སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང་གིས་བྲིས།
ཕྱི་ལོ ༡༩༦༠།༠༩།༠༢ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་དུས་དེ་ནས་བཟུང་ཕ་མས་ཕྲུག་གུ་གསོ་སྐྱོང་ལྟར་ངལ་བར་ཡེ་ནས་མ་འཛེམས་པར་དུས་ནས་དུས་སུ་ལམ་སྟོན་དང་སྦྲགས་མང་གཙོའི་ལམ་སྲོལ་མི་མང་ལག་ཏུ་ནན་གྱིས་གོ་བསྐོན་གནང་བ་དེའི་གྲུབ་འབྲས་སུ་བཙན་བྱོལ་གཞུང་མང་ཡོངས་ཀྱི་གནས་སྟངས་སྤྱི་དང༌། བྱེ་བྲག་ཏུ་བཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་འཕེན་ལས་རིམ་ལ་མི་མང་གིས་སྔར་དང་མི་འདྲ་བར་བསམ་བློའི་གནས་ཚད་མཐོ་བོའི་ཐོག་ནས་དོ་སྣང་གནང་བའི་འགྱུར་ལྡོག་དེ་མང་གཙོ་ཡར་རྒྱས་ཀྱི་ན་ཚོད་ཡོངས་སུ་སྨིན་པའི་མངོན་རྟགས་ཤིག་རེད། དེའང་ྋགོང་ས་མཆོག་སྐུ་རྐྱང་གིས་འབད་རྩོལ་ཁོ་ན་ལས་བྱུང་བ་ཡིན་པས་ཚད་གཞལ་དུ་མེད་པའི་ཁོང་གི་བཀའ་དྲིན་ཅིའི་ཕྱིར་རྟག་ཏུ་ཡིད་ལ་མི་དྲན་ནམ། །
ད་ནི་སྐབས་དོན་བརྗོད་པར་བྱ་བ་འབྱུང་འགྱུར་བཀའ་ཁྲིའི་སྐོར་བརྗོད་ན། ཕྱི་ལོ ༢༠༡༠།༡༠།༣༠ ཉིན་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས༼ ང་ཚོའི་བོད་ལུང་བ་སྤྱིའི་གནས་ཚུལ་ལ་ཆ་བཞག་ནའང་མི་ཐོག་གོང་མ་དག་གིས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་དག་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་དེར་ཞབས་བརྟན་འདྲ་བསྒྲུབས་ཏེ་བསྡད་སྟབས་ང་ཚོ་བོད་ལུང་བ་དང་ཁ་བྲལ་བ་རེད ༽ཅེས་གསུངས་པ་ལྟར་ཕྱི་ལོ ༡༩༡༢ ནས ༡༩༤༩ དབར་དང༌། ལྷག་པར་དུ ༡༩༤༧ དང ༡༩༤༨ དང ༡༩༤༩ བཅས་ཀྱི་དུས་སྐབས་རྩ་ཆེན་དེ་དག་གི་ཚེ་ན་རྣམ་དཔྱོད་དང་ལྷག་བསམ་ཡེ་ནས་མེད་པའི་སྐབས་དེའི་གཞུང་གི་འགོ་གཙོ་སྐུ་དྲག་ཅེས་འབོད་པ་ཁོང་ཚོས་རང་གི་གོ་ས་དང༌། གཞི་རྩ་གང་ཡང་མེད་པའི་ཕ་བརྒྱུད་བུ་འཛིན་གྱི་ལྟ་གྲུབ་ངན་པ་རྒྱུན་བསྲིངས་གནས་ཐབས་ཁོ་ནར་ཡོངས་སུ་བརྐམས་ཏེ་བོད་རྒྱལ་ཁབ་དེ་ཉིད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱ་རྒྱུའི་སྒོ་སྐབས་ཧ་ཅང་བཟང་བོ་ཐོབ་པ་སོགས་བོད་སྤྱི་ཡོངས་ལ་ཕུགས་སུ་ཕན་པའི་སྣངས་ཆེན་གྱི་ལས་དོན་མང་དག་ཅིག་ལ་དོ་ཁུར་བྱས་མེད། ཁོང་ཚོའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བརྗེད་དུ་མི་སྲིད་པའི་བོད་མི་སེར་སྐྱ་འབུམ་ཕྲག་མང་བོ་ཡ་ང་བའི་དམར་གསོད་དང༌། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་ལོ་རྒྱུས་ཀྱིས་ཡོངས་སུ་་ཕྱུག་པའི་དགོན་པ་སྟོང་ཕྲག་མང་བོ་རྩ་གཏོར་དང༌། དུས་ད་ལྟའང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་ལ་བསྐྱལ་བ་ཡིད་ལ་དྲན་ཞིང་ཤེས་པའི་ཐོག་ནས་སླར་ཡང་སྐུ་དྲག་རིང་ལུགས་པར་མགོ་བོ་འདུད་རྒྱུ་མིན་ཞེས་མི་མང་གིས་བློ་བཟང་སེང་གེ་མཆོག་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དང་བོའོ། །
སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་སྒེར་གྱི་གོ་ས་སྲ་བརྟན་གནས་རྒྱུའི་མཚོན་པའི་སྤྱི་ཚཽགས་རྙིང་བ་རོ་ལངས་རྒྱག་ཐབས་བྱེད་ཀྱིན་ཡོད་རེད་ཅེས་རྒྱུན་དུ་རྒྱ་ནག་གཞུང་གིས་གཞི་མེད་བསྙོན་འཛུགས་བྱས་པ་དང་གཅིག དབུ་འཁྲིད་མི་རབས་གོང་མ་རྣམས་རྫོགས་པ་ཡིན་ན་དེ་དང་ལྷན་དུ་བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དེའང་མཇུག་བསྒྲིལ་རྒྱུ་རེད་ཅེས་བཤད་པ་དང་གཉིས། བཙན་བྱོལ་གཞུང་དེ་ཉིད་བཀས་བཀོད་རྒྱུན་འཛིན་ཞིག་ལས་མང་གཙོའི་གཞུང་མ་རེད་ཅེས་བཤད་པ་དང་གསུམ་ནི་རྒྱུན་ལྡན་རྒྱ་ནག་གཞུང་གི་གཞི་མེད་གཏམ་བཤད་དག་རེད། བློ་བཟང་སེང་གེ་མཆོག་གིས་ ༼ ང་ལྟ་བུ་འབྱོར་མེད་ཁྱིམ་ཚང་ནང་སྐྱེས་ཤིང་བཙན་བྱོལ་བོད་གཞུང་གཞི་རིམ་སློབ་གྲ་ནས་ཐོན་པའི་ལོ་ན་གཞོན་པ་ཞིག་ལ་བཀའ་ཁྲིའི་འོས་མིར་ཞུགས་རྒྱུའི་སྒོ་སྐབས་ཐོབ་པ་དེས་གོང་གི་གཞི་མེད་སྐྱོན་འཛུགས་རྣམས་བདེན་པ་མ་རེད་ཅེས་བརྡ་ལན་གྱི་དྲིལ་བུ་ཆེན་པོ་ཞིག་རྒྱ་ནག་གཞུང་ལ་བརྡུངས་པ་རེད་ ༽ ཅེས་ཁོང་གིས་གསུངས་པ་དེར་རྒྱུ་མཚན་དམིགས་བསལ་བ་ལྡན་པའི་གཏམ་ཞིག་ཏུ་མཐོང་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གཉིས་པའོ། །
འབྱུང་འགྱུར་གྱི་བཀའ་ཁྲི་སྐབས་གསུམ་པ་དང་བཞི་བ་བཅས་སོ་སོའི་དུས་ཡུན་རྫོགས་མཚམས་དེའི་ཚེ་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རིམ་པ་བཞིན་དགུང་ན ༨༡ དང ༨༦ ཏུ་ཕེབས་རྒྱུ་ངེས་པས་དུས་སྐབས་གཉན་འཕྲང་ཅན་དེ་དག་ད་ལྟ་ནས་ང་ཚོས་སྙིང་དབུས་སུ་བཅངས་ཏེ་ཕྲེང་རྡོག་བརྒྱུད་པ་ལྟར་གྱི་ངང་ཚུལ་བཞིན་རྒན་མཇུག་གཞོན་མཐུད་བྱས་ཏེ་ད་ཐེངས་ཀྱི་དུས་སྐབས་དམིགས་བསལ་ཅན་འདིར་གསར་གཏོད་ཀྱི་རྣམ་དཔྱོད་དང་དཔའ་མཛངས་ལྡན་པའི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གསུམ་པའོ། །
གནམ་གོང་གི་ཉི་ཟླ་ལྟ་བུ་ཁྱད་དུ་འཕགས་པའི་དབུ་འཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཁོང་རྣམ་པ་གཉིས་སྐུ་འཚོ་བཞུགས་སུ་ཡོད་པའི་སྒོ་སྐབས་རྩ་ཆེན་དེའི་འོག་གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙིགས་ཆེན་དུ་འཛིན་པའི་གཞོགས་གཅིག་ཕུགས་ཐུང་གི་བསམ་བློ་ཡོངས་སུ་དོར་ཞིང་མ་འོངས་ཕུགས་རྒྱངས་རིང་བོའི་བསམ་བློས་བོད་ཀྱི་འཐབ་རྩོད་དེ་མི་རབས་གསར་བས་འགན་འཁུར་བྱ་དགོས་ངེས་ཡིན་པ་ཡིད་ལ་བཅངས་ཏེ་དུས་དང་མཐུན་པའི་འགྱུར་འགྲོས་དང་གསར་གཏོད་ཀྱི་རྣམ་དཔྱོད་གསར་བས་འཐབ་རྩོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བཞི་བའོ། །
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་མི་རིགས་ཀྱི་གཞི་རྩའི་རང་དབང་དང༌། དེ་བཞིན་དུ་དེའི་ངོ་བོ་དང༌། དེའི་སྐད་ཡིག་དང༌། དེའི་ཆོས་དང༌། དེའི་ཁོར་ཡུག་དང༌། དེའི་གཞན་ཕན་གྱི་ལྟ་སྤྱོད་བཟང་བོ་དང་བཅས་པ་ཡོངས་སུ་རྫོགས་པར་འཁྱག་མངར་བཞུ་བ་ལྟར་འཇམ་ཞིང་མཉེན་པའི་སྲིད་བྱུས་ཀྱིས་རྨེག་མེད་དུ་བྱས་དང་བྱེད་ཀྱིན་དུ་ཡོད་པ་དེ་ཉིད་ད་ལྟའི་སྐབས་སུ་ང་ཚོར་ཧ་ཅང་རྫ་དྲག་ཏུ་གྱུར་ཡོད། དེས་ན་ཁོང་རྣམ་པ་གཉིས་ཀྱི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་གོང་འཁོད་གནས་དོན་ཁག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གདོང་ལེན་དང་འཐབ་རྩོད་བྱ་ཕྱིར་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཡིན་པའི་བཀའ་ཁྲི་ཞིག་ངེས་པར་དུ་མཁོ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་ལྔ་བའོ། །
ཕྱི་ལོ་ ༢༠༡༠།༡༢།༢༡ ཉིན་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས ༼ ང་ཚོའི་ཐབས་ཤེས་དང༌། འཆར་སྣང་དང༌། རྣམ་དཔྱོད་གསར་བ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག་ལ་མ་འོངས་པའི་འཛམ་གླིང་ཇི་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པ་རེད ༽ ཅེས་གསུངས་ཡོད་ནའང་ང་ཚོའི་སྤྱི་ཚོགས་ནང་མི་འབོར་གྱི་བརྒྱ་ཆ ༧༥ ཙམ་ན་གཞོན་ཡིན་པ་ནས་མང་ཆེ་བ་ནི་ཆབ་སྲིད་ལ་དོ་སྣང་ཧ་ཅང་དམན་པོ་རེད། འབྱུང་འགྱུར་ཆབ་སྲིད་ཀྱི་འགན་འཁུར་དེ་ན་གཞོན་ཚོས་ཁྱེར་དགོས་རྒྱུ་ནི་སྨོས་ཅི་དགོས་ལ་དུས་དང་མཐུན་པའི་འགྱུར་བཅོས་ཀྱང་མ་འོངས་པའི་ཆབ་སྲིད་འགན་འཁུར་བོ་ན་གཞོན་ཚོའི་ལྟ་གྲུབ་ལ་རག་ལས་པ་ནི་བཟློག་ཏུ་མེད་པས་གལ་ཏེ་ལོ་ན་གཞོན་པ་ཚོ་ཡིད་འགུག་པའི་ནུས་པ་མངའ་བའི་དགུང་ལོ་གཞོན་པ་ཞིག་བཀའ་ཁྲིར་འདེམས་ཐུབ་པ་ཡིན་ན་གཞོན་སྐྱེས་ཚོར་རང་བཞིན་གྱིས་འབྱུང་རྒྱུའི་བོད་ཀྱི་ཆབ་སྲིད་ལ་དོ་སྣང་དང་སེམས་ཤུགས་ལྷག་པོ་བསྐྱེད་རྒྱུ་ངེས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དྲུག་པའོ། །
རེ་འགས་ཉམས་མྱོང་ཅན་ཞིག་དགོས་གལ་ཆེ་ཚུལ་གྱི་གཏམ་བསྒྲགས་བྱས་ནའང་དོན་དམ་དུ་ཕྱི་ལོ ༡༩༤༩ ཕན་ཆད་ཀྱི་གཞུང་འཛིན་པ་སྐུ་དྲག་ཅེས་འབོད་པ་ཁོང་ཚོར་ཕ་བརྒྱུད་བུ་རབས་བརྒྱུད་དེ་མི་རབས་འགའ་ཡི་ཉམས་མྱོང་ལྡན་ནའང་ད་ལྟའི་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་ལ་ཇི་ལྟར་བསྐྱལ་འདུག་གམ་འདས་པའི་བྱུང་རིམ་ལ་ཁ་ནང་དུ་ཕྱོགས་ཏེ་ལེགས་པར་སོམས་དང༌། །གཞན་ཡང་འཛམ་གླིང་གི་ཡང་རྩེར་སོན་པ་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀར་མཚོན་ན་ཨོ་བྷ་མ་ནི་ཉམས་མྱོང་ཅན་ཞིག་མིན་ནའང་དུས་མཐུན་གྱི་འགྱུར་འགྲོས་དང་མི་མང་གི་བསམ་བློའི་འཁྱེར་བཟོ་ལ་དཔགས་པའི་ཁོང་སྲིད་འཛིན་དུ་བདམས་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དགུང་ན་བཅུ་དྲུག་ཐོག་འཆི་མ་གསོན་གྱི་བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་ཅིང་རྫ་དྲག་གི་གནས་སྟངས་སུ་གནས་པའི་འོག་ནས་ཆོས་སྲིད་ཟུང་གི་ཐུགས་འགན་བདག་གིར་བཞེས་ནའང་འཛམ་གླིང་དེའི་སྟེང་དུ་བོད་གཞུང་མང་ཡོངས་ཀྱི་གནས་བབ་ནི་ཀུན་གྱིས་ཡིད་སྨོན་བྱ་བའི་ཡུལ་དུ་གྱུར་ཡོད། བོད་ཀྱི་རྩ་དོན་ཐད་གོང་ས་མཆོག་གི་དགོངས་པ་ཇི་ལྟ་བ་བཞིན་ལྟ་གྲུབ་བརྟན་པོ་ཞིག་དང་ལྟ་གྲུབ་དེ་དང་མཐུན་པའི་ལངས་ཕྱོགས་ཀྱི་སྲིད་བྱུས་གཙང་མ་འཛིན་ཐུབ་མཁན་གྱི་བཀའ་ཁྲི་གཅིག་ཀྱང་ཕྱི་ལོ་ ༢༠༠༡ ཡན་ལ་བྱུང་མེད་པ་དེ་ཡིས་ཕུང་འདུག་པ་མ་གཏོགས་བཙན་བྱོལ་ནང་ཉམས་མྱོང་ཅན་གྱི་མ་འདང་བའི་དཀའ་ངལ་ནམ་ཡང་ཕྲད་མེད། དབུ་འཁྲིད་ཁོང་རྣམ་པ་གཉིས་ཀྱི་དགུང་ནའི་འབབ་ལ་གཞིགས་ཏེ་གཞུང་འཛིན་ཉམས་མྱོངས་ཅན་ཁོ་ནར་གཙོ་ཆེན་དུ་མ་འཛིན་པར་དོན་དངོས་དང་མཐུན་པའི་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་འགྱུར་འགྲོས་དང༌། གསར་གཏོད་ཀྱི་ལག་ལེན་གལ་ཆེ་བར་གཟིགས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བདུན་པའོ། །
བློ་བཟང་སེང་གེ་མཆོག་ནི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་རྣམ་དཔྱོད་བཟང་བོས་ལས་འགུལ་མི་ཉུང་བ་སྤེལ་ཡོད་ལ་འདི་བྱ་འདི་བྱ་མིན་གྱི་ཐ་ཚིག་ཧ་ཅང་གསལ་བ་དང༌། འབྱུང་འགྱུར་བོད་ཀྱི་འཐབ་རྩོད་མུ་མཐུད་དེ་གནས་པར་བྱེད་པ་ལ་ན་གཞོན་ཚོས་ཆབ་སྲིད་ཐོག་འགན་འཁུར་བླང་དང་མི་བླང་ལ་རག་ལས་པས་ཁོང་ལ་ན་གཞོན་ཚོའི་བློ་འགུག་ཐུབ་པའི་ནུས་པ་མངའ་བ་དང༌། དགུན་ན་གཞོན་ཞིང་དུས་དང་མཐུན་པའི་བཅོས་འགྱུར་དང་གསར་གཏོད་མེད་དུ་མི་རུང་བར་རྟོགས་པ་དང༌། རྒན་གཞོན་ཟུང་དུ་འབྲེལ་བའི་འཛིན་སྐྱོང་གི་ལམ་ལུགས་མེད་དུ་མི་རུང་བར་རྟོགས་ཤིང་གདེང་སྤོབས་ཀྱང་ཆེ་བ་དང༌། འཛམ་གླིང་ཐོག་ངོས་ལེན་ལྡན་པའི་ཁྲིམས་རྩོད་པ་ཞིག་ཡིན་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བརྒྱད་པའོ།། །།
ཕྱི་ལོ་ ༢༠༡༡།༠༡།༡༩ ཉིན་བྲིས། །
~~«0g
སྨན་རམ་པས། འབུམ་རམ་པ་ལ། རྒྱབ་སྐྱོར་དོན་ཚན་བརྒྱད་པོའི། ནང་ནས་གཅིག་ཀྱང་། མ་རེད་ལབ་ས་མི་འདུག
ནང་དོན་ལྡན་ཆེ་ཞིང་རྒྱུ་མཚན་ལྡན་ལ་ཁ་གསལ་བའི་རྩོམ་ཡིག་ཡག་པོ་སྤེལ་འདུག སྙིང་ནས་དགའ་བསུ་དང་རྗེས་སུ་ཡི་རིང་ཡོད།
དངོས་གནས་ཡག་པོ་བྲིས་འདུག་སྨན་རམས་པ་ལགས་ཐུགས་རྗེ་ཆེ།
དྲ་གྲོགས་སྨན་རམས་ངག་སྦྱིན་ལགས།
བཀྲིས་བདེ་ལེགས།སྐུ་ཉིད་ཀྱི་རྩོམ་ཡིག་འདིར་གུས་པས་ཤར་ཀློག་ཐེངས་གཅིག་བྱས་ནས་བསམ་བློ་ཞིབ་དུ་བཏང་ཡང་།རྩོམ་ཡིག་འདིའི་ཁྱད་ཆོས་གཙོ་བོ་ནི་སྐུ་ཉིད་ཀྱིས་བློ་སེང་རྒྱབ་སྐྱོར་གྱི་ཚོར་བ་ཤུགས་ཆེན་ཞིག་དྲངས་པའི་ཚོར་སྣང་ཙམ་ཞིག་ལས་དེ་མིན་གྱི་དགེ་མཚན་ཞིག་ཅང་མ་མཆིས།དེ་ན་ངས་སྐུ་ཉིད་ཀྱི་དུམ་བུ་དེ་དག་ལ་རེ་རེ་བཞིན་གསལ་འགྲེལ་ཞུ་རྒྱུ་ལགས།
སྨན་རམས་པའི་དུམ་བུ་དང་པོ།
བཙན་བྱོལ་སྤྱི་ཚོགས་འདི་སྐུ་དྲག་གི་ཤུགས་རྐྱེན་དྲི་མ་ཙམ་ཡང་མེད་པའི་མང་གཙོ་ཡང་དག་པ་ཡིན་པ་ཁྱོད་ཀྱིས་ཤེས་བཞིན་དུ།ང་ཚོའི་ཡང་དག་པའི་མང་གཙོར་འདིར་རྒྱ་དམར་གྱིས་བརྗོད་པ་བཞིན་སྐུ་དྲག་ཞེས་འབོད་ནས་ངན་དམོད་བྱེད་དོན་ཅི།སྐུ་དྲག་ཅེས་པ་ནི་བསམ་བློ་དང་།་ལྟ་བ།འདུ་ཤེས།་ལམ་ལུགས་བཅས་ཀྱི་སྒོ་ནས་བརྗོད་དགོས་ཤིང་།དེ་འདྲ་བཙན་བྱོལ་སྤྱི་ཚོགས་ཡོད་དམ།ཡང་ན་སྐུ་དྲག་གི་མི་བརྒྱུད་ཡིན་པ་ཙམ་གྱི་ངན་དམོད་བྱེད་དགོས་སམ།དེ་ནི་གད་མོ་ཤོར་དགོས་གནས་ཚུལ་རེད།
ཁྱོད་ཚོས་སྐུ་དྲག་ཁ་ཤས་ཉུང་ཤས་ཀྱིས་བག་མེད་སྤྱོད་ཚུལ་ལས་བོད་རང་བཙན་ཤོར་བར་འདོད་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་མ་རྟོགས་པའི་སྐྱོན་འབའ་ཞིག་ལས།ལོ་རྒྱུས་ལ་ཡང་དག་པའི་ཕྱོགས་བསྡོམས་ཤིག་ག་ལ་ཡིན། བོད་རང་བཙན་ཤོར་བ་ནི་ཁྱིམ་ཚང་ཐོར་བ་དང་མི་འདྲ་ཞིང་། དེར་ལོ་ངོ་བརྒྱ་ཕྲག་དུ་མའི་བརྒྱུད་རིམ་ཞིག་ཡོད་པ་ནི་ལོ་རྒྱུས་སྨྲ་བ་ཐུན་མོང་གི་གཟིགས་ཚུལ་གཅིག་འགྱུར་ཡིན་པས་དེ་ལ་དོགས་པ་དང་ཐེ་ཚོམ་མེད།
ཡང་ཁྱེད་ཀྱིས་ ༡༩༤༧ དང ༡༩༤༨ དང ༡༩༤༩ བཅས་ཀྱི་དུས་སྐབས་རྩ་ཆེན་དེ་དག་གི་ཚེ་ན་རྣམ་དཔྱོད་དང་ལྷག་བསམ་ཡེ་ནས་མེད་པའི་སྐབས་དེའི་གཞུང་གི་འགོ་གཙོ་སྐུ་དྲག་ཅེས་འབོད་པ་ཁོང་ཚོས་ཞེས་པ་ནས་ཕུགས་སུ་ཕན་པའི་སྣངས་ཆེན་གྱི་ལས་དོན་མང་དག་ཅིག་ལ་དོ་ཁུར་བྱས་མེད་ཅེས་དེ་ཚེ་དེ་དུས་ཀྱི་གནས་ཚུལ་དངོས་ཡོད་མ་ཤེས་པར་སྟབས་བདེ་མདོག་ཁ་པོ་བྲིས་འདུག
རྒྱ་དམར་གྱིས་བཙན་འཛུལ་མ་བྱས་པའི་ལོ་རེ་གཉིས་ཀྱི་སྔོན་ལ་སྐུ་དྲག་ཚོས་ཕུགས་ལ་ཕན་པའི་འགྱུར་བཅོས་ཀྱི་ལས་དོན་གང་ཞིག་བསྒྲུབས་ཀྱང་།ཕྱི་ལོ་༡༩༥༠ལོའི་བོད་ཀྱི་ས་ཕྱོགས་ཁག་བདུན་ནས་ཡོངས་བའི་རྒྱ་དམར་གྱི་བཙན་དམག་དེ་དག་འགོག་པའི་ནུས་པ་ལྡན་ནམ།
ཕྱི་ལོ་༡༩༤༥་ལོར་སྐབས་དེའི་རང་འཁོས་ལ་དཔག་ནས་རྒྱ་གར་དུ་ཚོགས་པའི་ཨེ་ཤེ་ཡའི་མི་རིགས་སེར་པོའི་ཚོགས་ཆེན་ནང་བོད་པའི་འཐུས་མི་མཉམ་ཞུགས་བྱས་པ་མ་ཟད།རྒྱལ་ཁབ་གཞན་རྣམས་དང་མཉམ་དུ་གཏམ་བཤད་བྱས་པ་དང་།བོད་ཀྱི་རྒྱལ་སྒྲེང་བ་བཅས་བྱས་ཡོད།
ཕྱི་ལོ་༡༩༤༧་ལོར་ཞྭ་སྒབ་པས་གཙོས་པའི་བོད་ཀྱི་སྐུ་ཚབ་བཞིས་བྱང་ཨ་རིའི་མངའ་ཁུལ་དང་ཡོ་རོབ་ཀྱི་རྒྱལ་ཁབ་བདུན་ཙམ་ལ་བསྐྱོད་ནས་བོད་ཀྱི་ཚོང་དོན་དང་།་ཆབ་སྲིད་ཀྱི་ལས་དོན་སྣེ་མང་བསྒྲུབས་ཡོད་པ་ཡོངས་བསྒྲགས་རེད།
ཡང་ལྷ་སར་དབྱིན་ཇིའི་སློབ་གྲྭ་བཙུགས་པ་སོགས་འགྱུར་བཅོས་ཀྱི་གོམ་འགྲོས་སྤོ་བཞིན་ཡོད་ཅིང་།སྤྱི་ཚོགས་འཁྱོན་ཡོངས་ལ་ཤེས་ཡོན་གྱི་རྨང་གཞི་ཞན་སྟབས་འགྱུར་བཅོས་ཀྱི་གོམ་འགྲོས་ཡང་དལ་པོ་ཡོང་བ་ནི་སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་རེད།
ངས་འདིར་གླེང་གཞི་དང་མཐུན་པར་སྐུ་དྲག་གི་དགེ་མཚན་ཕྱོགས་ནས་གནད་དོན་རེ་གཉིས་དྲངས་ན། ང་དགུའི་དུས་འགྱུར་སྐབས་བོད་མི་རིགས་དང་། ཆོས་རིག། ཆབ་སྲིད་ཆག་འཇིགས་ལ་ཐུག་པའི་འགག་རྩའི་དུས་སྐབས་དེར་སྐུ་དྲག་རྣམ་དཔྱོད་ཅན་ཚོས་རེ་བ་དང་ཕུགས་བསམ་ཆེན་པོ་བཅངས་ཏེ། གནད་ལ་འཁེལ་བའི་འཆར་གཞི་དང་། སྒྲིག་འཛུགས་བཟོས་ནས་༸གོང་ས་མཆོག་དང་། བོད་གཞུང་རྒྱ་གར་ལ་གདན་དྲངས་པ་ཐུབ་པ་དང་གཅིག བཙན་བྱོལ་བོད་གཞུང་སྒྲིག་འཛུགས་མ་ལག་དང་བཅས་གསར་བཙུགས་ཐུབ་པ་དང་གཉིས། གཞིས་ཆགས་ཁག་དང་། ཆོས་རིག་གི་བསྟི་གནས་འཛུགས་བསྐྲུན་ཐུབ་པ་དང་གསུམ། རྒྱལ་ཚོགས་སུ་བོད་དོན་ཁྲིམས་གཏུག་གིས་མཚོན་པའི་རྒྱལ་སྤྱིར་བོད་དོན་དྲིལ་བསྒྲགས་བྱས་པ་དང་བཞི་བཅས་བྱ་བ་རླབས་ཆེན་དེ་དག་ཐོག་མར་གོ་འཛུགས་ཐུབ་མེད་ན། ད་གཟོད་ཡང་དག་པའི་མང་གཙོ་གཞུང་དང་། ཚོགས་སྡེ། བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པའི་རྩ་དོན་འཐབ་རྩོད། རྒྱལ་སྤྱིར་ཆོས་ཚོགས་ཆེ་ཆུང་སྟོང་ཕྲག་རྒལ་བ་དང་། ཤེས་རིག་གི་བསྟི་གནས་དགོན་སྡེ་ ༢༦༠ ལྷག་དང་། སློབ་གྲྭ་ ༡༠༠ ལ་ཉེ་བ་བཙུགས་པ་བཅས་འབྱུང་མི་སྲིད་ལ། བོད་མི་རིགས་དང་། རིག་གཞུང་། རྩ་དོན་བཅས་ནི་འཛམ་གླིང་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་ནང་ལྟ་ཅི། ལོ་རྒྱུས་ཀྱི་ཤོག་སྙིགས་ནང་དུའང་འཁོད་མ་ཐུབ་པའི་གནས་སྟངས་སྐྱོ་པོ་ཞིག་ཆགས་རྒྱུར་ངེས་ཤིང་། གོང་གསལ་རླབས་པོ་ཆེ་བྱ་བ་དེ་དག་ནི་ཁྱོད་ཚོས་སྡང་སའི་སྐུ་དྲག་དེ་དག་གི་བྱས་རྗེས་དང་ཐད་ཀར་འབྲེལ་བ་ཡོད།
སྨན་རམས་པའི་དུམ་བུ་གཉིས་པར།
གཉིས་པ་དེར་གཙོ་བོ་བློ་སེང་གིས་རང་ལ་འོས་ཤོག་ཐོབ་ཆེད་དུ་ང་བཀའ་ཁྲིར་ལངས་པ་དེས་རྒྱ་གཞུང་ལ་བརྡ་ཆེན་པོ་སྤྲོད་ཚུལ་བརྗོད་པ་དེར་སྐྱར་བཟློས་ཡང་བཟློས་བྱས་པ་ཞིག་ལས་གཞན་གོ་རྒྱུ་གང་ཡང་མི་འདུག
དོན་དངོས་ཐོག་བཙན་བྱོོལ་བོད་གཞུང་དམངས་ཀྱིས་རྒྱ་གཞུང་ལ་བརྡ་ལན་སྔར་ནས་སྤྲད་ཟིན།
ང་ཚོས་མང་གཙོའི་ལམ་ཆེན་དུ་བསྐྱོད་ནས་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཡོད། དེ་ནི་རྒྱ་གཞུང་ལྟ་བུ་མང་གཙོར་ཉིན་གཅིག་བསྐྱོད་མྱོང་མེད་པ་དང་བསྡུར་ན་ང་ཚོས་གོམ་པ་མདུན་སྤོས་བྱས་པ་གསལ་པོ་རེད། བཙན་བྱོལ་བོད་གཞུང་གི་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་དེས་རང་དབང་དང་། མང་གཙོ། ལམ་ལུགས་བཅས་ཀྱི་ཐད་ནས་བརྗོད་ན་རྒྱ་གཞུང་སྔོན་ལ་གོམ་པ་སྤོ་བཞིན་ཡོད་པ་དེས་ང་ཚོས་རྒྱ་གཞུང་ལ་སྔར་ནས་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་སྤྲད་ཟིན་པ་མ་ཡིན་ནམ།
མང་གཙོའི་ལམ་ལུགས་ནང་གྲོས་ཚོགས་དང་། དབུ་འཁྲིད་གཉིས་རང་དབང་གི་སྒོ་ནས་གདམ་བྱ་འདེམས་བྱེད་བྱ་རྒྱུ་ཡོད་མེད་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཅིང་། ང་ཚོར་ཕྱིར་མིག་ཅིག་བལྟས་ན་མི་མང་གི་འཐུས་མི་མི་མང་གིས་ཐད་ཀར་བདམས་ནས་ལོ་ངོ་ལྔ་བཅུ་ལྷག་སོང་ཟིན། འཛིན་སྐྱོང་བཀའ་ཤག་གི་དཔོན་རིགས་གྲོས་ཚོགས་ནས་བདམས་ནས་ལོ་སུམ་ཅུ་ལྷག་ཕྱིན་ཡོད། གྲོས་ཚོགས་ཀྱིས་གཏན་ལ་འཕབ་པའི་བཅའ་ཁྲིམས་རིན་པོ་ཆེ་ལག་ལེན་བསྟར་ནས་ལོ་ངོ་བཅུ་ཕྲག་འགའ་སོང་འདུག མི་མང་གིས་ཐད་ཀར་སྲིད་བློན་འདེམས་པའི་ལམ་སྲོལ་ཆགས་ནས་ལོ་བརྒྱད་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ཚོགས་ནང་མི་མང་གིས་གླེེང་སློང་མང་བ་རྣམས་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཆགས་ཀྱི་ཡོད་ལ། གྲོས་ཚོགས་ཀྱི་གྲོས་ཆོད་བཞག་པ་རྣམས་འཛིན་སྐྱོང་གིས་ལག་ལེན་བསྟར་གྱི་ཡོད།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཞེས་འཛིན་སྐྱོང་བཀའ་ཤག་གིས་དབང་བྱུས་འོག་མེད་པར་རང་དབང་ཅན་གྱི་སྡེ་ཚན་ཟུར་བཙུགས་ཡོད་ལ། ལྷན་ཁང་དེས་གཞུང་ཞབས་ལས་བྱེད་ཇི་ཡོད་ཡིག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གི་ལམ་སྲོལ་གཏོད་ནས་ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ཡོད་ཅིང་། ད་ཡོད་གཞུང་ཞབས་པ་བརྒྱ་ཆ་བརྒྱ་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་ནི་ངོ་མཚར་མི་ཆེའམ། སྲིད་བློན་དང་དཔོན་རིགས་སུ་ལ་སྐྱོན་བརྗོད་བྱས་ཀྱང་འཛིན་ཟུང་བཙོན་བཅུག་བྱེད་མཁན་གཅིག་ཀྱང་བྱུང་མྱོང་མེད།
མདོར་ན་ང་ཚོ་བཙན་བྱོལ་བོད་མིའི་ཁྲོད་སྐབས་འཚོལ་བ་ཉུང་ཤས་ཀྱིས་སྒེར་གྱི་ཁེ་ཕན་དང་། ཐོབ་གོ་སར་ཐུག་དུས་མི་རབས་གསར་རྙིང་དང་། སྐུ་དྲག དང་ཕལ་པའི་ཁྱིམ་བརྒྱུད་འཐབ་རྩོད་བསླངས་བའི་ཁྲོད་ནས་རང་ཉིད་ལ་མི་མང་གིས་རྒྱབ་སྐྱོར་ཐོབ་ཐབས་ཀྱི་རྩོད་ལེན་བྱེད་ཀྱི་ཡོད། ཕྱོགས་མཚུངས་སྲིད་དོན་པ་དེ་ཚོའི་རྗེས་སུ་གཞོན་སྐྱེས་ཉུང་ཤས་ཀྱིས་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་ཧོལ་རྒྱུགས་བྱས་ནས། ཧ་ལམ་བཙན་བྱོལ་གཞུང་གི་སྲིད་བྱུས་དང་། བྱ་སྤྱོད། གཏམ་གླེང་བཅས་རྒྱ་གཞུང་གི་བརྗོད་བབ་དང་། རྣམ་འགྱུར་ལ་བསྟུན་ནས་འགྱུར་བ་དགོས་པའི་ལྟ་ཚུལ་གླེང་གི་ཡོད་དེ་ཚོར་ང་ཚོས་རིག་པ་རྣོན་པོའི་ཐོག་ནས་མགོ་མ་འཁོར་བ་བྱེད་དགོས།
སྨན་རམས་པ་ལགས། དོན་མེད་སྐུ་དྲག་ལ་གཞི་མེད་སྐྱོན་འཛུགས་གནང་ན་ལས་འབྲས་འཁོར་ཡོང་བསམ་ནས་ཞེད་ཀྱི་མི་འདུག་གམ། ད་ལྟ་ཁྱེད་རང་གང་དུ་བསྡད་ཡོད་དམ། སློབ་སྦྱོང་དང་ཟ་འཐུང་སོགས་གང་ལས་ཐོབ་ཀྱི་འདུག དེ་ཚོ་དང་སྐུ་དྲག་འབྲེལ་བ་རྩ་བ་ནས་མི་འདུག་གམ། ཧམ་པ་མ་བཤད་པར་སོ་སོས་སོ་སོ་དཔང་པོར་བཞག་སྟེ་དཔྱད་པ་གྱིས། ཁྱེད་རང་གིས་སྐུ་དྲག་གིས་བོད་བསྐྱལ་ཞེས་པ་ནི་ཤེས་ཚད་དང་མཐོང་རྒྱ་མེད་པའི་ཁྲོན་པའི་ནང་གི་སྦལ་པ་རང་རེད། ཨ་རོགས། ཁོ་རེ། སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང་ཞེས་པ་ལྟོས་དང། གོ་མིན་ཏང་གི་དམག་མི་ས་ཡ་བརྒྱད་དང་དེའི་རྒྱབ་རྩ་ཨ་རི་སོགས་མཐུན་ཕྱོགས་རྣམས་གུང་ཁྲན་ཏང་གི་འོག་ཏུ་རྩ་བ་ནས་ཕམ་པ་ཁྱེད་ཀྱིས་ད་དུང་ཡང་ཤེས་ཀྱི་མི་འདུག་གམ། འབེན་མ་མཐོང་བར་མུན་ནག་མདའ་གཏོང་མ་བྱེད། བོད་ལ་རྒྱ་མིས་ཐེ་བྱུས་བྱས་ནས་ལོ་ངོ་སུམ་བརྒྱའི་བྱུང་བ་ཡོད། ལོ་རྒྱུས་དེ་ཙམ་རིང་པོའི་ཁྲོད་གྲ་སྒྲིག་བྱས་ཡོད། ཁྱེད་རང་ནས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་སྟངས་དེ་ཁོང་ལ་གནོད་སྐྱེལ་བ་རང་རེད། རྒྱབ་སྐྱོར་བྱེད་སྟངས་འདི་འདྲ་ལ་མི་དམངས་ཞེན་པ་གཏིང་ནས་ལོག་འགྲོ་གི་རེད། གང་ལྟར་ང་ཚོ་ཁྱེད་དང་རྩོད་འདོད་མི་འདུག མི་ཁྱེད་རང་བཀའ་དྲིན་བསམ་ཤེས་མེད་པའི་མི་ཞིག་དང་། ལས་འབྲས་ལ་མི་བརྩི་མཁན་ཞིག་རེད་འདུག ཁྱེད་རང་གི་བཟོ་ལ་བལྟས་ན་ལོ་རྒྱུས་ཁྲོད་བྱུང་བའི་རིངག་གནས་གསར་བརྗེའི་སྐབས་ཀྱི་ཧུར་བརྩོན་ཅན་པ་ཟེར་བ་དེ་ཚོ་དང་གཉིས་སུ་མི་འདུག གཅིག་བྱས་ན་ཁྱེད་རང་ཧུར་བརྩོན་ཅན་པ་དེ་ཚོའི་ཕྲུ་གུ་ཡང་ཡིན་སྲིད། འོན་ཀྱང་ད་ཁོ་ཚོ་བོད་ནང་མི་གྲལ་ནས་བུད་དེ་ཡོངས་སུ་ཕམ་ཟིན་པ་རེད། ད་ཡང་རྒྱ་གར་ནས་འགོ་འཛུགས་འདོད་པ་མིན་ནམ།
ཧ་ཧ། ད་གད་མོ་སློང་གི་འདུག བློ་སེང་ལགས་བཀའ་ཁྲིར་འཁོད་ན་དགའ་ལྡན་གྲྭ་བག་གྲོས་ཆོས་རིག་བཀའ་བློན་བྱེད་རྒྱུར་རེ་སྒྱུག་བྱེད་པ་བཞིན། ཁྱོད་ཀྱིས་ཀྱང་འཕྲོད་བསྟེན་བཀའ་བློན་ཆགས་རྒྱུར་རེ་བ་བྱེད་ཀྱི་ཡོད་དམ། མ་ཟད་ཁྱོད་ཀྱིས་ཨོ་བྷ་མ་སླར་ཡང་འདིར་འཁྲིད་འདུག བློ་སེང་ལགས་ཀྱིས་ཨོ་བྷ་མ་དང་མཚུངས་བསྡུར་བྱས་པའི་རྒྱབ་སྣོན་ཡིན་ནམ། ངས་དྲང་པོར་བཤད་ན་ཁྱོད་རང་མི་ཤེས་ཡོན་ཅན་ཞིག་དང་ཕྱི་ནང་གི་གནས་ཚུལ་ལ་མཐོང་རྒྱ་ཐོས་རྒྱ་ཡོད་མཁན་ཞིག་རེད་མི་འདུག ཨོ་བྷ་མར་ཉམས་མྱོང་རྩ་བ་ནས་མེད་པའི་རྐྱེན་གྱིས་དམངས་གཙོ་ཚོགས་པའི་སྒྲོམ་གཞི་ལུག་ནས་སྤྱི་མཐུན་ཚོགས་པར་རྒྱབ་རྟེན་བཅོལ་བ་དང་། གྲོས་ཚོགས་འོག་པའི་དབང་ཆ་ཚང་མ་སྤྱི་མཐུན་ཚོགས་པར་ཤོར་བ་ཁྱོད་རང་གིས་ད་དུང་ཡང་གོ་ཐོས་མ་བྱུང་ངམ། འཛམ་གླིང་ནང་རྒྱ་གྲགས་བོད་གྲགས་བྱུང་བའི་གནས་ཚུལ་ཆེན་པོ་འདི་ལྟ་བུ་ཁྱོད་རང་གིས་མ་ཤེས་པར་ད་དུང་ཡང་བོད་མི་དམངས་ལ་མགོ་བསྐོར་གཏོང་འདོད་ནི་གད་མོ་སློང་ཡས་རང་རེད། ལྟོས་དང་ད་ཆ་ཨོ་བྷ་མ་ལ་དབང་ཆ་གང་འདུག ལས་དོན་གནད་འགག་ཆེ་རིགས་སྤྱི་མཐུན་ཚོགས་པའི་བཀའ་ཁྲོལ་སྒུག་རྒྱུ་མ་རེད་དམ། འདི་ཁྱེད་རང་ལ་ལྟོས་ཏེ་གསར་འགྱུར་ཡིན། འོན་ཀྱང་ང་ཚོས་གོ་ནས་ཟླ་ཤས་སོང་ཟིན།
སྨན་རམས་པའི་དུམ་བུ་གསུམ་པར།
དུམ་བུ་གསུམ་པའི་ནང་བཀའ་ཁྲིའི་འོས་དམིགས་ཚོའི་ཁྱད་ཆོས་གཙོའི་ཧ་ལམ་ལོ་ཆེ་ཆུང་ཡིན་པ་ལྟ་བུ་ཞིག་བཤད་འདུག་་
༡༽ང་ཚོ་བཙན་བྱོལ་གྱི་ལོ་རྒྱུས་ཀྱི་ལོ་ངོ་བཅུ་ཕྲུག་ལྔའི་ནང་ག་དུས་ཡིན་ནའང་མི་རབས་བརྗེ་འགྲོ་བ་དང་དབང་ཆ་རྩིས་སྤྲོད་བྱེད་ཀྱི་ཡོད།
༢༽བཅའ་ཁྲིམས་རིན་པོ་ཆེའི་ནང་བཀའ་ཁྲིའི་འོས་མིའི་རང་ལོ་ཆུང་ཚད་ནས་༣༥་ཞེས་བརྗོད་པ་ལས་ཆེ་ཚད་གང་ཡིན་གསུངས་མི་འདུག་་བཅའ་ཁྲིམས་ནང་ལོ་ཆེ་ཚད་དེ་འབྲི་རྒྱུ་ལུས་པ་ཡིན་ནམ།ཧཧཧཧཧ
༣༽ཨ་རིའི་སྲིད་འཛིན་རེ་གན་གྱིས་ཕྱི་ལོ་༡༩༨༡ནས་༡༩༨༨བར་སྲིད་འཛིན་བྱས་ཤིང་།་ཁོང་ཐོག་མར་སྲིད་འཛིན་བྱེད་དུས་རང་ལོ་༧༠དང་ལས་དུས་གཉིས་པ་རྫོགས་དུས་རང་ལོ་༧༧་ལ་ཕེབས་དུས།ཁོང་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་བྱས་རྗེས་ཆེ་ཤོས་ད་རེད།
རྒྱ་གར་གྱི་སྲིད་བློན་ཡང་རང་ལོ་༧༢ལ་སྲིད་བློན་བྱས་ཤིང་།རང་ལོ་༧༧ལོར་ལས་དུས་གཉིས་པ་བྱས་པ་རེད།ཁོང་ནི་རྒྱ་གར་གྱི་ཉེ་རབས་ལོ་རྒྱུས་ནང་དཔལ་འབྱོར་འཕེལ་རྒྱས་ཆེ་ཤོས་གཏོང་མཁན་གྱི་སྲིད་བློན་ཞིག་ཆགས་ཡོད།
རང་ཅག་གི་ཕུལ་བྱུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དགོངས་ལོ་༦༢བཀའ་ཁྲི་གནང་བ་དང།འདི་ལོ་དགོངས་ལོ་༧༢ལ་ལས་དུས་གཉིས་པ་རྫོགས་ཀྱི་ཡོད།ཁོང་ནི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལ་འགྱུར་བཅོས་དང་གསར་གཏོད་ཤུགས་ཆེ་ཤོས་གཏོང་མཁན་དེ་རེད།
གོང་གསལ་གནད་དོན་དེ་དག་གིས་གང་བསྟན་གྱི་ཡོད་དམ་ཞེས་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ལོ་ཡང་འཇོན་ཐང་དང་གསར་གཏོད་ཀྱི་ནུས་པ་སྔར་བཞིན་གནས་ཀྱི་ཡོད་པ་ཤེས་ཀྱི་ཡོད།
༤༽ཁྱེད་ཚོས་ནད་ཐོག་རྟགས་དཔྱད་སྐབས་གཏར་བསྲེག་གཅོད་གསུམ་གྱི་ལག་ལེན་དང་རྩ་གཟིགས་ལ་ལོ་མང་རིང་ཉམས་མྱོང་ཡོད་པའི་ཨེམ་རྗེ་བགྲེས་པ་དེ་ཚོར་ཡིད་ཆེས་དང་གདེང་མཆོག་ཆེ་བ་བྱེད་དམ།ཡང་ན་ཁྱེད་ལྟ་བུའི་སྨན་པའི་སློབ་གྲྭ་ཐོན་ནས་མྱོང་བ་ཆེར་མེད་པ་དེ་ཚོར་ཡིད་ཆེས་དང་གདེང་མཆོག་ཆེ་བ་བྱེད་ཁྱེད་ཀྱིས་དགོངས་པར་མངའ་གསལ་རེད།
༥༽ང་ཚོའི་བཀའ་ཁྲི་དེ་པོ་ལོ་རྩེད་མོའི་འགོ་གཙོ་འདེམས་ཀྱི་ཡོད་མ་རེད།
ཉམས་མྱོང་གི་བདག་པོ། ལྷག་བསམ་གྱི་འོད་མདངངས་རིང་དུ་འཚེར་བའི་བཀའ་ཟུར་བཀྲ་ཤིས་དབང་འདུས་ཁྱེད་ཅག་གིས་དོར་ཚར་འདུག དངོས་ཡོད་གནས་ཚུལ་མི་མཐོང་བའི་མི་བུ་རྐྱང་རྐྱང་རེད་ལགས།
དྲ་གྲོགས་ཚོ།
ངས་ཧོལ་རྒྱུག་བྱས་ནས་ཡིག་ནོར་ཤོར་འདུག་པའི་ནང་མ་བཅོས་ཐབས་མེད་ནི།
ཨང་ཀི་དང་པོའི་ནང་།ལོ་ངོ་བཅུ་ཕྲུག་ལྔའི་ཞེས་པ་དེ་ལོ་ངོ་ལྔ་བཅུའི་ཞེས་པར་བཅོས་རོགས།
ཐུགས་རྗེ་ཆེ།
སྨོན་རམས་པས་གསུངས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། གོང་དུ་མིང་མེད་མི་རྫུན་དེ་གཉིས་ཀྱིས་བོད་འདིར་ཡར་རྒྱས་ཡོད་ཚད་སྐུ་དྲག་གིས་བྱས་འབྲས་སུ་འདོད་པ་དེ་ནི་མི་བདེན་རྫུན་སྒྲིགས་འདིའི་རིགས་ལ་ཟུར་གནས་བོད་མི་སུས་ཀྱང་ངེས་ལེན་མི་ཞུ། བོད་ཀྱི་སྐུ་དྲག་ཚོས་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་ཇི་བྱས་རྒྱུས་མེད་ངེད་རྣམས་ཀྱིས་ཞེན་འདོད་རེར་གཙིས་སྐུལ་མི་ཞུ་ལ་སྐུ་དྲག་ཚོས་མིའི་སྤྱོད་ཚུལ་ལས་འདས་པའི་སྤྱོད་ངན་རིགས་རྣམས་ལོ་རྒྱུས་ཀྱི་དེབ་ཐེམས་སུ་གསལ་པོ་ཡོད་པ་དང་ ༡༩༥༩་ཡར་སྔོན་དུ་སྐུ་དྲག་དང་དངོས་སུ་རྒྱུད་མྱངས་བའི་བོད་མི་རྒན་གྲལ་རྣམས་ཀྱིས་བདེན་དཔང་ཡང་བྱེད་བཞིན་ཡོད་པས་ཁྱེད་གཉིས་ལ་བདེན་ཁ་སུས་སྦྱིན། གང་ལྟར་བློ་སེང་བཀའ་ཁྲྲིར་སྐབས་གསུམ་པར་སུས་ཀྱང་འགོག་མི་ཐུབ།
སྨན་རམས་པའི་དུམ་བུ་བཞི་པར།
དུམ་བུ་བཞི་པ་དེར་གོང་གསལ་རྣམས་དང་འདྲ་མཚུགངས་ལས་དམིགས་བསལ་ཟུར་དུ་གོ་རྒྱུ་གང་ཡང་མི་འདུག
སྤྱིར་ང་ཚོས་བཀའ་བློན་ཁྲི་པ་དེ་མི་རབས་གཞོན་པ་ཞིག་ལ་རེ་བ་བྱས་པའི་དབང་དུ་བཏང་རུང་།བོད་ཡིག་དང་བོད་ཀྱི་རིག་གནས་ལ་རང་མགོ་མ་ཐོན་ཞིང་།ཉམས་མྱོང་མེད་ལ།ལྷག་བསམ་དང་འཇོན་ཐང་ལ་དོག་གཞི་ཡོད་པའི་བློ་བཟང་སེང་གེ་ལགས་སུ་རེ་བ་བྱེད་དགོས་པའི་ངེས་པ་མ་མཐོང་།
དངོས་གནས་རེད། དེང་སང་སྨན་པ་རྙིང་པ་ལས་གསར་ཐོམས་པ་དེ་ཚོ་མཐོང་ཆེ་བ་ཡོད་ས་རེད། སྨན་རྩིས་ཁང་ནས་གསར་འཐོམ་པ་རྣམས་སློབ་གྲྭ་ཐོན་རྗེས་རྩེ་ཕུད་རིགས་རྣམས་ཉམས་གསོག་ཡིན་ཞེས་ཟླ་དྲུག་རེ་ཡན་ལག་སྨན་ཁང་ཁག་ལ་གཏོང་གི་འདུག འདི་ཡང་དོན་མེད་རྩེད་མོ་དང་ཁྱད་ཅང་མེད་པ་འདྲ། རྒན་བདག་འདེམས་ཀྱི་ཡོད་ཀྱང་ཡོད། པོ་ལོ་རྩེད་མོའི་འགོ་གཙོ་འདེམས་ཀྱི་ཡོད་ཀྱང་ཡོད། གང་ལྟར་རིག་གསར་སྐབས་ཀྱི་ཧུར་བརྩོན་ཅན་པ་ཁོ་རང་ཤེས། བོད་མི་ཡོངས་ལ་ཁྱད་མེད་ན། ང་ཚོ་སྒེར་ལ་བཀའ་ཁྲི་སུ་འཐོབ་ལ་ཁྱད་མེད་དོ། །
བློ་སེང་ལ་ཤེས་ཡོན་དང་འཇོན་ཐང་ཇི་ཙམ་ཡོད་ནའང་ངས་རྒྱབ་སྐྱོར་བྱས་འདོད་མེད་པ་དང་པོ་ནི། ཁོ་པ་དེ་སྔོན་ས་གནས་གཞོན་ནུའི་ཚོགས་གཙོ་ཡིན་སྐབས་ཆུ་བཞི་སྒང་དྲུག་ཐོག་དཔུང་ངོམ་ཆེ་དྲག་པ་དེ་ཡིན།
གཉིས་པ་། དབུས་སྐད་དང་དབུས་པའི་ལྟ་བ་ཆེ་དྲག་པར་མཐའ་ན་རང་གི་གཟང་ཟླ་ཡང་དབུས་ནས་ཡིན་པ་འདི་ཡིན།
གསུམ་པ། ་སོ་སོར་སྙན་གྲགས་ཆེ་བའི་མཐོ་སློབ་གཅིག་ཏུ་ཐོན་ཙང་འཛམ་གླིང་ཐོག་ངའི་སྒང་མི་ཧ་ལམ་མེད་བསམ་པའི་ལྟ་ཚུལ་གཟུང་འདུག།
བཞི་པ་།
སྨན༌རམ་པས་བྲིས་པའི་དོན་ཚན་བརྒྱད་པོ་དེར་ཧོབ་ཏུ་བལྟས་ན།རྒྱུ་མཚན་དྲ་ཆགས་ཡིན་མདོག་ཁ་པོ་དང་གལ་ཆེ་ཤོས་སོ་སོའི་ལྟ་ཚུལ་ཐོག་༸གོང་ས་མཆོག་གི་བཀའ་སློབ་གདན་འདྲེན་ཞུས་ཏེ་མི་གཞན་ལ་རང་གི་ཕྱོགས་རེ་བའི་ལྟ་སྟངས་དང་རྒྱུ་མཚན་ལ་ཡིད་ཆེས་བཟོ་ཐབས་བྱས་འདུག་ཀྱང་བློ་ཕམ་པ་ཞིག་ལ་ཧ་ཅང་སྤྱང་དྲགས་ན་རང་གི་ཞྭ་མོ་བརླགས་པའི་དཔེ་ལྟར།རང་གིས་སྐྱོན་བརྗོད་བྱེད་པའི་བརྗོད་གཞི་སྐུ་དྲག་ལམ་ལུགས་ལ་རང་གི་བརྗོད་དོན་ཆ་ནས་རང་ཉིད་རྒྱ་དམར་གཞུང་གི་བཤད་སྟངས་དང་གཅིག་འགྱུར་ཆགས་འདུག་པ་དཔེརན།་ད་ཕན་བཙན་བྱོལ་བོད་གཞུང་གི་བཀའ་ཤག་སྐབས་༡༤་བྱུང་ཟིན་ཁོངས་ནས་སྐབས་དང་པོ་༼༡༩༦༠༽བཀའ་བློན་རྣམས་ཕུད་དེ་བྱིངས་བཀའ་བློན་མང་ཆེ་བ་མི་མང་དཀྱུས་མ་ནས་སླེབས་པ་དང་།ལྷག་དོན་༸གོང་ས་མཆོག་ནས་མ་འོངས་བོད་ཀྱི་རྩ་ཀྲིམས་ཟིན་བྲིས་ཁྱབ་བསྒྲགས་གནང་བ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་གཉིས་པ་ནས་བཟུང་དེ་སྔའི་ཕ་བརྒྱུད་བུ་འཛིན་གྱི་སྐུ་དྲག་ལམ་ལུགས་མེད་པ་བཟོས་པའི་གསལ་བསྒྲགས་གནང་སྟེ་བོད་མི་མང་གི་ཚབ་མཚོན་པའི་སྤྱི་འཐུས་འོས་འདེམས་དང་ཁྱད་པར་དུ་ཕྱི་ལོ་་༢༠༠༡་ནས་བཟུང་བཀའ་བློ་ཁྲི་པ་བོད་མི་མང་ནས་ཐད་ཀར་འོས་འཕེན་ཐོག་ནས་འདེམས་བསྐོ་བྱས་པ་སོགས་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་ཐོག་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་དེར་རྒྱ་མིས་བཤད་པའི་གཞི་མེད་སྐྱོན་བརྗོད་དེ་སྨན་རམ་པ་ཉིད་ནས་ལད་མོ་བྱས་པ་ཞིག་ཆགས་ཀྱི་མི་འདུག་གས།དེ་ལྟར་མིན་ན་བཙན་བྱོལ་ནང་ཚར་ལོངས་བྱས་ཤིང་མི་ལོ་༣༠་ལྷག་བོད་མི་མང་ལ་ཞབས་ཕྱི་ཞུས་པ་དང་ལག་རྗེས་མིག་མཐོང་ལག་ཟིན་ཡོད་པ་ཞིག་ལ་རང་གིས་འགྲན་ཟླ་མི་ཆོག་བསམ་ནས་སྐུ་དྲག་ལམ་ལུགས་བསྐྱར་གསོ་བྱས་ལུགས་ཤོད་ཚུལ་དེ་ནི་ཤིན་ཏུ་བོད་མིའི་ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཐ་ཤལ་ཞིག་རེད།མི་རབས་གསར་རྙིང་བརྗེ་ལེན་ནམ་ཡང་ན་མི་རབས་གསར་པར་རྩིས་སྤྲོད་བྱེད་དགོས་ཟེར་བ་བརྗོད་ཚུལ་ཞིག་ཡིན་པ་དང་འཇིག་རྟེན་ལུགས་ཀྱི་འགྲོ་སྟངས་ཞིག་ཡིན་མོད།འོན་ཀྱང་སྦྱང་པའི་ཡོན་ཏན་ཡོད་ཟེར་ལྷན་སྐྱེས་ཀྱི་ཤེས་ཡོན་མེད་ལ་ལས་ཀྱི་མྱོང་བ་མེད་པ་མ་ཟད་རང་གི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མེད་པའི་ཚིག་སྐམ་སྟོང་བཤད་བྱེད་མཁན་བུ་ཁ་པོ་ཅན་ཞིག་ལ་ཕ་མ་བྱས་པ་ཅན་གྱིས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་པའི་རྒྱུ་དངོས་རྣམས་ཇི་ལྟར་རྩིས་སྤྲོད་བྱེད་ཐུབ་བམ།གལ་ཏེ་རྩིས་སྤྲོད་བྱས་པའི་དབང་དུ་བཏང་ཡང་ཟླ་ཤས་ལས་མི་འགོར་བརལས་རྙོག་ལུང་པ་གང་བཟོས་ཏེ་རི་མྱིལ་བ་ཐག་པས་མི་འདུམ་ཞིག་བྱུང་ན་སླར་ཡང་༸གོང་ས་མཆོག་དང་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེར་ལས་རྙོག་རྣམས་སླར་གསོ་གནང་རོགས་ཞེས་ཞུ་དགོས་ཆགས་ན་ད་ལྟའི་བོད་འདི་ཆགས་འཇིགས་ཀྱི་གནས་སུ་ལྷུང་བ་དེ་སྐྱོབས་མཁན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཁ་ཐོར་ཡ་བྲལ་ལ་སོང་ན་རྒྱ་མིའི་འདོད་དོན་ལྟར་བསྒྲུབ་སྲིད་པའི་སྐད་ཆ་དེ་རྣམས་མ་བཤད་ན་ལེགས།་དེ་ལས་ད་ཕན་བོད་གཞུང་མང་ལ་སྲི་ཞུ་གཟེངས་སུ་ཐོན་པ་བསྒྲུབ་མྱོང་བ་དང་།་རང་གི་ལྟ་ཚུལ་དང་ལངས་ཕྱོགས་བརྟན་པོ་ཡོད་པ།་ཕྱི་ནང་གི་ཤེས་ཡོན་ཕན་སུམ་ཚོགས་པོ་ཡོད་པ་ལོ་ཡང་ཆེ་མ་དྲག་ཆུང་མ་དྲག་པའི་ཡ་རབས་བཟང་སྤྱོད་ལྡན་པའི་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་ཕེབས་ཐུབ་ན་བཙན་བྱོལ་བོད་གཞུང་ད་ཡོད་རྨང་གཞིའི་ཐོག་ལས་དོན་གང་ཅིར་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པ་དང་།་ལྷག་དོན་ད་ལྟ་བཙན་བྱོལ་ནང་མཐོ་་སློབ་ཁག་ནས་ཐོན་ཟིན་པའི་ལས་མེད་བརྒྱ་ཕྲག་མང་པོ་དང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་ཡོད་བཞིན་པའི་ལས་མེད་གཞོན་སྐྱེས་རྣམས་ལ་རང་ཁ་རང་གསོ་ཐུབ་པའི་གོ་སྐབས་ཞིག་ཏན་ཏན་འཐོབ་སྲིད་པ་རེད།་རྒྱུ་མཚན་ནི་ཁོང་གིས་ད་ཕན་བོད་མི་གཅིག་སྟོང་ཨ་རིར་བཏང་གནང་བ་དང་ཨ་རིའི་ཕུར་བེག་མཐོ་སློབ་གཙོས་སློབ་གྲ༌ཁག་ནང་བོད་རིགས་གཞོན་སྐྱེས་མང་པོ་འགྲོ་ཐུབ་པ་ནི་ཁོང་གིས་འབད་བརྩོན་གནང་བའི་གྲུབ་འབྲས་རེད།དེང་སྐབས་ཨ་རིིར་ཡོད་པའི་བོད་པ་མང་ཆེ་བས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ལྷག་དོན་ཨ་རིའི་བྷོ་སེ་ཌོལ་ལ་གནས་འཁོད་བོད་མི་མང་ཆེས་བས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ལས་ཚིག་སྐམ་སྟོང་བཤད་ཁོ་ནས་མི་ལ་མགོ་སྐོར་གཏོང་མཁན་བློ་སེང་ལ་སོ་སོའི་སྡོད་ས་རང་ནས་རྒྱབ་སྐྱོར་མི་བྱེད་པར་སྐྱོན་བརྗོད་ཀྱི་སྦྲགས་ཡིག་རྷ་ས་གཙོས་ཕྱོགས་གང་དུ་་བཏང་ནས་འབྱོར་ཡོད་པ་དེ་ནས་ཀྱང་གསལ་པོ་ཧ་གོ་ཡི་འདུག་མདོར་ན་སྨན༌རམས་པ་དོན་ཚན་བརྒྱད་པོ་དེ་དྲ་རོགས་གཅིག་གི་བཤད་པ་ལྟར་ཞིབ་ཏུ་བལྟས་ན་བཀའ་སློབ་ལུང་དུ་དྲངས་ཏེ་རང་གི་ལྟ་ཚུལ་ལ་རྒྱུ་མཚན་ཡང་དག་བསྒྲུབ་མ་ཐུབ་པར་ཁ་མཁས་དྲ་ཆགས་ཀྱིས་གཞན་ལ་རྨོངས་འཇུག་པ་ཙམ་ལས་བློ་སེང་ལ་དོན་དངོས་ཕན་ཐོགས་རྒྱུའི་ཚབ་ཏུ་གནོད་སྐྱོན་ཡོང་གཞི་འདུག་ན་མ༌འོངས་པའི་འཕྲོད་བསྟེན་བཀའ་བློན་གྱི་ཉིན་མོའི་རྨི་ལམ་དེ་མ་ཡལ་ཆེད་ད་དུང་མུ་མཐུད་རིག་པ་རྣལ་དུ་ཕབ་ནས་ད་ཕན་བློ་སེང་གིས་བོད་གཞུང་མང་ལ་ཁ་ཡོད་ལག་ཡོད་ཀྱི་ལག་རྗེས་གང་དང་གང་བཞག་ཡོད་འཚོལ་བསྒྲུབ་ཀྱིས་བསྐྱར་དུ་དོན་ཚན་བརྒྱད་བྲིས་ཡོང་ན་བློ་གཟུ་བོར་གནས་པའི་མི་རྣམས་ཀྱིས་ཁྱེད་ལྟར་བླ་སེང་ལ་ཐ་མའི་འོས་འཕེན་རོགས་བྱ་སྲིད་དེ་ལུགས་ཤུགས་རྒྱོབ་ཨང་།བཀའ་ཁྲི་སུ་ལ་འཐོབ་ཀྱང་དེ་ལ་བརྩི་བཀུར་ཞུ་དགོས་པ་ནི་བཙན་བྱོལ་གཞུང་ལ་བརྩི་བཀུར་ཞུས་པ་དང་རྒྱུ་མཚན་གཅིག་པ་རེད།
ཁྱེད་རང་གི་བཤད་པ་དེ་ཧ་ལམ་བདེན་པ་རེད་ ཡབ་གཞིས་གསང་བ་ཆེན་མོའི་སྐུ་དྲག་རིང་ལུགས་མེད་པ་བཟོ་རྒྱུའི་དགོངས་པ་དང་་༥༩་ལོའི་དུས་འགྱུར་སྐབས་མི་མང་གི་གྱེན་ལངས་གི་ཁ་གཏད་ཞིག་ནི་སྐུ་དྲག་དང་བོད་གཞུང་ལ་ངོ་རྒོལ་བྱས་པ་རེད་ དེའི་ལོ་རྒྱུས་བརྒྱུད་རིམས་ལ་བལྟས་ན་ད་ཆ་རྒྱལ་ལོ་དོན་གྲུབ་ཀྱི་ལོ་གཞོན་པར་རྒྱབ་སྐྱོར་བྱེད་བབས་འདི་ལ་བལྟས་ན་ཏག་ཏག་ཡབ་གཞིས་མངའ་ཐང་རྒྱས་རྒྱུར་གདོན་མི་ཟ་བ་རེད་་ཆབ་སྲིད་ཐོ་གབློ་སེང་གི་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ བློ་སེང་ཡབ་གཞིའི་སྒོ་ཁྱི་ལྟ་བུ་ཞིག་ཆགས་འགྲོ་གི་རེད་
འོན་ཀྱང་གཉན་འཕྲང་གི་དུས་ཚོད་འདིར་ཛ་དྲག་གི་བསམ་བློ་གཏོང་དགོས་ཤིང་ འདས་པའི་ལོ་ལྔ་བཅུའི་དཀའ་ངལ་གྱི་འགྲུབ་འབྲས་དེ་མི་མང་ཐོག་སྨིན་དགོས་པ་དང་ཆབ་སྲིད་ཀྱི་སྒྲོམ་གཞི་བརྟན་པོ་ཞིག་ཡོད་པའི་ཐོག་འགྱུར་བ་གང་ལ་གང་འོས་གཏོང་ཕོད་མཁན་ནི་མཁས་མཛངས་ཉམས་མྱོང་ཅན་གྱི་བཀའ་ཟུར་བཀྲིས་དབང་འདུད་ལགས་ཆག་ས་ཀྱི་རེད་
མཐའ་མའི་འོས་བསྡུའི་ནང་བློ་སེང་ལ་འོས་ཤོག་བླུགས་མཁན་ཆེས་ཉུང་དུ་འགྲོ་རྒྱུའི་གནས་སྟངས་ནི་ཉེ་འཆར་བློ་སེང་སྐོར་གནས་ཚུལ་མང་པོ་ཞིག་མི་མང་ཐོག་གཅིག་མཇུག་གཉིས་མཐུད་ཀྱི་ཐོན་པ་སྟེ་བློ་སེང་ཁོ་རང་དྲི་བ་འདི་ཚོར་ལན་རྒྱག་རྒྱུ་ཁོ་ནར་དུས་ཚོད་སྐྱེལ་དགོས་པ་ཆགས་ཡོད་རེད་
སྨན་པ་ཚོ་ཆབ་སྲིད་ནང་དུ་འཛུལ།ཆོས་པ་ཚོ་ཆབ་སྲིད་ནང་དུ་འཛུལ།གང་ཡང་མི་ཤེས་མཁན་ཚོས་ཆབ་སྲིད་ཀྱི་དཔྱད་གླེང་བྱེད་ཁུལ་བྱས།
རྙོག་འཛིངས་ཀྱི་ཁོར་ཡུག་ལ་ཟིང་ཟིང་གི་ཐིག་འཐེན།
སྔོན་འགྲོ་ལ་འོས་མང་པའི་རྒྱུ་རྐྱེན་གཉིས།
ཟིང་ཟིང་དང་མགོ་རྙོག་མང་དུ་བཟོས་པ།
འོས་ཐོབ་པའི་ཆེད་དུ་བཟང་སྤྱོད་དོར་བ།
བདེན་རྫུན་དབྱེ་འབྱེད་མེད་པར་མི་མང་གིས་ཧམ་རྒྱུག་བྱས་པ་བཅས་ཀྱིས་རེད།གསལ་པོ་རེད།
སྐུ་དྲག་ཟེར་བའི་མིང་ཙམ་ལ་ང་སྔོན་མར་འཐམས་མྱོང། ཡིན་ནའང། ༥༩ གོང་གི་ལྷ་སའི་འབྲེལ་ཡོད་ལོ་རྒྱུས་ཚོ་ལྟ་ཀློག་འདྲ་བྱས། བཙན་བྱོལ་ལ་འབྱོར་རྗེས་ཀྱི་སྐུ་དྲག་ཚོའི་ལོ་རྒྱུས་ལ་ལྟོས་པ་ཡིན་ན། ང་ཚོས་སྐུ་དྲག་ལ་དབྱེ་བ་བཀར་དགོས་པར་མཐོང་ལ། དབུས་གཙང་ཁུལ་དུ་ལོ་རབས་ག་ཚོད་ནས་ག་ཚོད་བར་དུ་སྐུ་དྲག་གི་ཁྱིམ་བརྒྱུད་ཀྱིས་གཞུང་གི་ལས་དོན་ལ་ཤུགས་རྐྱེན་ཐེབས་ཚུལ། ཤུགས་རྐྱེན་དེ་མི་རིགས་ཀྱི་ལས་དོན་ཕན་གནོད་ཅི་ལྟར་འབྲེལ་ཡོད་མེད་དཔྱད་པས་བློ་མིག་འདྲ་ཡོད་ན་སྐུ་དྲག་ཅེས་ཁ་ཡར་ལ་བཀྱག་ནས་སྨྲས་ཆོག་པར་སེམས་ནའང། སྨན་རམས་པའི་སྐུ་དྲག་ནི་སྲང་བར་གྱི་སྐུ་དྲག་ལས་ཞེ་དྲག་བརྒལ་མི་འདུག་བསམས། ཐུགས་ལ་ཕོགས་ན་དགོངས་འགལ་མེད་པ་ཞུ།
ཨོ་ཧོ། རིན་པོ་ཆེ་འདི་པ་གཞན་དང་མི་འདྲ་བའི་དྲང་པོ་ཞིག་འདུག མ་ཟད་བཀའ་མོལ་ཚང་མ་གནད་ལ་འཁེལ་འདུག དངོས་གནས་མི་ལོ་ལྔ་བཅུའི་རིང་དབད་པས་བསྒྲུབས་པའི་གྲུབ་འབྲས་རྣམས་ཐོད་དཀར་བ་འགའ་ཞིག་ནས་ཏག་ཏག་བཟོས་མི་ཡོང་ངམ་སྙམ་ནས་ཞེད་ཀྱི་འདུག བློ་སེང་ལགས་བཀའ་ཁྲིར་འཁོད་པ་ཡིན་ན། ཁོ་རང་ལ་སྐྱིད་པ་ཉི་མ་གཅིག་ཡོང་གི་མ་རེད། ལས་བྱེད་གསར་རྙིང་ནང་ཁུལ་འགྲན་རྩོད་ཀྱི་རྙོག་གྲའི་ལེའུ་ཞིག་འགོ་བཙུགས་ཏེ་ནུས་པ་ཚང་མ་ནང་ཁུལ་རྩོད་རྙོག་ཁྲོད་སིམ་པ་དང། བཙན་བྱོལ་བོད་གཞུང་གི་མི་མངོན་པའི་ནུས་ཤུགས་དེ་གངས་སྐྱིད་ཀྱི་ར་བ་ལས་བརྒལ་ཐུབ་ཀྱི་མ་རེད་ཅེས་ངས་དེ་སྔོན་བཤད་མྱོང་། ད་དེ་ལྟར་མི་ཡོང་བའི་སྨོན་ལམ་རྒྱག་རྒྱུ་རེད།
ཨོ་ཧོ། རིན་པོ་ཆེ་འདི་པ་གཞན་དང་མི་འདྲ་བའི་དྲང་པོ་ཞིག་འདུག མ་ཟད་བཀའ་མོལ་ཚང་མ་གནད་ལ་འཁེལ་འདུག དངོས་གནས་མི་ལོ་ལྔ་བཅུའི་རིང་དབད་པས་བསྒྲུབས་པའི་གྲུབ་འབྲས་རྣམས་ཐོད་དཀར་བ་འགའ་ཞིག་ནས་ཏག་ཏག་བཟོས་མི་ཡོང་ངམ་སྙམ་ནས་ཞེད་ཀྱི་འདུག བློ་སེང་ལགས་བཀའ་ཁྲིར་འཁོད་པ་ཡིན་ན། ཁོ་རང་ལ་སྐྱིད་པ་ཉི་མ་གཅིག་ཡོང་གི་མ་རེད། ལས་བྱེད་གསར་རྙིང་ནང་ཁུལ་འགྲན་རྩོད་ཀྱི་རྙོག་གྲའི་ལེའུ་ཞིག་འགོ་བཙུགས་ཏེ་ནུས་པ་ཚང་མ་ནང་ཁུལ་རྩོད་རྙོག་ཁྲོད་སིམ་པ་དང། བཙན་བྱོལ་བོད་གཞུང་གི་མི་མངོན་པའི་ནུས་ཤུགས་དེ་གངས་སྐྱིད་ཀྱི་ར་བ་ལས་བརྒལ་ཐུབ་ཀྱི་མ་རེད་ཅེས་ངས་དེ་སྔོན་བཤད་མྱོང་། ད་དེ་ལྟར་མི་ཡོང་བའི་སྨོན་ལམ་རྒྱག་རྒྱུ་རེད། དེ་བས་མི་དམངས་རྣམས་མགོ་བོ་མི་རྨོངས་པའི་རེ་བ་ཡོད།
མང་པོ་བཤད་སོང་། མང་པོ་གོང་སོང་། སྐུ་དྲག་གིས་མ་འཇོན་པའི་དབང་དུ་བཏང་ན་སྐུ་དྲག་མ་ཡིན་པས་འཇོན་པའི་རྒྱུ་མཚན་གང་རེད།
རྒན་རབས་བཀའ་ཁྲིར་མ་འོས་ན་གཞོན་རབས་འོས་པའི་གཏན་ཚིགས་གང་ན།
༧གོང་ས་མཆོག་སྤྱི་ཡི་ཉི་མ་སྤྱི་པར་མ་གཞག་པར་ཉེ་ཚེ་བ་ག་གེ་མོའི་རྒྱབ་རྟེན་དུ་བེད་སྤྱོད་མ་གཏོང་རོགས། ཐུགས་རྗེ་གཟིགས། མེ་ཏོག་དཀར་པོའི་འོས་ཤོག་དེ་་་་་་་་་་་་་་་་་དེ་ལའོ།།
རང་དབང་རྒྱལ་ལོ། །བདེན་པ་རྒྱལ་ལོ། །
ཡིན་ནའང་བཀའ་ཁྲིར་སུ་ཕེབས་ནའང་གུས་བཀུར་དང་རྒྱབ་སྐྱོར་རེ་བ་བཅས་ཡོད།
ཁྱེད་རང་གིས་བྱས་ན་བློ་སེང་མཆོག་ལ་འོས་མང་ཤོས་ཐོབ་པའི་རྒྱུ་ངོ་མ་དེ་དྲང་པོ་བྱས་ཏེ་བཤད་གང་ཡིན་ཤོདང། སྐྱག་རྫུན་མ་ཤོད་ཨང་།
ཕྱི་ལོ་ ༢༠༡༠།༡༢།༢༡ ལ་སྩལ་བའི་བཀའ་སློབ་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔོན་འགྲོའི་འོས་ལ་ཕན་གནོད་ཀྱི་འབྲེལ་བ་གྲུབ་སྟངས་གང་འདྲ་རེད།
སྤུ་གྲོགས་ཚོའི་གཟིགས་དང་།
ལག་རྒྱའི་བདག་པོ་དང་་་bbcཟེར་བ་ཁོང་གཉིས་རྩོམ་ཡིག་ལ་ལྟོས་དང་།
བློ་སེང་ལ་མ་ཉེས་སྐྱོན་འཛུག་ལས་ལེགས་ཆ་གང་མེད་། ཁོང་གཉིས་མིང་སོ་སོར་བྲིས་པ་ཙམ་ལས་མི་གཅིག་རེད་།
སྨན་རམས་པའི་དུམ་བུ་ལྔ་པར།
༡༽བོད་མི་རིགས་ཀྱི་གཞི་རྩའི་རང་དབང་དང་།་ཆོས།ཁོར་ཡུག་་བཟང་སྤྱོད་བཅས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གདོང་ལེན་དང་འཐབ་རྩོད་བྱེད་གལ་གསུངས་པ་དོན་ལ་གནས་ཀྱང་བཀའ་ཁྲི་དེ་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཞིག་དགོས་པའི་ངེས་པ་མེད།་
༢༽བློ་བཟང་སེང་གེ་ལགས་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཡིན་པར་ཁྱེད་ཁོ་ནའི་སྣང་ངོར་འདོད་པ་ལས་དོན་ངོ་མར་ཁོང་ལ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་བྱེད་ལས་ཚང་ཨེ་ཡོད།ཁོང་གིས་ད་བར་རྒྱལ་སྤྱིའི་དཀའ་རྙོག་གང་ཞིག་ཁྲིམས་རྩད་གནང་མྱོང་ངམ།དེ་བས་ཁྲིམས་བརྩད་ནས་ཐོབ་མྱོང་ཡོད་དམ།
༣༽ངས་གོ་བར་གཞིགས་ན་བོད་པའི་ཚོགས་སྡེ་མང་པོ་ལོ་མང་རིང་འབད་བརྩོན་གནང་བ་བརྒྱུད་ཡོ་རོབ་ཀྱི་སེ་ཕན་རྒྱལ་སྤྱིའི་ཁྲིམས་ཁང་དུ་རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་དཔོན་རིགས་ཁ་ཤས་ཁྲིམས་སྦྱོར་གྱོད་གཏུགས་བྱས་པའི་ཁྲིམས་རྩོད་པར་བློ་སེང་འོས་སྦྱོར་བྱས་ཀྱང་།ཁོང་གིས་ཁྲིམས་རྩོད་མ་ཐུབ་པར་ཁྲིམས་གཏུགས་ཕྱིར་འཐེན་བྱ་དགོས་བྱུང་འདུག་་གནས་སྟངས་དེ་འདྲར་མ་འོངས་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཇི་ལྟར་བརྩད།
༤༽དེ་བས་བཀའ་ཟུར་བཀྲས་མཐོང་གིས་ལོ་ཤས་སྔོན་ནས་བོད་ཀྱི་བདེན་མཐའ་སེལ་ཆེད་མི་རིགས་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་དེ་རང་རེའི་སྤྱི་ཚོགས་སུ་གསར་གཏོད་དང་།དར་སྤེལ་གཏོང་གནང་མཛད་ཡོད།དེ་ནི་དེང་སྐབས་གལ་ཆེན་པོ་ཆགས་ཡོད།
དེ་ཡང་སྔ་ལོ་ལྷོ་ཨཕེ་རི་ཀའི་སུད་ཏན་རྒྱལ་ཁབ་དུ་མི་རིགས་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ལག་ལེན་གྱི་འོས་བསྡུ་བྱས་པ་བརྒྱུད་ཟླ་བ་གོང་མར་སུད་ཏན་ལྷོ་མ་དེ་བྱང་མའི་འོག་ནས་རང་བཙན་ཐོབ་ནས་འཛམ་གླིང་གི་རྒྱལ་ཁབ་ལོ་ན་ཆུང་ཤོས་དེ་ཆགས་ཡོད།་དེ་ནི་དེང་སྐབས་རྒྱལ་སྤྱིའི་ཉམས་ཞིབ་པ་རྣམས་ཀྱི་སྐད་ཆ་ཤོད་དུས་དཔེ་མཚན་དྲངས་ས་ཞིག་ཏུ་གྱུར་ཡོད།
༥༽ ད་དུང་བཀའ་ཟུར་བཀྲས་མཐོང་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་དེབ་སྐྱེལ་ཡོད་པའི་ཚོགས་པ་ཞིག་དུ་གྱུར་འབད་བརྩོན་བྱེད་དགོས་སྐོར་གསུང་པ་འཕྲལ་ཕུགས་རྒྱང་གསུམ་གྱི་བྱ་རླབས་ཆེན་ཞིག་རེད།
དེ་ཡང་གནས་ཚུལ་གཞན་ཞིག་ནས་དྲངས་ན།ལྷན་རྒྱས་ཚོས་ཡི་ཤུའི་བླ་ཆེན་མཁྱེན་གི་རེད་པཱ། པོབ་ཟེར་བ་དེ། ཡི་ཤུའི་བླ་ཆེན་དེ་ཡི་ཤུའི་ཚང་མའི་སྐུ་ཚབ་མ་རེད། ཡི་ཤུའི་ནང་གི་ Catholic ཟེར་བ་ཁོང་ཚོའི་སྐུ་ཚབ་ཞིག་རེད། ཁོང་ཚོའི་སྐུ་ཚབ་དེ་ལོ་བརྒྱ་གཉིས་བརྒྱ་གོང་གི་གནས་ཚུལ་རེད་དེ། ཐབས་ཤེས་བྱས་ནས་རིམ་པས་རིམ་པས་ཡི་ཤུའི་ཚོགས་པ་དེ་ངོས་འཛིན་བྱས་པ་རེད། ངོས་འཛིན་ཡོད་པའི་མི་ཚད། རྒྱལ་ཁབ་ཅིག་ནང་བཞིན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང། དེང་སང་དུས་ཚོད་འདིར་འཛམ་བུ་གླིང་འགྱུར་བ་འགྲོ་བའི་སྒང་རེད།
ཨུ་ནེ་༧རྒྱལ་བ་རིན་པོ་ཆེའི་དགའ་ལྡན་ཕོ་བྲང་དེ་རྒྱལ་སྤྱིའི་སྒང་ནས་ཐབས་ཤེས་མེད་པ་ག་རེ་ཡིན་ནམ་བསམ་གི དཔེར་ན་ང་ཚོས་འགོ་བཙུགས་པ་ཡིན་ན། རྩ་བའི་ཞིབ་ཕྲ་ཁྲིམས་ཤེས་མཁན་དང་ཁྲིམས་རྩོད་པ་ཚད་ལྡན་གྱི་ཐོག་ནས་མཉམ་རུབ་བྱེད་དགོས་པའི་ལས་ཀ་རེད་དེ། གཙོ་བོ་རྡོག་རྡོག་ཞུས་པ་ཡིན་ན། བོད་པའི་དགོན་པ་དང་བོད་པའི་ཆོས་ཚོགས་རེད། ༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་ནང་ཆོས་ཀྱི་དབུ་ཁྲིད་ཡིན་པ་ངོས་འཛིན་བྱེད་ཀི་རེད། དེ་ཕལ་ཆེར་ཐེ་ཚོམ་མེད་པར་ཞུ་ཀི་རེད་བསམ་གི་འདུག
དེ་ནང་བཞིན། ལ་དྭགས་དང་འབྲུག འབྲས་ལྗོངས། བལ་ཡུལ་དེ་ཚོའི་ནང་ལ་ང་ཚོའི་བོད་རིགས་གཅིག་པ་ཟེར་དགོ་རེད་པས། ཧི་མ་ལའི་རི་བརྒྱུད་ཀྱི་མི་མང་པོ་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་སྒྲིག་འཛུགས་དེ་ཚོས་ངོས་འཛིན་ཏན་ཏན་ཞུ་གི་རེད་བསམ་གི དེ་ངོས་འཛིན་མ་ཞུས་ན་ངོས་འཛིན་ཞུ་ས་ཡོད་པ་མ་རེད། རང་བཞིན་གྱིས་བོད་མི་ལས་བརྒལ་བའི་ཧི་མ་ལའི་རི་བརྒྱུད། ལ་དྭགས་དེ་ཚོ་བརྩིས་པ་ཡིན་ན་རྒྱ་གར་རེད། དེ་བཞིན་བལ་ཡུལ་དགོན་པ་དེ་ཚོ་བརྩིས་ན་རང་བཞིན་གྱིས་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་འགྲོ་གི་རེད་བསམ་གི་འདུག
དེ་མ་ཟད་སོག་ཡུལ་ལ་སོག་པོ་ཚོར་ནང་ཆོས་ཐད་བསྐྱར་གསོ་ཆེན་པོ་བྱས་ཡོད་རེད། དེའི་ནང་མཁན་པོ་དང་ཆེ་ཁག་དེ་ཚོ་རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་སར་ཕྱག་དཔེ་གཟིགས་མཁན་དེ་འདྲ་རེད། དེའི་ངོ་ཕྱོགས་ནས་ངོས་འཛིན་ཡོང་གི་རེད་བསམ་གི་འདུག དེས་མ་ཟད། ཨུ་རུ་སུའི་ནང་ཁལ་མུག་ཟེར་བ་དེའི་བླ་ཆེན་དེ་རྟག་པར་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བཅར་མཁན་ཞིག་རེད། ངོས་འཛིན་བྱེད་ཀྱི་རེད།
ལྷག་པར་ཡོ་རོབ་དང་བྱང་ཨ་རིའི་མངའ་ཁུལ་ཨོའོ་ཀྲུའུ་ལེ་ཡ་བཅས་སུ་༸གོང་ས་མཆོག་གི་ཤུའི་གས་རྐྱེན་ཡོད་པའི་ཆོས་ཚོགསསྟོང་ཕྲུག་རྒལ་བ་ཡོད་དུས་༸ཏཱ་ལའི་བླ་མའི་སྒྲིག་འཛུགས་དང་གནད་དོན་དེ་ཡང་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་ནི་དགོངས་གཞི་རླབས་པ་ཆེ་ཞིག་ཡིན་པས་ང་ཚོ་བོད་མིའི་ཚོགས་སྡེ་ཚང་མས་ད་ཐེངས་ཀྱི་འོས་བསྡུའི་གནད་དོན་ཙམ་ལ་དམིགས་པ་མ་ཡིན་པར་དོན་དེར་བསམ་གཞིགས་ནན་ཏན་གྱོ་དུ་འཁུར་གནང་དགོས་གལ་མཐོང་།
སྨན་རམས་པའི་དུམ་བུ་དྲུག་པར།
སྨན་རམས་པ་ལགས་ཀྱིས་༸གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་སྲོལ་ཡོད་པ་བཞན་གང་གི་གསུང་གི་དུམ་བུ་ཞིག་དྲངས་འདུག་་གང་གིས་གསལ་པོ་གསུངས་འདུག་ཀྱང་ཁྱེདརང་གིས་༸རྒྱལ་བའི་དགོངས་པ་རྟོགས་མི་མི་འདུག་་དགོངས་གཞི་ངོ་མ་ནི་ང་ཚོས་མ་འོངས་བོད་ཀྱི་སོན་རྩ་ཞེས་བརྗོད་ཀྱི་ཡོད་པ་བཞིན།མི་རབས་གསར་པ་རྣམས་ཀྱིས་རང་གིས་ཤེས་ཡོན་ངོམ་ནས་ལས་རིགས་སྣེ་མང་ཐོག་བྱས་རྗེས་དང་།་གྲུབ་འབྲས།་ཉམས་མྱོང་བཅས་བསགས་རྗེས་ད་གཟོད་གཞོན་སྐྱེས་དེ་དག་འཛམ་གླིང་ཁ་ལོ་བསྒྱུར་མཁན་ཞིག་ཆགས་ཀྱི་ཡོད་སྐོར་གསུང་གི་ཡོད་པ་རེད།
དེ་བཞིན་ང་ཚོས་གཞོན་སྐྱེས་ལ་གོ་སྐབས་སྤྲོད་དགོས་པ་བདེན་དུ་མཆིས་ཀྱང་།ངེས་པར་བཀའ་ཁྲིའི་ཞབས་སྟེགས་དེ་རྩོད་དགོས་པའི་དགོས་པའི་ངེས་མ་མཆིས།གཞོན་སྐྱེས་རྣམས་རྟ་ལ་རྒྱུག་རྒྱུ་ཡོད་ན་བྱང་ཐང་སྟོང་པ་རེད་ཅེས་པ་ལྟར་བོད་གཞུང་དང་ཚོགས་སྡེ་ཁག་གི་ནང་ལས་ཚན་མ་འདྲ་བ་མང་པོ་ཡོད་པ་དེ་ཚོའི་ནང་ཕེབས་དང་གོ་སྐབས་ཡོད་ཡོད་པ་རེད།
སྨན་རམས་པའི་དུམ་བུ་བདུན་པར།
༡༽དུམ་བུ་འདིའི་ནང་ར་མགོ་ལུག་འབྱར་དང་།་ཞྭ་དཔེ་ལྷམ་འགེབ་ཀྱི་ཡང་སྐྱར་སྐུ་དྲག་ལ་ངན་དམོད་བྱས་འདུགདེ་ནི་གོང་དུ་བརྗོད་ཟིན་པས་བསྐྱར་གླེང་གི་དགོས་པ་མཆིས།
༢༽བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཐོག་མར་བཀའ་ཁྲིར་ལངས་དུས་རང་ཉིད་དང་ཨོ་བྷཱ་མ་གྲལ་གནས་གཅིག་ཏུ་བཞག་ནས་གཏམ་བཤད་མང་པོ་བྱེད་ཀྱི་ཡོད།་ལྟ་ཚུལ་དེར་སྤྱི་ཚོགས་ནང་མི་འོས་པའི་བསམ་ཚུལ་གླེང་གྲགས་ཆེན་པོ་བྱུང་སྟབས་དེང་སང་ཁོང་གིས་དེ་འདྲ་གསུང་གི་མེད།འོན་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲོད་ནས་གླེང་མཚམས་བཞག་མེད།
ཨོ་བྷཱ་མའི་ཉམས་མྱོང་སྐོར་བརྗོད་ན།ཁོང་ཧ་ཝར་དུ་སློབ་སྦྱོང་གནང་སྐབས་གྲགས་ཅན་ཁྲིམས་ལུག་ཞིབ་འཇུག་གི་དུས་དེབ་རྩོམ་སྒྲིག་པ་གནང་མྱོང་།སློབ་གྲྭ་ཐོན་རྗེས་ཨ་རིའི་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་ཆེན་མོ་གནང་མྱོང་།དེ་རྗེས་ཨ་རིའི་དབུས་སའི་གྲོས་ཚོགས་ནང་འགན་འཁུར་ཡོད་པའི་ལས་དོན་སྣེ་མང་ཐོག་གྲུབ་འབྲས་ཡོད་པའི་ལས་ཀ་གནང་མྱོང་བ་མ་ཟད།གྲོས་ཚོགས་ནང་ཕྱོགས་ཁག་ཕན་ཚུན་གྱི་ཆབ་སྲིད་ཀྱི་དམག་འཐབ་ནང་དངོས་སུ་ཞུགས་ནས་ཆབ་སྲིད་པ་ཞིག་ལ་དགོས་ངེས་ཀྱི་སྦྱོང་བརྡར་ཐོབ་པའི་ཉམས་མྱོང་ངེས་ཅན་ཞིག་ཡོད་ལ།ཆབ་སྲིད་པ་ཞིག་གིས་བརྒྱུད་དགོས་པའི་གོ་རིམ་ཆ་ཚང་འགྲིམས་མྱོང་ཡོད།
༣༽ལྷག་པར་དུམ་བུ་འདིའི་ནང་སྐུ་ཉིད་ཀྱིས་༸གོང་ས་མཆོག་དགུང་ན་་༡༦ལ་ལུགས་ཟུང་གི་ཐུགས་འགན་བཞེས་སྐོར་བརྗོད་ནས་༸གོང་ས་མཆོག་དང་བློ་སེང་གྲལ་གནས་གཅིག་ཏུ་བཞག་ནས་བརྗོད་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་དང་དེ་འདྲའི་གླེན་རྟགས་ཤིག་ཪེད་ཨང་།དོན་དངོས་ཐོག་༸གོང་ས་མཆོག་གིས་དགུང་ན་༡༦་ལ་ལུགས་ཟུང་ཐུགས་འགན་བཞེས་པ་དངོས་བདེན་ཡང་།་གང་གི་ལོ་རྒྱུས་ཀྱི་གནས་བབ་དང།་སྤྱན་རས་གཟིགས་ཀྱི་གནས་བབ།བོད་མིའི་བསམ་པའི་གཙོ་འཛིན་གྱི་གནས་བབ་སོགས་འཇིག་རྟེན་ཐུན་མོང་དང་ཐུན་མིན་གྱི་གནས་བབ་མང་པོ་ཞིག་ལྡན་པས།་བློ་སེང་དང་མཚུངས་བསྡུར་བྱ་རྒྱུ་སེམས་ལ་དྲན་ཡང་དྲ་ཐོག་ཏུ་བྲིས་ཕོད་པ་ཅི་འདྲའི་གཡག་སྙིང་ལ་ཨང་།སྨན་རམས་པའི་གདོང་རིས་དམར་རྗེན་དུ་ཕྱིར་མངོན་པ་ཞིག་མ་རེད་དམ།
ཅི་སྟེ་སྨན་རམས་པ་མཆོག་ཐུགས་རྣལ་དུ་མི་གནས་པའི་ནད་གཞི་དེ་འདྲ་ཡོད་ན་ཉིད་ཀྱི་དགེ་རྒན་རྣམ་པའི་དྲུང་དུ་རྩ་གཟིགས་བརྟག་དཔྱད་གནང་ན་ལེགས།
སྨན་རམས་པའི་དུམ་བུ་བརྒྱད་པར།
མདོར་ན་སྐུ་ཉིད་ཀྱིས་དུམ་བུ་བརྒྱད་པ་མ་གཏོགས་ཚང་མར་༸གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་འདུག
འོས་མི་རང་ཉིད་ཆེ་བ་བརྗོད་དགོས་པ་ལས་༸གོང་ས་མཆོག་གི་མཚན་རྟེན་ནས་བཀའ་ཁྲིར་འཛེགས་ཐབས་བྱེད་པ་ནི་ཀློག་པ་པོ་ཚང་མས་ཡི་རངས་དང་བསྔགས་བརྗོད་ཐུབ་ཀྱི་མ་རེད།
དེ་ན་ངས་འདིར་འབུམ་རམས་པ་བློ་བཟང་སེང་གེ་ལགས་སུ་སྔོན་འགྲོའི་འོས་མང་ཤོས་ཐོབ་པའི་རྒྱུ་མཚན་དྲ་གྲོགས་ཚོས་གསུངས་པ་ཁག་ཅིག་ཕྱོགས་བསྡུས་བྱས་ནས་འབྲི་རྒྱུ་ཡིན་པས་གཟིགས་པར་འཚལ།
༡༽དགེ་འདུན་པ་མང་པོར་འདོད་པའི་ཆོས་བཤད་དང་།
༢༽དད་ཅན་པས་འདོད་པའི་༧ གོང་ས་མཆོག་ཁ་རུ་འཁྱེར་བ།
༣༽ཡིག་རྨོངས་པས་འདོད་པའི་ཧར་ཝར་ཌི་ཡི་འབུམ་རམས་པའི་སྐོར་བཤད་པ།
༤༽ གཞོན་ནུའི་བློ་འགུག་པའི་རང་བཙན་གྱི་སྐོར་བརྗོད་པ།
༥༽ ས་གནས་མི་འདྲ་བ་དང་ལས་རིགས་མི་འདྲ་བར་སྐད་ཆ་མི་འདྲ་བཤད་པ།
༦༽ རྒྱུད་ལམ་ཡོད་ཚད་བེད་སྤྱད་ནས་སྐབས་འཚོལ་བའི་གཏམ་བཤད་སྤེལ་བ།
༧༽“བོད་ཀྱི་ཨོ་བྷ་མ།”དང་”རྒྱ་ནག་གི་ཨོ་བྷ་མ་”ཞེས་པའི་འབོད་ཚིག་བསྒྲགས་ཏེ་གྲགས་ཅན་ཆབ་སྲིད་མི་སྣ་གཞན་དང་མཚུངས་བསྡུར་བྱས་པ།
༨༽དཔལ་འབྱོར་གྱི་རྒྱབ་རྟེན་གྱ་ནོམ་པ་ཡོད་པ།
༩༽གཞོན་ནུ་ཚོའི་རྣ་བར་འདོད་པའི་སྐད་ཆ་བླུགས་པ།
༡༠༽བོད་མི་ཚོའི་མདུན་ལ་ལྷག་བསམ་ཆེ་མདོག་གི་རྣམ་པ་ཤུགས་ཆེན་སྟོན་པ།
༡༡༽རྒྱ་མིར་བརྡ་ལན་སྤྲོད་ཚུལ་བརྗོད་པ།
༡༢༽མི་རབས་གསར་རྙིང་གི་འཐབ་རྩོད་བསླངས་པ།
༡༣༽ཁྱིམ་བརྒྱུད་དང་སྐུ་དྲག་བཅས་ཀྱི་འབོད་སྒྲ་བསླངས་པ།
༡༤༽མཁས་དབང་གི་དར་ཆ་འཕྱར་བ།
༡༥༽འོས་བསྡུའི་དྲིལ་བསྒྲགས་ཆེད་བསྐོར་བསྐྱོད་ནུས་ཤུགས་ལྡན་པ་བྱས་པ།
༡༦༽རྡ་སར་རྒན་རབས་པར་དམིགས་ནས་དབུ་མའི་ལམ་བརྗོད་པ།
༡༧༽བོད་ཡིག་མ་ཤེས་ཤེས་ཁུལ་བྱེད་པ་སོགས་ཀྱི་མ་ཡིན་ཡིན་ཁུལ་གྱི་རྣམ་པ་མང་པོ་བསྟན་པ་སོགས་མང་མོད་འདིར་མཚམས་བཞག་གོ།
འབུམ་རམས་པ་བློ་སེང་ལགས་ཀྱི་སྔོན་འགྲོའི་སྐོར་ལ། ལ་རྒྱའི་ཕྱོགས་བསྡུས་སྒྲོན་མེ་༡༧པོ་དེ་ཡང་མ་རེད་ལབ་ས་མི་འདུག
ཨ་མ། མ་མ་། མ་མ་མ། ལ་རྒྱའི་བདག་པོ་ནས་ཞེད་པོ་གཅིག་བྲིས་གནང་འདུག འདི་འདྲའི་རིང་པོ་ཞིག འདི་འདྲའི་གནད་ལ་འཁེལ་པོ་ཞིག འདི་འདྲའི་གཏན་ཚིགས་ཡང་དག་གཅིག འདི་ནི་བདེན་པའི་རང་སྒྲ་ཡིན་ལ། འདི་ནི་སྟོང་གཏམ་གྱི་ངོ་བོ་སུན་འབྱིན་པའི་ལྷག་བསམ་གྱི་འབོད་སྒྲ་ཡིན། འདི་ནི་སྐབས་ཚོལ་བ་གང་ཡོད་བྱ་ར་བྱེད་པའི་མེལ་ཚེ་ཡིན་ལ། འདི་ནི་སྨན་རམས་པས་སྟོང་རྒྱུགས་གཏོང་སའི་ཀྱོག་ལམ་བརྒྱད་ཀྱི་འགག་སྒོ་ཡིན། འདི་ནི་སྨན་རམས་པ་མི་སྨྲ་བའི་ཁུང་བུར་འཇུག་བྱེད་ཀྱི་ལྕགས་སྒྲོག་ཡིན་ལ། འདི་ནི་མི་དམངས་རྨོངས་གཉིད་ལས་སློང་བྱེད་ཀྱི་སྒྲོན་མེ་ཡིན། ལྟོས་དང། ཅི་འདྲའི་ཉམས་བཟང་ལ། ད་ལྟ་ཁོ་ཚོ་རྒྱུ་མཚན་གྱིས་ཕོངས་ནས་མར་དོན་ཡང་ནུས་ཀྱི་མི་འདུག རྒྱུ་མཚན་གྱི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་གཏན་ཚིགས་ཀྱི་འོད་ཟེར་འཚེར་གྱིན་མི་འདུག་གམ། སྐབས་འཚོལ་བའི་གབ་ཁུང་གི་སྟེང་ནས་བདེན་པའི་ཉི་མས་ཕྱི་གསལ་ནང་གསལ་དུ་སྟོན་པའི་གནས་ལུགས་འདི། འདི་འདྲའི་གསོན་ཉམས་དོད་པ་ལ་ཨང་། གང་ལྟར་རྨོངས་གཉིད་ལས་སད་པའི་མི་དམངས་ཀྱིས་ཐོད་རྒལ་རིང་ལུགས་པ་ཧང་སངས་པ་ཞིག་བཟོ་བར་ངེས་སོ། །
སྨན་རབས་པ་ལགས།
བློ་སེང་ལ་བཀའ་ཁྲི་ལ་རྒྱུ་མཚན་གསུམ་གྱི་ཐད་ནས་མི་འོས།
༡བློ་སེང་ལ་ཉམས་མྱོང་མེད།
༢བློ་སེང་ལ་བོད་པའི་རིག་གནས་སྐོར་གྱི་ཤེས་ཡོན་མེད།
༣བློ་སེང་ལ་བཟང་སྤྱོད་མེད།
བློ་སེང་སྐོར་བློ་གྲོས་རབ་བརྟན་གྱིས་༼བློ་བཟང་སེང་གེ་བསྙད་པ༽ཞེས་པའི་རྩོམ་ཐུང་ཞིག་བོད་ཀྱི་དུས་བབ་ཏུ་སྤེལ་བ་དེར་རིན་ཐང་ཆེན་པོ་འདུག་གོ།
ཧ་ཧ་ད་སྨན་རམས་པས་གྲགས་ཀྱིན་འདུག དེ་སྔོན་དུས་བབ་སྟེང་དུ་ཡང་དེ་མཚུངས་ཀྱིས་བློ་བཟང་ལ་རྒྱབ་སྐྱོར་མཚོན་ཕྱིར་བསྐོར་བ་མང་པོ་རྒྱབ་པའི་བསམ་ཚུལ་ཞིག་སྤེལ་འདུག་ལ་སྐབས་དེར་མཆན་ཞིག་ཀྱང་ཕུལ་ཡོད།
སླར་ཡང་གོ་མེད་ཚོར་མེད་དང་། བསམ་བཏང་དྲན་བསྐྱེད་གང་ཡང་མེད་པར་རང་ཉིད་ཀྱི་འདོད་དོན་འགྲུབ་ཕྱིར་སྤེལ་བའི་བསམ་ཚུལ་སྤེལ་བར་རྒྱབ་སྐྱོར་ཞུ་རྒྱུ་མིན་ལ་ཞུ་ཐབས་མི་འདུག
རྒྱ་ནག་གི་ཨོ་བྷ་མ་རྒྱ་ནག་ཏུ་བེད་སྤྱོད་བྱས་ན་མི་ལེགས་སམ། རྒྱ་ནག་གི་ཨོ་བྷ་མས་གངས་ཅན་པའི་ལས་དབང་ལ་ཐེ་ཇུས་བྱེད་དུ་བཅུག་པ་ནི་མིག་ཡོད་བཞིན་ལ་གཡང་ལ་མཆོངས་པ་རང་མ་རེད་པས། ཧ་ཧ་དེ་རྩེད་མོ་ཡིན།
ནོར་བཅོས། མིག་ཡོད་བཞིན་དུ་གཡང་ལ་མཆོངས་པ་
སྨན་རམས་པར་དྲི་བ་ཡོད།
སྨན་རྩིས་ཁང་གི་ལས་བྱེད་རྣམས་པར་རྒན་གཞོན་གྱི་གོ་རིམ་ངེས་ཅན་ཡོད་དམ་མེད། རྒན་གཞོན་གྱི་གོ་རིམ་ལ་གཞིགས་པའི་གླ་ཆའི་ཁྱད་པར་ཡོད་དམ་མེད།
སྨན་པ་གསར་རྙིང་གི་རྭ་བ་ཡོད་དམ་མེད། ཅི་སྟེ་ཡོད་ན་ཅིའི་ཕྱིར་དེ་ལྟར་ཡོད་པར་བསམ་གཞིགས་ནན་གཏན་ཞིག་གཏོང་རོགས།
བློ་སེང་བཀའ་ཁྲིེ་མི་འོས་པའི་རྒྱུ་མཚན།
༡༽ ཁོང་བཀའ་ཁྲིར་དགོས་ངེས་ཀྱི་གངས་ཅན་པའི་རིག་གནས་ལ་རྨོངས་པ་རེད།
༢༽ དྲང་བདེན་གྱི་ལམ་བཙལ་ཡང་རྙེད་རྒྱུ་མེད།
༣༽ དོན་དུ་མཁོ་བའི་བོད་པའི་མཁས་དབང་མིན།
༤༽ ཆབ་སྲིད་སོགས་གང་གི་ཐད་ཉམས་མྱོང་གི་ལག་རིང་མེད།
༥༽ གཞུང་གིས་འགྲོ་གྲོན་འོག་མཐོ་སློབ་ཏུ་བསྐྱོད་རྒྱུ་གོ་སྐབས་བསྐྲུན་ནས་སློབ་མཐོན་རྗེས་གཞུང་གི་སྒྲིགས་
གཞིར་བརྩི་བཀུར་མ་ཞུས་པའི་བྱས་ཉེས་ཡོད།
༦༽ སེམས་པ་རྒྱ་མི་ལ་ཕྱོགས་ཏེ་བོད་དོན་ལ་ལག་རིང་སྐྱོངས་བའི་བལྟ་ཚུལ་ངན་པ་ཡོད།
༧༽ བོད་བསྟན་སྲིད་ལ་སེམས་ནས་བརྩེ་བ་དང་། ལྷག་བསམ་ཡོད་པའི་མི་བཟང་ཞིག་མ་རེད།
་ཨ་ད་གཡུག་ཞོག་ག་ཚོད་བྲིས་ན་ཡང་བྲིས་ཚར་ས་མ་རེད། སང་ཉིན་ཁོང་བཀའ་ཁྲིེ་འོས་པའི་རྒྱུ་མཚན་ཁ་ཤས་འབྲི་རྒྱུ་ཡིན། བསམ་ཚུལ།
སྨན་རམས་པ་དུས་བབ་དྲ་སྟེང་ནས་ལག་སྟོང་དུ་ལོག་སྟེ་ཁ་བརྡའི་སྟེང་སྐྱབས་བཅོལ་ལ་ཡོང་བར་དགའ་བསུ་མེད། དེ་ལས་ཁྱེད་རང་གིས་བྱེད་དགོས་པ་ཨ་གར་སོ་ལྔ་དེ་ཟ་སྟངས་མ་ནོར་བ་གྱིས། འཕྲོད་བསྟན་བཀའ་བློན་གྱི་རེ་བ་མ་རྒྱག དེ་ལས་སྨན་རྩིས་ཁང་གི་འགོ་འཛིན་འདྲ་རག་མིན་ལྟོས། འདི་ཡང་ཁག་པོ་རེད། ཁྱེད་རང་ཐོད་རྒལ་རིང་ལུགས་པ་རེད་པ། སྐས་ཀ་མ་འཛེགས་པར་ཐོག་ཁར་སླེབས་དགོས་མཁན་གྱི་གྲས་རེད་པ། འདི་ཁག་ཙམ་རེད། དངོས་པོའི་གནས་ལུགས་དང་མཐུན་གྱི་མི་འདུག
ཡ། ད་འོད་ཡུག་པ་ལགས་ཀྱིས་ཀྱང་དོན་ཚན་བདུན་ཅན་གྱི་མདོ་ཞིག་བརྩམས་འདུག དོན་ཀྱང་དོན་ཚན་དྲུག་པ་འདི་ཅུང་འཚམ་པོ་ཞིག་མི་འདུག གང་ལྟར་མི་དམངས་མགོ་བོ་རྨངས་ཚར་ན་བྱེད་ཐབས་དེ་ཙམ་མེད། རིག་གནས་གསར་བརྗེའི་སྐབས་མི་དམངས་རྦད་དེ་རྨོངས་ནས་ལོ་ངོ་སྟོང་ཕྲག་རིང་གི་རྩ་ཆེའི་ཤཱུལ་བཞག་རྣམས་ཏག་ཏག་བཟོས་པ་ལྟར་རེད། ང་ཚོའི་ལས་དོན་འདི་ཡང་གང་འདྲ་ཞིག་ལ་འགྱུར་མིན་ཉེན་ཁ་ཆེའོ།།
ཡ་་་་་་་ད་་་མཁས་དབང་ཚོས་བཤད་པ་ཚང་མ་་་གཅིག་ལས་གཅིག་ལྷག་གི་བདེན་པ་འདུག གཞན་ཤོད་ཡས་ཅང་མི་འདུག སྨན་རམས་པ་དང་ལ་རྒྱའི་བདག་པོ་གཉིས་ལ་ཞུ་རྒྱུ།
སྨན་རམས་པ།
སྨན་ཡིག་སྦྱངས་པའི་རམས་འབྱམས་ཐོན་ན་ཡང་། །
ནད་ལ་བརྟག་པའི་མྱོང་བ་མེད་པས་ཕོངས། །
ལ་རྒྱའི་བདག་པོ།
མི་རིགས་ལ་རྒྱ་སྙིང་ལ་གནས་ན་ཡང་། །
དགག་ལན་མཚང་འབྱིན་རྨ་ཁ་ཆེ་བས་ཕོངས། །
ཐུགས་ལ་ཕོགས་མི་ཉན། སྐུ་རྩེད་ཡིན། མུ་མཐུད་ནས་བགྲོ་གླེང་འདི་དང་འདི་འདྲ་བ་ག་ཚད་མང་ན་ག་ཚད་ཡག་གི
མི་མང་མགོ་བུ་རྨོངས་སུ་འཇུག་མཁན་དེ་བློ་བཟང་སེང་གེ་ལགས་དང་ཁོང་གིས་ཤི་འཐམས་རོ་འཐམས་བྱེད་བཞྀན་པའི་གཞོན་སྐྱེས་ཟེར་བ་དང་། མི་རབས་གསར་པ་ཟེར་བའི་ཚིག་སྐམ་དེ་ཚོ་རེད། ཝེ། ད་མི་མང་ཚོ་བོད་ཆགས་འཇིག་གི་དུས་ཚོད་དེར་རྨོངས་གཉིད་ལས་མ་བསད་ན་མི་ཁ་ཤས་མགོ་བདེ་ཟེ་འདུག་ད། ལྷག་པར་གཞོན་སྐྱེས་ཚོས་བསམ་བཞེས་མ་བྱས་ན་ངོ་མ་ང་ནི་ཞེད་དེ་མདར་བསིག་རྒྱག་གི་འདུག
ཨོ་ཧོ། ད་འདི་ན་འདུག ད་གཞི་ནས་ཡོད་ཡུག་པ་ལགས་རྙེད་བྱུང་། ཁྱེད་རང་ཞེད་དགོས་མ་རེད། ད་ལྟ་མི་དམངས་གཞི་ནས་རྨོངས་གཉིད་ལས་སད་བཞིན་ཡོད། གཏམ་དཔེ་གོ་མྱོང་ངམ།་ལན་གཅིག་ཕམ་པ་རྒྱལ་ཁའི་རྩ་བ་ཡིན། ལྟད་མོ་གཞི་ནས་བལྟ་རྒྱུ་ལྷག་ཡོད། ད་དུང་ལྟད་མོ་ཆེ་ཤོས་དེ་ཕམ་པའི་རྗེས་སུ་ཆོས་རིག་བཀའ་བློན་དང་འཕོྲད་བསྟེན་བཀའ་བློན་བྱེད་རྒྱུ་མི་རག་མཁན་ཚོ་མི་དམངས་དཀྱིལ་ལ་གདོང་ག་འདྲ་སེ་བསྟན་གྱི་ཡོད་དམ་སྙམ་ནས་སྒུག་ཡུན་ཡང་ལྕོགས་ཀྱི་མི་འདུག
སྨན་ར་མ་འདི་བར་ནད་པའི་འགྲོ་དོན་མེད་པར་ཆུ་ཚོད་གཏོང་ས་མ་རག་པའི་དབང་གིས་རང་གི་ཆེད་ལས་དང་མ་འབྲེལ་བའི་ཆབ་སྲིད་ཐོག་མི་ཤེས་བཞིན་དུ་ཆུ་ཚོད་འཕྲོ་བརླག་གཏོང་ཐབས་ཙམ་ཡིན་ས་རེད། མ་གཞི་སྨན་པའི་མིང་ཁུར་བ་ཙམ་ལས་དོན་གྱིས་ས་གནས་གང་སར་ལོ་རྒྱུས་གཙང་མ་མེད་པའི་གྲྭ་ལོག་གང་ཡང་མི་ཤེས་མཁན་ཞིག་ཡིན་པ་གོ་སོང་།
༡། བློ་སེང་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཕྱོགས་གཅིག་ནས་༧གོང་ས་མཆོག་རྒན་ཡོལ་ཕེབས་རན་འདུག ད་ནས་གཞོན་སྐྱེས་ཚོས་འགན་ལེན་གི་ཡིན། གཞོན་སྐྱེས་ཚོར་འགན་དབང་རྩིས་སྤྲོད་བྱེད་དགོས་ཀྱི་འདུག་ཟེར་ནས་སྐད་བརྒྱག་གི་ཡོད་པ་རེད། ཕྱོགས་གཅིག་ནས་བློ་སེང་ལ་བཀའ་ཁྲི་ཐོབ་དགོས་པ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད། མི་མང་ལའང་དེ་ལས་ལྷག་པའི་འདམས་ཀ་ཡོད་པ་མ་རེད་མདོག་བྱས་ཏེ། ཡང་སྙིང་བློ་སེང་བཀའ་ཁྲིར་སླེབས་དགོས་པ་༧མི་མངོན་ལྐོག་ནས་༧གོང་ས་མཆོག་གི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་འདྲ་བོ་བཟོས་ཏེ། གང་ལྟར་༧གོང་ས་མཆོག་ལ་ཡང་མངོན་ལྐོག་དང་ཉེ་རིང་ཡོད་པ་བཤད་གང་ཐུབ་བྱེད་ཀྱི་མི་འདུག་གམ།
སྟག་སྨྱོན་ལགས་བློ་སེང་གི་རྒྱབ་སྐྱོར་བ་དེ་ཚོ་ཚང་མ་ཞར་བས་ཞ་བ་འཁྲིད་བཞིན་ཡོད་པས་ཉིན་གཅིག་ཚང་མ་གཡང་ལ་ལྷུངས་རྒྱུར་གདོན་མི་བཟའ་བས་ཡ་ང་སྙིང་རྗེའི་གནས་ལས་མངགས་ཡུལ་དུ་མ་མཐོང་། ད་དུང་དགའ་ལྡན་གྲྭ་བག་གྲོ་དང་སྨན་རམས་པ་སོགས་རང་དོན་ལ་ནམ་ལངས། སྤྱི་དོན་ལ་ས་རུབ་མཁན་དེ་ཚོར་དེ་བས་སྙིང་རྗེ་དང་ལམ་སྟོན་འདྲ་གནང་ཏེ་ཉན་འཇོག་ཡོད་ན་ཐུགས་ལ་འཇོག་རོགས།
འཁྲིད་བཞིན་ཡོད་པས༽ འཁྲིད་མཁན་ཤ་སྟག་ཡིན་པས་
ཧ་ཧ་ཧ་། ད་་བྱེད་དུས་གྲ་ལོག་ཅིག་ཡིན་པ་རེད། བྱས་ཙང་། ཡག་པ་ཞིག་གང་ནས་ཡོང་། སྐད་ཆ་ཚང་མ་སྙན་རུ་སྙན་རུ་འགྲོ་གི་འདུག ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དགོས། དབང་ཆ་གཞོན་པའི་ལག་ཏུ་རྩིས་སྤྲོད་དགོས། ལྟས་ངན་རེད། ལྟོས་དང་། མི་ངན་ཟས་ལ་མི་འཆམ་ཞེས་པ་འདི་མ་ཡིན་ནམ། ད་ཁོ་ཚོས་ལྟད་་མོ་ཆེན་པོ་ཞིག་སྟོན་ས་རེད།
དྲ་གྲོགས་སྨན་རམས་པ་ངག་སྦྱིན་ལགས་བཀྲིས་བདེ་ལེགས།
སྐུ་ཉིད་ཀྱི་གསུང་བྱོན་ཡིན་ན་གསུང་ཞིག་བྱོན་པའི་རེ་བ་ཞུ་རྒྱུ་ཡིན།
མ་མཐར་ཉིད་ཀྱིས་དེ་ལྟར་བྲིས་དགོས་པའི་ཀུན་སློང་ལ་འགྲེལ་བཤད་ཅིག་སྐྱོན་རོགས།གཅིག་བྱས་ན་བྱེད་སྟངས་མ་འགྲིགས་ནའང་ཀུན་སློང་གཙང་མ་ཡིན་སྲིད།སྐུ་ཉིད་ཀྱིས་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་བྱས་པར་ངས་མི་འདོད་པ་མིན།དེ་ནི་ཁྱེད་རང་གི་སྐྱེས་དུས་རང་བཅས་སུ་ཡོད་པའི་མང་གཙོའི་ཐོབ་ཐང་ཞིག་རེད།ཡིན་ནའང་ཉིད་ཀྱིས་དྲངས་པའི་རྒྱུ་མཚན་དེ་དག་ལ་ངས་མི་འདོད་པ་ཡིན།མཁྱེན་སོང་ངམ།ཐུགས་རྗེ་ཆེ།
གཞན་ཡང་དྲ་གྲོགས་དམ་པ་BBCམཆོག་དང་།དེ་བཞིན་སྟག་སྨྱོན།ལྷག་བསམ།འོད་ཡུག་པ།ཟླ་ཆོས།ཀ་རམས་པ་བཅས་བརྒྱུད་ལམ་འདི་ནས་མཇལ་བ་དགའ་སྤྲོ་ཆེ་སོང་ལ།ཁྱེད་རྣམས་ཀྱིས་བཏང་སྙོམ་ལ་མ་བཞུགས་པར་དགོངས་ཚུལ་སྤེལ་བར་བསྔགས་བརྗོད་དང་ཡི་རངས་ཞུ་རྒྱུ་ཡིན།
མུ་མཐུད་ནས་རང་ཕྱོགས་དང་ཁ་ཐད་ཀྱི་བཀའ་ཁྲིའི་དགེ་སྐྱོན་མང་ཙམ་བརྗོད་ནས་མི་མང་གིས་བཀའ་ཁྲིའི་འོས་མི་དེ་དག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིབ་ཚགས་ཤེས་རྟོགས་ཡོང་བའི་མཐུན་འགྱུར་དང་སྟབས་བདེ་བསྐྲུན་དགོས་པ་ང་ཚོ་སྨྱུག་ཐོགས་པ་ཚང་མའི་འོས་འགན་རེད་སྙམ།
མུ་མཐུད་ནས་བགྲོ་གླེང་གནང་རོགས།
༧རྒྱལ་དབང་སྐུ་ཕྲང་བཅུ་བཞི་ཆེན་པོས་དབུ་ཁྲིད་པའི་དམངས་གཙོའི་གཞུང་འདིའི་མངའ་འོག་ཏུ་སྐུ་དྲག་གི་ལམ་ལུགས་སྔ་མོ་ནས་སྒོ་བརྒྱབ་ཏེ་མེད་པ་བཟོས་པའི་མ་ཚད། བོད་མི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོ་འཚེ་མེད་ཞི་བ་དང་ཡང་དག་པའི་དམངས་གཙོའི་ལམ་དུ་དབུ་ཁྲིད་གནང་བཞིན་པ་ལོང་བ་མིན་ཚད་ཀྱིས་མཐོང་ཐུབ་པ་དང་། འོན་པ་མིན་ཚད་ཀྱིས་ཐོས་ཐུབ་པ། བེམ་ལུས་མི་ཚད་ཀྱིས་ལོངས་སུ་སྤྱོད་རྒྱུ་ཡོད་པ་འདི་སྨན་ར་མ་ངག་དབང་གཅིན་པས་ཁས་ལེན་བྱེད་ཀྱི་མེད་པ་འདྲ། ད་དུང་སྐུ་དྲག་ལམ་ལུགས་ཟེར་ནས་༧གོང་ས་མཆོག་གི་དབུ་ཁྲིད་གཞུང་འདི་ལ་ཁ་བརྡུང་རྣོ་བོ་གཏོང་སྟངས་ལ་ལྟོས་ན་མི་འདི་རིགས་ལ་རྒྱབ་ལོག་ནས་ངན་བསྐུལ་བྱེད་མཁན་ཡོད་མེད་དོགས་པ་བྱེད་རིན་ཡོད་པ་ཞིག་རེད། ༧གོང་ས་མཆོག་གིས་ལོ་རབས་བཅུ་ཕྲག་འགའི་སྔོན་ནས་བོད་མི་མང་ལ་དམངས་གཙོའི་སྲིད་ལུགས་ཡང་དག་པ་ཞིག་གསོལ་རས་བསྩལ་ཡོད་པ་ཁས་ལེན་བྱེད་ཀྱི་མི་འདུག འོ་ན་གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱིས་ཕུལ་བའི་གསེར་གྱི་རྟགས་སོགས་རྒྱལ་སྤྱིའི་ཐོག་གཟེངས་རྟགས་སྙན་གྲགས་དེ་དག་གཟེངས་ཐོན་པའི་མཛད་རྗེས་གང་དག་ལ་ལྟོས་ནས་ཕུལ་བ་རེད་དམ། གཟེངས་རྟགས་དེ་དག་ཕུལ་སྐབས་འབྲེལ་ཡོད་དབུ་ཁྲིད་ཚོས་གསུངས་བཤད་ག་རེ་གནས་གོ་མྱོང་ངམ། ཁོ་ཚོས་༧གོང་ས་མཆོག་ལ་རྟགས་མ་དེ་དག་ཕུལ་བའི་རྒྱུ་མཚན་གཙོ་བ་གང་དག་བགྲང་གི་འདུག་གམ། བཙན་བོད་གཞུང་གིས་སྐུ་དྲག་ལམ་ལུགས་མུ་མཐུད་རྒྱུད་འཛིན་བྱེད་ཀྱི་ཡོད་པ་དང་༧གོང་ས་མཆོག་དེའི་དབུ་ཁྲིད་ཡིན་པའི་ཆ་ནས་ཞི་བདེ་གཟེངས་རྟགས་དང་གསེར་གྱི་རྟགས་མ་གྲགས་ཆེན་དེ་ཚོ་ཕུལ་བ་རེད་ཟེར་གི་ཡིན་ནམ།
འཛམ་གླིང་སྤྱི་ཡོངས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་ཆེ་བསྟད་བྱེད་པ་ལས། བོད་ཀྱི་བླ་ན་མེད་པའི་སྐུ་དྲག་ལམ་ལུགས་ཀྱི་དེད་དཔོན་ཆེན་པོ་ཞེས་བརྗོད་མཁན་ངག་དབང་གཅིན་པ་མ་གཏོགས་མཐོང་མ་སོང་།
ཟུར་ཙམ་ལས་ཁྱེད་འདྲ་བར་གནས་ལུགས་བགྲང་ན་ཆུ་ཚོད་འཕྲོ་བརླག་རེད་ལོ།
སྨན་རམས་པ་ལ་ཁུར་ཆེེན་བཅོ་བརྒྱད་བཀལ་འདུག་ག གཅིག་བྱས་ན་སྨན་ཁང་ནང་ཤོར་ཡོད་སྲིད། གོ་རྒྱུ་ཚོར་རྒྱུ་གང་ཡང་མིན་འདུག་པ་ལ།
ཁོང་ལ་ཁག་མི་འདུག ད་ཆ་ཁོ་རང་གཅིག་པུར་ལུས་འདུག མ་ཟད་ཁོ་ལ་བདེན་དོན་ཅན་གྱི་རྒྱུ་མཚན་གཅིག་ཀྱང་མི་འདུག གོང་དུ་BBC ལགས་ཀྱིས་༼འདི་འདྲའི་གཏན་ཚིགས་ཡང་དག་གཅིག འདི་ནི་བདེན་པའི་རང་སྒྲ་ཡིན་ལ། འདི་ནི་སྟོང་གཏམ་གྱི་ངོ་བོ་སུན་འབྱིན་པའི་ལྷག་བསམ་གྱི་འབོད་སྒྲ་ཡིན། འདི་ནི་སྐབས་ཚོལ་བ་གང་ཡོད་བྱ་ར་བྱེད་པའི་མེལ་ཚེ་ཡིན་ལ། འདི་ནི་སྨན་རམས་པས་སྟོང་རྒྱུགས་གཏོང་སའི་ཀྱོག་ལམ་བརྒྱད་ཀྱི་འགག་སྒོ་ཡིན། འདི་ནི་སྨན་རམས་པ་མི་སྨྲ་བའི་ཁུང་བུར་འཇུག་བྱེད་ཀྱི་ལྕགས་སྒྲོག་ཡིན་ལ། ༽ཞེས་གསུངས་པ་ལྟར་ཏག་ཏག་རེད་འདུག ད་ཁོང་ཕྱི་ལ་དོན་ཕོད་ཡས་མེད། ཕལ་ཆེར་བདེན་པའི་ལྕགས་སྒྲོག་གིས་བཅིངས་པ་ཐག་ཆོད། དགོངས་པ་མ་ཚོམ་སྨན་པ་ལགས། སེམས་རྣལ་དུ་ཕོབས།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
བཀྲིས་བདེ་ལེགས།
ཉིད་ཀྱིས་ང་དང་དྲ་གྲོགས་་BBC གཉིས་གཅིག་པ་རེད་ཅེས་གསུངས་པ་ནི་གད་མོ་ཤོར་དགོས་པ་ཞིག་འདུག་ཧཧཧཧཧཧཧ་་་་དེ་ཅིའི་ཕྱིར།
བློ་བཟང་སེང་གེ་ལགས་སུ་སྐྱོན་བརྗོད་མཚང་འབྱིན་བྱེད་མཁན་གྱི་བོད་རིགས་ཚང་མ་མི་གཅིག་རེད་ཅེས་ལབ་པ་མཚུངས་པ་ཡིན།དེ་ནི་གླེན་རྟགས་ཚ་པོ་ཞིག་མ་རེད་དམ།རྒྱུ་མཚན་བརྗོད་རྒྱུ་མེད་ཅིང་ཁ་ནས་གང་དོན་ཤོད་ཀྱི་འདུག
དྲ་གྲོགས་ལྷན་རྒྱས་ཁམཟ་བཟང་།
ལྷན་རྒྱས་ནས་༼ འོད་ཡུག་པ་༽ དང་། ༼ འོད་ཡུག་པའི་འཁྱམས་པོ་༽ གཉིས་མི་གཅིག་ལ་མ་དགོངས་པར་བསམ་ཚུལ་དང་གླེང་མོལ་རེ་གནང་འདོད་མཆིས་ཚེ་གོང་མིང་གཉིས་མ་འཁྲུག་པའི་ཐོག་བཀའ་མོལ་འདྲ་གནང་རོགས།
སྤྱིར་ཁྱད་པར་དེ་ཙམ་མེད་ཀྱང་ང་ནི་ལུས་སེམས་ཟུང་འཁྱམས་པར་དགལ་བའི་བདག་མེད་ཀྱི་འཁྱམས་པོ་ངོ་མ་ཞིག་ཡིན་མོད་ཀྱང་གཅིག་ཤོས་ནི་དེ་ལྟར་རྩ་བ་ནས་ཡིན་རྒྱུ་མ་རེད། དའེི་ཕྱིར་དྲ་གྲོགས་ཚོས་མིང་ཆ་འདྲ་བ་དེ་ཚོ་མ་འཁྲུག་པའི་རེ་བ་ཡོད།
ད་ཡིན་ན་རྙོག་གྲ་འདུག ད་ཡང་འོད་ཡུག་པ་ལགས་གཉིས་ཡོད་པ་རེད་དམ། ངས་དེ་སྔོན་འོད་ཡུག་པའི་འཁྱམས་པོ་ལགས་དང་། འོད་ཡུག་པ་གཉིས་གཅིག་ཏུ་ངོས་འཛིན་བྱས་པ་ཡིན། ད་ཡང་ཁོ་གཉིས་ཁག་ཁག་རེད་འདུག གང་ལྟར་གཉིས་ཀར་འཚམ་འདྲི་ཡོད།
སྨན་རབས་པ་ལགས་ཁྱེད་ཀྱིས་དྲང་བདེན་གྱི་ཕྱོགས་སུ་ལོང་དེ་བདེན་གཏམ་གྱིས་རྩོམ་ཡིག་ལེགས་པོ་འདི་འདྲཞིག་དཔལ་བ་བསྔགས་བརྗོད་ཞུ་།
ཁྱེད་ལ་ཁ་ངན་ཚིག་ངན་བཤད་མཁན་ལག་རྒྱའི་བདག་པོ་ཟེར་བ་དང་སྟག་སྨྱོན་་་་་bbcཟེར་བ་སོགས་ནི་ཁ་བརྡ་དྲ་རྒྱ་འདིའི་ནང་ཕུ་དཀྲག་མདའ་དཀྲུག་བྱེད་མཁན་གྱི་ཀླད་རྙིང་རེ་གཟུང་རེད་།
ཁོང་ཚོའི་གཅིག་གི་གཅིག་ལ་རྒྱབ་སྐྱོར་ཡོད་ཁུལ་བྱས་པ་ཙམ་ལས་མི་གཅིག་གིས་བྲིས་པ་རེད་།ཧཧཧ
ཡ་ལན་བྱེད་དགོས་མེད་། གུས་པས་ནི་ཁོང་ཚོ་ལ་ཡ་ལན་བྱེད་ཚམས་སྔར་ནས་བཞག་ཚར་།།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ།
༡༽སྐུ་ཉིད་ཀྱིས་ཡ་ལན་བྱེད་མཚམས་བཞག་པ་ཡིན་གསུངས་འདུག་་དོན་དངོས་ཐོག་མ་བཞག་རང་བཞག་རེད།ཡ་ལན་བྱེད་པར་ལུང་རིགས་ཀྱི་རྒྱུ་མཚན་དགོས་པ་མ་ཟད་རིག་གནས་ཀྱི་མར་རྩ་ཡང་དགོས་པས་དེ་འདྲ་ཁྱེད་ཚོར་མེད་སྟབས་མཚམས་མ་བཞག་རང་བཞག་མ་རེད་དམ།
༢༽རིག་གནས་མེད་ཙང་ང་དང་སྟག་སྨྱོན།BBCགསུམ་པོའི་རྩོམ་སྤེལ་བའི་དུས་ཚོད་མི་འདྲ་བ་དང་རྩོམ་གཤིས་འབྲི་སྟངས་ཐ་དད་ཀྱི་ཆ་ནས་གང་ཟག་ཐ་དད་ཡིན་པ་ཤེས་ཀྱི་མེད་པ་འདྲ།སྙིང་རྗེ།
༣༽བསྟན་འཕགས་འདི་པ་བོད་ཡིག་མ་ཤེས།དབྱིན་ཇི་མ་ཤེས།ད་དུང་ཞེན་འཁོག་རུལ་ནས་དྲ་ནང་དུ་འཚང་ཁ་བརྒྱབ་ཀྱི་འདུག
༤༽ལྟོས་དང་ཁྱེད་ཀྱིས་བྲིས་པའི་སྨན་རམས་པར་རྒྱབ་སྐྱོར་གྱི་འཕྲིན་ཐུང་འདི་ལའང་སྨན་རམས་མིང་གི་དག་ཆའང་ནོར་གྱི་ཡོད་པ་རེད།
གཤམ་ལ་བསྟན་འཕགས་ཀྱི་མཆན་བུ་༥༢པས་བོད་ཀྱི་བརྡ་སྤྲོད་གཏོར་བཤིག་བཏང་བར་དག་བཅོས་ཞུ་ཁུལ་ཡིན།
སྨན་རབས་༼རམས་༽པ་ལགས་ཁྱེད་ཀྱིས་དྲང་བདེན་གྱི་ཕྱོགས་སུ་ལོང་དེ་༼ལངས་ཏེ་༽བདེན་གཏམ་གྱིས་༼གྱི་༽རྩོམ་ཡིག་ལེགས་པོ་འདི་འདྲཞིག་དཔལ་༼བྲིས་༽བ་༼པར༽བསྔགས་བརྗོད་ཞུ་།
ཁྱེད་ལ་ཁ་ངན་ཚིག་ངན་བཤད་མཁན་ལག་༼ལ༽རྒྱའི་བདག་པོ་ཟེར་བ་དང་སྟག་སྨྱོན་་་་་bbc༼BBC༽ཟེར་བ་སོགས་ནི་ཁ་བརྡ་དྲ་རྒྱ་འདིའི་ནང་ཕུ་དཀྲག་མདའ་དཀྲུག་བྱེད་མཁན་གྱི་ཀླད་རྙིང་རེ་གཟུང་རེད་།
ཁོང་ཚོའི་༼ཚོས་༽གཅིག་གི་༼གིས་༽གཅིག་ལ་རྒྱབ་སྐྱོར་ཡོད་ཁུལ་བྱས་པ་ཙམ་ལས་མི་གཅིག་གིས་བྲིས་པ་རེད་།ཧཧཧ
ཡ་ལན་བྱེད་དགོས་མེད་། གུས་པས་ནི་ཁོང་ཚོ་ལ་ཡ་ལན་བྱེད་ཚམས་༼མཚམས་༽སྔར་ནས་བཞག་ཚར་།།
ཞེས་བྲིས་འདུག
སྨན་པ་དང་ལ་རྒྱ་གཉིས་ཀར་ལྷན་གཅིག་མི་གནས་འགལ་གྱི་བལྟ་དེ་འདྲ་གང་ཡང་ཡོད་པར་མ་མཐོང་། དེའི་ཕྱིར་ད་བར་གཙོ་བོ་སྨན་རམས་པས་གསུངས་འབྱོན་མི་འདུག་པ་ནི་དཀྱེལ་ཡངས་ཀྱི་རང་བཞིན་ཞིག་མངོན་འདུག་སྙམ། ལ་རྒྱ་ལགས་ཀྱིས་བསྟུད་མ་དང་བསྟུད་མར་དགག་ཡིག་སྤེལ་སྟངས་འདི་ནི་བལྟ་བའི་ནང་འགལ་བྱུང་བའི་མིན་པར་བློ་སེང་གི་སྙན་པ་ལ་མི་བཟོད་པ་འམ་མ་འོངས་པར་ཁོང་ལ་བཀའ་ཁྲི་ཐོབ་པའི་དོགས་པ་མ་གཟོད་པར་འབྲི་བཞིན་ཡོད་པ་ལྟར་སྣང་། དེ་མིན་ད་ལྟ་ཞུས་པ་བཞིན་བལྟ་བའི་ཆ་ནས་གཅིག་གནས་ན་གཞན་སྤོར་དགོས་པའི་རྣོ་ངར་ཅན་དེ་འདྲ་མ་མཐོང་།
ལ་རྒྱ་ལགས་ལ་ཞུ་རྒྱུ་ཞིག་ནིཿ ཇི་ལྟར་རང་གི་བསམ་ཚུལ་དང་བལྟ་ཚུལ་འཛིན་པའི་རང་དབང་ཡོད་པ་བཞིན་སྨན་རམས་པ་ལགས་ལ་ཡང་དེ་ལྟར་ལོས་ཡོད། སྨན་རམ་པའི་སྔར་གྱིས་སྐུ་དྲག་དག་གིས་མ་མཇོན་པར་གསུང་ཡོད་ན་དེ་ལ་བདེན་པའི་ཆ་ཡེ་ནས་མེད་པར་ཁྱོད་ཀྱིས་མཐོང་ངམ། ཇི་ལྟར་ཁྱོད་ཀྱིས་ཁོང་དག་གིས་མཇོན་རབས་གསུང་པ་ལ་བདེན་པའི་ཆ་ཡོད་ན་ཁོང་དག་གིས་མ་མཇོན་པའི་ཆ་ལ་ཡང་བདེན་པའི་ཆ་དེ་བཞིན་ལོས་ཡོད།
གནད་འགག་ནི་རང་གི་བལྟ་བ་ལས་གཞན་གྱི་བལྟ་བ་འོང་ས་མེད་པའི་གུ་དོགས་ཀྱི་རང་བཞིན་དེ་རེད། མཐར་གཏུག་གུ་དོགས་ཀྱི་བལྟ་བ་འདི་རིགས་ཀྱིས་སྔར་ཀྱང་ཕོངས་ཡོད་ལ། མ་འོངས་པར་འདིས་འཕོངས་བར་འགྱུར་བས་བལྟ་བ་དཀྱེལ་ཡང་ཙམ་གནང་བའི་རེ་བ་ཞུ། དེ་ནི་ངས་རང་རེའི་དམངས་གཙོའི་འཕེལ་ཕྱོགས་ལ་བསམ་ནས་སྤྱི་ཁྱབ་ཀྱིས་བཤད་པ་ཞིག་ལས་ཁྱེད་ལ་དམིགས་ནས་ངན་བརྗོད་པ་ཡེ་ནས་མིན། འོ་ན་མཚན་གཞི་ནི་ཁྱེད་ལ་འཛིན་དགོས་བྱུང་བར་དགོངས་འགལ་མེད་པར་ཞུ།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས།་་་་བཀྲ་ཤིས་བདེ་ལེགས་ཞུ།་་་་
བོད་གངས་ཅན་ལྗོངས་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས་བཏང་སཉོམས་སུ་མ་གནས་པར་བསམ་ཚུལ་སྤེལ་
བར་བསྔགས་བཪྗོད་ཞུ།་་འོན་ཡང་མིང་དངོས་མ་བྲིས་པ་དེ་ནི་ཆབ་སྲིད་གླེང་སྟེགས་ཀྱི་དབུས་ན་ཞན་ཆ་ཆེ་
ཤོས་སུ་བདག་གིས་འདོད།
བདག་ནི་རྒྱ་གར་ནང་འཚར་སྐྱེས་བྱས་པའི་གང་ཟག་ཞིག་ཡིན།
བདག་གི་ལུང་ཚན་ནི་ཀོང་བོ་ནས་ཡིན་ལ་ད་ལྟ་དབུས་གཙང་ཆོལ་ཁའི་ཁོངས་ན་ཡོད།
ང་ཡིས་ཆོལ་ཁའི་ཕྱོགས་ལྷུང་གི་དྲི་མས་མ་སྦགས་པར་བོད་སྤྱིའི་དུས་གསུམ་གྱི་གནས་སྟངས་ལ་གཞིགས་ཏེ
་ཪྟོན་པ་བཞིའི་ཐོག་ནས་བློ་བཟང་སེང་གེ་མཆོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་བྱས་པ་ཡིན།
སྐྱོན་བརྗོད་བྱེད་པོ་རང་ཉིད་བོད་སྤྱིའི་དོན་ལ་ཆོ་ཁའི་འཐེན་འཁྱེར་དོར་བའི་སེམས་ཤུགས་ཅན་ཞིག་དགོས།
སྐྱོན་བརྗོད་བྱ་ཡུལ་གང་ཟག་དེར་ཡང་མཐའ་གཉིས་སུ་མ་ལྷུང་བའི་ཡང་དག་པའི་ཤ་ཚ་ཞིག་ཀྱང་ངེས་པར་དུ་དགོས།་་་་
གལ་ཏེ་ཆོལ་ཁའི་ཕྱོགས་སུ་ལྷུང་བ་སོགས་ཀྱིས་དྲི་ངན་མེད་ཚེ་བོད་སྤྱིའི་དོན་དུ་སྤེལ་བའི་བསམ་ཚུལ་རྣམས་མིང་དངོས་སུ་བྲིས་ཐུབ་པ་ཞིག་དགོས།
ལ་་རྒྱའི་བདག་པོ་ལགས།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་ཡིན་པ་གསལ་བསྒྲགས་གནང་ཤིང་
དབྱིན་སྐད་སློབ་གྲ་གསར་བཙུགས་སོགས་ཀྱི་མཛད་པ་རླབས་ཆེན་བསྐྱངས་ཡོད་ན་འང་དེར་སྐབས་དེའི་སྐུ་དྲགས་རིང་ལུགས་པས་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བྱས་ཤིང་ལམ་དུ་མ་སོང་བ་དེའི་ཕྱིར་མཐར་འུ་ཐབས་ཟད་དེ་བླང་དོར་སྤང་བླང་དང་མ་འོང་ལམ་སྟོན་གྱི་ཆུ་སྤྲེལ་ཞལ་གཏམ་དེ་ཁོང་སྐུ་མྱ་ངན་ལས་མ་འདས་པའི་སྔོན་དུ་ཐུགས་ཕམ་པའི་ཚུལ་གྱིས་བཞག་གནང་བ་རེད།
སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཀྱང་གོང་བཞིན་འགོག་རྐྱེན་མང་དག་ཅིག་ཕྲད་དེ་མཐར་བཙན་བྱོལ་ནང་ཕྱག་བསྟར་གནང་ཐུབ་པ་བྱུང་བ་རེད།་་ཁོང་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་གངས་ཅན་པ་ཐོག་མཐའ་དབར་གསུ་ན་གནས་པ་ཀུན་གྱི་འགྲོ་སྟངས་སྡོང་སྟངས་ཤེས་པ་བྱུང་ཡོད་པ་མ་གཏོགས་སྐུ་དྲག་རིང་ལུགས་པས་བྱས་རྗེས་ཤིག་མིན་པ་ནི་ཉི་ཤར་སྦར་མོས་འགེབས་ག་ལ་ནུས།
༡༩༥༩ཕན་ཆད་དུ་བོད་སྤྱི་ཡོངས་ལ་ཕོགས་པའི་བྱས་ཉེས་དང་ལོ་རྒྱུས་ལ་ཞིབ་ཏུ་བསམ་ན་སྐབས་དེའི་བོད་
ཆབ་འབངས་དཀྱུས་མ་རྣམས་ལ་སཉིང་རེ་རྗེ་ཨང།
བོད་གཞུང་མང་གཉིས་ལ་ཕུགས་སུ་ཕན་བྱ་བཞག་ལྟ་ཞོག་ཆབ་འབངས་དཀྱུས་མས་རྔུལ་ཁྲག་ལས་གྲུབ་པའི་ཟ་འབྲུ་བསྡུ་ལེན་བྱས་ཤིང་ཐ་ན་སྡིག་སྲིན་དཀར་བོ་ཚུན་ཆད་ཀྱང་བཟུང་སྟེ་ཁོང་ཚོར་སྒེར་འབད་ཁོ་ནའི་ཆེད་དུ་ཁྲལ་རྒྱག་དགོས་ཀྱི་ཡོད་སྐོར་མགོ་བོ་དུང་ལྟར་དཀར་བའི་རྒས་འཁོགས་རྣམས་ཀྱིས་དུས་ད་ལྟའང་མགོ་བོ་དཀྲུགས་ཏེ་ཤོད་ཀྱིན་ཡོད་པ་མང་དུ་མཐོང་བྱུང་།
གལ་ཏེ་སྐབས་དེའི་བོད་འབངས་ཆེད་དུ་དམིགས་ཏེ་འབངས་ལ་གཟེངས་སུ་ཐོན་པའི་ཞབས་འདེགས་བྱས་པའི་ལོ་རྒྱུས་ལྡན་ན་ཁྲལ་ལོས་ཀྱང་འབུལ
བོད་ཀྱི་བཅའ་ཁྲིམས་ནང་བཀའ་ཁྲིའི་འོས་མིར་ཉམས་མྱོང་ཅན་ཞིག་དགོས་ཞེསདཏན་འབེབས་བྱས་པ་སྔ་ཕྱི་དབར་གསུམ་གང་ནའང་གསལ་མེད་ཁྱེད་ཀྱི་འདོད་པའི་བཀའ་ཁྲི་འང་བོད་ཀྱི་སྐད་ཡིག་ཐོག་ལ་བྱང་ཆུབ་པ་ཞིག་མིན།་་་་་་ལྷག་པར་དུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཇི་ལྟར་བྱེད་ནམ་ཡང་མི་སྲིིད་པ་ཞིག་རེད།་་
ཁྱེད་ཀྱིས་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་པའི་ལོ་རེ་གཉིས་སྔོན་ལ་སྐུ་དྲག་ཚོས་ཕུགས་སུ་ཕན་པའི་འགྱུར་བཅོས་ཀྱི་ལས་དོན་གང་ཞིག་བསྒྲུབས་ཀྱང་ཕྱི་ལོ་༡༩༥༠ཐམ་པའི་ལོར་བོད་ཀྱི་ས་ཕྱོགས་ཁག་བདུན་ནས་ཡོང་བའི་རྒྱ་དམར་གྱི་བཙན་དམག་དེ་དག་འགོག་པའི་ནུས་པ་ལྡན་ཞེས་དྲི་ཚིག་འཕངས་པ་ནི་ཡ་རེ་མཚར་་་་་་་་་་་་་་་་་་་བོད་གཞུང་དེ་ཉིད་་་་༡༩༤༧་་་ལོར་གསར་གཏོད་བྱས་ཡོད་ན་ཐུགས་ཁག་མེད།
མདོར་བསྡུས་པ་ཡིན་ན་རྒྱ་གར་གཞུང་མང་གི་སྲིད་བློན་ཐོག་མ་ནེ་རུ་མཆོག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་བསམ་བཞིན་དུ་གསུངས་པ་དེའི་འབྱུང་རིམས་ལ་བལྟས་ན་འང་སྐབས་དེའི་སྐུ་དྲག་ཚོས་འཐུས་ཤོར་སོང་བ་ལ་བརྟེན་ནས་སྲིད་བྱུས་དེ་བཟུང་བ་ཞིག་རེད།་་་་་་་་་་བོད་ཆབ་འབངས་རྣམས་ལ་ཕུགས་སུ་ཕན་པའི་བྱ་བཞག་གི་ལོ་རྒྱུས་སྣ་གཅིག་ཀྱང་མེད་པའི་ཁར་ཁྲག་དང་རྔུལ་ལས་བསགས་པའི་ཆབ་འབངས་དཀྱུས་མའི་ཟ་འབྲུ་བཙན་པོས་འཕྲོགས་པ་མ་ཟད་ཐ་ན་སྡིག་སྲིན་ཚུན་ཆད་ཀྱང་ཁོང་ཚོར་སྤྲོད་དགོས་པ་སོགས་ལས་འབྲས་འཆོལ་བའི་སྡིག་ལས་དང་བྱས་ཉེས་ལས་བོད་ཀྱི་སྣོད་བཅུད་ཟུང་མེའི་དོང་ནང་ཡུགས་པ་རེད།་་་་་་་་་་ཆོལ་ཁའི་ཕྱོགས་ཞེན་དོར་ཏེ་་་་་་་་་དེ་ཡིད་ལ་དྲན་པར་གྱིས་ཤིག་ལ་རྒྱའི་བདག་པོ་ལགསསསསསསསསསསསསསས
ཁྱེད་ཚོས་ཅི་བཤད་འདི་བཤད་ གང་ལྟར་བཀའ་ཁྲི་ནི་ མཁས་དབང་བློ་སེང་རང་རེད། ཧཧཧཧཧཧཧ
རྒྱུ་མཚན་མང་དུ་བྲིས་ཀྱང་ལག་པ་ན་བ་ལས་དུས་ཚོད་འཕྲོ་བརླགས་མང་