ཚེ་རིང་སྐྱིད་ཀྱིས།
སྙིང་ཉེ་བའི་རྒྱང་རིང་གི་མི་ཡ། ངས་མིག་ཆུ་མེད་པའི་སྡུག་བསྔལ་གྱི་གཏིང་རིམ་ཞིག་ཏུ་ཁ་གཏད་དུ་འབར་གྱིན་པའི་མེ་རླབས་དང་དེའི་ནང་དུ་ཙག་སྒྲ་དང་བཅས་འབར་གྱིན་པའི་ཉིན་ཐོ་འབྲི་དེབ་དེ་ཚོར་ཅེར་བཞིན། འདས་དོན་གྱི་གཏམ་རྒྱུད་གསལ་གསལ་ཐིང་ཐིང་ཕྱིར་དྲན་གྱི་ངོགས་སུ་དྲངས། ངས་བརྗེད་མེད་པའི་ལོ་ཟླ་རེ་རེ་དང་དུས་ཚིགས་རེ་རེ་ནི་ངའི་མཛེས་པའི་ལང་ཚོའི་དཀྱོགས་མཚམས་རེ་རེ་དང་འདྲ་ལ། ཁྱེད་ཉིད་དྲན་ཤིང་བར་བཅུག་ཏེ་ལོ་ཟླ་གང་མང་ཤོར་སོང་བར་འཛུམ་མདངས་དང་ཁེར་བཤད་ཅིག་གིས་བདེ་མོ་འཇོག་དགོས་བྱུང་།
སློབ་ཆུང་ལོ་རིམ་དྲུག་པ་ནས་ང་རང་ཁྱེད་ཉིད་དང་བྲལ་བ་མེད་པའི་གྲིབ་མ་དེར་གྱུར་ཞིང་། ངས་རང་གི་མི་ཚེ་དམིགས་ཡུལ་ཡང་ཁྱེད་ཁོ་ན་ཡིན་པར་འདོད་དེ། ཁྱེད་ཉིད་ནི་ང་ལ་ཐོབ་འདོད་པའི་མངའ་ཐང་དང་ལོངས་སྤྱོད་ཁོ་ན་དེ་ཡིན་པར་འདོད། ཁྱེད་ཀྱིས་ཨེ་ཤེས། ང་ཁྱེད་ཀྱི་ཆེད་དུ་སློབ་འབྲིང་དང་མཐོ་འབྲིང་ཚང་མ་འཕྲོ་རིམ་འཕྲོར་བརྗེ་སྤོར་བྱེད་བཞིན་ཡོང་ལ། ངས་རང་གི་ཕ་མ་སྤུན་ཟླ་ལ་འགྲིག་འགྲིག་གི་རྫུན་གཏམ་སྒྲིག་ཏེ་ཁྱེད་རང་གང་དུ་སློབ་གྲྭ་སྤོར་ན་ང་ཡང་དེ་བཞིན་ཁྱེད་ཀྱི་རྗེས་སུ་འབྲངས་ནས་ཡོང་། སྐབས་དེ་དག་ལ་ང་ཡི་སེམས་པ་ཆུང་ཆུང་བར་གྱི་གསང་བ་སྙིང་རྗེ་བོ་དེ་སུ་དང་གང་གིས་ཀྱང་མི་ཤེས་ལ། སྐབས་དེ་དག་ལ་ཁྱེད་ཀྱིས་ཀྱང་ང་རང་ཁྱེད་ལ་ཅི་ཙམ་གྱིས་དགའ་བར་རྒྱུས་ལོན་དང་གསལ་ཆ་མེད།
མོ་ལོ་བཅོ་ལྔར་ལོན་པའི་དབྱར་གཞུང་དེ་ལ་ཁྱེད་རང་སྟོད་ཉི་མ་ལྷ་སར་འགྲོ་རྒྱུ་ཡིན་པས། ང་དང་ཡུལ་གཅིག་སློབ་གྲོགས་ཚོ་ལ་གྱེས་ཁའི་དགོང་ཚོགས་ཤིག་འཚོགས་བྱུང་ལ། ཁྱེད་ཀྱིས་དགོང་མོ་དེར་ཆང་གི་བཟི་བའི་ལག་ཟུང་དྲོན་མོ་དེ་ངའི་ལག་མགོར་འཇུ་ཞོར། ཚེ་རིང་སྐྱིད། བདེ་མོ་བྱོས། ཞེས་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་གིས་ང་ལ་ཡུན་རིང་ཅེར་རྗེས། ལག་པ་གློད་དེ་སློབ་གྲོགས་ཚོའི་ཁྲོད་དུ་ཕྱིན་སོང་། དགོང་མོ་དེར་ང་རང་ཁ་རོག་གེར་ཁྱེད་ཀྱི་ལག་ཟུང་དྲོན་མོའི་དེའི་ཚ་རླངས་ཁྱེར་ཏེ་དགོང་ཚོགས་དེ་དང་གྱེས་ཤིང་། ཟླ་འོད་ཀྱིས་ཡོངས་སུ་ཁྱབ་པའི་བསང་ཆུའི་འགྲམ་ནས་མཚན་གང་བོར་ཕ་བོང་ཞིག་ཏུ་ཙོག་ཏེ་བསྡད། དེ་དུས་མོ་ལོ་བཅོ་ལྔ་ཙམ་ཡིན་པས་ངས་དོན་དངོས་ཀྱི་བརྩེ་དུང་ནི་ཁ་དོག་གང་འདྲ་ཞིག་ཡིན་མིན་མི་ཤེས་མོད། མཚན་གང་གི་མིག་ཆུ་དང་གསལ་ཁ་མེད་པའི་སྐྱོ་སེམས་དེ་ལ་ཡང་ཡང་དུ་བསམ་གཞིགས་བྱ་དགོས་བྱུང་།
ཉིན་ཤས་རྗེས་ཁྱེད་རང་ཡོངས་སུ་གྱེས་ཏེ་ཕྱིན་སོང་། སྔོན་གྱི་དགའ་དད་ཞེན་ཆགས་ཆེ་སའི་སློབ་གྲྭ་དེ་གློ་བུར་དུ་སྐྱ་ཐང་ཐང་གི་མྱ་ངམ་ཐང་ཞིག་དང་མཚུངས་སོང་། ངའི་སེམས་ཁམས་སྟོང་ལྷང་ལྷང་དང་ངའི་ཁོར་ཡུག་ཡིད་མུག་མུག་ལྟ་བུ་ཡིན་པས། རང་ཉིད་ཀྱི་བླ་བོར་བརླག་ཏུ་ཕྱིན་པ་ལྟར་གསོན་ཤུགས་མེད་པར་ཨ་ཆད་ཨུ་ཐུག་གི་ངང་ནས་ཟླ་ངོ་ཁ་ཤས་འགོར་སོང་། གློ་བུར་དུ་སློབ་གྲྭའི་ནང་གི་གསར་འགྱུར་ལྟར་ན་ཁྱེད་རང་སྟོད་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ཏེ་དེར་སློབ་གྲྭ་འགྲིམས་བཞིན་པ་གོ་བྱུང་བས། ད་ནི་ཤར་ལྷོ་ནུབ་བྱང་གང་དུ་ཡོད་མེད་མི་ཤེས་པའི་ཡུལ་དེར་འགྲོ་རྒྱུའི་ཆོད་སེམས་བརྟན་པོའི་ངང་ནས་སླར་ཡང་། ཡུལ་ཕ་མར་འགྲིག་འགྲིག་པའི་གཏམ་དང་འབད་འབད་དུང་དུང་གི་སྐད་ཆ་བཤད་རྗེས་སྟོད་ཉི་མ་ལྷ་སར་འབྱོར་ཞིིང་། སླར་ཡང་གཡང་གཟར་དང་བྲག་རི། མུན་ནག་དང་བྱེ་ཐང་སྐོར་ནས། གྲང་ཞིང་ངལ་བའི་ན་ཟུག་ ཐོག་མར་མྱངས་ཤིང་། ལྟོགས་ཤིང་སྐོམ་པའི་སྡུག་བསྔལ་ཐོག་མར་ཚོར་བའི་ངང་བལ་ཡུལ་རྒྱུད་ཁྱེད་ཀྱི་ཉེ་འགྲམ་དུ་འབྱོར་བྱུང་།
དེ་ནི་སྤྱི་ལོ་༡༩༩༩ལོའི་སྤྱི་ཟླ་བདུན་པའི་ཚེས་༢༣ཡིན་པ་དང་། ང་རང་ཁྱེད་ཉིད་ཡོད་སའི་སློབ་གྲྭ་དེར་འབྱོར་རྗེས་ཁྱེད་ཉིད་བདག་ལ་ཐུག་འཕྲད་དུ་སླེབས་བྱུང་མོད། དེ་དུས་ངས་ཁྱེད་ཀྱི་དཀར་ཞིང་གཙང་བའི་ངོ་གདོང་དེ་དམར་ནག་ལྟ་བུའི་བཅོམ་ཞིང་ཁྱེད་ཀྱི་སྣང་མཐོ་སྤོབས་སེམས་ཀྱི་གཤིས་ཀ་ཉམས་ཆུང་གིས་བཅོམ་པའི་ཚུལ་མཐོང་རྗེས། གཞན་ཡུལ་ནས་དཀའ་སྡུག་མྱངས་སོང་ངམ་ཞེས་སེམས་གཏིང་ནས་ཤོར་བའི་དྲི་བ་དེ་དང་ལྷན་དུ་མིག་ཆུ་མེད་པར་དྲན་པ་འཐོར་སོང་།
ད་ལྟ་ཕྱིར་མདང་རྒྱབ་ན་ཁྱེད་དང་ང་ཡི་བར་དུ་སྐབས་དེ་དུས་ཚིག་དྲོན་མོ་ཞིག་གི་སེམས་རྟེན་མེད་ལ། ཤ་མཆིན་པའི་བར་གྱི་བརྩེ་དུང་ཁ་གསལ་གཏིང་གསལ་གང་ཡང་བྱེད་མ་མྱོང་ཡང་། འཆར་ཡན་དང་ཚོར་བས་བསྐྲུན་པའི་སེམས་ངོགས་ཀྱི་བརྩེ་དུང་ལ་ནི་དེ་འདྲའི་ཤུགས་ཆེ་ཞིང་དེ་འདྲའི་རྔམ་བརྗིད་པ་ཞིག་རེད་ཨང་།
གཞན་ཡུལ་གྱི་མི་ཚེ་ནི་དྲོད་ཁོལ་ཅི་ཡང་མེད་ཀྱང་ཁྱེད་རང་ང་དང་སློབ་གླིང་གཅིག་ཏུ་ཡོད་པ་དེ་ལས། ང་ལ་སེམས་ཀྱི་བརྟེན་ས་ཞིག་རྙེད་ཅིང་། ང་ལ་མིག་གི་ལོངས་སྤྱོད་ཅིག་དབང་བས་ངས་ནམ་དུས་གང་རུང་ལ་ཕ་ཡུལ་གཅིག་པའི་མིང་ཚིག་འདི་བེད་སྤྱོད་ཀྱིས་ཁྱེད་ཀྱི་མདུན་བརྒྱབ་ཏུ་འཁོར་ཐབས་བྱས། མཚན་གུང་རེ་རེ་ལ་ཡུལ་ཕ་མ་དྲན་པས་གདུང་སྐབས་ཁྱེད་ཉིད་ཡིད་ལ་སྒོམ་ཏེ་སེམས་གསོ་བྱེད་ཅིང་ཁྱེད་དང་ཐག་ཉེར་ཡོད་པའི་སེམས་བརྟེན་ཁྲོད་ནས་ས་མཐའི་དྲོད་ཁོལ་དབེན་པའི་སློབ་གླིང་གི་འཚོ་བ་འཁྱོལ་ཐབས་བྱེད། དེ་ལྟ་བུའི་ཕ་མ་དང་ཕུ་ནུའི་བདག་སྐྱོང་དང་བྱམས་སེམས་མེད་པའི་ལོ་ཟླ་རེ་རེའི་ནང་དུ་ངས་ཀྱང་རང་མགོ་རང་ཐོན་དང་རང་བརྩི་རང་གཅེས་བྱ་དགོས་པའི་གོ་རིམ་རྒྱུད་ཅིང་དེ་ལྟ་བུའི་གོ་རིམ་དང་སེམས་ཚོར་བར་ནས་ང་ཡང་རིམ་བཞིན་འཚར་ལོངས་བྱུང་སོང་།
ཁྱེད་ཀྱིས། གྲོགས་པོ་ཞིག་རྒྱུད་དེ་ང་རང་ཁྱེད་ཁོ་ནའི་ཆེད་དུ་འཚོ་བའི་གནས་ཚུལ་རྟོགས་རྗེས། ཁྱེད་ཀྱིས། ང་ལ་གཏན་ནས་མི་དགའ་ཞིང་ཐ་ན་སྐར་ཆ་གཅིག་ལ་ཡང་སེམས་པ་བཀུག་མ་མྱོང་བས། དེ་ལྟ་བུའི་བསམ་བློ་འདོར་རོགས་ཞེས་བྲིས་འདུག་པའི་འཕྲིན་ཡིག་ཅིག་སྐུར་བྱུང་བས། ངས་ཉིན་མཚན་དུས་དྲུག་ཏུ་ཕ་མ་ལས་ཀྱང་སྙིང་དམར་པོའི་དཀྱིལ་གྱི་ཚིལ་ལུ་ལ་སྒོམ་པའི་ཁྱེད་ཀྱིས་ང་རང་དངོས་སུ་རྨས་སོང་། ཡིན་ན་ཡང་ངས་ཁྱེད་ལ་ང་ཡི་དམར་ཆུང་སེམས་པ་བསྟན་མ་མྱོང་བས། ངས་དངོས་སུ་ང་རང་ཁྱེད་ལ་ཅི་ཙམ་དགའ་བ་བརྗོད་མ་མྱོང་བས། སྐབས་དེ་དུས་ངས་ཁྱེད་ལ་ལེ་གདའ་གཏན་ནས་བྱས་མ་མྱོང་། ཡིན་ན་ཡང་ངས་གོ་སྐབས་དེ་དང་མཉམ་དུ་མི་ལོར་མང་པོར་སེམས་ཀྱི་གྲལ་མགོར་བཞག་ཡོད་པའི་ཁྱེད་ལ། ང་རང་ཅིའི་ཕྱིར་ཕ་མ་དང་ཕུ་ནུ་བཞག་ཏེ་ས་མཐའ་སྡེ་མཐའ་ལ་ཡོང་དོན་བཤད་སྐབས། ཁྱེད་ཀྱིས་ཐ་ན་ངེད་གཉིས་མཉམ་དུ་གནས་ཐུབ་སའི་སློབ་གྲྭ་ཡང་བློས་གཏོང་གིས་ང་དང་རྒྱང་དུ་གྱེས་སོང་།
དེ་ནས་བཟུང་ངས་རྫོགས་པ་མེད་པའི་སྙན་ངག་བྲིས་ཤིང་། སྙན་ངག་གི་ཤུགས་སུ་སྟོན་བཞིན་པའི་མཛད་མེད་ཆུ་བོའི་རྒྱུན་གྱི་བརྩེ་དུང་གི་དམར་བཤད་མང་པོས། སྙན་ངག་གི་ཚིག་རྐང་རེ་རེའི་སྤུབས་སུ་ཉར་ཡོད་པའི་ངའི་དྭངས་མཐའ་མེད་པའི་སྡུག་བསྔལ་མཚོན་སྟངས་དེ་དག་ལས། མི་མང་གིས་འཕྱ་སྨོད་དང་ཟུར་ཟ་འི་ཚིག་རྩུབ་རེ་རེ་ནི་ང་རང་དམ་པོར་ལངས་ཏེ་འཇིག་རྟེན་ལ་མིག་ཟུང་ཇེ་ཆེར་ཕྱེ་ཏེ་ལྟ་དགོས་པའི་བསླབ་བྱ་དང་སྐུལ་ལྕག་ལྟ་བུར་གྱུར་ན་ཡང་། ཁྱེད་ཀྱི་ངའི་ལང་ཚོ་དང་སེམས་པ་དང་དུ་མ་བླངས་པར་རྒྱང་དུ་གྱེས་པའི་གོ་རིམ་དེ་དག་ནི་ང་ཡི་བླ་སྲོག་གཅོད་པའི་སྟ་རེ་ཞིག་དང་མཚུངས་སོང་བས། དེ་ནས་བཟུང་ངས་བདེ་སྡུག་གྲངས་མེད་པ་དང་སྙིང་གཏམ་རྫོགས་མཐའ་མེད་པ་སྙན་ངག་གི་ལམ་ནས་མཚོན་པར་བྱེད། 《ཚོད་ཚོད་ལ་ཁྱེད་རང་དྲན》དང་། 《ཁྱེད་རང་དྲན་པ་ཐེངས་གཅིག་མིན》ལ་སོགས་པའི་སྙན་ངག་གི་ལོངས་སྤྱོད་མང་པོའི་བར་དུ་ངས་དམར་དམར་རྗེན་རྗེན་དུ་ཁྱེད་ལ་བརྗོད་འདོད་པ་ཡོད་ཚད་མི་ཚོགས་ལ་བཤད།
སྐབས་ཤིག་ལ་ཁྱེད་དུས་ཚོད་ངེས་མེད་ཅིག་ལ་སློབ་གྲྭར་འབྱོར་ཏེ་ང་དང་འཕྲད་ཅིང་། ཁྱེད་ཀྱིས་སྐད་ཆ་གང་ཡང་མེད་པར་ཚོད་མེད་དུ་མིག་ཆུ་ཤོར་རྗེས་ངའི་ལག་ཟུང་དམ་པོར་འཇུས་ཏེ། ང་དང་འགྲོགས་ནས་ཕ་ཡུལ་ལ་འགྲོ ས་མཐའ་རུ་འུ་གཉིས་ལ་དབང་བའི་ཁྱིམ་གཞི་མེད་ལ། ངས་ཁྱེད་ལ་་གང་ཡང་སྤྲོད་ཐབས་མེད་པས་འུ་གཉིས་ཕ་ཡུལ་ལ་ལོག་འགྲོ་ཟེར། འགྲོ་ཁར་ཁྱེད་ཀྱིས་ང་ལ་ཉིན་ཐོའི་དེབ་ཅིག་སྤྲད་དེ་བུད་སོང་། དགོང་མོ་དེར་གཞི་ནས་ཁྱེད་ཀྱིས་ས་མཐའ་ནས་ང་ལ་ཅིའི་ཕྱིར་ངོས་ལེན་མེད་པའི་རྒྱུ་མཚན་རྟོགས་ཤིང་། དགོང་མོ་འདིར་ཁྱེད་ཀྱིས་ང་ལ་ང་ལས་ལྷག་པའི་སེམས་ཁྲལ་དང་དུང་ཞེན་ཟབ་པ་ཤེས་སོང་། དགོང་མོ་འདིར་གཞི་ནས་ངས་དགའ་བའི་མིག་ཆུ་ཤོར་ཞིང་སུས་ཀྱང་མི་ཚོར་བའི་འཛུམ་མདངས་ཤིག་ཀྱང་ཁ་རོག་གེར་ཤོར་སོང་།
ཡིན་ན་ཡང་ངས་མགོ་མཇུག་མེད་པར་བསམ་བློ་བཏང་རྗེས་ངས་དྲིན་ཆེན་ཕ་མ་དོན་ཆུང་གིས་བཞག་ཅིང་ངས་ཕུ་ནུ་མིང་སྲིང་བརྩེ་མེད་ངང་བཞག ངས་ད་དུང་ཕ་མའི་རྔུལ་ཆུས་བསྐྲུན་པའི་ཤེས་རིག་སྦྱོང་བའི་གོ་སྐབས་བཞག་ཏེ་ཕ་མའི་སྙིང་གི་ཚིལ་ལུ་ལྟ་བུའི་མདོ་མེད་བུ་མོ་ང་ཡིས། འཇིག་རྟེན་འདིར་ང་ནི་ཁྱེད་ཁོ་ནར་དབང་བའི་སྡོམ་ཚིག་བཀོད་མྱོང་བས། མདོ་མེད་བུ་མོ་ཞིག་དེ་ལྟར་ཕ་ཡུལ་དུ་འགྲོ་བར་སྤོབས་པ་མེད་སོང་བས། ཁྱེད་ཀྱིས་ང་ལ། ཁྱེད་སྔོན་ལ་སོང་ནས་ཕ་ཡུལ་དུ་འུ་གཉིས་ལ་བདག་པའི་གཞིས་ཁྱིམ་དྲོན་མོ་ཞིག་བཟུང་ནས་ང་ལ་སྒུག་ཆོག་བརྗོད་དེ་བུད་སོང་།
མི་རྣམས་ཀྱིས་ང་ལ། ཁོའི་ཆེད་དུ་ཧི་མ་ལ་ཡ་རྐང་ཐང་གིས་བརྒལ་ཏེ་སླར་ཡང་ཁོའི་ཆེད་དུ་ཧི་མ་ལ་ཡ་རྐང་ཐང་གིས་བརྒལ་ཚེ་ཁྱེད་ཀྱི་ལྷམ་མགོ་ཟད་པ་ལས་མེད་ཅེས་ཤོད་བཞིན་འདུག
དེ་ལྟ་བུའི་འགལ་འདུ་ཁྲི་མ་འབུམ་གྱི་བར་ནས་ངས་རླུང་ཡན་དང་འགྲོགས་ནས་ཨ་ཕ་འཇིག་རྟེན་དང་གྱེས་པ་གོ་རྗེས། ང་དང་ཁྱེད་ཀྱི་ལས་འབྲས་ལ་ཡང་སྡོམ་ཚིག་བཀོད་སོང་ཏེ། ཁྱེད་ཀྱི་ཆེད་དུ་ཕ་ལོར་མ་ཐུག་པའི་ནོངས་འགྱོངས་ལས་ཁྱེད་ལ་འཁང་ར་ཁྲི་མ་འབུམ་གྱི་འཚང་ཁ་རྒོད་ལ། གང་ལྟར་ཁྱེད་ཡིད་ལ་འཁོར་ན་ངས་བློས་མི་བཟོད་པའི་སྡུག་བསྔལ་གཞན་ཞིག་ལ་གདོང་ལེན་བྱ་དགོས་པའི་གོ་རིམ་གྱི་བར་ནས། ང་ཡུན་རིང་དུ་ཁྱེད་ལ་དགའ་བ་དེ་གློ་བུར་དུ་སྡང་བར་གྱུར་ཞིང་། སྡང་བ་ནས་དྲན་པ་དང་། དྲན་པ་ནས་ཨུ་ཚིགས་ཀྱིས་་འདོར་བ་སོགས་དགའ་སྐྱོ་འདྲེས་མའི་ཟློས་གར་གྱི་ཁྲོད་ནས། ཁྱེད་ཉིད་བརྗེད་ཆེད། སྐྱེས་པ་གཞན་དང་འགྲོགས་ཤིང་། ཁྱེད་རང་བརྗེད་ཆེད་གཞན་གྱི་བརྩེ་དུང་ལ་ཀུ་རེ་རྩེད་ཅིང་གཞན་གྱི་དུང་ཞེན་ལ་རྡོག་རོལ་བཏང་། དེ་ནི་ཁྱེད་ཀྱིས་ང་ལ་སྤྲད་པའི་སྡུག་བསྔལ་སེལ་བའི་སྨན་མཆོག་ཅིག་ཏུ་འདོད་མྱོང་ལ། དེ་ནི་ང་རང་བརྩེ་དུང་ལས་བརྒྱལ་བའི་ལམ་ཀ་རེ་འདོད་མྱོང་། ཡིན་ན་ཡང་ངས་ནི་སྐྱེས་པ་གཞན་དང་འགྲོགས་ཤིང་གཞན་གྱིས་བརྩེ་དུང་ལ་ཅི་ཙམ་གྱིས་ལོངས་སྤྱོད་བྱེད་ཀྱང་། ངས་སྔར་བཞིན་ལག་འཇུ་ཐེངས་གཉིས་བར་ནས་དུང་ཞེན་གྱིས་ལོངས་སྤྱོད་འཚོལ་སའི་ཁྱེད་ཉིད་ཇེ་དྲན་རེད། ངའི་སེམས་ངོགས་སུ་ང་སྔར་བཞིན་ཁྱེད་ལ་དགའ་ཞིང་ཁྱེད་ཉིད་དྲན་པས། ཁྱེད་ཉིད་དྲན་པ་ནི་དུག་སྦྲུལ་བཞིན་ངའི་ལས་སེམས་གཉིས་ལ་འཁྱུད་འདུག་པས། ཁྱེད་ཉིད་ནི་ཉལ་ཐ་ལྟ་བུའི་དུག་རྫས་ཤིག་དང་འདྲ་བར་ངའི་ལུས་བོའི་སྟོད་སྨད་བར་གསུམ་གྱི་ཁྲག་རྩའི་བར་ཁྱབ་ཅིང་། ཁྱེད་ཉིད་ནི་ངའི་ཁྲག་རྩའི་སྤུབས་སུ་ཡོད་པའི་འབུ་ཕྲ་དེ་དག་བཞིན་ང་ཡི་ཟུངས་ཁྲག་འཇུབ་ཅིང་ང་ཡི་རྣམ་ཤེས་དང་བླ་སྲོག་གི་གཞི་བདག་ལ་གྱུར། ངས་ངེས་པར་དུ་དུག་རྫས་ལྟ་བུའི་ཁྱེད་ཉིད་འདོར་དགོས་ཤིང་ངེས་པར་དུ་རྣམ་ཤེས་དང་བླ་སྲོག་གི་གཞི་བདག་གཞན་ཞིག་བཙལ་ནས་ཁྱེད་ཉིད་ཕམ་པར་བྱ་འོས།
དེ་ལྟ་བུའི་དུས་སྐབས་ཤིག་ལ་ཁྱེད་ཀྱིས་ངའི་ནང་མི་ལ་དམ་བཅའ་བཞག་ཏེ་མི་ལོ་ལྔ་ལ་ངའི་ལོག་ཡོང་ལ་སྒུག་རྒྱུ་ཡིན་པར་བཤད་པས། ངས་སླར་ཡང་མི་ཚེ་འདིའི་ནང་གི་ཁྱེད་ཀྱི་ལག་འཇུག་དེ་གཉིས་ཡིད་ལ་བཅིངས་ནས་ཁྱེད་ཉིད་ས་མཐའི་ཁེར་རྐྱང་གི་ལམ་བྲོ་ལ་རྩིས། དེ་ལྟར་ཁྱེད་ཉིད་ནོངས་འགྱོད་དང་བློས་གཏོང་གིས་ངང་ནས། ཁ་ཡ་ན་ཟླའི་འཕྱ་སྨོད་དང་དྲིན་ཆེན་ཕ་མའི་བཀའ་དཀྱོན། སྡེ་ཆེན་ལུང་པའི་གོམས་སྲོལ་མཐའ་དག་རྣ་བའི་ལྟག་རྒྱབ་ལ་གཡུག་ཏེ་ང་ལ་སྒུག་བཞིན་པའི་བར་ལམ་དུ། སླར་ཡང་བདག་གི་མ་ཡུམ་ཡང་འཇིག་རྟེན་དང་ཞལ་གྱེས་སོང་བས། ངའི་བསམ་པའི་བར་གྱི་རེ་བ་དང་དུང་ཞེན་མཐའ་དག་རྨེག་མེད་དུ་བཅོམ་སོང་ལ། ད་ལྟ་ང་དངོས་སུ་ཁྱེད་ལ་དགའ་བ་ཡིན་ནམ་སྡང་བ་ཡིན་པའི་འདུ་ཤེས་རབ་རིབ་ཀྱི་འོག་ནས། ངས་ཁྱེད་ལ་མནར་གཅོད་གཏོང་བཞིན་པའི་ཚོར་བ་སྐྱེས་ཤིང་། ཡུལ་སྲོལ་གོམས་ལུགས་འཁྲེགས་པའི་ཕ་ཡུལ་དུ་ཕོ་ལོར་༣༠བུད་པའི་སྐྱེས་པ་ཁྱེད་ཀྱིས། ད་དུང་ཡང་རེ་འབྲས་ཡོད་མེད་མ་ངེས་པར་ང་ལ་སྒུག་པ་བསམན། མནར་གཅོད་དེ་ཁྱེད་ལ་མི་དགོས་ཤིང་། ཤ་འཁོན་ལྟ་བུའི་འཁོན་སེམས་དང་བྱ་སྤྱོད་དེ་ང་ཡིས་ཀྱང་འདོར་བར་འོས་པས། ངས་མཚམས་འདི་ནས་འུ་གཉིས་ཀྱི་གཏམ་རྒྱུད་འདི་གཏན་ནས་འབྲི་མཚམས་འཇོག་དགོས་བྱུང་།
རེད་ཡ། སྙིང་ཉེ་བའི་མི། འདི་ལྟ་བུའི་དུས་ཚིགས་ཀྱི་འཁོར་བསྐྱོད་ཁྲོད་དུ་ང་རང་ཁྱེད་ལ་དགའ་མྱོང་བ་བདེན་ན་། ངས་ཀྱང་ཁྱེད་ཉིད་འཆི་བདག་གི་ཞགས་པ་ལྟ་བུ་ལས་གློད་དགོས་ལ། གལ་ཏེ་ང་རང་ཁྱེད་ལ་དུང་མྱོང་བ་བདེན་དུ་མཆིས་ན། ངས་ཁྱེད་ཉིད་ལ་མདོ་དོན་མེད་པའི་རེ་བ་སྤྲོད་མི་ཉན་པས། ངས་རང་གི་དྲན་པ་མཐའ་དག་ཉིན་ཐོར་བཀོད་པ་དང་ངས་སྔར་བཞིན་རེ་སྒུག་དང་འཆར་ཡན། སྟོང་བསམ་དང་རྨི་ལམ་བར་དུ་སྒོམ་པའི་འགོས་ནད་ལྟ་བུ་འདི་དག་ཉིན་ཐོར་བཀོད་པའི་ཁྲོད་དུ། ང་ཡིས་ང་རང་སྲས་མོ་བཞིན་གཅེས་པའི་སྐྱེས་པ་མང་པོའི་སེམས་པར་རྨ་ཁ་བཞག་པའི་རྒྱབ་བརྗོད་ཀྱི་གཏམ་རྒྱུད་མང་པོ་མང་པོ་ཡོད་ཀྱང་། མི་ལོ་གང་མང་ལ་རྒྱང་ཐག་རིང་སར་ཡོད་པའི་ཁྱེད། ང་ཡི་སྙིང་གི་ཚི་ལུ་དེ་ཡིན་པ་བདེན་དུ་འཆིས་ཚེ། ངས་ཇི་སྲིད་དུ་དྲན་སྣང་དང་སྐྱོ་གདུང་འདི་མཛེས་སྡུག་ལ་སྒོམ་ཏེ་མུ་མཐུད་ནས་ཁྱེད་རང་དྲན་པའི་ན་ཚས་བསླུས་པ་ཡིན་ན། དེ་ནི་ང་ཡི་མི་ཚེ་ཡི་ཕམ་ཁ་ཞིག་དང་ཁྱེད་ཀྱི་མི་ཚེ་ཡི་མནར་གཅོད་ཅིག་དང་འདྲ་བྱུང་བས། ང་ནི་ཆག་རོ་རྣམས་རེ་རེ་བཞིན་ཟགས་གྱིན་པའི་ཤེལ་གྱི་་མཆོད་རྟེན་ཞིག་འདྲ་འདུག་པས། ངས་ཀྱང་དེ་རིང་ཉིན་ཐོ་གྲངས་མེད་ཀྱི་འབྲི་དེབ་མཐུག་པོ་རྣམས་རེ་རེ་བཞིན་མེ་ལ་སྒྲོན་ཞོར་ང་ཡི་སྙིང་གི་ཚི་ལི་ལ་སྒོམ་པའི་ཁྱེད་ཀྱང་མེ་ལྕེ་དང་ལྷན་དུ་འཚུག་པར་གྱུར་ཅིག དུ་བ་དགུང་ལ་འཕྱོ་བ་ཡིས་ང་ཡི་དྲན་པ་ཁྱེར་བར་མཛོད། མེ་འོད་དམར་པོའི་རླབས་ཀྱིས་ང་ཡི་སྐྱོ་བ་བསྲེགས་་པར་མཛོད།
དེ་དགོང་ང་རང་ཆེས་ཐོག་མར་དགའ་སའི་སྐྱེས་པ་ཁྱེད་ལ་བདེ་མོ་འཇོག་གིན་ཡོད། དེ་རིང་གཞི་ནས་སེམས་དང་བསམ་པ། ཤ་དང་མཆིན་པའི་བར་ནས་ཁྱེད་ལ་བདེ་མོ་འཇོག་བཞིན་ཡོད།
ཁྱེད་ཉིད་ཡང་ང་ལ་སྒུག་ཏེ་མི་ལོ་བརྒྱད་འགོར་བྱུང་།ད་ལྟ་ཁྱེད་རང་ཕོ་ལོ་༣༠ཟིན་སོང་། ཁྱེད་ཀྱིས་ངས་སླར་ཡང་ཁྱེད་ལ་དུས་ཆད་ཅིག་བཟོ་རོགས་ཟེར། ཡིན་ཡང་ད་ནི་ང་དང་ཁྱེད་ཀྱི་བར་དུ་སྣེ་གཉིས་ར་འཕྲོད་སའི་དུས་ཚོད་མི་འདུག་པས། ཁྱེད་ཉིད་དྲན་པ་དང་ཁྱེད་ལ་དགའ་བའི་་ངའི་སེམས་པས་ངས་སླར་ཡང་དྲིན་ཆེན་ཕ་མར་བསྐྱར་ཐུག་མེད་པའི་ནོངས་འགྱོད་ཁྲི་མ་འབུམ་ལ་གདོང་ལེན་བྱ་དགོས་པས། ད་ནི་ང་ཡིས་ཁྱེད་རང་གློད་ཆོག་ལ་ཁྱེད་ཀྱིས་ང་རང་དོར་ཆོག་ཅེས་ངས་ཕུ་བོ་རྒྱུད་དེ་ཁྱེད་ཀྱི་ནང་མི་ལ་བཤད་རྗེས། ཟླ་ངོ་ཁ་ཤས་ལས་མ་འགོར་བར་ཁྱེད་ཀྱིས་རང་གི་མི་ཚེ་ཕ་མའི་བཀའ་བཀོད་ལ་སྤྲད་སོང་། ད་ནི་ཁྱེད་རང་གཞན་གྱི་སྐྱེས་པར་འགྱུར་དགོས། གཞན་གྱི་ཨ་ཕ་ཆགས་དགོས། ཁྱེད་རང་ཁྱིམ་ཚང་ཞིག་གི་ཀ་བ་ལྟ་བུའི་བཟའ་ཟླ་དང་ཕ་ལོ་དེ་བྱ་དགོས་པས། སེམས་པ་སོང་བའི་མི་ལགས། འདི་ནི་ང་ལ་ཆུང་ནས་འདྲིས་པའི་ཁྱེད་ཉིད་དྲན་པའི་ན་ཚ་ལས་སྐྱོབས་ཐབས་ཡག་ཤོས་དེ་ཡིན་ལ། འདི་ནི་ཁྱེད་དང་ང་ཡི་གཏམ་རྒྱུད་དང་སྙིང་ནད། དགའ་དུང་དང་ཞེན་ཆགས། ཡོད་ཚད་ནས་ཡོད་ཚད་མཇུག་སྒྲིལ་རན་པའི་འགྲོ་ལམ་དེ་ཁོ་ན་དེ་ཡིན་པས། བདེ་མོ་བྱོས། སུས་ཀྱང་ཚབ་བྱ་མི་ཐུབ་པའི་སྙིང་ཉེ་བའི་མི། གང་གིས་ཀྱང་ཚབ་བྱ་མི་རུང་བའི་སྙིང་ཉེ་བའི་ཆུང་འདྲིས་བྱམས་པ། དེ་རིང་ནི་སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་དྲུག་པ་རེད། དེ་རིང་ནི་ང་ཡིས་དངོས་སུ་ཁྱེད་རང་བདེ་མོ་འཇོག་པའི་དུས་ཚིགས་ཡིན་པས། ཆུང་འདྲིས་བྱམས་པ། སྙིང་གི་ཚིལ་ལུ། བདེ་མོ་བྱོས།
༼འཕྲིན་ཡིག་འདིར་ལ་རྩེ་ཚང་གིས་དམིགས་བསལ་ལས་རིམ་ཞིག་སྒྲིག་ཏེ། བརྩེ་འཕྲིན་འབྲི་མཁན་ཚེ་རིང་སྐྱིད་གདན་འདྲེན་གྱིས་ཀློག་འདོན་བྱེད་དུ་བཅུག་ཅིང་དབྱིན་ཡིག་དུ་ཡང་བསྒྱུར་ཡོད།༽
གོ་ཚོད་ལྟར་ན་མཛངས་མ་ཚེ་རིང་སྐྱིད་ཀྱི་བརྩེ་འཕྲིན་འདི་ལ་ཨང་རིམ་གསུམ་པ་ཐོབ་འདུག་ཅེས་གོ་ཐོས་བྱུང་། དེ་ཡིན་ན་ངས་བཀྲ་ཤིས་པའི་ཁ་གཡང་འབོད། གཞན་ཚེ་རིང་སྐྱིད་ཀྱིས་བྲིས་པ་འདི་དངོས་སྒྲུང་ལྟ་བུ་རེད་འདུག་པས་ཀློག་ན་ལོས་ཡིན་བསམ་སྐྱིད་ཅིག་རེད།
xxxxxxxxxxxxxxxxx
ཚེ་རིང་སྐྱིད་ཀྱི་བརྩེ་འཕྲིན་ནི་དམིགས་བསལ་ལས་རིམ་ཞིག་ཡིན་པ་ལས། འགྲན་སྡུར་བརྩེ་འཕྲིན་ནང་དུ་མཉམ་ཞུགས་གཏན་ནས་བྱེད་མེད། ཨང་གསུམ་པ་དང་དང་པོའི་གནས་ཚུལ་ཞིག་མ་རེད་ཡ། རྒྱུད་རིམ་དང་ལས་རིམ་ཧ་གོ་ན་ཁ་གསལ་གོ་བདེ་རེད་དེ། ཁྱེད་ཚོ་ལ་ཇི་ལྟར་བཤད་ཀྱང་གནས་ལུགས་དང་དངོས་ཡོད་འགྲོ་ས་ཞིག་ངོ་མ་མི་འདུག
བླ་རྒན་ཁྱེད་ཀྱིས་ཀྱང་མིག་གིས་ལས་རིམ་དེར་མིག་གིས་ལྟོས་པ་མ་ཡིན་ནམ། མིག་གིས་ལྟོས་ཚར་ནས་ད་དུང་ཨང་གསུམ་པ་སུ་ཡིན་དང་ཚེ་རིང་སྐྱིད་ཀྱི་འཕྲིན་ཡིག་འདི་མཛའ་འཕྲིན་འགྲན་སྡུར་མཉམ་ཞུགས་བྱེད་མེད་པ་ཡང་མ་ཤེས་སམ།
བླ་རྒན་གྱིས་མིག་གཉིས་ཆ་ཕྱེ་ནས་ལྟོས་ཀྱང་ད་དུང་ལས་རིམ་མ་གོ་ན་ད་དེ་ལ་བྱ་ར་ལབ་དགོས་སམ་ཡང་ན་ཇི་ལྟར་འབོད།
བརྩེ་དུང་ཉིན་མོར་མཚམས་འདྲི་ཞུ།
མཛངས་མ་ཚེ་རིང་སྐྱིད་ལགས་ཀྱིས་ཧ་ཅང་སྙན་མོ་ཞིག་བྲིས་འདུག་ལ། དམིགས་གསལ་ཁོང་གིས་voaནང་གིས་ལེ་ཚན་(དྲྭ་ནང་གིས་བོད་)ཅེས་པ་འདིས་ངས་སེམས་ཡོངས་སུ་སྒུག་སོང། ངོ་མ་ངས་རང་གིས་སྙིང་སྡུག་འདོར་ཏེ་བརྩེ་དུང་ཉིན་མོར་མཛངས་མ་ཁོང་ལ་འོ་མཇམ་པོ་ཞིག་བྱེད་ན་འདོད།
ཧ་ཧ་ཧ་་་་་་་་རྣམ་པ་ལྷན་རྒྱས། དགའ་གྲོགས་ཡོད་ན་བརྩེ་དུང་ཉིན་མོར་མཚམས་འདྲི་དང། དགའ་གྲོགས་མེད་ན་རང་དབང་གིས་ཉིན་མོར་བདེ་བར་སྨོན།
འདོད་པའི་ལང་ཚོ་དར་བའི་གཞོན་ནུ་ཟུང་། །
ཆགས་པའི་མེ་ལྕེ་ཀུན་ནས་འབར་བར་གྱུར། །
འདོད་པའི་ཚིག་གི་སྦྱོར་བའི་ཕྲེང་བ་འདིས། །
ཆགས་ལྡན་སྐྱེ་བོའི་ཡིད་ལ་གདུང་བ་སྐྱེད། །
འོ་ད་རེ་མ་མཆན་ཞིག་མ་བརྒྱབ་ན་ཡང་ཀླུ་སྨྱོན་ཅིག་ན་རླུང་གིས་བདས་པ་ལྟར། གཟན་གྱི་སྣེ་མོ་ཡང་རླུང་གིས་རྒྱབ་ལོག་ན་བསྐྱོད་བཞིན། གོམས་པ་འཁྱར་འཁྱོར་ངང་ནས་ཡོང་གི་ཡོད་མེད་ལ་ཐེ་ཚོམ་མེད། ཚེ་རིང་སྐྱིད་ཀྱི་སྙན་ངག་གི་བདུད་རྩི་དེའི་བཟི་ཁ་ཅུང་ཟད་བདག་གི་སྣ་ལམ་དུ་སོང་བས། ངའི་གོམས་ཁ་ཡང་འཁྱར་འཁྱོར་ངང་དུ་འགྱེལ་ནས་མགོ་བོ་ས་ལ་བརྡབ། ད་ཡིན་ན་འཕྲོ་རིམ་འཕྲོར་དྲ་ལམ་གྱི་ཕོ་ལྟེ་ཐོག་ཚང་མ་བཟི་ཁ་འདིས་ས་ལ་བརྡབ་གྱི་ཡིན་པར་དཔོག་ནུས། གོང་དུ་མི་གཉིས་སྙན་ངག་གི་བཟི་ནས་ནང་དུ་སླེབས་པ་དང་རྒྱག་རེས་མགོ་ཚུགས་འདུག ངའི་མགོ་བོ་བསྐྱོར་དགོས། ཡང་ན་འབྲོ་དགོས་མོད། གོམས་ཁ་འཐབ་ནས་མདུན་དུ་སྤོ་མི་ཐུབ་པར་གྱུར། ད་ཡིན་ན་བདེ་ས་འཇམ་ས་ཞིག་ནས་ཉལ་བསྡད་ན་ཡག་ས་རེད།
དཔེ་ཡག་པོ་འདུག་
དགའ་གྲོགས་དུས་ཆེན་ཉིན་མོ་དི་ལ། ལྷན་རྒྱས་ལ་བཀྲིས་བདེ་ལེགས། ཚེ་རིང་སྐྱེད་ལགས་གི་བརྩེ་འཕྲིན་དེ་དངོས་སྒྲུང་དང་འདྲ་མཚུངས་འདུག། སེམས་འགུལ་ཐེབས་པ་ཞིག་འདུག། ཧ་ཅང་ཡག་པོ་འདུག་ཚེ་རིང་སྐྱེད་ལགས་ལ་དགའ་བསུ་ཞུ།།
བརྩེ་དུང་གི་མདུན་དུ་རྒྱལ་ཕམ་ཞེས་པའི་སྐད་ཆ་མེད།
གལ་ཏེ་ཡོད་ན་ནི་མཛེས་སྡུག་ལྡན་པའི་ཕྱིར་དྲན་གྱི་དུས་ཚོད་ནི་བརྩེ་དུང་གི་རྒྱལ་ཁ་རེད་ལ། བརྩེ་དུང་གི་མདུན་དུ་མིག་ཆུ་དང་ཐོབ་ཤོར་ཡོད་ཚད་ཀྱང་མཛེས་སྡུག་གི་ནོར་འཁྲུལ་ཡིན། དེ་བས་བརྩེ་དུང་གི་མདུན་དུ་དུས་ནམ་ཡང་ཕམ་ཁ་མེད།
དྲ་གྲོགས་ལགས་གཞོན་ནུའི་ལང་ཚོ་དར་བའི་དུས་ཟེར་བའི་མིང་ཚིག་དཀྱུས་མ་དེ་ནི། མི་ཚེའི་བདེ་སྐྱིད་ངོ་མཚར་ལྡན་པ་ཞིག་ཡིན་ལ། དཀའ་སྡུག་དྲག་པོ་མྱང་དགོས་པའི་དུས་ཤིག་ཀྱང་ཡིན། འབྱུང་འགྱུར་གྱི་ཕུགས་བསམ་དང་བདེ་སྐྱིད་ཡོད་ཚད་ཀྱི་འགོ་ཚུགས་གནས་ཤིག་ཀྱང་། གཞོན་ནུའི་ལང་ཚོ་སྟེ། སྟོབས་ཤུགས་དང་། རེ་འདུན། ཕུགས་བསམ། ཤེས་རིག་སྦྱོང་འདོད།།
ཚེ་རིང་སྐྱིད་ལགས།
བྱམས་བརྩེ་དང་འགྲོགས་པའི་བརྩེ་དུང་ལ་ནམ་ཡང་རྒྱལ་ཕམ་མེད།དེ་ནི་དུས་ཀུན་གཞན་གྱི་དོན་དུ་ཡིན་པས་རེད།ཁྱོད་དང་ང་ལྟ་བུ་ཡོད་པའི་བརྩེ་དུང་དེ་ནི་ཆགས་ཞེན་དང་འདོད་རྔམ་གྱིས་བཟུང་བའི་བརྩེ་དུང་རེད།དེར་རྒྱལ་ཕབ་རང་གཤིས་ཡོད་ཡོད་པ་རེད།སེམས་ཀྱི་མཛེས་སྡུག་དང་ནང་གི་མཛེས་སྡུག།ཡང་ན་མཛེས་སྡུག་རིག་པ་ཟེར་བ་འདི་ཚོ་ཕོ་མོའི་བར་གྱི་ཆགས་ཞེན་དང་འགྲོགས་པའི་བརྩེ་དུང་དང་ཁ་ཐག་རིང་བོ་རེད།ཁྱེད་རང་གིས་བྲིས་པའི་གོང་གི་ལྷུག་རྩོམ་དེ་ནི་འཇིག་རྟེན་པ་ཞིག་གི་བརྩེ་དུང་གི་རྒྱལ་ཕམ་བརྗོད་གཞི་ཡིན་པ་མ་ཡིན་ནམ།
ཨ་རིག་དགེ་མཐོང་ལགས།
ངས་འདི་ནས་ཁྱོད་ལ་བསམ་ཚུལ་ཞིག་བཤད་ན་འདོད་བྱུང་།ངས་གོ་བ་ལྟར་ན་སྐུ་ཉིད་དཔེ་ཆ་ཡག་པོ་ཡོད་པ་རེད་ཟེར་བ་ཞིག་གོ་སོང་།ང་ཧ་ཅང་གི་དགའ་བོ་བྱུང་།ཡིན་ནའང་དྲ་རྒྱ་དར་ནས་བཟུང་ཁྱོད་དྲ་རྒྱར་འཛུལ་བ་མང་དྲགས་ཏེ་སློབ་སྦྱོང་ལ་འཐུས་ཤོར་འགྲོ་བཞིན་ཡོད་པ་རེད་ཟེར་བ་འང་གོ་རྒྱུ་འདུག།དེ་བདེན་པ་ཡིན་པ་འདྲ་སྟེ་ཁྱོས་མཆན་འགོད་པ་དང་ཟིན་བྲིས་སྤེལ་བ་ཅུང་མང་པོ་རེད།འདི་ཚོ་ལ་དེ་ཙམ་རིན་ཐང་ཞིག་ཡོད་ནི་མ་རེད།དེར་ཁྱོད་ཀྱིས་བསམ་བློ་ཞིག་གཏོང་རོགས།ངས་ཁྱོད་ཉིད་ད་ལྟ་ཨ་རིགས་དགེ་བཤེས་ཆེན་མོའི་མར་ཞབས་དང་ཨ་རིགས་གླེན་པ་ཆེན་མོའི་གོང་རོལ་ན་ཨ་རིགས་དགེ་མཐོང་ཡོད་པ་ཤེས་ནས་ཡོད།མ་འོངས་པར་ཨ་རིགས་དགེ་མཐོང་གིས་ལྷ་རམས་དགེ་བཤེས་བཏང་བ་རེད་ཟེར་བའི་གསལ་འགྱུར་ཞིག་ལ་སྒུག་ནས་འདུག་གི་ཡིན།
ཨ་རིག་དགེ་མཐོང་གི་ཟིན་བྲིས་བཏབ་པ་ལ་སྐྱོན་ཅི་ཡང་མི་འདུག་བསམ། ངས་བསམ་ཚུལ་ལ་ཁོ་ནི་མཐོང་རྒྱ་ཆེ་བའི་དགེ་འདུན་པ་ཞིག་རེད། མུ་མཐུད་དུ་རྩོམ་ཡིག་སྤེལ་་་་ཨ་དགེ་མཐོང་།
ཆུང་འདྲིས་བྱམས་པ་མེད་ན། མི་དེ་སེམས་པ་རྡོ་རེད།
ངོ་མ་སྙན་འཇེབས་ལྡན་པ་ཞིག་བྲིས་འདུག
ཚེ་རིང་སྐྱིད་ལ་ཨང་རིམ་སོན་པར་རྟེན་འབྲེལ་ཞུ།
ཚེ་རིང་སྐྱིད་ཀྱི་རྩོམ་ཡིག་ཨང་དང་པོ་ཐོབ་ཆོག་པ་ཞིག་རེད། གཞན་དག་ཀྱང་འདི་ལྟར་བཀོད་ཐུབ་ལེགས་པར་མཐོང་།
མི་ཟེར་བ་འདི་ཚོས་རང་ཉིད་མེ་ལོང་གི་ནང་དུ་གསལ་བོར་མི་ལྟ་བར་གཞན་དང་བསྡུར་ནས། ད་དུང་རང་ལ་སྐར་མ་མཐོ་བོ་ཞིག་སྤྲོད་བཞིན་རྒོད་ནྲོ་བ་ཞིག་རེད། ཡང་དྭགས་པའི་བརྩེ་དུང་ལ་རྒྱལ་ཕམ་མེད་ལ། ཡང་དྭགས་པའི་བརྩེ་དུང་ལ་ངེས་པར་དུ་གྲུབ་འབྲས་དགོས་པའི་ངེས་པ་ཡང་མེད།
གཞན་ཨ་རིག་དགེ་མཐོང་ལགས། ཁྲོན་པའི་སྤལ་བ་ལྟ་བུ་མི་ཚོས་ག་དུས་ཡིན་ཡང་རང་སེམས་ཆུང་ཆུང་གིས་མཐོང་བ་དེ་གནས་ལུགས་ཡིན་པར་འདོད་ཀྱིན་ཡོད་པ་རེད། ཁྱེད་རང་གྲྭ་བ་དགའ་ཞིག་ཡིན་པ་མ་ཟད། དཔེ་ཆ་ཡག་པོ་དང་བོད་མིའི་གཤིས་བཟང་གི་རང་བཞིན་ཡོད་པ་ཞིག་རེད། དྲ་རྒྱའི་ནང་དུ་ཤེས་རིག་གི་བང་མཛོད་ཆེན་པོ་ཡོད།
དྲ་གྲོགས་ཚོས་དོན་མེད་དུ། ནང་ཁུལ་ལ་ཀླན་ཀ་འཚོལ་བ་དང་མཐོང་ཆུང་བྱེད་པ་སོགས་ལ་ཁ་བརྡས་དགའ་བསུ་མི་ཞུ། མཆན་དེའི་རིགས་དང་མཆན་རྒྱག་མཁན་གཉིས་ཀ་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
རྟོག་བཟོས་བརྩེ་འཕྲིན་ཞིག་མིན་ནམ་སྙམ་པ་འདུག དངོས་ཡོད་ཅིག་ཡིན་པའི་དབང་དུ་བཏང་ནའང་ནང་ལ་ལྷན་པ་མང་པོ་བརྒྱབ་ཡོད་པ་འདྲ།
མདོ་ཁམས་དབུས་སྟོད་བཞི་ཡི་གངས་ཅན་བོད་ཀྱི་མཛངས་མ་་་་་་ཨ་མདོའི་བུ་མོ་ཚེ་རིང་སྐྱིད་་་་་ཀྱིས་རང་གི་སྙིང་གི་ནོར་བུར་གྱུར་པའི་ཆུང་འདྲིས་བྱམས་པ་དང་ལྷན་དུ་གཞོན་ནུའི་བརྩེ་འབྲེལ་གྱི་མི་ཚེའི་མྱོང་བ་ཧ་ཅང་ཟབ་མོ་ཞིག་བྲིས་པར་སེམས་ཁོངས་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ།
ད་ནི་ངཽ་རྒོལ་བྱེད་མཁན་ཇེ་མང་རེད། ཨར་ཅི་ལི་ཡས་ཡང་ངཽ་རྒོལ་བྱེད་གྱིན་འདུག འདི་ནས་དེའི་སྐོར་ཀྱི་གནས་ཚུལ་མཐོང དཀའ་བས་དྲྭ་གྲོགས་ཚོས་Algeria་་རྒྱལ་ཁབ་ཀྱི་ད་ལྟའི་གནས་སྟངས་གསལ་བོ་ཤེས་ན་བརྒྱུད་འགོད་ཡོད་པར་ཞུ། །
དཀར་གསལ་ཟླ་བའི་མཛེས་ལྡང་བརྐུས་ནས་རང་གི་ལང་ཚོའི་སྟོད་ལ་སྦྱར།
ལྷོ་ཕྱོགས་འཁྲི་ཤིང་གཞོན་ནུ་བརྐུས་ནས་རང་གི་ལང་འཚོ་ཡིན་ཉམས་བྱེད།
དགེ་བའི་དབང་པོའི་སྙན་ཚིག་བརྐུས་ནས་སྙན་ངག་མཁན་པོ་མིག་ཆུ་ཤོར།
རྐུ་མ་ཁྱོད་ནི་དེ་རབས་གངས་རིའི་བུ་མོ་ཀུན་གྱི་རྒྱན་ཆ་ལགས།
ཟླ་བ་ཆོས་འཛོམས་ལགས་ཀྱིས་ཨ་རིག་དགེ་མཐོང་ལ་ཤིན་ཏུ་རྩ་ཆེ་བའི་བསླབ་བྱ་གསེར་ལྟ་བུ་ཞིག་སྐྱོན་འདུག ང་ཡང་ཧ་ཅང་དགའ་པོ་བྱུང་། དངོས་གནས་བྱས་པ་ཡིན་ན་དེང་སང་གི་དུས་འདིར་བསམ་བློ་འདི་ལྟ་བུ་གཏོང་ཐུབ་མཁན་ཤིན་ཏུ་ནས་དཀོན་པོ་རེད། ལྷག་དོན་དུ་བུ་མོ་ཞིག་གི་ངོས་ནས། ཟླ་བ་ཆོས་འཛོམས་ཞེས་པ་བུ་མོ་ཡིན་ཁུལ་བྱས་པའམ་བུ་དངོས་གནས་ཡིན་པ་གང་ལྟར་ཡང་རྣམ་དཔྱོད་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེང་སང་གཞོན་སྐྱེས་མང་པོ་ཞིག་རྟོག་དཔྱོད་ཀྱིས་ཕོངས་ནས་གཡམ་རྒྱུགས་ཁོ་ན་བྱེད་བཞིན་ཡོད་ཀྱང་། ཁོ་མོས་ཤིན་ཏུ་ཞིབ་ཚགས་པོའི་སྒོ་ནས་བསམ་བློ་གཏོང་གི་ཡོད་པ་ནི་བློ་སེང་ལ་དོན་དང་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་སོགས་ལས་ཤེས་ནུས། མ་ཟད་དགེ་མཐོང་ལ་དྲ་སྟེང་ཡོང་རྒྱུར་དགག་བྱ་གནང་བ་དང་། དོན་དངོས་ཀྱི་ཤེས་ཡོན་ངོ་མ་དེ་གང་འདྲ་ཞིག་ལ་གོ་དགོས་པ་སོགས་ཀྱི་བརྡ་སྤྲད་པ་འདི་བསམ་བློའི་གནས་ཚད་ཀྱང་ཅུང་མཐོ་བ་ཞིག་ཡིན་པར་སེམས། ངས་ཀྱང་ཁོང་གི་བསླབ་བྱ་དང་དུ་བླངས་ཏེ་དྲ་སྟེང་ཡོང་རྒྱུར་ཚོད་འཛིན་བྱ་རྒྱུ་ཡིན། འོན་ཀྱང་དགོངས་ཚོམས་མེད་པ་ཞུ་རྒྱུ་ཞིག་ལ་བཀའ་ཁྲིའི་འོས་བསྡུའི་ལས་འགུལ་མཇུག་སྒྲིལ་བའི་མཚམས་ནས་དྲ་སྟེང་དུ་ཕལ་ཆེར་ཡོང་རྩིས་མེད། དེ་སྔོན་ཡང་དྲ་སྟེང་རྩ་བ་ནས་ཡོང་མྱོང་མེད་ཀྱང་རྨོངས་པ་ཁྱུ་དང་ཁྱུ་བྱས་ཏེ་གཡམ་རྒྱུགས་ཀྱིས་བོད་ཀྱི་མ་འོངས་པ་འདི་རླུང་ལ་བསྐུར་རྩིས་ཡོད་པའི་གནས་ཚུལ་གོ་རྗེས་དྲ་སྟེང་མི་ཡོང་ཐུ་མེད་ཆགས་སོང་། ང་དྲ་སྟེང་ཡོང་ནས་བདེན་པའི་གནས་ལུགས་དྲངས་པ་ལ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་སོང། གང་འགྲོ་གཏོལ་མེད་པའི་མི་མང་པོ་ཞིག་ལ་འགྲོ་ལམ་བཤངས་ཐུབ་སོང་ལ་མ་མཐར་ཡང་མགོ་བསྐོར་བསླུ་བྲིད་བྱེད་མཁན་གྱི་དཔུང་ཁག་གི་གདོང་རིས་ངོ་མ་དེ་མི་དམངས་མདུན་གསལ་སྟོན་བྱེད་ཐུབ་སོང་།འདི་དངོས་གནས་དགའ་འོས་པ་ཞིག་མ་ཡིན་ནམ། ལྟོས་དང་། ད་ཆ་ཁོ་ཚོ་ལ་རྒྱུ་མཚན་ལྡན་པའི་གནས་ལུགས་ཤིག་འདྲེན་རྒྱུ་འདུག་གམ ད་ལྟ་ཁོ་ཚོ་བག་ཁུམས་ཀྱིས་དོན་ཡང་ཡོང་ནུས་ཀྱི་མི་འདུག གལ་ཏེ་སྐབས་རེ་ཡོང་ཁུལ་བྱས་པའི་དབང་དུ་བཏང་ཀྱང་གཞན་ལ་གཞི་མེད་ཀྱི་སྒྲོ་སྐུར་དང་ཚིག་མཚོན་འདེབས་པ་སོགསརེད། ལྟོས་དང་། ཁོ་ཚོས་སྤེལ་བའི་ཡིག་ཚོགས་འདི་ཚོ་གང་འདྲ་ཞིག་འདུག དག་ཆ་དང་སྡེབ་སྦྱོར། དེ་བཞིན་ཚིག་སྦྱོར་སོགས་ཧ་ཅང་གི་ངོ་ཚ་དགོས་པའི་གནས་ཤིག་མ་ཡིན་ནམ། མ་ཟད་བློ་སེང་ཁོང་ད་ལན་བསྐོར་བསྐྱོད་སྐབས་དེ་སྔ་ལྟར་མ་ཡིན་པར་སྐད་ཆ་ཤོད་སྐབས་ཧ་ཅང་གིས་གཟབ་ནན་བྱེད་ཀྱི་འདུག་ཟེར། ད་སྔ་ཡིན་ན་ཁོ་རང་མི་དང་གཞན་རྣམས་དུད་འགྲོ་ལྟ་བུ་ཞིག་ཏུ་བཟུང་སྟེ་རང་གི་ཁ་ནས་གང་ཐོན་ཤོད་ཀྱི་ཡོད་པ་དེ་ལ་ང་ཚོས་སྟངས་འཛིན་ལེགས་པོ་ཞིག་བྱེད་ཐུབ་པ་འདི་རྒྱལ་ཁ་ཞིག་མ་ཡིན་ནམ། སོང་ཙང་ངས་དགའ་འོས་པའི་གནས་ཚུལ་འདི་ཡང་ཟླ་བ་ཆོས་འཛོམས་ལགས་སུ་ཤོད་འདོད་བྱུང་། དངོས་གནས་བྱས་ན་ང་ལ་དུས་ཚོད་ཧ་ཅང་དཀོན། ཡིན་ཡང་གལ་ཆེ་དོན་ཆེར་དམིགས་ཏེ་དུས་ཚོད་མང་པོ་ཞིག་དྲ་ཐོག་ཏུ་བཏང་ཟིན། རྗེས་ནས་ནི་དེ་ལྟར་མ་ཡིན། ཚང་མས་ད་དུང་ཡང་ཟླ་བ་གཅིག་ཙམ་ལས་ཀ་ཧུར་ཐག་གནང་རྒྱུའི་རེ་བ་བཅས། བྷི་བྷི་སི་ཡིས་འདི་ཚེས་ལ།
ཚེ་རིང་སྐྱིད་ལ་གྱོང་པོ་བྱུང་སློབ་ཆུང་ལོ་རིམ་དྲུག་པ་ནས་བརྩེ་དུང་མེ་ཏོག་ཞལ་ཁ་ཕྱེ་ཡོད་པ་འདྲ། སྐུ་རྩེད་ཞུས།
ག་རེ་ཡིན་ན་ཡིན། གང་ལྟར་གོང་དུ་དྲ་གྲོགས་སྦི་སྦི་སི་ལགས་ནས་གསུངས་པ་ལྟར་ཟླ་བ་གཅིག་རིང་དྲ་གྲོགས་ཚང་མས་རང་ཅག་གངས་ཅན་པའི་ལས་དབང་ལ་གཞིགས་ཏེ་མ་འོངས་པའི་བཀའ་ཁྲིའི་ཐོག་ཐུགས་བསམ་ཆེ་བཞེས་ཀྱིས་དོན་དངོས་དང་མཐུན་པར་བཀའ་ཁྲིར་སུ་འོས་པ་དང་། སུ་ཞིག་མི་འོས་པའི་ལེགས་སྤེལ་ཉེས་འགོག་ཡོང་བ་རེ་བ་ཡོད་ལ་ང་ཡང་དྲ་ཚང་འདི་ན་ཡོང་དོན་ཡང་དྲ་གྲོགས་དགའ་ཞིག་གི་བདེན་སྟོབས་རབ་ཏུ་བཅོམས་ཕྱིར་ངན་བཤད་ཀྱི་མཐོ་བ་དང་ཁུ་ཚུར་འཕྱར་བཞིན་པར་སེམས་ཀྱི་མི་བཟོད་པར་བདེན་དོན་འཐབ་རྩོད་ཆེད་བཅར་བ་ཡིན། དེའི་ཕྱིར་བདེན་པར་རྒྱལ་ཁ་སྤྲོད་དགོས་པ་ནི་དོན་དངོས་དང་མཐུན་ཞིང་འཇིག་རྟེན་ཡ་རབས་ཀྱི་ལུགས་ཀྱང་རེད་ལ་ལི་ཐང་རྒྱ་མཚོའི་རང་གཤིས་ཀྱང་ཡིན།
བོད་རྒྱལ་ལོ།
ཡག་པོ་འདུག་སྟེ། འོ་ན་དེའི་རྗེས་ནས་བརྩེ་དུངས་ཞལ་ཁ་ཕྱེས་དྲགས་པའམ། འདབ་བརྒྱ་མང་དྲག་ནས་སྦྲང་མ་མང་པོ་འཁོར་བ་ཞིག་གོ་སྟེ། བརྩེ་དུང་གིས་བུད་མེད་མང་པོ་འཕྲོ་ལྷག་ལ་འགྲོ་བཞིན་པ་དངོས་ཡོད་རེད་ལ། དམ་ཚིག་ཅན་གྱི་བུད་མེད་རྣམས་ཀྱང་བརྩེ་དུང་གིས་ཉལ་བོ་གང་བྱུང་མང་བྱུང་བྱེད་མཁན་ཞིག་ཏུ་བསྒྱུར་གྱིན་འདུག
ཡང་བུད་མེད་ཁ་ཤས་གསང་རྒྱ་དམ་དྲག་ནས། ཁ་ནས་འབོད་སྟངས་དང་ལག་ནས་བྱེད་སྟངས་ཁ་ཁར་ཆགས་སོང་བས། བརྩེ་དུང་ནི་ཁ་ལ་སྐྱོར་རྒྱུ་ཞིག་ཏུ་ཟད་པའི་ངང་ཚུལ་ཡང་འདུག་སྟབས། ཡིག་ཐོག་ལས་སྤྱི་ཚོགས་ནང་འགུལ་བསྐྱོད་རྒྱབ་པ་ལ་ལྟོས་ནས་ང་ཚོས་བརྩེ་བ་ད་གཟོད་རྟོགས་ཐུབ་པ་ཞིག་རེད།
ངས་བསམས་ན། བརྩེ་དུང་གཅིག་སེམས་པའི་སྟེང་ན་ཡོད། དེ་ལས་སླ་བོ་མཐོང་དཀའ་བ་ཡིན། གཅིག་རང་ཉིད་འཚོ་གནས་འཆའ་སའི་སྤྱི་ཚོགས་དང་རང་གི་གྲིབ་གཟུགས་དང་རྐང་རྗེས་ལ་འགྲོགས་ནས་ཡོད། དེ་མཐོང་རྒྱུ་ལས་སླ་མོ་མིན། གལ་སྲིད་ངས་མ་འོངས་པར་བརྩེ་དུང་ཅན་ངོས་འཛིན་བྱེད་དགོས་ན། སྨྱོ་ཁང་ནང་གི་ཆེ་གེ་མོ་དང། ཁུ་སིམ་པོར་འཚོ་བ་ངན་ངོན་བསྐྱལ་བའི་གནས་སུ་ངས་ཅིག་མཐོང་སྲིད་པ་རེད།
དེ་རིང་བརྩེ་དུང་གི་ཉིན་མོ་རེད། དེ་བས་ང་ཚོས་རང་རང་གི་མཐོང་ཐོས་ཤིག་གླེང་ན་ཅུང་ཕན་གི་རེད།
གཞོན་ནུ་ཟླ་མེད་འདིས། ཡང་ཀླུ་སྨྱོན་ལ་བཪ་ཆད་བྱས་སོང་། ཁོ་མགྱོགས་མྱུར་དུ་ཡོང་བཞིན་པའི་ལམ་བར་ནས་ཟླ་མེད་ཀྱི་ཟུར་ཟའི་སྐད་ངན་ཡོངས་བསྒྲགས་བྱས་པ་གྲོགས་པོ་ཟ་ལེ་བརྒྱུད་ནས་གོ་འདུག་པས། ཀླུ་སྨྱོན་ཡང་ངོ་ཚ་བ་དང་ཕོ་ཁྱོ་གའི་རང་ཚུགས་དང་ལ་རྒྱ་བཟུང་ནས་ཐེངས་འདིར། མི་ཡོང་རྒྱུའི་བློ་ཐག་བཅད་འདུག
ད་ཟླ་མེད་ཁྱེད་ལ་བྱེད་རྒྱུ་དང་བཤད་རྒྱུ་ཡོད་ན་ཤོད་དང་། བྱོས་དང་། ཀླུ་སྨྱོན་གྱི་གེགས་བར་ཆད་ལས་ཐེངས་འདིར་ཁྱེད་རང་ཐབས་ཤཻས་ཀྱིས་རྒྱལ་སོང་།
བྷི་བྷི་ལགས་ཀྱིས་བྲིས་པ་འདིར་དགེ་ཚན་ཆེན་པོ་འདུག་པས་ངས་དཔར་སྐྲུན་སྦྱིན་བདག་བྱས་ཏེ་གྲངས་ཆིག་སྟོང་དཔར་སྐྲུན་བྱ་རྒྱུ་ཡིན། ལྟོས་ཨང་། འདི་ནས་ཡིན།
༢༢༽ BBC ནས།
སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ གི་ཆུ་ཚོད་ ༢༢ སྐར་མ་ ༢༡
ཟླ་བ་ཆོས་འཛོམས་ལགས་ཀྱིས་ཨ་རིག་དགེ་མཐོང་ལ་ཤིན་ཏུ་རྩ་ཆེ་བའི་བསླབ་བྱ་གསེར་ལྟ་བུ་ཞིག་སྐྱོན་འདུག ང་ཡང་ཧ་ཅང་དགའ་པོ་བྱུང་། དངོས་གནས་བྱས་པ་ཡིན་ན་དེང་སང་གི་དུས་འདིར་བསམ་བློ་འདི་ལྟ་བུ་གཏོང་ཐུབ་མཁན་ཤིན་ཏུ་ནས་དཀོན་པོ་རེད། ལྷག་དོན་དུ་བུ་མོ་ཞིག་གི་ངོས་ནས། ཟླ་བ་ཆོས་འཛོམས་ཞེས་པ་བུ་མོ་ཡིན་ཁུལ་བྱས་པའམ་བུ་དངོས་གནས་ཡིན་པ་གང་ལྟར་ཡང་རྣམ་དཔྱོད་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེང་སང་གཞོན་སྐྱེས་མང་པོ་ཞིག་རྟོག་དཔྱོད་ཀྱིས་ཕོངས་ནས་གཡམ་རྒྱུགས་ཁོ་ན་བྱེད་བཞིན་ཡོད་ཀྱང་། ཁོ་མོས་ཤིན་ཏུ་ཞིབ་ཚགས་པོའི་སྒོ་ནས་བསམ་བློ་གཏོང་གི་ཡོད་པ་ནི་བློ་སེང་ལ་དོན་དང་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་སོགས་ལས་ཤེས་ནུས། མ་ཟད་དགེ་མཐོང་ལ་དྲ་སྟེང་ཡོང་རྒྱུར་དགག་བྱ་གནང་བ་དང་། དོན་དངོས་ཀྱི་ཤེས་ཡོན་ངོ་མ་དེ་གང་འདྲ་ཞིག་ལ་གོ་དགོས་པ་སོགས་ཀྱི་བརྡ་སྤྲད་པ་འདི་བསམ་བློའི་གནས་ཚད་ཀྱང་ཅུང་མཐོ་བ་ཞིག་ཡིན་པར་སེམས། ངས་ཀྱང་ཁོང་གི་བསླབ་བྱ་དང་དུ་བླངས་ཏེ་དྲ་སྟེང་ཡོང་རྒྱུར་ཚོད་འཛིན་བྱ་རྒྱུ་ཡིན། འོན་ཀྱང་དགོངས་ཚོམས་མེད་པ་ཞུ་རྒྱུ་ཞིག་ལ་བཀའ་ཁྲིའི་འོས་བསྡུའི་ལས་འགུལ་མཇུག་སྒྲིལ་བའི་མཚམས་ནས་དྲ་སྟེང་དུ་ཕལ་ཆེར་ཡོང་རྩིས་མེད། དེ་སྔོན་ཡང་དྲ་སྟེང་རྩ་བ་ནས་ཡོང་མྱོང་མེད་ཀྱང་རྨོངས་པ་ཁྱུ་དང་ཁྱུ་བྱས་ཏེ་གཡམ་རྒྱུགས་ཀྱིས་བོད་ཀྱི་མ་འོངས་པ་འདི་རླུང་ལ་བསྐུར་རྩིས་ཡོད་པའི་གནས་ཚུལ་གོ་རྗེས་དྲ་སྟེང་མི་ཡོང་ཐུ་མེད་ཆགས་སོང་། ང་དྲ་སྟེང་ཡོང་ནས་བདེན་པའི་གནས་ལུགས་དྲངས་པ་ལ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་སོང། གང་འགྲོ་གཏོལ་མེད་པའི་མི་མང་པོ་ཞིག་ལ་འགྲོ་ལམ་བཤངས་ཐུབ་སོང་ལ་མ་མཐར་ཡང་མགོ་བསྐོར་བསླུ་བྲིད་བྱེད་མཁན་གྱི་དཔུང་ཁག་གི་གདོང་རིས་ངོ་མ་དེ་མི་དམངས་མདུན་གསལ་སྟོན་བྱེད་ཐུབ་སོང་།འདི་དངོས་གནས་དགའ་འོས་པ་ཞིག་མ་ཡིན་ནམ། ལྟོས་དང་། ད་ཆ་ཁོ་ཚོ་ལ་རྒྱུ་མཚན་ལྡན་པའི་གནས་ལུགས་ཤིག་འདྲེན་རྒྱུ་འདུག་གམ ད་ལྟ་ཁོ་ཚོ་བག་ཁུམས་ཀྱིས་དོན་ཡང་ཡོང་ནུས་ཀྱི་མི་འདུག གལ་ཏེ་སྐབས་རེ་ཡོང་ཁུལ་བྱས་པའི་དབང་དུ་བཏང་ཀྱང་གཞན་ལ་གཞི་མེད་ཀྱི་སྒྲོ་སྐུར་དང་ཚིག་མཚོན་འདེབས་པ་སོགསརེད། ལྟོས་དང་། ཁོ་ཚོས་སྤེལ་བའི་ཡིག་ཚོགས་འདི་ཚོ་གང་འདྲ་ཞིག་འདུག དག་ཆ་དང་སྡེབ་སྦྱོར། དེ་བཞིན་ཚིག་སྦྱོར་སོགས་ཧ་ཅང་གི་ངོ་ཚ་དགོས་པའི་གནས་ཤིག་མ་ཡིན་ནམ། མ་ཟད་བློ་སེང་ཁོང་ད་ལན་བསྐོར་བསྐྱོད་སྐབས་དེ་སྔ་ལྟར་མ་ཡིན་པར་སྐད་ཆ་ཤོད་སྐབས་ཧ་ཅང་གིས་གཟབ་ནན་བྱེད་ཀྱི་འདུག་ཟེར། ད་སྔ་ཡིན་ན་ཁོ་རང་མི་དང་གཞན་རྣམས་དུད་འགྲོ་ལྟ་བུ་ཞིག་ཏུ་བཟུང་སྟེ་རང་གི་ཁ་ནས་གང་ཐོན་ཤོད་ཀྱི་ཡོད་པ་དེ་ལ་ང་ཚོས་སྟངས་འཛིན་ལེགས་པོ་ཞིག་བྱེད་ཐུབ་པ་འདི་རྒྱལ་ཁ་ཞིག་མ་ཡིན་ནམ། སོང་ཙང་ངས་དགའ་འོས་པའི་གནས་ཚུལ་འདི་ཡང་ཟླ་བ་ཆོས་འཛོམས་ལགས་སུ་ཤོད་འདོད་བྱུང་། དངོས་གནས་བྱས་ན་ང་ལ་དུས་ཚོད་ཧ་ཅང་དཀོན། ཡིན་ཡང་གལ་ཆེ་དོན་ཆེར་དམིགས་ཏེ་དུས་ཚོད་མང་པོ་ཞིག་དྲ་ཐོག་ཏུ་བཏང་ཟིན། རྗེས་ནས་ནི་དེ་ལྟར་མ་ཡིན། ཚང་མས་ད་དུང་ཡང་ཟླ་བ་གཅིག་ཙམ་ལས་ཀ་ཧུར་ཐག་གནང་རྒྱུའི་རེ་བ་བཅས། བྷི་བྷི་སི་ཡིས་འདི་ཚེས་ལ།
ལི་ཐང་རྒྱ་མཚོ་ལགས་ཀྱིས་ཆ་འཇོག་གནང་བར་ཐུགས་རྗེ་ཞུ། ཁྱེད་རང་གི་མཆན་འདིར་ཡིག་ནོར་ཉུང་བ་དང་གོ་བདེ་ཁ་གསལ་ཞིག་འདུག་པ་མ་ཟད། སྡེབ་སྦྱོར་ཡང་ཅུང་ལེགས། བྱས་ཙང་དགའ་པོ་བྱུང་། མུ་མཐུད་བསམ་ཚུལ་སྤེལ་རོགས་གནང་། སོ་སོའི་བལྟ་ཕྱོགས་མཐུན་མིན་ནི་ཡོང་སྲིད་པ་ཞིག་རེད། རང་གི་བསམ་ཚུལ་ལྷུག་པོར་བརྗོད་རྒྱའི་རེ་བ་ཞུ།
མི་ཁ་ཤས་ཀྱིས་སེམས་ཤུགས་ཡོད་མདོག་མདོག་དང་གནས་ལུགས་ཤེས་མདོག་མདོག་གིས་འདིར་ཡོང་ནས་ཆབ་སྲིད་ལབ་ནས་འདུག་རེད། བརྩེ་དུང་ལབ་ཡ་ཡོད་མ་རེད་ལ་སོགས་པའི་སྐད་ཆ་བཤད་ཀྱིན་འདུག
དེ་ནི་དེང་རབསས་ཅན་གྱི་སྤྱི་ཚོགས་ནང་དུ་སྒྱུ་རྩལ་དགོས་མ་རེད་ལབ་པ་འདྲ་བོ་འདུག
ངས་ནི་དྲ་རྒྱ་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་། སྣ་མང་ཕུན་སུམ་ཚོགས་པོ་ཡོད་ན་ཧ་ཅང་གིས་དགེ་བ་ཡོད་པར་མཐོང་བས། ཆ་བཤད་དུས་ཡ་བཤད་མཁན་དང་ཡར་བཤད་དུས་མར་བཤད་མཁན་ཚོས་རང་ཉིད་ཀྱི་རྐང་པ་གང་ངུ་སྤོས་ཡོད་མེད་ཤེས་ཀྱིན་མེད་པར་སྣང་།
བཀའ་བློན་ཁྲི་པའི་སྐོར་ལ་ཁ་བརྡ་ཚང་གིས་ནུས་པ་ཆེན་པོ་ཐོན་ཡོད་ལ། དེའི་སྐོར་ལ་བགྲོ་གླེང་སོགས་ཧ་ཅང་གིས་མང་པོ་བྱུང་ཡོད།
ད་དུང་འབྱུང་ངེས་རེད་ལ། ཡང་ད་དུང་བགྲོ་གླེང་གི་བར་དུ་སླེབས་ཡོད་པ་ཡང་ཡོད། དེ་ཚོར་སོང་ནས་བཀའ་བློན་ཁྲི་པ་མི་བཤད་པར་འདིར་ཡོང་ནས་ཀུ་ཅོ་འདོན་དོན་ཡོད་པ་མ་རེད།
གཞན་ལ་ག་རེ་བཤད་མེད་གཞན་གྱིས་ཐག་གཅོད་ཀྱི་རེད་ལ་རང་གིས་ག་རེ་བཤད་མེད་ཁྱེད་རང་གི་དོན་དག་རེད།
ཐང་རིང་ནས་ཉན་ན་གླིང་བུ་ལྟ་བུའི་མི་བུ་གང་མང་ཞིག་ལ་ཐག་ཉེ་ནས་ཉན་ན་བོང་བུའི་སྐད་ལྟ་བུར་འགྱུར་འགྲོ་བ་འདི་ཁོང་ཚོའི་གདོང་རིས་ངོ་མ་དེ་ཡིན།
རྩོམ་ཡིག་འདིའི་ནང་དོན་རྣམས་དངོས་གནས་ཡིན་ན་དེར་བསམ་བློ་གུ་དོག་དྲགས་པའི་ཆ་མང་དུ་འདུག་ལ། རྣམ་དཔྱོད་རྟུལ་དྲགས་པ་དང་གནད་ལ་ཐུག་ན་འཁུམ་འགྲོ་བའི་ཆའང་དེ་བཞིན་འདུག བརྩེ་དུང་ལ་བཅང་བའི་བརྩི་ཐང་རབ་རིབ་དང་ཁ་ཕྱོགས་མེད་པ། མདོར་ན་བརྩི་དུང་རྣལ་མ་ངོས་མ་ཟིན་པའི་རྣམ་པ་ཤུགས་ཆེར་འདུག ཡིག་སྐྱོན་གྱི་ཆ་ནས་ཨ་མདོ་བ་ཕལ་མོ་ཆེར་འབྱུང་བཞིན་པའི་སྐྱོན་ཏེ་གི་གུ་དང་ཞབས་ཀྱུ་གཉིས་ཀྱི་གོ་ས་བསྣོལ་བའང་གང་མང་འདུག ལ་རྩེ་ཚང་གི་འགྲན་བསྡུར་འདིའི་ཁྲོད་དུ་ཞུགས་མཁན་སུ་ཡིན་རུང་བརྩེ་དུང་འདི་རྩེད་ཆས་ཤིག་ཏུ་ངོས་བཟུང་བ་ལས་བརྩེ་དུང་ལ་བརྩེ་དུང་གི་བརྩི་ཐང་བཞག་མེད་པའང་མཐོང་ཐུབ་བོ།
སྐད་ཆ་འདི་རང་ཉིད་ལ་བརྩེ་དུང་གི་མནར་གཅོད་ཕོག་པ་དང་རང་ཉིད་ནམ་ཡང་བརྩེ་དུང་རྣལ་མའི་ཕྱོགས་སུ་ལང་མཁན་ཞིག་ཡིན་པས་ཆ་ནས་སྨྲས་པ་ལགས།
བརྩི་དུང་ ཞེས་པ་ བརྩེ་དུང་ དུ་བཅོས་རོགས།
དྲ་གྲོགས་སྦི་སྦི་སི་ལགས་སྐུ་ཉིད་ཀྱི་དེ་འདྲ་གསུངས་པར་དགའ་བོ་བྱུང་། གང་ཞེ་ན་སྐུ་ཉིད་ནི་དྲ་ནང་འདི་ནས་ཆེས་གདེངས་འཇོག་ཡོད་པའི་དྲང་བདེན། ལྷག་བསམ། ཤེས་ཡོན་གྱི་གཤོག་ཟུང་རྒྱས་པའི་གངས་ཅན་པའི་ཕོ་རྒོད་ངོ་མ་ཞིག་རེད། དེའི་ཕྱིར་ངས་ཀྱང་དུས་ནམ་བྱུང་ལ་གླེང་རྒྱུ་ཡིན་ལ་གླེང་དགོས་ངེས་རེད།
ཁྱེད་ཀྱིས་བརྩེ་དུང་ཁྱེད་ཀྱིས་རྣལ་མར་མཐོང་བ་ནི་ཁྱེད་རང་ཉིད་ཀྱི་གནས་ལུགས་བཤད་སྟངས་ཤིག་རེད།
རང་ཉིད་བདེན་པར་རྩིས་ཏེ་གཞན་ལ་རྡོག་རོལ་གཏོང་བ་ནི་གནས་ལུགས་མ་རྟོགས་པ་རང་རེད།
རང་ཉིད་བརྩེ་དུང་རྣལ་མའི་ཕྱོགས་སུ་ལངས་མཁན་ཟེར་ན་ག་རེ་ལབ་ཀྱིན་ཡོད་པ་རེད།
རྩོམ་པ་པོ་ཚེ་རིང་སྐྱིད་ཀྱིས་བརྩེ་གདུང་ལ་རྒྱལ་ཕམ་མེད་ཟེར། ངས་ནི་བརྩེ་གདུང་ལ་སྤྱི་ལྡོག་ནས་རྒྱལ་ཕམ་མེད་སྲིད་ཀྱང་། རང་ལྡོག་ནས་རྒྱལ་ཕམ་ཞིག་ཡོད་པར་སེམས། རྒྱུ་མཚན་ནི་རྩོམ་པ་པོ་ག་གེ་མོ་ཞིག་གིས་བཀོད་པ་ལྟར། བརྩེ་གདུང་ཟེར་བ་དེ་མཁོ་འདོད་ཅིག་ཡིན་ན། མཁོ་འདོད་དེ་བསྒྲུབ་ཐུབ་པ་དེའི་ཚེ་མཁོ་འདོད་བསྐྱེད་པ་པོ་དེའི་བརྩེ་གདུང་ལ་རྒྱལ་ཁ་ཐོབ་པ་ཡིན་ལ། མཁོ་འདོད་བསྒྲུབ་མ་ཐུབ་པ་དེའི་ཚེ་ཕམ་ཁ་ལོན་པ་ཡིན།
བརྩེ་གདུང་ལ་རྒྱལ་ཕམ་ཡོད་པ་ཇི་བཞིན། ངས་ནི་བརྩེ་གདུང་ལ་ཡང་ལྗིད་ཀྱང་ཡོད་པར་འདོད། དེ་ཡང་དཔེར་ན་ཕོ་མོ་གཉིས་གཉེན་བསྒྲིགས་བྱས་ནས་མཉམ་དུ་སྡོད་པའི་སྐབས་སུ། ཕོ་མོ་གཉིས་ཀའི་ཕྱོགས་ནས་བརྩེ་གདུང་ཡང་ལྗིད་སྙོམས་པོ་དགོས། གལ་ཏེ་ཕོ་མོ་གཉིས་སུ་ཞིག་གི་ཕྱོགས་ནས་བརྩེ་གདུང་ལ་ཡང་ལྗིད་ཤོར་བ་དུས་དེའི་ཚེ་ན་བརྩེ་གདུང་དེ་ཁོང་ཁྲོ་ལ་འགྱུར་གྱི་ཡོད། བརྩེ་གདུང་ཁོང་ཁྲོ་རུ་གྱུར་བའི་མཐར་ཕོ་མོ་གང་རུང་ཞིག་ལ་བློ་ཕམ་ཡིད་ཕམ་འབྱུང་གི་ཡོད་ལ། བློ་ཕམ་ཡིད་ཕམ་སུ་ལ་བྱུང་བ་དེ་ཡི་བརྩེ་གདུང་ལ་ཕམ་ཁ་ལོན་པ་རེད།
གང་ལྟར་བརྩེ་གདུང་ནི་ང་ཚོའི་ཚེ་སྲོག་ཡིན་པས། བརྩེ་གདུང་མེད་ན་ང་ཚོ་སུ་ཞིག་ཡིན་ཀྱང་འཇིག་རྟེན་འདིར་འཚོ་མི་སྲིད། དེས་ན་ངས་བརྩེ་གདུང་ལ་རྟག་པར་རྒྱུན་དུ་རྒྱལ་ཁ་ཐོབ་པའི་སྨོན་ལམ་འདེབས་ཀྱིན་ཡོད།
མ་བསམ་ས་ནས་བུ་མོ་ཞིག་གིས་ང་ལ་བསླབ་བྱའམ་སེམས་གཏམ་བཤད་པ་འདི་རེད། འདི་ད་སོ་མ་རིག་ནི་ཡིན། དངོས་གནས་བདེན་པ་རང་རེད། འོན་ཀྱང་ང་དྲ་རྒྱར་ཉུལ་བ་འདི་བརྩེ་དུངས་ཤིག་དང་འབྲེལ་བ་ཡོད་པས་ལམ་སེང་མཚམས་འཇོག་རྒྱུ་དཀའ་མོ་རེད།
བརྩེ་དུངས་ཟེར་ན་ཞི་ལི་ཟིག་དང་ཞི་མོ་ཟིག་གི་བར་གྱི་གནད་དོན་གཅིག་བུ་མ་རེད། ཡིན་ནའང་། ངས་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་། ཧྭ་དམ་པ་ཆང་གིས་བཟི་ཡང་། དོན་དམ་པ་རླུང་ལ་མི་བསྐུར་ཞེས་པའི་དཔེ་ལྟར་ཡིན། ཨ་ཁུ་ལ་ཤ་ཚ་བའི་བུ་མོ་དངོས་གནས་ཡིན་མིན་ཆ་མ་འཚལ་བའི་ཆོས་འཛོམས་མིང་ཅན་ལ་སྤྲིངས་སོ།།
ད་དུང་དགེ་བཤེས་ལྷ་རམས་པ་ཞིག་ལ་རེ་བ་བརྒྱབས་ན་བློའི་གཅོག་ཀྱང་ཚེ་ཡི་མི་གཅོག་གི་གོ ཧེ་ཧེ་ཀུ་རེ།
ཡང་རེ་བ་ཞིག་ལ། ལོ་གཉིས་གསུམ་རྗེས་ནས་ངས་དགེ་བཤེས་གཏོང་ཐུབ་སོང་ན་ཆོས་འཛོམས་ཁྱེད་སྐུ་པར་གདན་འདྲེན་ལ་སྐད་གཏོང་རྒྱུ་ཡིན།
ཡང་ཚེ་རིང་སྐྱིད་ལ་ལན་དུ་སྨྲས་པ། བརྩེ་དུངས་ལ་རྒྱལ་ཕམ་མེད་ཟེར་ན།ཨ་ལགས་ཀླུ་སྨྱོན་ཚང་གིས་དགའ་རོགས་ཉིན་མོར་བྲིས་པའི་ལྷུག་རྩོམ་དེ་ཀློག་དང་དེ་ནས་ཤེས་ཡོང་། ཟམ་པ་དེའི་འགྲམ་ནས་བཞུད་ཚར་བའི་རྣམ་ཤེས་དེ་ཚོ་བརྩེ་དུངས་ཀྱི་རྒྱལ་ཕམ་རེད་ཡ།
བླ་རྒན། ངས་ལྷུག་རྩོམ་དེ་ད་ལྟ་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པས། ཡང་སྐྱར་ཚར་གཅིག་གཟིགས་དང་ཁྱེད་ལ་སྔར་དང་མི་འདྲ་བའི་ཚོར་བ་གཞན་ཞིག་སྟེར་ནའང་ཐང་།
ཀླུ་སྨྱོན་གཞོན་ནུར་སྐྲགས་ནས་འདིར་ཡེ་ཤེས་ཡིན་ན་གཅིག་ཟེར་ནས་ཡོང་གི་འདུག་་་་་་སྐད་འདི་སུས་གོ་ན་གཞོན་ནུ་ལ་བཤད་དགོས།
བོད་ཕྱི་ནང་གཉིས་ཀར་ཚང་མས་ཐུགས་གནང་གནང་བཞིན་པ་དེ་ད་ལྟ་བཀའ་བློན་ཁྲི་བའི་འོས་འདེམས་འདི་རེད་་་་་འོན་ཀྱང་ངས་འདྲིས་བ་ཞིག་ཡོད།་་་་ང་ཚོ་ད་ལྟ་རང་བཙན་བརྩོད་ཀྱི་ཡོད་རེད་དམ་དབུ་མས་ལམ་བརྩོད་ཀྱི་ཡོད་དམ།་་་་གལ་ཏེ་དབུ་མས་ལམ་བརྩོད་ཀྱི་ཡོད་ན་འཁྲོམ་འཁོར་བྱེད་པའི་སྐབས་རང་བཙན་དགོས་ཞེས་བརྗོད་པ་ཅི་ཞིག་ཡིན་ནམ་་་་་་་་་་གལ་ཏེ་རང་བཙན་བརྩོད་ཀྱི་ཡོད་ན་༧གོང་ས་མཆོག་གི་བཀའ་ལ་རྩིས་གུས་མེད་རང་བཙན་བརྩོད་ཀྱི་ཡོད་རེམ་དམ།་་་་་་ང་ནི་བོད་གཞུང་ཀྱི་ལས་ཀ་དེ་མངོས་མགོ་ཐོམ་སོང།
མཐོ་འབྲིང་མ་རྫོགས་རྡ་སར་བྲོས་བ་ནི།། ཆུང་འདྲིས་བྱམས་པའི་ཆེད་ཡིན་སུ་ཡིས་ཤེས།། སྐྲ་རིང་བློ་ཐུང་མ་ཚོ་རློམ་རྒྱུ་མེད།། གང་ལྟར་རྩོམ་ཡིག་ཡག་པོ་སྤེལ་འདུག་པས།། ཚིག་སྦྱོར་ཚུལ་ལ་མཁས་པའི་མཛངས་མ་ཁྱེད།།ཡང་ཡང་ཕེབས་དང་ལབ་ཙེ་སྐུ་མགྲོན་འཁོར།། སྙན་ངག་ང་ཡི་ཆོས་ལུགས་ཡིན་ཞེས་བསྒྲགས།།དེ་འདྲའི་བླུན་གཏམ་མ་བཤད་རང་ཚོད་བཟུང་།།བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཚིག་ཚོགས་སྤེལ།།བལྟས་བ་ཙམ་གྱིས་རྒྱབ་ལྗོངས་རྟོགས་འགྲོ་བས།། ད་དུང་སློབ་སྦྱོང་བྱེད་དགོས་རིག་བཟང་མ།།