ་ཕེབས་རོགས་ཞུ།
མ་གཞི་ཁྱེད་རང་གིས་གསུངས་པ་ལྟར། བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱ་འདོད་ན་དུས་སྐབས་དུས་སྐབས་སུ་ཚོགས་འདུ་རེ་འཚོགས་པ་དང་། དུས་དེབ་རེ་འདོན་པ། སྤྱི་ཚོགས་ནང་དྲན་སྐུལ་རེ་བྱེད་པ་བཅས་ཀྱིས་སྐད་ཡིག་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ངེས་པའི་གྲུབ་འབྲས་ཤིག་ལོན་ཐུབ་པ་ཧ་ཅང་དཀའ་བར་སྣང་། དེར་བརྟེན་ངས་ཀྱང་ད་ཐེངས་སྤྱི་ཚོགས་འགུལ་བསྐྱོད་ཐུབ་པའི་ལས་འགུལ་ཞིག་སྤེལ་ཐུབ་མིན་གང་ལྟར་ཡང་། བོད་ཡིག་གི་སྤྱོད་ཚད་རྒྱ་ཆེ་ཞིང་སྤུས་དག་ཏུ་གཏོང་རྒྱུའི་ལས་རིམ་ཞིག་སྤེལ་འདོད་ཀྱི་འདུན་པ་དེ་སྔར་ནས་མཆིས་མོད། ལས་དོན་འདིའི་ཁྲོད་ཕྱར་བ་གྲུ་འདེགས་གནང་མཁན་ཉུང་དྲགས་པའི་རྐྱེན་གྱིས་ད་བར་གཏང་སྙོམས་སུ་ལུས་པ་རེད། ད་ལམ་སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན་འུ་གཉིས་མཉམ་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་སྨན་པ་དང་། མི་རིགས་དང་རྒྱལ་ཁབ་ལ་ཕན་རླབས་ཆེ་བའི་བྱ་བ་ཞིག་བརྩམ་རྒྱུའི་སྐོར་ཕན་ཚུན་བསམ་ཚུལ་བརྗེ་ལེན་རེ་བྱ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པས། བརྗོད་གཞི་འདིའི་ཐད་ལ་ཐབས་ལམ་དང་དགོངས་ཚུལ་གསར་པའི་གླེང་ཕྱོགས་མི་ཉུང་བ་ཞིག་ལྷུག་སྩོལ་གནང་བར་བཀའ་དྲིན་རྒྱ་མི་ཆུང་བར་མཁྱེན་མཁྱེན།
ཤར་ཕྱོགས་ཀྱི་འོད་སྣང་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བཅས།
ཤར་ཕྱོགས་ཀྱི་འོད་སྣང་ལགས་དེ་འདྲ་གསུངས་པ་ལས་རང་ཉིད་ཀྱི་ལག་པ་རང་ཉིད་ཀྱིས་མེར་སྲེག་རྒྱུ་ཡིན་བརྗོད་ན་བརྗོད་བདེ་ལ་སྟབས་ལེགས་པ་དང་དོན་གྲུབ་པ་ཡོང་ངེས་རེད། དེ་མིན་བསྡུས་གྲྭ་མེར་སྲེག་ཟེར་བ་ནི་ཡ་མཚན་དང་བགོད་གཏམ་རང་མ་རེད་པས།
ཤར་ཕྱོགས་ལགས་སུ་ཆེད་ཞུ། ཁྱེད་རང་གིས་དགོངས་ཚུལ་སྤེལ་བར་ཐུགསརྗེ་ཆེ་ཞུ། ཁྱེད་ཀྱིས་གསུངས་པ་ལྟར་བསྡུས་གྲྭ་མེ་སྲེག་གཏོང་ཞེས་པ་དེ་ངས་ཀུ་རེ་ཞིག་ལ་ངོས་འཛིན་བྱེད་པ་ལས་བདེན་པར་འཛིན་གྱི་མེད། གལ་ཏེ་ཁྱེད་ལ་བསམ་ཚུལ་དེ་ལྟ་བུ་ཞིག་ཡོད་ན། དེ་ནི་ཁྱེད་རང་འཆར་ཡན་གྱི་ཁྲོད་དུ་ལྷུངས་པའི་གླེན་པ་ཞིག་དང་དོན་ལ་བསམ་གཞིགས་མི་ཐུབ་པའི་བྱིས་པ་ཞིག་དང་གཉིས་སུ་མ་མཆིས། གྲྭ་བ་ཚང་མས་བསྡུས་གྲྭ་མ་སྦྱངས་པར་དེའི་དོད་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་སྦྱངས་ཀྱང་བོད་ཀྱི་སྐད་ཡིག་ལ་ཕན་ཟེར་བའི་ངེས་པ་མེད། ངས་བཤད་ཡས་ཀྱི་བོད་ཡིག་གི་སྤྱོད་ཚད་རྒྱ་ཆེ་རུ་གཏོང་དགོས། ཞེས་པ་དང་སྐད་ཡིག་གི་ཁོར་ཡུག་རྒྱ་ཆེ་རུ་གཏོང་དགོས་ཞེས་པ་ནི་སྐུལ་དེད་ལ་མ་ལྟོས་པར་རང་་འགུལ་ཡར་འཕེལ་དང་། བློ་སྣ་འདྲིད་མཁས་ཀྱི་ལམ་ལ་བསྟེན་ནས་ཉལ་ཐག་ཁྱབ་ཚུལ་གྱི་རྒྱུ་འགྲོས་ལ་དཔེ་བཟུང་དགོས། དེ་ཡང་ཐབས་ལམ་ཡག་ཤོས་ནི་འཛམ་གླིང་སྟེང་གི་བརྩམས་ཆོས་གྲགས་ཅན་གྱིས་རང་རིགས་གཞོན་སྐྱེས་ཀྱི་བློ་སྣ་འདྲིད་ཐུབ་པ་བྱ་དགོས། ངས་དེ་སྔོན་ནས་ལྟ་ཚོད་བྱས་ཀྱང་དུས་ཚོད་མེད་པ་དང་། རོགས་པ་ཤེས་ཡོན་ཅན་མེད་པ་སོགས་ལ་བརྟེན་ནས་འགྲུབ་ཐུབ་མ་སོང། ང་ཚོས་ལས་གཞི་འདི་ཡིག་སྒྱུར་གྱི་ལམ་ནས་བྱེད་ཐུབ། དཔེར་ན། ང་ཚོའི་ཤེས་རིག་ཁྲོད་(William Shakespeare)( Sherlock Holmes)སོགས་ལྟ་བུའི་འཛམ་གླིང་གྲགས་ཅན་གྱི་བརྩམས་སྒྲུང་དང་གཏམ་བརྗོད་འཁྲབ་གཞུང་སོགས་ཀྱི་བོད་ཡིག་དཔེ་དེབ་མེད་པའི་སྟོང་ཆ་དེ་སྐོང་དགོས། འདི་ཚོ་ནམ་ཡང་གསོན་པོར་གནས་པའི་འཛམ་གླིང་ནང་གི་གྲགས་ཅན་བརྩམས་ཆོས་རེད། འདི་ཚོ་འགྱུར་ཚད་ལྡན་ཞིག་བྱུང་ན་གཞོན་སྐྱེས་བོད་ཡིག་ལ་དོ་སྣང་ཡོང་ཡས་ཀྱི་ཆ་རྐེྱེན་ལེགས་ཤོས་ཤིག་ཏུ་འགྱུར་རྒྱུར་ཐེ་ཚོམ་རྩ་བ་ནས་མེད། འོན་ཀྱང་འགྱུར་ལེགས་པོ་མེད་ན་ལོ་ཆེན་བྱང་ཆུབ་རྩེ་མོས་སྙང་དངགས་སྤྲིན་གྱི་ཕོ་ཉ་བསྒྱུར་བ་ནང་བཞིན་ཕན་ཐོགས་དེ་ཙམ་མེད། ལོ་ཆེན་གྱིས་སོ་སོ་མཁས་པ་ཡིན་པ་སྟོན་ཆེད་གཙོ་བོར་བཟུང་སྟེ་བསྒྱུར་སྟབས་ཤིན་ཏུ་མཁྲེགས་པོ་ཆགས་པ་ལྟ་བུ་རེད། གང་ལྟར་ང་ཚོས་བྱས་ན་མ་འགྲུབ་པ་མེད་སྙམ་མོ། །
སྐུ་ཞབས་སྨོན་ལམ་ལགས་སམ་རྣམ་དཔྱོད་དང་ལྷག་བསམ་ལྡན་པ་འདྲ་ཡོད་ན་ལག་ཁྱེར་ཁ་པར་ MOBILE ནང་བོད་ཡིག་གང་འདོད་དུ་འབྲི་རྒྱུ་ཡོད་པ་ཞིག་བོ་ཐུབ་ན་སྐད་ཡིག་རྒྱུན་འཛིན་ཚོགས་པ་བརྒྱ་དང་། སུམ་རྟགས་ཀྱི་འགྲེལ་བ་སྟོང་བརྩམས་པ་ལས་ཀྱང་ཁེ་ཕན་ཡོང་ངེས་རེད་དྲན། གོང་དུ་བི་བི་སིས་སྐད་ཡིག་གི་སྤྱོད་ཚད་རྒྱ་ཆེ་རུ་ཟེར་བ་དེ་དང་ཡང་མཐུན་ལ་མ་གཞི་ནས་བོད་པ་ཨ་ཅང་ཅང་སྟེ། བོད་ཡིག་ལ་འབྲེལ་ཡོད་མཁན་ཚང་མས་ཚ་ཚ་འུར་འུར་ངང་བོད་ཡིག་ཐོག་ཕན་ཚུན་འཕྲིན་ཐུང་གཏོང་རེས་བྱ་ངེས་རེད་དྲན། དེ་འདྲ་མིན་ནམ། ལོ་ཤས་གོང་བོད་དུ་དེ་འདྲ་ཞིག་ཡོད་རབས་ཐོས་ནས་ངའི་ཉེ་བ་ཞིག་བོད་ལ་འགྲོ་སྐབས་དེ་འདྲ་ཡོད་ན་ཉོས་ནས་ཁྱེར་ཤོག་ཟེར་ཡིན་ཏེ། མོས་ཟེར་རྒྱུར། སྤྱིར་བོད་ཡིན་འབྲི་ས་ཡོད་པ་དེ་འདྲ་འདུག་སྟེ་གཞུང་ལ་སྙན་ཞུ་འམ་ཉག་ཉག་ཉིག་ཉིག་དགོས་རབས་དང་སྟབས་བདེ་མེད་ཚུལ་བཤད་སོང་། དེ་འདྲ་ཨེ་རེད།
མེ་ཏོག་དཀར་པོས་བཤད་པ་བདེན་པ་ཅུང་འདུག་མོད། ད་ལྟའི་ང་ཚོའི་མི་རབས་གསར་བ་ཕོན་ཆེན་པོ་ཞིག་གིས་བོད་ཡིག་ཕར་ཞོག་བོད་སྐད་བཤད་ཤེས་ཀྱིན་མེད་པ་ཁྱེད་ཀྱིས་མཁྱེན་སྲིད་ལྟར་རེད། དྲ་སྟེང་ནས་བོད་ཡིག་གི་འཕྲིན་ཐུང་བསྐུར་ན་ཕར་ཕྱོགས་ཀྱིས་བོད་ཡིག་མ་བསྐུར་རོགས་མགོ་ཚོས་ཀྱི་མི་འདུག་ཟེར་མཁན་གཅིག་དང་གཉིས་མ་རེད་ལགས། གང་མང་མང་རེད། བོད་ཡིག་རིག་ན་མགོ་ན་མཁན་ཡང་རྡ་སར་གད་སྙིགས་བཞིན་རེད་ལགས།
རེ་བ་གཅིག་ཡོད་པ་ནི་ལག་ཁྱེར་ཁ་པར་སྟེང་བོད་ཡིག་གང་བྱུང་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོ་ཐུབ་ཚེ། མ་འོངས་བ་ན་མགོ་བོ་མཁྲེགས་པའི་གསར་འབྱོར་བ་ཚོ་དང་བོད་ཡིག་གི་རིན་ཐང་རྟོགས་ཡོད་པའི་ཕྱི་གླིང་བས་བེད་སྤྱོད་གཏོང་བ་ལ་ཕན་ཐོགས་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་རེད་ལགས།
དགོངས་དག འབྲེལ་མེད་ཀྱི་མཆན་བུ་ཞིག་བཏགས་དགོས་ཐུག་སོང་།
ཁ་བརྡ་ལགས། སྔ་མོ་ཞིག་ལ་ངས་ཁ་བརྡའི་སྐོར་ལ་བསམ་ཚུལ་ཞིག་ཕུལ་ཡོད། ད་རེས་དེར་ལྷན་པ་ཞིག་རྒྱག་རྒྱུ་འདུག ཟུར་གཡས་པའི་གཤམ་ཡིག་མཛོད་ཅེས་པའི་གཤམ་དུ་ཟླ་རེའི་མཆན་བུ་ཁག་ཁ་མཐོར་བར་ལོ་རེའི་བསྡོམས་ནང་བཅུག་ན་གང་འདྲ་འདུག དཔེར་ན། སྤྱི་ལོ་ ༢༠༠༩ ལོའི་ཡིག་མཛོད། དེར་མདའ་བསྣུན་དུས་ལོ་དེའི་མཆན་མཛོད་ད་ལྟ་བཞིན་གསལ་རྒྱུ་ཡོད་པ་བཟོས་ན་གང་འདྲ་འདུག
ད་ལྟ་ནང་བཞིན་མུ་མཐུད་ན་ལོ་གསུམ་ཙམ་ནང་ཁ་བརྡའི་ཟླ་རེའི་མཆན་བུའི་དཀར་ཆགས་རྒྱ་ནག་ལྕགས་རི་ལས་ཀྱང་རིང་བ་ཆགས་ཉེན་འདུག་གོ །
བསིལ་རླུང་ལགས། ཨ་མས་བཤད་ན་ཨ་མ་བདེན། མནའ་མས་བཤད་ན་མནའ་བདེན། ཟེར་བ་ལྟར་ཁྱེད་ཀྱིས་བཤད་དུས་དེ་ཡང་བདེན་པ་འདྲ་ཞིག་འདུག ཡིན་ནའང་ང་ཚོས་དེ་ཙམ་གྱིས་སེམས་ཤུགས་ཆགས་ག་ལ་ཉན། བོད་ཡིག་གི་ཕྲིན་ཐུང་བསྐུར་ནས་མགོ་ཚོས་གི་མིན་འདུག་ཟེར་མཁན་ཁོས་ཀྱང་སེམས་གཏིང་ནས་བོད་ཡིག་མི་དགོས་ཟེར་བ་མིན་སྙམ། ཁོང་ཚོས་ཀྱང་བོད་ཡིག་ཤེས་འདོད་ཆེན་པོ་ཡོད་ཤག ཡིན་ནའང་སྐབས་ཐོབ་བོད་ཡིག་གཅིག་པུ་ཞིག་གིས་ལྟོ་གོས་ཕྱིད་ཐབས་དཀའ་ངལ་ཡོད་པ་ཁ་མ་གྲག་ནའང་ང་ཚོས་ཤེས་གསལ་ལྟར་རེད། དེས་ན་ངས་གོང་དུ་བཤད་པ་ལྟར་གྱི་དངོས་པོ་དེ་ང་ཚོའི་མིག་མཐོང་ལག་ཟིན་གྱུར་ཚེ་ཏན་ཏན་བོད་ཀྱི་སྐད་ཡིག་ལ་ཕན་ཐོགས་ཞབས་འདེགས་བླ་ན་མེད་པ་ཞིག་ཡོངས་རྒྱུ་ཐེ་ཚོམ་མེད། དཔེར་ན་དེང་དུས་ང་ཚོས་ཁ་བརྡའི་སྟེང་བསམ་ཚུལ་གདོན་རེས་བྱས་པས་མཚོན་བགྲོ་གླེང་དག་བོད་ཡིག་ཐོག་བྱེད་བཞིན་པ་དང་། ད་དུང་ཡ་ཧུའི་ནང་པའི་བགྲོ་གླེང་ཁང་ནང་ནའང་བོད་ཡིག་བྲིས་མཁན་ཡང་ཡང་མཐོང་རྒྱུ་འདུག་པ་དེ་དག་བཞིན་ནོ།།
་
ཚང་མས་བསམ་ཚུལ་སྤེལ་བ་ཤིན་ཏུ་ལེགས། ཁྱེད་ཚོས་ལག་ཐོགས་ཁ་པར་ནང་བོད་ཡིག་སྤྱོད་ཐུབ་ན་བོད་ཡིག་འཛིན་སྐྱོང་བྱ་རྒྱུར་ཕན་ཟེར། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་ནང་བོད་ཡིག་བཅུག་ཟིན། འོན་ཀྱང་འདི་བོད་ཡིག་སྒྲིག་པ་ཙམ་གྱིས་ཡོང་ཡས་ཞིག་མ་རེད། ཁ་པར་བཟོ་གྲྭ་ཁག་གིས་ཁ་པར་གསར་བཟོ་བྱེད་སྐབས་བོད་ཡིག་གི་ཀླད་པ་ཁ་པར་ནང་གསར་དུ་འཇུག་དགོས་པའི་དོན་ཞིག་རེད། ཁ་པར་བཟོ་གྲྭ་ཁག་ནས་བོད་ཡིག་འཇུག་རྒྱུར་ཁས་ལེན་བྱེད་ཁག་པོ་རེད། གང་ཡིན་ཞེས་ན་དེ་ལ་དཔག་པའི་ཁྲོམ་ར་དགོས་པ་རེད། འཛམ་གླིང་ཁྲོམ་རའི་ནང་བོད་ཡིག་སྤྱོད་པའི་བསྡུར་ཚད་དེ་ཀླད་ཀོར་འོག་ལ་རེད། དེ་འདྲ་སོང་ཙང་ལས་གཞི་འདིར་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་དགོས། མ་ཟད་ཁ་པར་ནང་བོད་ཡིག་སྤྱོད་ཐུབ་ན་འདིས་བོད་ཡིག་ལ་གནོད་པ་ལས་ཕན་པ་མེད་སྙམ། དེང་སང་ཁ་པར་ནང་ཡི་གེ་འབྲི་སྐབས་བསྡུས་ཡིག་དང་། དེ་མིན་བརྡ་སྤྲོད་ཀྱི་སྒྲིག་ལམ་མེད་པའི་ཡི་གེ་ཤ་སྟག་སྟབས་བདེར་འབྲི་བཞིན་ཡོད། འདི་ལ་སྐད་ཡིག་ཆེད་ལས་པ་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད། དཔེར་ན། ཁ་པར་ནང་ཡི་གེ་འབྲི་སྐབས་ནང་དོན་ཕལ་མོ་ཆེ་གཅིག་མཚུངས་ཏེ། ཁྱོད་ག་པར་ཡོད། བདེ་པོ་ཡིན་ནམ། ང་ཁྱོད་ལ་དགའ། སོགས་སྟབས་བེད་རྐྱང་རེད། ཁ་པར་ནང་བོད་ཡིག་བཅུག་ན་བོད་ཡིག་ལ་གནོད་པ་ལས་ཕན་པ་ཉུང་། བསམ་བློ་འདི་ཉི་ཚེ་བ་ཞིག་རེད།
འོད་སྣང་ལགས། ཁྱེད་སྐད་ཡིག་རང་རྐྱ་མི་ཐུབ་པའི་ཚོགས་གཙོ་ཡིན་ཙང། ཁྱེད་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད་མེད་ང་པདྨ་མཚོ་ལས་ཁྱེད་རང་ཁྱེད་ལ་གསལ་ཆ་ཡོད་ནི་རེད། ཁྱེད་ཀྱི་ལོ་ངོ་ཁ་ཤས་ཀྱི་སློབ་གཉེར་དེ་ངས་རིག་སོང་བ་དང། སྐད་ཡིག་ཚོགས་པ་ཚང་གི་ལྗིད་ཚད་ཡང་ཤེས་ཀྱི་འདུག་པས། འདིར་ཁྱེད་ཀྱིས་ཆེད་བཟོས་མཆན་མང་འདེབས་ཕྱིར་དུ་ཀྱག་ཀྱག་བྱེད་ཀྱི་ཡོད་པ་ཤེས་ཀྱི་འདུག
དོན་དངོས་བཤད་ན། དགོངས་པ་འཚོམ་པ་དང། ཁྱེད་ཚོའི་ནང་ན་བོད་སྐད་ཡིག་ལ་རང་རྐྱ་ཐུབ་མཁན་ཞིག་མི་འདུག་ལ་ཐུབ་དགོས་པའི་ལོ་རྒྱུས་ཀྱང་ཡོད་མཁན་མི་འདུག་པས། གུས་མོས་ཁྱེད་ཚོས་མི་ལ་སྟོན་གྱི་འདུག་པའི་ངོ་གདོང་དེ། ཕྱིར་ཁྱེད་རང་ཚཽའི་མིག་ལམ་དུའང་ཐེངས་གཅིག་བསྟན་པ་ཡིན། ཁྱེད་ཚོས་ཅིག་བྲིས་བྲིས་བོ། ཕྱིར་ཀློག་རེ་བྱས་དང། སྐད་ཡིག་གི་གནས་ཚད་སེམས་ངོར་འཕྲོད་ནི་རེད། ད་དེ་ཙམ་ཡིན། ཁྱེད་ཚོས་ཕྱོགས་ཞེན་དང་ཚོར་སྣང་གི་སེམས་ཁམས་དག་ཅུང་ཙམ་ཕར་ལ་བཞག་ནས། ལག་པ་བྲང་ཁར་བཞག་ནས་བསམ་བློ་ཅིག་ཐོངས་ར། སྐྱེས་ས་སྐྱེས་ཡུལ་ནས། ལངས་ས་ལངས་སྟངས་བར་ལ་བསམ་བློ་ཅིག་བཏང་ན། འདི་དག་མིའི་སེམས་ཁམས་ཀྱི་རིག་གནས་དང་འབྲེལ་བ་ངེས་ཅན་ཡོད་ནི་རེད། དེའི་རྐྱེན་ཁྱེད་ཚོ་སྟབས་ཡག་ནས་རྒྱ་གར་དུ་སླེབས་དུས་འདིར། ལོ་རྒྱུས་ཅན་གྱི་བོད་སྐད་ཡིག་འདི་ལ་ལོ་རྒྱུས་རང་བཞིན་གྱིས་ངོས་འཛིན་དང། ལོ་རྒྱུས་རང་བཞིན་གྱིས་སློབ་སྦྱོང་བྱེད་དགོས་ནི་རེད། དེ་ལས་འཛོམས་གསུམ་འཛོམས་པ་གཅིག་ནི། བོད་ཀྱི་ས་ཆ་མང་ཆེ་བའི་མི་འདིར་ཡོད་པ་རེད། དེ་དག་རྨང་གཞི་བྱས་ཏེ་བོད་ཀྱི་སྐད་ཡིག་ཐད་ལ་དཔྱད་རྩོམ་ཞིག་ཕྲིས་དང་དེ་ནས་གོང་ཚད་མིས་རྒྱགས་རྒྱུ་རེད། དེ་མ་གཏོགས་ང་ཅིག་ཡིན་ལབ་ན། ཆགས་འགྲོ་ན་ད་སྐྱིད་པ་ལ།
དགོངས་པ་མ་འཚོམ། ཁྱེད་ཚོ་སྐད་ཡིག་དཔྱད་རྩོམ་འབྲི་རྒྱུར་ཁྲིད་སྟོན་བྱེད་དགོས་ན་ངས་དྲ་ངོས་འདིར་བྱས་ཆོག
ཨོ་ཧོ། པད་མ་མཚོ་དེ་རིང་དྲག་པོའི་སྐུར་བཞེངས་འདུག གང་ཡིན་ནམ། ངས་ཁྱེད་ལ་སྐུ་རླུང་བསླངས་པ་མིན་ནམ། ངས་ཕལ་ཆེར་རླུང་བསླངས་མེད། ད་ཞི་བར་མཛོད། ཞི་བའི་དབྱྲིངས་ནས་ཞི་བའི་གཟིགས་སྟངས་མཛོད།
དོན་དག་ཅན་གྱི་BBCལགས། ཧཧཧཧ ང་རླུང་ལངས་མེད། ཁྱེད་ཀྱིས་སྐད་ཡིག་ཚང་སྐད་སྤུས་ལ་གཟིགས་ཞིབ་གནོང་དང་དེ་ནས་མཁྱེན་ངེས་རེད། ཡིན་ནའང། རྗེས་ལ་ཁྱེད་གད་མོ་མ་དགོད་ཨ། ལོ
bbc ལག་ཁྱེར་ཁ་པར་ནང་བོད་ཡིག་བཅུག་པ་ཙམ་གྱིས་མི་འགྲིག་པ་རྒྱུ་མཚན་དང་བཅས་་གསུངས་སོང་། ཐུགས་རྗེ་ཆེ། ད་ཡོང་མི་སྲིད་པ་ཞིག་ལ་ཨུ་ཚུགས་ཀྱིས་བགྲོ་གླེང་བྱེད་ན་ཕན་ཐོགས་ཅང་ཡོད་མེད་མི་ཤེས་ཏེ། ཡང་སྐྱར་ཞུ་རྒྱུར། གལ་ཏེ་ལག་ཁྱེར་ཁ་པར་ནང་བོད་ཡིག་འབྲི་གཏོང་ཐུབ་པ་བྱུང་ཚེ་ཕྲིིན་ཐུང་རིགས་དཔེར་ན་ཁྱེད་ག་པར་ཡོད། ང་ཁྱེད་ལ་དགའ། ང་ཡོང་བཞིན་པ་ཡིན། ཞེས་དང་། ཡང་ཁ་གཡང་། བོད་རྒྱལ་ལོ།། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ལྟ་བུ། ཡང་བསམ་བློ་སྔོན་ནས་བཏང་ན་མཁས་པ་རེད། འགྱོད་པ་རྗེས་ནས་སྐྱེས་ན་གླེན་པ་རེད། སོགས་གཏམ་དཔེ་རིགས་ཕན་ཚུན་གཏོང་རེས་བྱ་བའི་བརྒྱུད་རིམ་ཐོག་བོད་ཀྱི་ཡི་གེ་བཀོལ་སྤྱོད་ཀྱི་ཚད་ད་ལྟ་ལས་བརྒྱ་ཆ་མང་པོས་འཕར་གི་མ་རེད་དམ། དེ་སྐབས་དག་ཆ་དང་བརྗོད་རིམ་ལེགས་ཉེས་སྣ་ཚོགས་ཡོང་ངེས་པ་གོར་མ་ཆགས། ཉེས་ཆ་ཁ་ཤས་ཞིག་རྒྱུ་མཚན་དུ་དྲངས་ནས་དེས་བོད་ཀྱི་བརྡ་སྤྲོད་ལ་གནོད་པ་ལས་ཕན་པ་ཉུང་ཟེར་བ་དེ་འདྲ་ཨེ་ཡིན་སྙམ་པ་དང་། ཡང་དེ་འདྲའི་བསམ་ཚུལ་ལ་ཉེ་ཚེ་བའི་བསམ་ཚུལ་གྱི་མིང་གིས་བསྙད་དེ་མཐོང་ཆུང་བཏང་བར་དགའ་པོ་མ་བྱུང་།
ཉིད་ཀྱི་བསམ་ཚུལ་དེ། དཔེར་ན་ཚན་རིག་པས་རྡུལ་ཕྲན་མཚོན་ཆ་བཟོས་པས་རྒྱུ་མཚན་གྱིས་ཚན་རིག་སྦྱོང་ན་ཕན་ལས་གནོད་པ་ཆེེ། ཞེས་དང་། ལྟོ་ཟ་ནས་བྲོད་པ་བཤལ་བའི་རྒྱུ་མཚན་གྱིས་ལྟོ་ཟ་ན་ཕན་ལས་གནོད་པ་ཆེ་ཞེས་པ་ལྟ་བུ་རེད་འདུག་ལགས།
བོད་ཡིག་ས་ཁྱབ་རྡོ་ཁྱབ་བྱུང་ན། བོད་ཡིག་མཚོ་གནས་ལ་ཕན། ཡི་གེ་ན་གཅིག་ཡན། དམ་པའི་ཆོས་ཀྱི་འདུ་ཤེས་བཞག་དགོས་ཞེས་པའི་བློ་སྦྱོངས་པ་འགའ་ལ། ཅུང་ཟད་གནོད་སྲིད་ཀྱང་། བྱ་ཐབས་བྲལ་བའི་དུས་མིན་ནམ། གསང་སྤྱོད་ཅེས་བོད་སྐད་དུ་བྲིས་ན། བོད་ཡིག་ཡར་རྒྱས་ལ་ཕན་ཏེ། སྐྱག་པ་ཞེས་བྲིས་ཤེས་ན། བོད་ཡིག་འཚོ་གནས་ལ་ཕན་པ་བཞིན་ནོ། བོད་ཡིག་དར་གྱུར་ཅིག བོད་སྐད་དར་གྱུར་ཅིག བོད་ཆོས་དར་གྱུར་ཅིག ། དགེའོ། །
པ࿋࿋དྨ་མཚོ།
ང་འདྲ་བའི་སྐད་ཡིག་རང་རྐྱ་མི་ཐུབ་པའི་བོད་ཕྲུག་ཅིག་ལ་ཁྱེད་རང་མིང་ཞུ་དག་མི་འཕེར་བའི་གཞིས་ལུས་དྲྭ་གྲོགས་ཤིག་གིས་ཁ་བརྡ་སྙན་མོ་རེ་གནང་རུང་། ཕྱོགས་གང་ནས་བསམས་ཀྱང་དཔེ་ཆུས་འཁྱེར་མི་ལ་མི་འཇུས་པ་འདྲ་བོ་ཞིག་ཆགས་འདུག
འོན་ཀྱང་ཁྱེད་ཀྱིས་་་་་་་་ཁྱེད་ཚོ་སྟབས་ཡག་ནས་རྒྱ་གར་དུ་སླེབས་དུས་འདིར། ལོ་རྒྱུས་ཅན་གྱི་བོད་སྐད་ཡིག་འདི་ལ་ལོ་རྒྱུས་རང་བཞིན་གྱིས་ངོས་འཛིན་དང། ལོ་རྒྱུས་རང་བཞིན་གྱིས་སློབ་སྦྱོང་བྱེད་དགོས་ནི་རེད།་་་་ཅེས་ཕ་རྒན་དྲིན་པོ་ཆེའི་ཞལ་ཆེམས་དང་ཨ་ན་མ་ན་ཞིག་གསུངས་བྱུང་བས། ད་ལམ་ངས་མི་ཡུལ་གྱི་གྲུ་ཁ་འདི་ནས་ཁོང་ལའང་མིག་ཆུའི་རྗེས་དྲན་ཞིག་མི་ཞུ་ཀ་མེད་དུ་གྱུར་སོང་།
དྲྭ་གྲོགས་བི་བི་སི་ལགས།
ཁྱེད་ཀྱི་དགོངས་ཚུལ་ལྟར་ན་དེང་དུས་བོད་ཡིག་གི་བཀོལ་སྤྱོད་ཁྱབ་ཁོངས་སུ་ལུས་ཡོད་པའི་སྟོང་ཆ་ལ་འགེངས་ཐབས་ཤིག་ཏན་ཏན་འདུག དགོངས་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ།
འོན་ཀྱང་པདྨ་མཚོ་དང་ཁྱེད་གཉིས་ཀའི་མིང་གི་སྟོང་ཆ་དེར་བོད་ཡིག་བཀོལ་ཐབས་གཏན་ནས་མི་འདུག
ཨ་ལ། ཀུ་རེ་ཡིན། དགོངས་པ་མ་འཚོམས།
དེ་རིང་ངོས་བཤད་འདོད་པ་ཅིག་ལ་བོད་ཀྱི་སྤྲུལ་སྐུ་་ཟེར་བ་དེ་ནི་རྨོང་དད་ཡང་དད་དང་། མོང་ཚོགས་ཀྱི་རྫས་དགེར་བདག་བྱ་རྒྱུའི་དམིགས་ཡུལ་དག་ལས་བྱུང་བ་ཞིག་ནི་གསལ་པོ་རེད། ང་མཚོའི་སྤྱི་ཚོགས་ནང་དེ་ནི་མཐོང་ཆེན་དང་ཡིད་སྨོན་ཡོད་པ་ཞིག་ཆགས་འདུག དོན་དངོས་པོའི་གནས་ལ་བསམ་གཞིག་བྱ་ཚེ་དེ་ནི་དགོས་མེད་དང་མི་མོང་གི་སྤྱི་རྫས་དགེར་བདག་དང་། ནང་མི་ཞིག་གམ་དགོན་པའི་གྲ་ཚང་ཆུང་ངུ་ཞིག་གི་ཆེད་དུ་བདེ་སྤྱོད་བྱེད་ཀྱི་ཡོད།
དེང་སོང་ནི་བླ་མ་བཀའ་ལོག་དང་། རྒྱུ་ཆེན་གྱི་བུ་དག་སྤྲུལ་སྐུ་བཟོ་གི་ཡོད། བསྟན་པ་དང་སྤྱི་ཚོགས་གང་ལ་བསམ་ན་ཡང་དགོས་མེད་ཀྱི་ལམ་ལུགས་འདི་ནི་འཇུག་བསྡུ་རེན་འདུག །།
ག་རེ་བྱས་སོང་ཁ་རྡ།
བོད་ཡིག་ཡར་རྒྱས་གཏོང་དགོས་ན། བཀོལ་སྤྱོད་གང་མང་བྱེད་དགོས་དེ་གལ་ཆེ་ཤོས་སུ་མཐོང་།
སྔར་དམངས་ཁྲོད་དུ་བོད་ཡིག་ཆོས་ལ་བརྩིས་ནས་མགོ་ཐོག་བཞག་པ་ལས་སྦྱང་པ་མ་བྱས་པ་དང་། ཡང་ན་བོད་ཡིག་སྦྱང་མཁན་ཚོར་སྐུ་དྲག་བྱེད་འདོད་ཡོད་པ་རེད་ཅེས་ཁྱད་གསོད་རྒྱག་པ་སོགས་སྤྱི་ཚོགས་ཀྱི་ནད་རྙིང་དེས། བོད་པའི་གྲྭ་ས་ཁག་དང་བོད་མི་རྒན་རབས་ནང་གི་བརྒྱ་ཆ་མཐོ་ཤོས་ཡིག་རྨོངས་ཡིན་པ་ལས་ཤེས་ཐུབ།
གལ་སྲིད་བོད་པའི་ལྷམ་བཟོ་གྲྭ་ཞིག་གིས་ལྷམ་མཐིལ་ལ་བོད་ཡིག་བྲིས་ན།
རྒན་རབས་པ་ཚོས་སྡིག་པ་ཡོད་པ་རེད་གསུང་རྒྱུ་ཉག་ཅིག་རེད།
བོད་ཡིག་བཀོལ་སྤྱོད་ཐོག་བོད་ནང་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོས་སྐུ་ལས་ཆེན་པོ་སྐྱོན་གནང་ཡོད་པ་རེད། ཁོང་གི་བཀའ་སློབ་ཁག་ཀློག་ན་ཤེས་ཐུབ།