དུས་ཚོད། རེས་གཟའ་པ་སངས། སྤྱི་ལོ་༢༠༡༡ལོའི་ཟླ་བ་༢པའི་ཚེས་༡༡ཉིན།
ཆུ་ཚོད། ༦ནས་༨བར།
ས་གནས། ལ་རྩེ་དཔེ་མཛོད་ཁང་།
གཤམ་གྱི་དྲ་བྱང་བརྒྱུད་དྲ་ཐོག་ནས་དུས་སྟོན་ལ་རོལ་ཐུབ་ཟེར།
http://www.trace.org/home.html#2
སང་ཉིན་དགོང་དྲོར། ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་དུ། བརྩེ་དུང་གི་དུས་སྟོན་ཞིག་ཚོགས་ཀྱི་འདུག་ཅིང་། ཚོགས་འདུ་དེའི་ཆ་ཤས་གཅིག་ནི། སྙིང་གི་ཚི་ལུའི་སྐོར་རེད། སྙིང་གི་ཚི་ལུའི་ལས་རིམ་དེའི་ཁོངས་སུ། སྲོལ་རྒྱུན་གྱི་ཕོ་མོའི་མཛའ་འཕྲིན་སྤེལ་སྟངས་དང་དེང་རབས་ཀྱི་མཛའ་འཕྲིན་གཏོང་སྟངས་སོགས་ཚུད་ཡོད་འདུག སྙིང་གི་ཚི་ལུའི་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་དེ་ལས་རིམ་དེའི་ཆ་ཤས་གཙོ་བོ་ཞིག་ཆགས་འདུག ད་དུང་། མཛེས་མ་ཚེ་རིང་སྐྱིད་ཀྱང་ལས་རིམ་དེར་ཞུགས་ནས། སྙིང་གི་ཚི་ལུའི་སྐོར་གྱི་མཛའ་འཕྲིན་ཞིག་ཀློག་འདོན་གནང་གི་རེད་ཟེར། དེས་ན། སང་ཉིན། ང་ཚོ་ཚང་མ་ལ་རྩེ་ཚང་གི་སྙིང་གི་ཚི་ལུའི་ལས་རིམ་དེར་ཞུགས།
གླིང་སེང་ལྕམ་འབྲུག་མོའི་ཁ་ཡ་མཛེས་མ་ཚེ་རིང་སྐྱིད་དེ་ན་ཡོད་ཚེ་ད་ནི་སྔགས་རྒན་ཡང་གླིང་གི་རྟ་རྒྱུག་རྒྱལ་འཇོག་ནང་ལ་རྟ་མདོ་བ་གྱོ་ལི་སྔོ་ཤད་ཞོན་ནས་ཅིག་མི་རྒྱུག་ཐབས་མེད་རེད་ལ།
xxxxxxxxxxxxxxx
ངོ་མ་ཚེ་རིང་སྐྱིད་ཡོང་རྒྱུ་ཡིན་ན་ད་ང་ཡང་སོང་ནས་ངེད་གཉིས་ཀས་ལ་གཞས་ཤིག་ལེན་རེས་བྱེད་འདོད་ཡོད།
ཚེ་རིང་སྐྱིད་སླེབས་ཡ་དེ་ཡག་པོ་བྱུང་ཤག བརྩེ་དུང་སྐོར་ལ་དེ་ལྟ་བུ་ཞིག་གིས་མ་གཏོགས་ག་བ་་་ག་བ་་་ག་བ་་་་་
སྙིང་གི་ཚི་ལི་དྲན་སྟངས་བཤད་དུས། ཁྲ་ཆུང་མིག་ནས་མིག་ཆུ་མ་གཏོང། མིད་པའི་འཕྲེང་ནས་སྐད་ཆ་མ་འགག སྟེགས་བུའི་སྒང་ནས་ལོག་ལ་མ་ཡས།
ལ་རྩེ་ཚང་གིས་ངོ་མ་སྔོན་མའི་ལ་གཞས་དང་རོགས་མཐུན་འབྲི་སྟངས་ཀྱིས་སྙིང་གི་ཚི་ལུའི་ལས་འགུལ་སྤེལ་ཡོད་ན། དོ་དགོང་དངོས་གནས་ལ་གཞས་འཐེན་མཁན་ཡོད་ཀྱི་རེད་པཱ།
དེང་སྐབས་གློག་འཕྲིན་གྱི་ལམ་ནས་བོད་ཡིག་གང་འདོད་དུ་བེད་སྤྱོད་གཏོང་ཐུབ་པའི་དུས་ཚོད་དེ་འདྲ་ཞིག་ལ་རྩེ་ཚང་ལ་བོད་ཡིག་གི་དྲྭ་ཚིགས་ཤིག་ཡོད་ན་ཅི་མ་རུང། མྱུར་དུ་ཡོད་པའི་སྨོན་ལམ།
ལ་རྩེ་ཚང་གིས་མཛད་སྒོ་འདི་འདྲ་རབ་དང་རིམ་པར་སྤེལ་གནང་ལ་རྗེས་སུ་ཡི་རངས། བཀྲིས་བདེ་ལེགས་ཞུ།
ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ནས།
དེ་རིང་ཡོང་འདོད་ཡོད། ཡིན་ནའང་འདིར་ཞུགས་མྱོང་མེད་པས་ཞུགས་སྟངས་ཤེས་མ་སོང་། ཁྱོད་ཚོས་སྤྲད་པའི་ཁ་བྱང་དེའི་སྟེང་ནས་ནན་ན་མང་བོ་ཞིག་ཤར་གྱིན་འདུག་མོད། དེ་ནས་གང་ལ་འགྲོ་དགོས་ཤེས་མ་སོང་། བོང་བུའི་མགོ་ལ་དབྱུག་པས་བརྒྱབས་པ་ནང་བཞིན་རེད། ཁོམ་ན་ལན་གསལ་བོ་ཞིག་གནང་རོགས། ད་དུང་བ་ལྟ་བུའི་བོང་བུ་གཞན་པ་ཚོར་ཡང་ཕན་ངེས་རེད།
ཚེ་སྐྱིད་ཡོད་པས་ལྗང་བུ་དམར་པོ་ཐོན་གདའ་ཐོན། དོ་དགོང་གི་ཚེ་སྐྱིད་ཀྱི་སྙིང་གི་ཚི་ལུ་ལྗང་བུ་ཡིན་ན་ཁུག་རྟ་ཡིན་ན། ད་ལྟ་རྒྱུ་ཡོད་ནི་རེད། གུས་མོར་ཟ་ལོས་རྒྱལ་ལྟར་གསལ་བོ་ཞིག་ཤོད་རོགས་ཁ་བརྡ་ཚང།
Pama tso ལགས་ཀྱིས།་་་་་ཚེ་སྐྱིད་ཡོད་པས་ལྗང་བུ་དམར་པོ་ཐོན་གདའ་ཐོན། ་་་་ཞེས་པར་ལན་ཕུལ་དོན།
ང་དམར་པོ་ཡིན་པ་དེ་ཁྱེད་ཉིད་དཀར་པོ་ཡིན་པའི་སྒྲུབ་བྱེད་དུ་འགྲོའམ།
ལྗང་བུས་ཕུལ།
ཡག་པོ་ཞིག་འཆར་ཐུབ་ཀྱི་མི་འདུག་ལ་རྩེ་ཚང་གི་དྲ་གནས་ཀྱང་དེ་འདྲ་ཞིག་རེད་མོད། ལ་གཞས་འཐེན་ན་ངའི་ཕོ་བྲང་དཀར་བོའི་མདུན་ནས་འཐེན། ཁྱེད་ཀྱིས་རང་དབང་ལྷ་མོའི་སྟེང་ལ་བུད་ནས་འཐེན། ཡང་ན་ཕེ་རེ་སི་ལྕགས་སྡོང་སྒང་ནས་འཐེན། ཞེ་བསམ་པའི་འཐེན་རེས་བྱོས་དོན་དམ་པའི་རྔ་མ་ཡོད་ནི་བྱོས།
སྙག་ངག་པ་ལྗང་བུ་ལགས་ལ་འཚམས་འདྲི་ཡོད།
གུས་མོས་དམར་པོ་ཞེས་པ་སྐུ་ཞབས་ལྗང་བུས་ལམ་སེང་དོ་སྣང་གནང་འདུག ག་རེ་ཐུགས་ལ་ཕོགས་སོང་ངམ།
སྐུ་ཞབས་ཁྱེད་ཀྱི་མཚན་གནས་རྗེས་འབྲེལ་གྱིས་མི་ཚང་མས་ལྗང་བུ་ནི་སྔོ་འཁྱུག་སེ་ཡོད་པར་སེམས་ནའང། གུས་མོས་ནི་ལྗང་བུ་ཡོད་ཚད་སྔོན་པོ་མིན་པའང་ཚོར་སོང་བ་ལས། རང་ཉིད་དཀར་པོ་ཡིན་པ་སྒྲུབ་ཕྱིར་མིན་ལགས།
འདས་པ་དེ། ངའི་སྙིང་གི་ཚི་ལུ་ནི། རང་ཉིད་ཀྱི་ལུས་པོ་ཙམ་ལས་ཅི་ཡང་མ་རྙེད་ཀྱང་། ད་ལྟ། ངས་འཚོལ་བཞིན་པའི་སྙིང་གི་ཚི་ལུ་དེ། རང་ཉིད་ཀྱི་བསམ་བློ་དང་དཔྱད་ཕྱོགས་ཤིག་ཡིན་རུང་། མ་འོངས་པའི་ངའི་སྙིང་གི་ཚི་ལུ་ནི། མ་ངེས་པའི་དབྱིངས་སུ་ལྷུང་རྒྱུ་ཡིན་ནམ། ཡང་ན། རིན་ཐང་ཡོད་པ་ཞིག་གི་ཕྱོགས་སུ་མཆེད་རྒྱུ་ཡིན་ནམ།
ལྗང་བུ་འགུལ་ནས་འགྲོ་བའམ། རྫས་ལས་སྐྱེས་བ་ཞིག་ཡིན་པས། ལྗང་བུ་ལ་དུས་བཞི་ཡོད་ལ་ནམ་དུས་ཡོད་པས། ནམ་ཞར་སྔོ་ལྗང་སེ་གནས་མི་ཐུབ་པ་ནི་ཆོས་ཉིད་ཅིག་ཡིན་པས། དམར་སེར་དཀར་ལྗང་དུ་གྱུར་དུས་ཡོད་པ་སྐུ་ཞབས་ལྗང་བུའི་སྙན་ངག་ལས་མཐོང་མྱོང།
སྐུ་ཞབསPama tsoལགས།
གུས་པས་ལམ་སེང་དོ་སྣང་ཞུས་པ་འདི་ངའི་གནོངས་ལ་ཕོག་པའི་རྟགས་ཡིན་ཚོད་ལ། རྒྱལ་ཁ་དང་དགེ་ཁ་ཚང་མ་ཁྱེད་ལ་སྟེར་། སྐུ་ཉིད་ནས་ཀྱང་འཕྲལ་མར་ཐུགས་ཟོན་འདྲ་ཞིག་གནང་པ་འདིས། ང་རང་གཉིས་ལ་ཕྱོགས་མཚུངས་ཀྱི་ཆ་རེ་ཡོད་པ་བསྟན་འདུག་སྟེ། ལས་མེད་ཁ་ཁོམ་གཉིས་གློག་ཀླད་ཀྱི་འཁྲིས་ན་ཉི་མ་མ་ཐོངས་པར་བསྡད་འདུག་ག
ཕོ་གཟུགས་ལ་མོ་མིང་ཐོགས་པ་འདི་ཅི་ནས་ཀྱང་མཛེས་པར་མ་མཐོང་། ག་ལེར་བཞུགས་གོ།
ཨ་ལ་སྐུ་རྩེད་ཞུས་པ་ཡིན། ང་ལ་འབའ་པ་ཕུན་དབང་དང་མཉམ་དུ་དམར་ལས་མང་པོ་ཞིག་གི་མཇུག་སྐྱོང་རྒྱུ་ཡོད། ཁ་བླ་ནས་མི་འདུག
སྐུ་ཞབས་ལྗང་བུ་ལགས། ངའི་དམར་པོ་དེ་ཏང་ཀྲུང་དབྱང་གི་འབའ་བ་ཕུན་དབང་གི་ཉེ་སར་ཁྲིད་དགོས་དོན་མ་ཤེས་ཀྱང། མཁས་པ་ཁྱེད་ཚོས་གོ་བ་ལེན་ཕྱོགས་དེ་ལྟར་ཡིན་པས་གུས་མོ་ཐབས་ཤེས་ཟད་ཀྱང།
སྐུ་ཞབས་ལྗང་བུས་གུས་མོའི་དམར་པོའི་དོན་དག་ཅི་ཞིག་ཡིན་མིན་ཅིག་དྲིས་དང་ན་མི་སྐྱོན་ཀ། ཁོམ་པ་རེ་ཡོད་དུས་ཁ་དོག་ཚང་མར་ཐུགས་སྣང་རེ་གནང་ནས། གསུང་དུམ་རེ་འབྱོན་རྒྱུ་མཁྱེན། ཨོ། སྐུ་ཞབས་ཁྱེད་ལ་བརྩི་བཀུར་ཡོད་པ་ལྟར། འབའ་བ་ཕུན་དབང་གི་ཧུའུ་ཅིན་ཐའོ་ཕུལ་བའི་སྙན་ཞུ་དེ་འདྲ་རེ་འབྱོན་ཐུབ་ན། ངས་དེའི་ནང་ནས་ཚིག་དུམ་རེ་ལུང་འདྲེན་གྱིས་ཅིག་བཤད་ཁུལ་ལས་ཁུལ་བྱེད་ངེས་ལགས།
སྙིང་གི་ཚི་ལུའི་དུས་སྟོན་བལྟ་ཡུལ་དྲ་ཐག་འདིའི་ནང་དམིགས་བསལ་གང་ཡང་རྙེད་རྒྱུ་མིན་འདུག http://www.trace.org/home.html#2 བལྟ་ཐུབ་ཟེར་བ་གློག་བརྙན་དུ་དུས་ཐོག་བལྟ་ཐུབ་པ་རེད་དམ་གང་འདྲ་རེད་ད་གསལ་ཚུལ་ཁ་གསལ་དུ་ནས་མིན་འདུག
ཁྱོད་བཤད་བ་བདེན་གི་ཡ དེའི་དྲྭ་ཐག་དེའི་ནང་དུ་ཅི་ཡང་མི་འདུག
ལ་ལ་ལ། ཚེ་རིང་སྐྱིད་ཀྱི་སྐོར་བཤད་ཡོང་དུས་གསར་བུ་ཚོ་གཅིག་ཤོར་གཉིས་ཤོར་གྱིས་སྔོན་ལ་ཤོར་ཚར་འདུག ད་ངས་ཀྱང་དུས་ཐོག་བལྟ་གི་ཡིན། བལྟ་སྟངས་ཁ་སྔོན་བོད་ཡིག་གི་ཚེག་སྟོང་འཇོག་སྟངས་དང་གཅིག་པ་ཡིན་རྒྱུ་རེད། དེ་ཡིན་ན་གོང་གི་ཁ་བྱང་དེར་དུས་ཐོག་བསྣུན་ན་ཡོང་གི་འདུག་ཀ ཕལ་ཆེར་བོང་བུ་ཚོའི་འགྲོ་དུས་ཚོད་ལ་སླེབས་ན་ཤེས་ཡོང་རྒྱུ་རེད། སྙིང་གི་ཚི་ལུ་གླེང་ས་ན་ངེད་ཚོའི་སྙིང་གི་ཚི་ལུ་དེ་བོང་གསེབ་དང་བོང་མ་ལྟར་བྱས་ནས་སྐད་རྒྱག་དགོས། ཧུམ་ཆི ཧུམ་ཆི ཧུམ་ཆི། བྲང་མགོ་ལ་ཧུམ་ཆི།
གནོན་ནུས་འགྲེལ་བཤད་བྱས་བར་ཐུགས་རྗེ་ཆེ། ད་བོང་བུ་མང་བོ་ཡོང་གི་རེད། བོང་མ་ཙ་ཡ་ཞིག་ཀྱང་ཡོང་གི་ཡོད་ས་རེད།
གོང་གི་དྲ་གྲོགས་འགར་དོགས་སེལ་གྱི་ཆེད་དུ།
དྲ་བྱང་དེའི་སྟེང་ནས་ཐད་ཀར་བལྟ་ཐུབ་གི་རེད། འོན་ཀྱང་། ད་ལྟ་དུས་ཚོད་ལ་སླེབས་མི་འདུག
ཆུ་ཚོད། ༦ ནས་༨ བར་རེད། ཨ་རིའི་ཤར་ཕྱོགས་ཀྱི་ཆུ་ཚོད་རེད།
དུས་ཚོད། གཟའ་པ་སངས་རེད།
ད་ལྟ་འདི་རུ་གཟའ་པ་སངས་ཀྱི་ཞོགས་པའི་ཆུ་ཚོད་༩པ་ཙམ་རེད།
འདི་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha.gmail.com
ལྗང་བུ་དྲིན་ཆེན་པོ། ལྕགས་རྡུང་སར་ལྕགས་དང་དངུལ་རྡུང་སར་དངུལ་རྡུང་ན་ཡག་གི་རེད། སྙིང་གི་ཚི་ལུ་གླེང་ས་ནས་དམར་ཕྱོགས་པ་དེ་ཚོ་ངོམ་སོ་རྒྱབ་མ་ཡོང་། ལྷག་པར་དུ་འབའ་བ་ཕུན་དབང་གི་སྐོར་གླེང་མ་ཡོང་། སེམས་པ་མི་སྐྱིད་ཀི མེ་མདའ་དང་མེ་སྒྱོགས་བཟུང་པའི་དམག་དཔུང་གི་སྣེ་ཁྲིད་ནས། བོད་པ་རྩ་མེད་བཏང་བའི་ལོ་རྒྱུས་དེ་ཚོ་གླེང་མ་ཡོང་། ལོ་ལོན་ནས་དབུགས་ལེན་མི་ཐུབ་པའི་སྐབས་ལ་ཡིག་ཆ་ཅིག་སྤྲད་པ་རེད་ཟེར་བ་དེ་ཚོ་གླེན་པ་ཚོའི་འཁྲབ་སྟོན་ཞིག་རེད།
བལྟ་དུས་ལ་མ་སླེབས་ཀྱང་མ་མཐའི་ས་མཚམས་སུ་གྲ་སྒྲིགས་ཞིག་ཡོད་དགོས་པ་མ་རེད་པས། དྲ་ཐག་དེའི་ནང་སྙིང་གི་ཚི་ལུ་ཞེས་པའི་འདྲ་གཟུགས་དེ་དང་། དུས་ཚོད་ཙམ་ཞིག་ལས་དེ་མིན་དེ་འགྲོ་འདིར་རྒྱུག་གི་གསལ་ཁ གང་ཡང་མིན་འདུག་པས། གནས་ཚུལ་གང་ཡིན་ཡང་ཁ་གསལ་ལ་གོ་བདེ་བ་ཞིག་གལ་ཆེ་ཤོས་སུ་བསམ་རོགས། བོང་བུ་ཡིན་འདྲ། ག་རེ་ཡིན་ནས་ཁྱད་པར་མེད་ཁ་གསལ་ཡོད་ན་སུས་བལྟས་ཀྱང་མཐོང་ལ་ལག་ལེན་དུ་ལྟར་བདེ་བ་ཡོང་ངེས་རེད།
ཧ་ཧ་་་ད་འདོད་པ་འགྲུབ་སོང་།ངག་རྒྱུན་ཁྲོད་ཀྱི་ཚེ་རིང་སྐྱིད་ལ་མཇལ།
ངའི་གློག་ཀླད་དུ་བལྟ་མི་ཐུབ་ཀི་་་་་ག་འདྲ་སེ་བྱས་ན་བལྟ་ཐུབ་ཀི་རེད་དམ་་་་་་་ལམ་སྟོན་ཞིག་གནང་རོགས་་་་་གྲོགས་པོ་དག
http://www.trace.org/home.html
གཤམ་གྱི་དྲ་ཐོག་བརྒྱུད་ནས་བལྟ་རོགས།
དུས་སྟོན་འགོ་བཙུགས་ཚར་འདུག
http://www.trace.org/home.html
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
བརྩེ་འཕྲིན་རྫུན་མ་ཡིན་མིན།། བརྩེ་བ་རྫུན་མ་ཡིན་མིན།། ཐེངས་གཅིག་ཀློག་ན་ཤེས་གི། བརྩེ་བའི་ཚེ་རིང་ལྷ་མོ།
རྫུན་མ་རང་ཞིག་མ་རེད།།
ཨ་ཤི་རེས་ཁོ། བརྩེ་འཕྲིན་འབྲི་ཤེས་ནི་མི་འདུག ཁྱེད་རང་ཚོ་བརྩེ་བའི་ནང་ལྷུང་ཡོད་སྐབས་ཀྱི། ལུས་སེམས་ཀྱི་རྣམ་འགྱུར་ཕྲ་མོ་རེ་རེ། ལག་མཐིལ་ལ་བླངས་ནས་བསྟན་ཐུབ་ཀྱི་མི་འདུག་གམ། ཉན་མཁན་ཞིག་གིས་ཉན་ཡང་། ཆི་མ་བདེན་བསམ་ནས་ཤུགས་རིང་ནར་སེ་ཤོར་འགྲོ་བ་ཞིག་ཕྲིས་ད།
ཟླ་བ་སྒྲོལ་མ་ཡང་འགྲིགས་འདུག
ཀེ་ལ་ཤ་ཡི་བརྩེ་བ་དེ་ངོ་མ་ཞིག་ཡིན་ས་རེད། ངོ་མ་ཞིག་ཡིན་ན་བརྩེ་བ་དེ་ཡིད་སེམས་འགུགས་པ་ཞིག་ཕྱིར་སྟོན་ཐུབ་མི་འདུག གང་ལྟར་ལྗིད་ཁོག་འདུག གལ་སྲིད་ངོ་མ་ཞིག་མིན་ན། ངོ་མ་འདྲ་བོ་ཞིག་བཞེངས་འདུག ཡག་པོ་འདུག
ཀེ་ལ་ཤའི་བརྩེ་བ་དེ་ཕལ་ཆེར་ཡག་ཤོས་འདྲ་ཟིག་ཡིན་ས་རེད་གོ
དང་པོ་ཤེ་ལ་ཤ། གཉིས་པ། བརྩེ་བའི་ཚེ་རིང་ལྷ་མོ། གསུམ་པ། ཟླ་བ་སྒྲོལ་མ།
ཚེ་རིང་སྐྱིད་ཀྱིས་ཀློག་པ་དེ་ཡག་པོ་འདུག དེའི་འདྲེན་ཤུགས་དེ་སྙན་ངག་ནུས་པ་རེད་མ་གཏོགས། བརྩེ་བ་མ་རེད།
དེ་རིང་ད་བརྩེ་འཕྲིན་ཀློག་ནས་པདྨ་འབུམ་ཡང་ཇེ་གཞོན་ན་དགའ་རབ་ཕྱིན་འདུག ཕོ་གསར་རྫིག་པོ་ཞིག་ཆགས་འདུག ལོ་ལོན་རྒན་གཞོན་དང་སེར་སྐྱ་ཁྱད་མེད། བླ་མ་དགེ་བཤེས་མང་པོ་ཞིག་འདིར་འཚང་ཁ་ཤིག་ཤིག་གིས་སླེབས་ཡོད་པ་འདྲ། དེ་ནི་བརྩེ་བ་ཡི་སྟོབས་ཤུགས་ཡིན་རྒྱུ་རེད།
པད་མ་མཚོ་དང་འབྲེལ་བའི་བརྩེ་འཕྲིན་དེ་འགྲན་བསྡུར་ནང་ཡོད་པ་རེད་དམ། དེ་ཡག་པོ་མེད་འགྲོ་བསམས་སོང་ད། སྐྲ་ཡི་སྐོར་ཞིག་བཤད་པ་ནས་མ་གཏོགས་གོ་མ་སོང་། དེའི་སྐབས་དེར་བརྩེ་བའི་རྩ་གནད་ཆེན་པོ་ཞིག་འཛིན་ཐུབ་འདུག་བསམས། ཁ་ནས་ཀློག་གི་ཡོད་པས་ཞིབ་ཚགས་ལྟ་ཐུབ་མ་སོང་། གོང་གསལ་འདི་ཚོ་འཁྱུག་ཙམ་ཉན་ཞོར་དུ་དཔྱད་གཏམ་སྤེལ་བ་ཡིན། ཏག་ཏག་ཅིག་ཐུག་ཡོད་མེད་གང་ཤེས།
ལ་རྩེ། ཐུགས་རྗེ་ཆེ། མི་མང་པོ་ཞིག་ལ་དབྱིངས་འཕར་འདུག དེ་རིང་ད་གུང་སེང་ཞིག་བླངས་པའི་ཚོར་སྣང་བྱུང་། ཉིན་གང་ལས་ཀ་བྱས་པའི་ངལ་བ་རྨང་ནས་སེལ།
ཁ་ལ་གཞས་བླ་མའི་གསུངས་ཡིན།། གསུང་ཉན་ནི་ཡོད་ན་འདིར་ཤོག།
ཁ་ཚིག་གསུམ་རྗེ་བཙུན་མགུར་ཡིན། མགུར་ཉན་འདོད་ཡོད་ན་འདིར་ཤོག།
འདིར་ཤོག་དང་འདི་ན་ང་ཡོད།། སེམས་མཐུན་པའི་སྙིང་གཏམ་ང་ཡོད།།
དེ་རིང་ངལ་གསོ་ཡག་པོ་ཞིག་བྱུང་སོང་། ལྷག་པར་དུ། ལ་གཞས་དེས་ང་ཕ་ཡུལ་ལ་ཐེངས་འགའ་འཁྲིད་ཚར་སོང་།
ལ་རྩེ་ཚང་ལ་བཀའ་དྲིན་ཆེ།
ཚེ་རིང་སྐྱིད་ཀྱིས་རང་ཉིད་ཀྱི་བརྩེ་བའི་ལོ་རྒྱུས་ཀུན་གྱི་མདུན་དུ་གླེང་བཞིན་པར་ནུས་ཤུགས་མ་འདྲ་བ་ཞིག་འདུག ཐུགས་རྗེ་ཆེ།
ཚེ་རིང་སྐྱིད་ཀྱི་བརྩེ་འཕྲིན་འདི། འགྲན་བསྡུར་ནང་ཡོད་ན་འདིར་ཨང་དང་པོ་སྟེར་འོས། ག་རེ་རེད་ཟེར་ན།འདི་ལ་བརྩེ་བ་ཞིག་གི་མགོ་མཇུག་བར་གསུམ་གོ་རིམ་དང་བཅས་པ་ཆ་ཚང་འདུག
ཚེ་རིང་སྐྱིད་ཀྱིས་མཐའ་མཇུག་ཀློག་པའི་བརྩེ་འཕྲིན་དེར་ཨང་དང་པོ་མ་རག་པར་འགྱོད་སེམས་ཅུང་འདུག ཡིན་ནའང་། དེ་ལ་འཁང་ར་བྱེད་ས་ཡོད་མ་རེད་མི་མང་གིས་འདེམས་པ་རེད། དེ་ལ་རྩོམ་གྱི་ཐོག་ནས་མགོ་མཇུག་ལྡན་པ་ཙམ་མ་ཟད། མོའི་རྣམ་འགྱུར་དང་དབྱངས་འགྲོསཀུན་ནང་བལྟས་ཀྱང་བཅོས་མིན་གྱི་བརྩེ་བ་ཞིག་བརྗོད་ཀྱི་ཡོད་པ་འདྲ་བོ་འདུག ངུ་གྲབས་ངུ་གྲབས་བྱེད་ཀྱི་ཡོད་པ་འདྲ་ཟིག་མཐོང་སོང་། དངོས་སུ་ངུས་ཡོད་ན་ཁྱེད་རང་ལ་ཨང་དང་པོ་ཐོབ་ཚར་རེད། ངུ་མ་ཐུབ་པ་དེ་འགྲིགས་མ་དེ། ཨ་བུ་མོ། ད་ཚང་མ་བདེ་མོ་གནང་། ཉལ་དུ་འགྲོ་གི་ཡིན།
དོ་དགོང་ད་་་་བླ་རྒན་འགའ་རེའི་རླིག་མགོ་རླིག་སྤུའི་བར་དུ་འཛུལ་འདུག་ས་མེད་ཡ།
བལྟས་པ་ཡིན། ཚེ་རིང་སྐྱིད་ལ་ཡང་བལྟས་པ་ཡིན། ཚེ་རིང་སྐྱིད་ཀྱིས་གཞན་གྱི་རྩོམ་ཡིག་ཀློག་སྐབས་གད་མོ་ཤོར་ནས་ཡག་པོ་ཀློག་མ་སོང་། ཡིན་ན་ཡང་མོ་རང་གི་རྩོམ་ཡིག་ཀློག་དུས་ངུ་བཞིན་པའི་བཟོ་འདྲ། གློག་གི་བརྒྱབ་པའི་བཟོ་འདྲ་མང་པོ་ཞིག་བསྟན་ནས་ཀློག་སོང་། འོན་ཀྱང་ཀླུ་སྨྱོན་འདི་བ་ཚང་དགོས་དུས་གཉིད་ཚར་བའམ། གྲོང་ཆོག་ཞིག་ལ་བུད་སོང་བ་འདྲ་འདུག མཐོང་ས་ན་མི་འདུག དེ་མིན་བོད་དབྱིན་གཉིས་ཀའི་སྐད་ཐོག་ནས་འདོད་པའི་བསྟན་བཅོས་ཀློག་མཁན་མགོ་སེར་ཨ་ཡེ་དེས་དུམ་ཚན་ཡག་པོ་ཞིག་བཀོད་སྒྲིག་བྱས་འདུག འོ་ད་རུང་གཡང་འབུམ་གྱི་ལ་བཞས་དེ་སྣང་བ་ཟེར་ནོ་ཕ་ཡུལ་གྱི་རྫི་ལ་བསྐྱལ་སོང་། ལ་ཡེ་ལེན་མཁན་བུ་མོ་ཞིག་ཀྱང་ཡོད་ཀྱི་རེད་བསམ་སོང་མོད། མི་འདུག རྗེས་མ་བུ་མོ་ཞིག་ཀྱང་བཀོད་སྒྲིག་བྱེད་ཐུབ་ཀྱི་ན་ངས་ཀྱང་འདི་ནས་སྐྱ་སྟོང་སྐོར་ཞིག་ཁྲིད་ཡོང་ནས།
ཚེ་རིང་སྐྱིད་འདི་སྔོན་མ་ཞིག་ལ་རྡི་ལི་པན་ཅ་པ་སིའི་འོ་མ་འཐུང་ས་དེར་གཅིག་མཐོང་མྱོང་། དེ་རིང་དྲ་ལམ་ནས་གཅིག་མཐོང་སོང་། འགྱུར་ཚར་འདུག མི་རྟག་པ་ཟེར་ན་དེ་འདྲ་ཡིན་རྒྱུ་རེད།
སྔོན་མ་ཞིག་ལ་མདའ་ཚན་པས་བྲིས་པའི་ཤུག་དང་སྲོ་མའི་སྐོར་དེ་མགོ་སེར་འ་ཡེ་ཞིག་གི་ཀློག་སོང་། བོད་སྐད་དུ་ཀློག་སྐབས་མི་མང་པོ་གད་མོ་ཤོར་སོང་། དབྱིན་སྐད་དུ་ཀློག་སྐབས་གད་མོ་ཤོར་མཁན་མི་འདུག འགྱུར་མི་བཟང་བའམ། ཡང་ན་མགོ་སེར་དེ་ཚོས་ཤུག་དང་སྲོ་མའི་སྐོར་ཤེས་ཀྱི་མེད་པ་འདྲ་འདུག ཁོང་ཚོ་རྒྱ་གར་ལ་སོང་ནས་འདོམ་ལ་རླུག་ཤུག་གོར་མོ་བཏབ་པ་ཡིན་ན་དེ་ནས་རྩོམ་དེའི་བྲོ་བ་ཤེས་རྒྱུ་རེད།
འགྱུར་ཚར་འདུག་ཟེར་ན་་་་་རྒས་འདུག་ལབ་ཀི་ཡོད་དམ་་་་་ཆུང་རེ་འགྲོ་འདུག་ལབ་ཀི་ཡོད།
ཡང་ན་མཛེས་རེ་འགྲོ་འདུག་་་་་སྡུག་རེ་འགྲོ་འདུག་་་གསལ་བོ་ཤོད་ར།
ལ་ཡས་ཟོ་ངས་ར་ལེན་ནི་རེད་ར་་་་་་མཇེས་མ་སྐོར་ཞིག་ལ་ངོ་ཚ་ནས་ལེན་ཐུབ་མ་སོང་ཡ།
རྗེས་མ་ཟོ་འདི་འདྲའི་གོ་སྐབས་རེ་བྱུང་ན་་་་་མདར་ཞོར་བཙིར་ཞོར་ལ་ཅིག་ལེན་ཨེ་ཐུབ་བལྟ་ཡ།
རྒས་སོང་ཟིག་ཟེར་ན་སྡེ་དགའ་རྒྱུ་མ་རེད། མཛེས་རུ་སོང་འདུག་རང་གིས་ཟེར་ན་མི་འདོད་ཀི དེ་ལས་འགྱུར་སོང་ཟིག་ཟེར་ན་དག་དག་རེད་པ།
ཅི་ཞིག་ཤོད་ཀྱིན་ཡོད། དེ་ལས་བྱ་དགའ་འཐོབ་མཁན་སུ་སུ་རེད།
རིམ་པས་བྲིས་དང་།
ང་འདྲ་བའི་མཐོང་རྒྱ་ཆུང་བའི་མི་ཚོར་ཕན་ངེས།
ངས་ཀྱང་སྙིང་གི་ཚི་ལུའི་འགྲན་རྩོམ་ཁྲོད་རྩོམ་རིག་བྱ་དགའ་ཐོབ་མཁན་ཚོ་ཤེས་ན་འདོད་གི། འོན་ཀྱང་ལུས་ལ་གཟན་ཤམ་གྱོན་པའི་མི་སྲང་དེ་འདྲ་གཅིག་ཀྱང་མེད་པར་སྨོན། །
གོང་གི་དྲ་ཚིགས་དེའི་ཁ་ཕྱེས་ནས་ཡུན་རིང་ཞིག་སྒུག་ཡིན་མོད། སྐར་མ་གཅིག་ལའང་བལྟ་མ་ཐུབ་ཐལ།དྲ་གྲོགས་སུས་བལྟ་ཐུབ་ཡོད་ན།དེའི་སྐོར་གྱི་མདོར་བསྡུས་ཤིག་དྲ་ཚིགས་སུ་འཇོག་ཐུབ་ན།ང་ལྟ་བུའི་མྱི་ཆུང་སྐོར་ཞིག་ལ་ཆོས་བཅོས་དང་ནི་རེད།ཧཧཧཧ
ལམ་འགྲོ་མ་བརྒྱུགས་ནས་ཁ་སང་དགོང་མོ་དྲ་ལམ་ཆད་སོང་མིན། བལྟ་རྒྱུའི་ལྟད་མོ་མང་ས་རེད། སུ་སུ་ལ་ཨང་ཐོབ་ཀྱང་མ་ཤེས་ཐ། དེ་རིང་སོང་ནས་ལ་རྩེ་ཚང་ལ་བལྟས་ཡིན་དབྱིན་ཇི་འགའ་རེས་བོད་སྐད་བཤད་ཁུལ་བྱས་ནས་ཉོབ་བཅུགས་སོང་། སྐབས་དེའི་གནས་ཚུལ་ཤེས་མཁན་ཞིག་གིས་ཆ་ཚང་ཞིག་བྲིས་ནས་དྲ་ཐོག་ཏུ་འཇོག་རོགས་ཞུ། ད་དུང་རྡོ་རྗེ་ཚེ་བརྟན་དང་པད་མ་འཚོ་གཉིས་ཀྱི་སྐོར་མང་བོ་གླེང་བྱུང་། ཨང་ཐོབ་ཡོད་མེད་མི་ཤེས།
རྩོམ་ཡིག་བཞི་བཅུ་འབྱོར་བ་ལས་བདུན་ལེགས་འདེམས་བྱས་བ་ཡིན་ཟེར། དེ་བདུན་ནི་ཉི་མ་འཚོ། གསལ་ལེ་རྒྱལ། བློ་བཟང་རབ་རྒྱས། གངས་དཀར་རྒྱལ་སྲས། ཚེ་རིང་སྐྱིད་བཅས་འདུག གཞན་པ་དེ་གཉིས་ཤེས་མ་སོང་། མཐའ་མར་འོས་བསྡུའི་ལམ་ནས་ཐག་བཅད་དེ་གངས་དཀར་རྒྱལ་སྲས་དང་པོ། བློ་བཟང་རབ་རྒྱས་གཉིས་བ། ཚེ་རིང་སྐྱིད་གསུམ་པ་བཅས་ཐལ་བཅད་བྱས་སོང་།
ཨ་རོགས་བཟང་གི ད་ནི་བྱ་དགའི་སྐོར་ཡིན་དཱ། གསལ་ལེ་རྒྱལ་དང་ཤ་ཁྲག་རུས་གསུམ་གཉིས་ལ་ཅི་བྱུང་སོང་ནི་ཡིན་ན།
ང་ལ་འབྲེལ་བ་དེ་ཙམ་མེད་ཀྱང། སྐད་ཆ་ཁ་ཤས་བཤད་ན།
ཚེ་སྐྱིད་བརྩེ་དུང་ཁྲ་ཁྲ་མ་ཁྲ་རེད།། གངས་དཀར་རྒྱལ་སྲས་ད་དུང་དགེ་སློང་རེད།། བློ་བཟང་རབ་རྒྱས་བརྩེ་བ་བྲག་རི་རེད།། སྙིང་གི་ཚི་ལུ་བཀྲ་ཤིས་དབྱིངས་ནས་འཇོག།
ལ་རྩེ་དཔེ་མཛོད་ཁང་གི་ལས་རིམ་རྣམས་དྲ་ཐོག་ནས་བལྟ་རྒྱུ་ཡོད་པ་ཞིག་བཟོས་པ་དེར་ཐུགས་རྗེ་ཆེ། མདང་དགུང་གི་ལས་རིམ་དེས་ངའི་སེམས་པ་ཇེ་བརྣལ་དུ་བཏང་ཞིང་། རང་ཉིད་དགའ་མོས་ཆེ་ཤོས་ཀྱི་གྲས་ཀྱི་རྩོམ་པ་པོ་ Hanif Kureishi དང་ཁོང་གི་ཚིག་ཅིག་སྟེ། ངས་རྩོམ་འབྲི་བ་ནི་གཞན་གྱིས་རང་ཉིད་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་ཟེར་བ་དེ་ལ་འདང་ཟབ་མོ་ཞིག་བརྒྱག་ཏུ་བཅུག་བྱུང་།
བེ་རིང་སྐྱིད་ཀྱི་རྩོམ་ཡིག་འགྲན་སྡུར་ལ་ཞུགས་ཡོད་པ་མ་རེད།
ཁྱོད་ཚོས་ལྟད་མོ་ལ་ཡག་པོ་བལྟས་ཡོད་ས་མ་རེད། ངས་བཤད་ཀྱི་ཡིན། ༡ D ཟེར་མཁན་ཞིག་གི་མཚན་ཐོ་ཀློག་སོང་། ཁོང་ལ་སྒོར་མོ་ག་ཚོད་ཡོད་མེད་གོ་མ་སོང་། ༢ དེ་ནས་རྒྱལ་ས་རྡི་ལི་ན་ཡོད་པའི་ཀུན་དགའ་ཟེར་མཁན་ཞིག་གི་མཚན་ཐོ་ཀློག་སོང་། ཁོང་ལ་ཨ་སྒོར་ལྔ་བཅུ་ཡོད་ཟེར། ༣ དེ་ནས་ཚེ་རིང་སྐྱིད་ཀྱི་ལག་ལ་ཆང་དམར་པོ་ཤེལ་དམ་གང་དང་། ཅོག་ལེ་ཀྲི་སྒམ་ཆུང་ཞིག་སྤྲད་སོང་། ༤ དེ་ནས་བློ་བཟང་དར་རྒྱས་ཟེར་བ་ཞིག་གི་མིང་ཀློག་སོང་། སྒོར་༧ཐོབ་འདུག་ཟེར། ༥ དེ་ནས་ཀེ་ལ་ཤ་མགྲོན་ཁང་ན་ལས་ཀ་ལས་ཀྱི་ཡོད་པ་ G ཟེར་བ་ཞིག་གི་མིང་ཀློག་སོང་། ཁོང་ལ་སྒོར་མོ་ག་ཚོད་ཐོབ་ཡོད་མེད་མ་གོ་ཐ། ༦དེ་ནས་ཀུན་དགའ་རྒྱལ་མཚན་ཟེར་བ་ཞིག་ཀློག་སོང་། ཨ་སྒོར་བརྒྱ་ཐམ་པ་འདུག ༧ དེ་ནས་བློ་བཟང་ཉི་མ་ཟེར་བ་ཞིག་ཀློག་སོང་། སྒོར་མོ་ག་ཚོད་ཡོད་མེད་མ་གོ་ཐ། ༨ དེ་ནས་བློ་བཟང་དོན་འགྲུབ་ཟེར་བ་ཞིག་གི་མིང་ཐོ་ཀློག་སོང་། ཁོང་ཡོ་རོབ་ཡིན་ན་ཅིག་ན་ཡོད་པ་རེད་ཟེར། ཁོང་ལ་ཨ་སྒོར་༧༥ ཐོབ་འདུག་ཟེར།
གོང་གི་འདི་ཁོང་ཚོའི་གསལ་བསྒྲགས་གི་གོ་རིམ་ལྟར་བྲིས་པ་ལས། ཨང་གྲངས་ཀྱི་གོ་རིམ་ལྟར་བྲིས་མེད། ཨང་གྲངས་ཅི་ལྟར་ཡིན་མིན་མ་ཤེས་ཐ། གང་ལྟར་ལ་རྩེ་ཚང་ལ་ཡར་མཛུལ་དུས་ཀྱི་ཁེར་རྐྱང་ཚང་མ་ཆུ་ཚོད་བརྒྱད་པའི་ཐོག་མར་འགྲོ་དུས་ཆ་ཆ་བྱས་ནས་འཕུར་ཐལ། ཆ་མེད་ནོ་ཀླུ་སྨྱོན་ངེད་གཉིས་རེད། ཀླུ་སྨྱོན་གྱིས་ཚེ་རིང་སྐྱིད་ཀྱི་རྗེས་ལ་བལྟས་ནས་ཁ་མཆུ་ཞིག་མྱིད་རྗེས་ས་འོག་མེ་འཁོར་ནང་ལ་མཛུལ་ཐལ། ཧཧཧ
མདང་དགོང་ལ་རྩེ་ལས་རིམ་དེར་ལྟ་ཐུབ་མ་སོང་། རྒྱུ་མཚན་ནི་ལས་རིམ་དེ་མགོ་བཙུགས་པ་དང་མཉམ་དུ་ངས་རང་གི་གློག་ཀླད་དེའི་ཕྱེས་ནས་མཆོད་བཤམ་ནང་བཞག་སྟེ་རྐྱང་ཕྱག་ཏག་ཏག་འཚལ་ནས་བསྡད་པ་ཡིན།
ཚེ་རིང་སྐྱིད་ལ་་་་་་ད་དུང་བརྩེ་དུང་གི་སྙན་ངག་གྱེར་འདོན་བྱེད་པའི་ཉམས་འགྱུར་དེ་ཙམ་ཐོན་མི་འདུག་བསམ་སོང་།
གྱེར་འདོན་སྐབས་རྩོམ་གྱི་བརྗོད་དོན་ལྟར་ལུས་ཀྱི་ཉམས་འགྱུར་དང་་་་་སྐད་ཀྱི་འགྱུར་ཁུག་་་་་་དབྱངས་འཐེན་སྟངས་བཅས་ལ་ཞིབ་ཙམ་བལྟས་པའི་སེམས་ཚོར་ཙམ་བཤད་པ་ཡིན།
ཚེ་རུང་སྐྱིད་ཀྱིས་བརྩེ་དུང་སྙན་ངག་གྱེར་བ་མ་རེད།འཕྲིན་ཡིག་ཀློག་པ་རེད།
ལམ་རིམ་འདིར་ཆ་ཚང་ཞིག་བལྟས་པ་ཡིན། ཡག་པོ་འདྲ་ཞིག་འདུག རྩོམ་ཡིག་ཕལ་ཆེར་ཞིག་ཚིག་ལས་དོན་གཙོ་བོར་བཟུང་ཡོད་པའི་ཚོར་བ་བྱུང་མ་སོང་། རྩོམ་ཡིག་འབྲི་མཁན་ཕལ་ཆེར་ཞིག་གྲྭ་བ་དང་། གྲྭ་ལོག་དེ་འདྲ་རེད་འདུག་བསམས་སོང་། རྙིང་གི་ཚི་ལིའི་ཆེད་དུ་རྒྱལ་སྲིད་སྤངས་པ། རྙིང་གི་ཚི་ལིའི་ཆེད་དུ་རང་སྲོག་བཅད་པ། རྙིང་གི་ཚི་ལིའི་ཆེད་དུ་དམྱལ་ཁམས་ཁམས་འགྲིམས་པ། རྙིང་གི་ཚི་ལིའི་ཆེད་དུ་ཕ་མ་སྤུན་མཆེད་དོར་བ་སོགས། བཅོས་མའི་བརྩེ་དུང་འདིས་བསླུས་པ་མང་བོ་འདུག ངས་བསམས་པར། སྐབས་འདིར་བརྩེ་དུང་ལས་བྱུང་བའི་བཟོད་བསྲན་དཀའ་བའི་དཀའ་སྡུག་གི་སེམས་ཚོར་གཙོ་བོར་བཞག་ནས་བྲིས་ན། རྙིང་གི་ཚི་ལི་ཞེས་པ་འདིར་ལྷག་པར་ཡང་གོ་རྒྱུ་མ་འདྲ་བ་ཞིག་ཡོད་སྣང་འཆར། དེ་བཞིན་ལས་རིམ་གྱི་སྔོན་འགྲོའི་གཏམ་བཤད་ནང་། རིག་པའི་གཞུང་ལུགས་ཀྱི་ལྟ་ལྟངས་ཀྱི་ཐོག་ནས་བརྩེ་དུང་དང་། འདོད་ཆགས། འདོད་ཁམས། ཞེས་པ་ཅི་ཞིག་ཡིན་མིན་དང་། མི་ལ་ལ་ཞིག་བརྩེ་བ་གཏན་ནས་མེད་པའམ། བརྩེ་བ་ཐོབ་དཀའ་བའི་རྒྱུ་རྐྱེན། དགའ་གྲོགས་དང་དགའ་གྲོགས་བར་གྱི་འབྲེལ་ལམ། འགྲོ་བ་མིའི་རིགས་ཙམ་དུ་མ་ཟད། འབུ་སྲིན་གྲོག་མ་ནས་གླང་ཆེན་མཆེ་རིང་བར། རྙིང་གི་ཚི་ལི་འཕྲད་སྟོབས་ལས་བྱུང་བ་དང་། རྒྱ་ཆེ་ས་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱང་། མོ་རྟགས་ལྟ་བུའི་ཨ་མའི་ནང་ཁུང་རིང་མོའི་ནང་། དགུ་ཚིགས་དང་། སྐར་ཚོགས། སྐར་ཕྲན་གྱིས་འཁྲིག་སྟོབས་ལས། འཇིག་རྟེན་གསར་བ་སྐྱེ་བཞིན་ཡོད་པ། དེ་བཞིན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྟ་བུ་ལ་ལའང་ཕོ་མོ་ལྟ་བུའི་རྣམ་པ་ཞིག་དབྱེ་རྒྱུ་ཡོད་པ་སོགས་མདོར་བསྡུར་རེ་ངོ་སྤྲོད་བྱས་ན་ལེགས་པར་སེམས། ཨོ་དཔེ་མཛོད་ཁང་འདི་སྔོན་མའི་ལ་རྩེ་དཔེ་མཛོད་ཁང་རེད་དམ། ཡང་ན། དཔེ་མཛོད་གསར་བ་ཞིག་རེད། ཕར་བལྟས་ཚོད་ལ་སྔོན་མའི་དཔེ་མཛོད་ཁང་ལས་རྒྱ་ཆེ་བའི་སྣང་བ་ཞིག་ཤར་སོང་། ཁྱེད་ཚང་གིས་ལས་རིམ་གལ་ཆེན་མང་བོ་ཞིག་སྒྲུབ་བཞིན་པར་བཀའ་དྲིན་ཆེ་ཞེས་ཞུས་པ་ལགས།
དགོངས་དག རྙིང་གི་ཚི་ལུ་ཞེས་པར་འཆོས་རོགས།
སྙིང་གི་ཚི་ལུ་ཞེས་བཅོས་རོགས། དག་ཆ་འདི་ཚོ་ཤེས་བཞིན་དུ་འབྲི་ནོར་ཤོར་བཞིན་འདུག དྲྭ་གྲོགས་ཚོ་དགོངས་འགལ་མེད་པར་ཞུ།
ལ་རྩེ་ཞིག་ནས་གཞས་ཤིག་བཏང་། །
མཛའ་མོའི་སྙན་ལ་མ་འཁྱོལ་གོང་། །
སྐྱི་བསེར་རླུང་གིས་ཁྱེར་ནས་སོང་། །
གཅིན་ཞིག་བཏང་སྟེ་ནང་ལ་ལོག །
རྒྱལ་ཁམས་པ། ཚི་ལུ་ཚི་ལི་ལ་དག་ཆ་ནོར་མ་ནོར་ཞིག་ཡོད་རྒྱུ་མ་རེད། ཚིལ་ཞེས་པའི་མིང་ཚིག་དེ་ལ་དབུས་ཀྱི་ཡུལ་སྐད་དུ་ཚི་ལུ་ཞེས་ཚེགས་ཁྱིམ་གཉིས་ཅན་ཞིག་བཟོས་པ་རེད། འདི་ཡུལ་སྐད་ཡིན་སྟབས་དག་ཆ་ནོར་རུང་ཉེས་པ་མི་ཆེ།
ངས་ད་ཕན་ལ་ཚིལ་ཞེས་པ་མ་གཏོགས་ཚི་ལུ་ཞེས་ཡིག་ཐོག་བྲིས་ཡོད་པ་མཐོང་མ་མྱོང་། ཚིལ་ཞེས་པ་ཡོད་བཞིན་དུ་ཚི་ལུ་ཞེས་འབྲི་དོན་གང་ཡིན་མི་ཤེས།
ཡིན་རྒྱུ་ནི་ལུ་ཞེས་པ་དེ་ཆུང་ཆུང་གི་དོན་ཡིན་པའི་སྐད་ཆ་རེད།
བོད་སྐད་ནང་ལུ་དང་གུ་སོགས་སྦྱར་ན་དངོས་པོ་དེ་ཆུང་ཆུང་ཞིག་ཡིན་པ་སྟོན་བཞིན་འདུག་ག རྟོལ་ལུ། ཁྱི་གུ ལུ་གུ བྱ་ཆུང་ཆུང་ལ་བྱེའུ་ཞེས་སོགས་མང་ག
སྤོབས་པ་ལགས། ངས་སྙིང་གི་ཚི་ལུ་ཞེས་པའི་སྙིང་ལ་ར་རྙིང་བྲིས་པར་དག་སེལ་བྱས་པ་ཡིན། ཚི་ལུ་ཞེས་པར་ལ་རྩེ་ཚང་ལ་ཁུངས་ཤིག་ཡོད་རྒྱུ་རེད་བསམས་ནས་སོར་བཞག་བྱས་པ་ཡིན། དེ་རིང་ངས་རང་ཚུགས་དེ་ཕལ་ཆེར་སྙིང་གི་ཚི་ལུའི་འོག་ཤོར་སོང་བ་འདྲ། ད་དུང་ལམ་རིམ་ཞེས་པ་ལས་རིམ་དང་། ལྟ་ལྟངས་ཞེས་པ་ལྟ་སྟངས་སུ་བཅོས་དགོས། ངས་ནི་སྙིང་གི་ཚི་ལུ་ལས་སྙིང་གི་འཚེར་ཡ་ཞེས་བྲིས་ན་ལེགས་པར་འདོད།
འཚེར་ཡ་ཞེ་ན་སྐད་རྒྱག་རོགས་ཞེས་པར་གོ་གི་བསམས། དེ་ཡང་རྟ་སྐད་རྒྱག་རོགས་ལྟ་བུར་གོ་གི་བསམ། རྟ་འཚེར། ནོར་ངུར། ལུག་འབའ། ཁྱི་ཟུག་ཅེས་སྲོག་ཆགས་མི་འདྲ་བར་སྐད་རྒྱག་དུས་ཀྱི་ཐ་སྙད་སྦྱོར་ལུགས་ཀྱང་མི་འདྲ་ག སྙིང་གི་ཆུང་འདྲིས་ངོ་མ་རེར་ཐུག་ནས་རྟགས་གཉིས་སྦྱར་ཏེ་དགའ་བས་མྱོས་དུས་ངོ་མ་རྟ་ཡི་འཚེར་སྐད་རྒྱག་ནོ་ཁོ་ཐག་རེད། ཞག་གཅིག་གི་ཉལ་རོགས་ཐུག་དུས་ཀྱང་བྱ་སྐད་བྱེའུ་སྐད་རྒྱག་མཁན་གྱིས་ཁེངས་བསྡད་འདུག་ག
རེད་རེད་ཁྱེད་ཀྱིས་བཤད་པ་དེ་བདེན་པ་འདྲ། ཡིན་རྒྱུ་ནི་ཚི་ལུ་ཞེས་པ་ཚིལ་གྱི་བསྡུས་མིང་རེད་འདུག སྐབས་འདིར་ཚི་ལུ་ཞེས་མ་བསྡུས་ན་ལུས་ཚིལ་ཙམ་ལས་འདས་ཏེ་ཆུང་ཆུང་དང་། སྙིང་རྗེ་མོ། ཡིད་དུ་འོང་བ། མདོར་ན།དམར་ཆུང་སེམས་གྱི་ནང་གི་ཆེས་གལ་ཆེན་གྱི་སྦས་དོན་ཕྲ་མོ་ཞིག་རེད་ཅེས་བརྗོད་ཀྱང་ཆོག་པར་སྣང་། ངའི་སྤུན་ཆུང་ངུའི་གཅེས་མིང་ལ་ང་ཚོ་ནང་མི་ཚོས། སྐྱབས་ལུ། མེར་ལུ། ད་དུང་ལོ་ན་ཆུང་ངུའི་རིགས་ལ་ཞི་ལུ་ཞེས་སོགས་འབོད་སྲོལ་འདུག་ཀ
ངས་འཚེར་ཡ་ཞེས་འབོད་པའི་རྒྱུ་མཚན། འཁོར་བའི་ནང་གི་སྡུག་རོགས་ཤིག་ཡིན་པའི་ཆ་ནས་བརྗོད་པ་ཡིན། སྡུག་བསྔལ་མཉམ་དུ་ཁུར་མཁན་གྱི་བརྩེ་གྲོགས་ཤིག་ཡིན་ན། ངོ་མས་གཅིག་གིས་གཅིག་ལ་བརྩེ་བ་ཞིག་ཟབ་ནི་རེད། སྐྱིད་དུས་བདེ་དུས་ཕྱུག་དུས་ཀྱི་བརྩེ་བ་དེ་ཕྱི་ཐག་ཐུང་ནི་རེད་ཀོ
ཚི་ལུ་ཞེས་པ་དེ་ཚིལ་ཆུང་ཆུང་གི་དོན་ཞིག་མིན་པ་འདྲ། ང་རང་ཚོ་རྒྱ་གར་དུ་ཡོད་དུས་མ་ཧེའི་ཤ་ཚོན་པོ་ཟ་རྒྱུ་རག་ན་དགའ་སྣང་ཡོད་ཀྱང་གཞིས་ཆགས་ལོ་ཆུང་ཚོས་ཚི་ལུ་འདུག་ཟེར་ནས་ཞེད་ཐག་ཆོད་འགྲོ་བ་དེ་རེད། དེ་ལ་ཆེ་ཆུང་གི་ཁྱད་པར་ཞིག་ཡོད་པ་མ་རེད། མདོར་ན་ཚིལ་ཞེས་པ་དེ་ཚི་ལུ་ཞེས་ཚེགས་ཁྱིམ་གཉིས་ཅན་བཟོས་པའི་ཡུལ་སྐད་ཅིག་རེད།
བོད་རྒྱ་ཚིག་མཛོད་ཆེན་མོ་ན། ཚི་ལུ་ཞེས་པ་ཚིལ་གྱི་བསྡུས་མིང་དུ་བཤད་འདུག འདི་ལྷ་སའི་ཡུལ་སྐད་ཅིག་ཡིན་པ་འདྲ། ལྷ་སའི་བུ་མོ་ཚོར་འདི་སྐོར་ཅིག་དྲིས་པ་ཡིན་ན། ལན་ཁ་གསལ་ཞིག་ཡོང་གི་རེད་འདོད། ངའི་ལྷ་མོ་ལྟ་བུའི་ལྷ་སའི་བུ་མོ་དེ་དང་ངེད་གཉིས་ཁ་གྱེས་ནས་ད་བར་ལོ་དྲུག་ལྷག་ཅིག་འདས་ཟིན། ད་ལྟ་འབྲེལ་ལམ་མེད། ཤུ་རེ་ཁོ་ཅིག་ཡོད་རྒྱུ་ན། མོ་ལ་འདི་སྐོར་ཁ་གསལ་གཏིང་གསལ་ཞིག་བཤད་རྒྱུ་ཡོད་ཁོ་ཐག་ཡིན།
འདི་ན་གླེང་བཞིན་པའི་ཚི་ལུ་དེ་ཟས་རིགས་ཀྱི་ཚི་ལུར་གོ་དགོས་སམ། མ་གཞི་ཚི་ལུའི་དོན་འདིས་ཕོ་མོའི་བར་གྱི་བརྩེ་བ་དེ་སྟོན་གྱིན་ཡོད་མེད་གང་ཤེས། ངས་སྙིང་གི་ཚི་ལུ་ཟེར་དུས་བརྩེ་དུང་ཞིག་གི་དོན་ལ་གོ་མི་ཐུབ་ཀི ཚི་ལུའི་དོན་ཏེ་བརྩེ་བར་གོ་སླ་བའི་འགྲེལ་རེ་ཡོད་ན་གསུང་རོགས་་་་་ཐུགས་རྗེ་ཆེ།
ཚི་ལུའི་སྐད་གྲགས་འཛམ་བུ་གླིང་ན་གྲགས།
མཐོང་བའི་གོ་སྐབས་ཉིན་མོའི་སྐར་མ་རེད།
ཐོས་པའི་སྐད་སྒྲ་མར་མེད་ནག་ཁུངས་རེད།
རྒྱལ་ཁའི་གྲགས་གཏམ་མེད་པར་ཡ་རེ་མཚན།
རྒྱལ་ཁའི་གྲགས་གཏམ་མེད་པའི་ལ་རྩེ་ཚང་།
མཛེས་མ་མཐོང་བས་བློ་ཡིད་རབ་འཚིམས་ནས།
སྙིང་གི་ཚི་ལུའི་འགྲན་རྩོད་མཇའ་ལྟར་ཡལ།
སྔ་ཕྱི་མི་འཐུན་ལ་རྩེ་ངོ་རེ་ཚ། །
ངས་མཐོང་སྣང་ཞིག་ལ་འོས་འདེམས་བྱེད་མཁན་ཕལ་ཆེར་ཞིག་ཕྱི་རྒྱལ་བ་ཡིན་པ་འདྲ། བོད་པའི་སེམས་ཁམས་གཞི་ལ་བཟུང་ནས་བྲིས་ན། ཕྱི་རྒྱལ་བ་ཚོར་དང་བ་དེ་ཙམ་འདྲེན་ཐུབ་ཀི་མ་རེད། ཁོང་ཚོར་གཙོ་ཆེར་གད་མོ་སློང་བྱེད་ཀྱི་ཚིག་མང་བོ་སྤེལ་ཐུབ་ན་ཡག་རུ་བརྩི་གི་རེད། ལྷག་པར་དུ་རྩ་ཐང་འདྲ་བོ། མེ་ཏོག་འདྲ་བོ། ཟླ་བ་འདྲ་བོ། ཉི་མ་འདྲ་བོ་དེ་བཞིན་བོད་ལུགས་དཔེ་དཔེ་ཅན། གཟུགས་རྒྱན་ལྟ་བུ་འདི་ཚོ་ཁོང་ཚོར་སེམས་ཚོར་ཅང་འཇོག་ནི་མ་རེད།
ཡུལ་སྐད་ཞིག་ཡིན་པ་བདེན་པ་འདྲ་སྟེ། ཨ་མའི་སྙིང་གི་ཚི་ལུ་ཡིན་གདའ། ཟེར་བའི་གཅེས་སྟངས་དེ་འདྲ་ང་སྐྱེས་ཡུལ་ནས་གོ་མྱོང། དབུས་མོ་ཚོས་སྙིང་གི་ནོར་བུ་ཟེར་བ་ཕལ་ཆེར་མང་པོ་སྐྱོར་གི་རེད། ད་གང་ལྟར་ཚི་ལུ་ཞེས་པའི་མིང་འདི་བོད་ས་ཡོངས་སུ་འགྲེལ་བཤད་མི་དགོས་པར་རང་རང་ལ་གོ་བ་རེ་ཤར་བསྡད་པའི་ཚིག་གཅིག་ཡིན་པ་བྱས། སྤྱིར་བཏང་ཤར་ནག་ཚུལ་འདྲུད་མ་དེ་ཨ་མདོ་བ་རྣམས་ཀྱིས་ཟ་རྒྱུ་དགའ་བོ་བྱེད་ཀི་རེད་ལ། ཚུ་ལུའི་རང་བཞིན་སྣུམ་ཡིན་ཙང། སྣུག་གྱིག་སེ། ཞགས་འཁོར་སེ། ཟེར་དུས་ཅུང་ཟད་མི་དེར་ལྟོ་རྒྱབ་མ་འདྲ་བ་ཞིག་འཛོམས་ཀྱི་ཡོད་པའི་སྐད་ཆ་རེད། དེས་སྐྱ་ཟད་སྔོ་སྡུག་གི་སྙིང་གི་ཁྱིམ་དེ་སྣུམ་གྱིག་སེ། ཞགས་འཁོར་སེ་གཏོང་མཁན་ཚི་ལུ་ནི་ཡུལ་ཅན་དཔེ་ལ་སྦྱོར་སྐབས་ཐག་ཉེ་ཤོས་དང་འཚམ་ཤོས་འདྲ་བོ་མཐོང་བ་མིན་ནམ། གང་ལྟར་ལ་རྩེ་ཚང་གིས་ཨ་མའི་བུ་ལྟར་བོད་སྤྱི་ནས་སྟབས་བདེར་གོ་བ་ལེན་ཐུབ་པ། ཁ་རྣར་འཇགས་ཟིན་པ་དེ་གཞི་བྱས་པ་ཡིན་རྒྱུ་རེད། གང་ཡིན་ཞེ་ན། མཁས་དབང་པདྨ་འབུམ་ལགས་དམངས་ཁྲོད་རིག་གནས་ཞེ་དྲག་དགའ་བོ་ཡོད་པ་རེད་ཟེར།
གང་ལྟར་ཡུལ་སྐད་དེ་ཅུང་ཟད་ཅིག་འདེད་རྒྱུ་ཡོད་ཁར། ཨ་མདོའི་རོགས་མཐུན་དེ་ཚོ་བསྐྱར་ཀློག་ཞིག་བྱེད་ཐུབ་ན་ངའི་རྣ་ལམ་ན་ཚིག་འདི་བག་ལ་ཉལ་བའི་ཚུལ་གྱིས་ལྡིང་གི་འདུག
ངས་ཆ་ཚང་བལྟས་པ་ཡིན། D དེ་ཡག་པོ་ནང་དོན་ལྡན་པ་ཞིག་ཏུ་མཐོང་སོང་།
ང་ནང་དོན་ལ་ལྟོས་བསྡད་ནས་རིག་འབྱུང་ལྡིང་ཁང་ལ་རྩེ་ཚང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བརྗེད་འདུག དགོངས་དག བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཚེ་རིང་སྐྱིད་ལ་ངོ་མ་ཁྱད་ཆོས་འགའ་ཤས་འདུག སྐད་མི་འདྲ་བ་ཞིག་འདུག རྩོམ་ཡིག་འབྲི་སྟངས་ཀྱང་མི་འདྲ་བ་ཞིག་འདུག ད་དུང་བརྩེ་དུང་སྤྲོད་སྟངས་མི་འདྲ་བ་ཞིག་འདུག ལྟ་བཞིན་ལྟ་བཞིན་ཨ་ཁུ་ཀླུ་སྨྱོན་ལ་ཁག་མིན་འདུག ངོ་མ་ལམ་རིམ་འདྲ་སྒོམ། བློ་སྦྱོང་འདྲ་སྐྱོར། སྤྱོད་འཇུག་འདྲ་མ་ཀློག་ན། བུ་མོ་འདིས་སྨྱོན་པ་བཟོ་ཀྱང་རེད་འདུག འདྲི་བ་ཞིག་ལ།
ཨ་ཁུ་ཀླུ་སྨྱོན་གྱི་སྨྱོན་པའི་མིང་འདི་ཚེ་རིང་སྐྱིད་ཐུག་རྗེས་བཏགས་པ་རས་མ་ཐུག་གོང་བཏགས་པ་རས། ད་ལྟ་བསམ་བློ་གཏོང་དུས། སྨྱོན་པ་ཆགས་སྟངས་འདི་དང་ཚེ་རིང་སྐྱིད་གཉིས་འབྲེལ་བ་མེད་འགྲོ་བསམས། ང་རང་ཡང་སྨྱོན་པ་ཆགས་འགྲབ་བྱེད་བཞིན་གདའ།
ཚེ་རིང་སྐྱིད། ཨ་ཁུ་ཀླུ་སྨྱོན་གྱི་སྙིང་གི་ཚི་ལུ།
སྐུ་མཁྱེན་ང་སྨྱོན་པ་མ་བཟོ་རོགས།
རྒྱུ་མཚན་ནི་ང་ལ་སྨྱོན་པའི་མིང་དོགས་པའི་ཡོན་ཏན་མེད་པས་སོ།
དཔེར་བརྗོད་ཅིག་ནི། བློ་བཟང་སེང་གེ་ནི། ལ་ཙེའི་སྙིང་གི་ཚི་ལུ་མིན་པ་མ་ཟད། བོད་རིགས་མི་མང་གི་བཀའ་ཁྲིར་གདམས་དགོས་པའི་སྙིང་ཚིལ་ཡང་ཡིན་ས་མ་རེད། འདི་རིང་གི་བརྡ་དག་གསར་འགྱུར་རྫོགས་སོ། །
ལ་རྩེ་བསྟོད་དུས་ཀི་རིང་ཐེངས་གསུམ་བྱས།། གསང་གི་མེ་ལྕེས་གྲང་རླུང་ཤར་ལ་དེད།། གསང་དུད་རིང་མོའི་གཞི་བདག་མགྲོན་དུ་བསུས།། ཀི་ཀི་བསོ་བསོའི་ལབ་རྩེ་ཐེངས་གཅིག་བསྟོད།།
གདོད་མིའི་ལབ་རྩེ་རུ་དང་དཔུང་གི་ཡིན།། མདའ་དང་མདུང་མོ་དམག་གི་ཚེ་ཤིང་ཡིན།། ཀི་རེ་བཏབས་ནས་མགོ་ལ་ལན་གསུམ་བསྐོར།། ལམ་གསུམ་བསྐོར་རྗེས་དགྲ་སྙིང་ཤར་སེ་བརྟོལ།།
ལབ་རྩེ་རི་ནས་ཤར་གྱི་རླུང་གིས་ཟད།། མིང་གི་ཐ་སྙད་མི་ཡི་ལུང་པར་བྲིས།། ཤེས་རབ་བརྩེ་བས་སྙིང་གི་ཚི་ལུ་བསྟད།། མི་ཡི་གཞི་བདག་དགའ་དང་སྐྱོ་བས་བསྡུས།།
ཤར་ཕྱོགས་ཨ་རིའི་ལ་རྩེ་ཕོ་བྲང་ན།། རིན་ཆེན་དཔེ་ཚོགས་སྤུངས་པའི་གདན་སྟེང་ན།། གཞི་ཡི་བདག་པོ་པདྨ་དབང་གི་རྒྱལ།། ཀི་གསོལ་འབུམ་གྱིས་གནས་འདིར་སྤྱན་འདྲེན་གཤེགས།།
རྒད་པོ་འདི་ད། ད་རྗེས་ནས་འབྲི།
ལ་རྩེ་བསྟོད་དུས་ཀི་རིང་ཐེངས་གསུམ་བྱས།། གསང་གི་མེ་ལྕེས་གྲང་རླུང་ཤར་ལ་དེད།། གསང་དུད་རིང་མོའི་གཞི་བདག་མགྲོན་དུ་བསུས།། ཀི་ཀི་བསོ་བསོའི་ལབ་རྩེ་ཐེངས་གཅིག་བསྟོད།།
གདོད་མིའི་ལབ་རྩེ་རུ་དང་དཔུང་གི་ཡིན།། མདའ་དང་མདུང་མོ་དམག་གི་ཚེ་ཤིང་ཡིན།། ཀི་རེ་བཏབས་ནས་མགོ་ལ་ལན་གསུམ་བསྐོར།། ལམ་གསུམ་བསྐོར་རྗེས་དགྲ་སྙིང་ཤར་སེ་བརྟོལ།།
ལབ་རྩེ་རི་ནས་ཤར་གྱི་རླུང་གིས་ཟད།། མིང་གི་ཐ་སྙད་མི་ཡི་ལུང་པར་བྲིས།། ཤེས་རབ་བརྩེ་བས་སྙིང་གི་ཚི་ལུ་བསྟད།། མི་ཡི་གཞི་བདག་དགའ་དང་སྐྱོ་བས་བསྡུས།།
ཤར་ཕྱོགས་ཨ་རིའི་ལ་རྩེ་ཕོ་བྲང་ན།། རིན་ཆེན་དཔེ་ཚོགས་སྤུངས་པའི་གདན་སྟེང་ན།། གཞི་ཡི་བདག་པོ་པདྨ་དབང་གི་རྒྱལ།། ཀི་གསོལ་འབུམ་གྱིས་གནས་འདིར་སྤྱན་འདྲེན་གཤེགས།།
ཆུང་མ་འདི་ད། ད་རྗེས་ནས་འབྲི།
དངོས་གནས་བྱས་ན་ལ་རྕེ་ཚང་གི་དབུ་མེད་ཀྱི་འགྲོ་སྟངས་ལྟར་ཚེག་བར་བྱས་མེད་ཀྱང་ཕྱིས་སུ་འགོག་མཁན་དང་འགྲིག་ཚུལ་བཤད་མཁན་གཉིས་ཀས་ཚེག་བར་ཕྱེ་ནས་རྩོད་པ་རྒྱག་གི་འདུག ཀླུ་སྨྱོན་དང་རྒྱལ་ཁམས་པ་སོགས་དྲ་བའི་ངོས་ཀྱི་བཀུར་འོས་ཚོས་ཀྱང་རྩོད་སོང་། ཡ་མཚན་འདྲ་བོ་ཞིག་རེད། དངོས་གནས་བྱས་ན་དབུ་ཅན་དབུ་མེད་ནང་བཞིན་ཚིག་སྡུད་འགྲོ་མིན་གྱི་ལྟ་སྟངས་དང་གསུང་སྟངས་གཉིས་ཡོད་པ་དེའི་ཐད་ནས་རྩོད་དགོས་པ་ཞིག་མ་རེད་དམ།
ཚིལ་ལུ་ཞེས་པའི་ཚེག་བླངས་ཏེ་ཚིལུ་ཞེས་དབུ་མེད་ཀྱི་སྐོང་ཡིག་འབྲི་སྟངས་བཞིན་བྲིས་པ་ཞིག་ཏུ་མཐོང་བས། མིག་ལ་མི་མཛའ་བ་དང་ཁ་ལ་མི་བདེ་བ་གང་ཡང་བྱུང་མ་སོང་།
མིག་གི་ལྟ་བཞིན་དུ་ད་དུང་གནས་ལུགས་ཡོད་མདོག་གིས་མིག་བྱ་ར་ཞིག་དང་རྣ་འོན་པ་ཞིག་གིས་ལྟོས་པ་ནང་བཞིན་རེད་འདུག
ལ་རྩེ་ཚང་གི་མཐའ་མའི་འགྲན་སྡུར་གྱི་རྩོམ་ཡིག་ནང་དུ་རྩོམ་ཡིག་བདུན་གདམས་འདུག དེ་ནི་འགྲན་སྡུར་གྱི་རྩོམ་ཡིག་རང་རེད།
གཞན་འགྲན་སྡུར་གྱི་རྩོམ་ཡིག་ནང་དུ་མ་བཀོད་པ་དེ་ཚེ་རིང་སྐྱིད་ཀྱི་བརྩེ་འཔྲིན་དེ་རེད། ཚེ་རིང་སྐྱིད་ཀྱི་བརྩེ་འཕྲིན་དེ་ལ་རྩེ་ཚང་གིས་ཆེད་དུ་སྐར་མ་བཅུ་གཉིས་ཀྱི་གོ་སྒྲིག་བྱེད་འདུག་ལ་ཚང་མ་དབྱིན་ཡིག་ནང་དུ་བསྒྱུར་འདུག
དེ་བཞིན་ཀོ་ལིམ་པིས་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ཞིབ་མཇུག་པ་དང་དེ་བཞིན་ཧྥི་རན་སི་ནས་ཡོང་བའི་སློབ་དཔོན་ཆེན་མོ་ལྕམ་ཞིག་བཅས་ཀྱང་འདུག
དེ་དག་གིས་བོད་མིའི་སྡོན་གྱི་ཕོ་མོའི་བརྩེ་དུང་གི་རྩོམ་ཡིག་དང་འབྲེལ་བའི་སྐོར་ནས་དགེ་མདུན་ཆོས་འཕེལ་དང་། དེ་བཞིན་སྐུ་དྲག་གི་སྲས་མོ་ཞིག་གི་བརྩེ་དུང་དང་འབྲེལ་བརྩམས་སྒྲུང་། ཡང་མཁའ་འགྲོ་མ་ཞིག་གིས་རང་གི་བླ་མར་བརྩེ་བའི་འཕྲིན་ཡིག་སོགས་ཀློག་འདོན་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སོགས་ངོ་སྤྲོད་བྱས་ཡོད་པ་མ་ཟད། ཡང་ཚེ་བརྟན་རྡོ་རྗེ་ཡིས་པདྨ་འཚོ་ལ་བྲིས་པའི་དེབ་དེ་ངོ་སྤྲོད་དང་པདྨ་མ་འཚོའི་ཡི་གེ་ཞིག་དང་ཚེ་བརྟན་རྡོ་རྗེ་ཤི་རྒྱུ་ཡིན་པའི་འཕྲིན་ཡིག་བྲིས་པ་དེ་ཚོ་ཀློག་འདོན་བྱེད་བྱུང་།
གཞན་རྩོམ་ཡིག་ཁྲོད་ནས་ཨང་དང་པོ་ལེན་མཁན་གྱི་རྩོམ་ཡིག་ཀེ་ཡ་ཤ་ཡི་ཟ་ཁང་དང་འབྲེལ་བའི་རྩོམ་ཡིག་དེའི་དབྱིན་ཇིའི་ཀློག་པ་པོ་ནི་སྔོན་དབྱིན་ལན་གྱི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཆེན་པོ་ཞིག་རེད་དེ། ཁོང་བོད་དུ་བསྐྱོད་དེ་བོད་ཀྱི་རིག་གནས་དང་འབྲེལ་བ་ཆགས་རྗེས་བོད་རིག་པའི་ལས་དོན་གཉེར་མཁན་དང་ཀོ་ལོམ་པིས་ཡ་གཙུག་ལག་སློབ་གྲ་ཅེན་མོའི་སློབ་དཔོན་ཞིག་རེད་ཟེར། དེ་ཡིས་སྙན་ངག་གྱོར་བའི་ཉམས་དང་རྣམ་འགྱུར་གྱིས་མི་ཚོར་དངོས་སུ་སྙན་ངག་གི་བྲོ་བ་དང་དེའི་ནང་རོ་མྱོང་ཆ་ཚང་བ་བྱེད་དུ་བཅུག་སོང་།
དེ་བཞིན་ཟལ་ལེ་རྒྱལ་གྱི་སྙིང་གི་བརྩེ་འཕྲིན་དེ་ཕྱི་རྒྱལ་བ་ཞིག་གིས་བོད་ཡིག་གི་ཐོག་ནས་ཀློག་པས་དེ་ཙམ་གྱིས་བྲོ་བ་བྱུང་མ་སོང་།
བྱ་དགའ་ཨང་དང་པོ་ལ་ཨ་སྒོར་བརྒྱ་དང་བྱ་དགའ་ཨང་གཉིས་པ་ལ་ཨ་སྒོར་༧༥་་བྱ་དགའ་ཨང་གསུམ་པ་༥༠ཁ་གྲངས་ཤིག་སྤྲད་སོང་ལ།
རྗེས་ནས་ཚེ་རིང་སྐྱིད་ལ་རྒུན་ཆང་དང་མངར་ཟས་རག་པ་དང་བོད་ཀྱི་ཕོ་གསར་གཞན་ཞིག་ལ་ནེའི་ཡོག་ནང་གི་ཟ་ཁང་སྐད་གྲགས་ཆེ་ཤོས་ཞིག་གི་དགོང་ཟས་ཆ་ཚང་བའི་འགྲོ་སོན་རག་པ་སོགས་ནི་ལེ་རིམ་རྗེས་ནས་རྒྱན་འཐེན་པ་དེ་རེད།
ལ་གཞས་ལེན་མཁན་དེ་ནི་བོད་རིག་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་རེད།
དེ་ཙམ་རེད།