ཕྱི་སྡོད་རྒྱ་རིགས་ཤེས་ལྡན་པ་ཁག་ཅིག་གིས་བོད་དོན་ཐད་ཀྱི་ལྟ་ཚུལ༼ཁག་གཉིས་པ༽
གཤམ་བཀོད་ནི་སྲས་མོ་ཧྲིན་ཞའོ་ལགས་ཀྱི་དགོངས་ཚུལ་རེད།
མང་ར་བ་གདུགས་དཀར་འབུམ།
ཨོ་ལིམ་པིག་རྩེད་འགྲན་དང་ཀྲུང་གོའི་དམངས་གཙོ་འཕེལ་འགྱུར། ད་དུང་བོད་བཅས་ཀྱི་གནད་དོན་ཐད་ཁྱོད་ཀྱིས་ལྟ་སྟངས་ཅི་འདྲ་ཞིག་འཛིན་གྱིན་ཡོད།
ཧྲིན་ཞའོ་ཡིས།
༢༠༠༡ ལོར་པེ་ཅིང་ལ་ཨོ་རྩེད་ཀྱི་སྦྱིན་བདག་ཐོབ་པའི་ཉིན་དེ་ནས་བཟུང༌། ངས་ད་ལྟའི་བར་རྒྱུན་མ་ཆད་པར་པེ་ཅིང་ལ་ཨོ་རྩེད་གཙོ་སྐྱོང་གནང་རྒྱུའི་ཐོབ་ཐང་མེད་པར་བརྗོད་ཀྱིན་ཡོད། གུང་ཁྲན་ཏང་གི་སྒེར་གཅོད་སྲིད་བྱུས་དེ་ནི་མིའི་གཤིས་ལུགས་དང༌། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཧ་ཅང་རྒྱབ་འགལ་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད། གུང་ཁྲན་ཏང་གིས་བདག་སྐྱོང་བྱེད་བཞིན་པའི་སྤྱི་ཚོགས་དེ་ནི། ད་དུང་མིའི་རིགས་ཀྱི་བཟང་སྤྱོད་དང་ལར་ཞེན་ལ་བརྩི་མཐོང་བྲལ་བའི་འདྲ་མཉམ་མེད་པའི་སྤྱི་ཚོགས་ཤིག་ཀྱང་རེད། དེ་བས་ཨོ་ལིམ་པིག་རྩེད་འགྲན་གྱི་གཞི་རྩའི་རིན་ཐང་འདུ་ཤེས་ལའང་ཧ་ཅང་རྒྱབ་འགལ་དུ་གྱུར་ཡོད་པ་ཞིག་རེད། ཁོ་ཚོར་རྩ་བ་ཉིད་ནས་ཨོ་རྩེད་གཙོ་སྐྱོང་གི་ཐོབ་ཐང་མི་འདུག དེའི་ཕྱིར་འདས་པའི་ལོ་བདུན་གྱི་ནང་དུ་ངས་དེ་ལྟའི་ལངས་ཕྱོགས་ཤིག་དང་ལྟ་ཚུལ་ཞིག་བཟུང་ཡོད་ལ། ད་དུང་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲི་དང༌། བརྙ ན་འཕྲིན་ཐོག་དཔྱད་གླེང༌།
རང་ཉིད་ཀྱིས་རྩོམ་འབྲི་སོགས་བྱས་ཡོད། ང་ཚོས་མིག་ཟིན་ལག་མཐོང་ཐུབ་པ་ནི། གུང་ཁྲན་ཏང་གིས་ཨོ་རྩེད་གཙོ་སྐྱོང་གི་བརྒྱུད་རིམ་ཁྲོད་འགྲོ་བ་མའི་ཐོབ་ཐང་ལ་སྔར་ལས་ལྷག་པའི་རྡོག་རལ་དང༌། དེ་བཞིན་དེ་རིང་གི་པེ་ཅིང་ནི་དམག་གིས་སྟངས་འཛིན་འོག་གི་གྲོང་ཁྱེར་ཅིག་ཆགས་ཡོད། ད་ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་བོད་ཀྱི་གྲྭ་བཙུན་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། ཁོ་ཚོས་ལས་འགུལ་དེར་དྲག་གནོན་བྱས་རྗེས། ཕྱོགས་ཡོངས་ནས་བོད་ཁུལ་དུ་དམག་མིས་སྟངས་འཛིན་བྱས་ཡོད། ད་དུང་མི་མང་པོར་བཀག་ཉེར་ཁྲིམས་གཅོད་དང་བསྔོགས་བཤེར་དྲག་རྡུང་བྱེད་བཞིན་པའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་དང་བསྟུན་ནས། པེ་ཅིང་གྲོང་ཁྱེར་ན་ཨོ་རྩེད་གཙོ་སྐྱོང་གནང་བཞིན་ཡོད་པ་རེད།
འདི་ནི་འགྲོ་བ་མིའི་རྩིས་ཐང་ལྟར་ནའང་ཛ་དྲག་པའི་འཁོན་འཛིན་དང་བརྙ ས་བཅོས་ཞིག་རེད། ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ཅང་མངོན་སུམ་དང་ལྐོག་གྱུར་གྱི་ཕྱོགས་ཤིག་འདུག་པ་ང་ཚོས་ཀྱང་མཐོང་ཐུབ། སྤྱི་ལོ་ ༢༠༠༡ ལོ་ནས་བཟུང་འདི་ལྟ་བུའི་གོ་སྐབས་ཤིག་པེ་ཅིང་ལ་སྤྲད་རྗེས། ཁོ་ཚོའི་རེ་བར་ཡང་ཀྲུང་གོས་གོ་སྐབས་འདི་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང༌། དེ་དང་བསྟུན་ནས་ཀྲུང་གོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་སྔར་ལས་གུ་ཡངས་དང་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེ་རེད། དེ་བས། སྐབས་འདིར་ཕྱོགས་གཞན་པའི་ནུས་ཤུགས་མཁོ་སྟེ། དཔེར་ན། ཀྲུང་གོའི་དམངས་གཙོའི་ནུས་ཤུགས། ཀྲུང་གོའི་བདག་དབང་ཐད་ཀྱི་དམིགས་ཡུལ་ལ་སོགས་ཀྱི་ནུས་ཤུགས། ཀྲུང་གོའི་གཞི་རིམ་སྤྱི་དམངས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཐད་དོ་ཁུར་བྱེད་པའི་ཚོགས་སྡེ་དང་མི་སྒེར། སྲིད་གཞུང་བཅས་ཚང་མས་མཉམ་རུབ་ཀྱིས་ཀྲུང་གོར་འགྱུར་བ་གཏོང་དགོས། དེ་ལྟ་བུའི་ལས་དོན་དེ་མཐར་ཐུག་ལས་དོན་བཟང་པོ་ཞིག་ཏུ་འགྱུར་ངེས། འདི་ལྟའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་སྤྱི་ཚོགས་ཀྱིས་དངོས་དོན་ཐོག་ཀྲུང་གོའི་མང་ཚོགས་ལ་སྔར་ལས་ལྷག་པའི་བསམ་བློ་གུ་ཡངས་དང༌། མིག་རྒྱང་ཆེ་རུ་བསྐྱེད་དགོས། དེ་ལྟར་བྱས་ན་ཀྲུང་གོའི་སྤྱི་ཚོགས་ཀྱང་སྔར་ལས་ལྷག་པའི་གུ་ཡངས་པོར་འགྱུར་རྒྱུའི་གོ་སྐབས་ཐོབ་ཐུབ། ང་ཚོས་མཐོང་ཐུབ་པར། ཀྲུང་གོའི་མང་ཚོགས་ཀྱིས་ལོ་མང་རིང་འགྲོ་བ་མིའི་ཐོབ་ཐང་རྡོག་རལ་གྱི་བཙན་གནོད་མྱང་རྗེས། མི་མང་པོ་ཞིག་གིས་གོ་སྐབས་འདི་བཟུང་སྟེ་རང་སྲོག་བློས་བཏང་གིས་སྐད་འབོད་བྱས་པ་རེད། ཚང་མས་ཤེས་གསལ་ལྟར། གསར་ལམ་མང་པོའི་གསར་འགོད་པ་པེ་ཅིང་དུ་ཡོད་པ་རེད། དུས་རྒྱུན་གྱི་གཞི་རིམ་མང་ཚོགས་ཀྱི་སྐད་ཆར་སྲིད་གཞུང་གིས་ཡ་ལན་བྱེད་བཞིན་མེད། དཔེར་ན། ཀྲུང་གོར་གོང་རིམ་ལ་ཞུ་གཏུགས་བྱེད་མཁན་མི་ཁྲི་ཕྲག་མང་པོ་ཡོད།
ཁོ་ཚོས་ཅི་ཕྱིར་ཞུ་གཏུགས་བྱས་པ་རེད། རྒྱུ་མཚན་ནི། ཁོ་ཚོའི་བདག་དབང་ལ་བཙན་གནོན་ཐེབས་པ་དང༌། དོན་དངོས་ཀྱི་ཐོག་ནས་ཁོ་ཚོའི་གནད་དོན་སེལ་མཁན་སུ་ཡང་མེད་པས་རེད།
དེ་བས་ཁོ་ཚོ་ཞུ་གཏུགས་བྱེད་མཁན་གྱི་ཚོགས་སྡེ་ཞིག་ཏུ་གྲུབ་པ་རེད། ཁོ་ཚོས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་ལམ་ཁག་གིས་དོ་སྣང་འོང་སྲིད་པའི་གོ་སྐབས་འདི་བཟུང་ནས་ཏན་ཏན་རང་སྲོག་བློས་བཏང་གིས་སྐད་འབོད་བྱས་པ་རེད། ངས་བསམ་ན་ཕྱི་ལོག་ཏུ་སྡོད་པའི་ང་ཚོ་རྒྱ་རིགས་དང༌། ནུབ་ཕྱོགས་པ། བོད་རིགས། བེ་བེར་རིགས་ཚང་མས་མཉམ་རོབ་གྱིས་དེ་རིང་གི་ཀྲུང་གོར་འདི་ལྟའི་འགྱུར་བ་ཞིག་གཏོང་དགོས
གདུགས།
ཨོ་ལིམ་པིག་རྩེད་འགྲན་ལ་བཀག་འགོག་བྱེད་ཐུབ་མ་སོང་བར། ད་ལྟ་དངོས་སུ་མགོ་བརྩམས་ཟིན། དེའི་ཐད་ཁྱེད་རང་ལ་ལྟ་ཚུལ་ཅི་ཞིག་ཡོད།
ཧྲིན་ཞའོ།
ལོ་རྒྱུས་ཐོག་ཨོ་ལིམ་པིག་རྩེད་འགྲན་ལ་ཐེངས་མང་པོར་ཚད་མི་འདྲ་བའི་འགོག་རྐྱེན་ཐེབས་པའི་ལོ་རྒྱུས་བྱུང་ཡོད། མི་མང་པོ་ཞིག་གི་བསམ་པར་ཐེངས་འདིའི་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ལའང་དེ་འདྲའི་མཇུག་འབྲས་ཤིག་བྱུང་རྒྱུའི་རེ་བ་བཅངས་ཡོད་པ་ང་ཚོས་མཐོང་ཐུབ། ཡིན་ནའང༌། ངས་བསམ་ན་གཞི་རྩའི་གནད་འགག་གཅིག་ཡོད་དེ། འདི་ལྟའི་གནད་དོན་ཐོག་མཐོང་ཚུལ་དང་ལྟ་ཚུལ་མི་གཅིག་པ་བྱུང་བཞིན་པའི་སྐབས་སུ། ང་ཚོས་མ་མཐའ་ཡང་ངེས་པར་དུ་ལྟ་ཚུལ་གསལ་འདོན་བྱེད་དགོས། ངས་མཐའ་གཅིག་ཏུ་པེ་ཅིང་དུ་ཨོ་ལིམ་པིག་རྩེད་མོ་ཚོགས་རྒྱུར་ངོ་རྒོལ་བྱེད་བཞིན་ཡོད། མ་མཐའ་ཡང་མི་མང་ཚོགས་སྡེ་ག་འདྲ་ཞིག་ཡིན་ཡང་ངོ་རྒོལ་བྱེད་ཆོག་པ་དེ་ཀྲུང་གོའི་མི་དམངས་ཚོར་ཤེས་རྟོགས་འབྱུང་དུ་འཇུག་དགོས། འདི་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་རྩ་བའི་ཆ་རྐྱེན་ཞིག་རེད། ཡིན་ནའང༌། ད་ལྟའི་ཀྲུང་གོའི་མི་མང་མང་ཚོགས་ཚོར་རྩ་བ་ཉིད་ནས་དེ་ལྟའི་གོམས་སྲོལ་ཡོད་པ་མ་རེད། གནད་དོན་གང་ལ་འཕྲད་ཀྱང་རྒྱལ་ཡོངས་མི་མང་དམངས་སེམས་གཅིག་གྱུར་ཞེས་པའི་འདུ་ཤེས་ཙམ་རེད།ང་ཚོས་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་རྒྱུན་རིང་པོར་འཚོ་བ་རོལ་རྗེས། སྤྱི་ཚོགས་ཚོགས་སྡེ་གང་ཡིན་རུང་ངོ་རྒོལ་བྱེད་ཆོག་པ་ཞིག་དང༌། ངོ་རྒོལ་བྱེད་པ་དེ་ནི་ཁྲིམས་མཐུན་དང༌། ཡང་ན་དགོས་ངེས་ཤིག་རེད། དེ་ནི་ཕྱོགས་ཡོངས་ཀྱི་བྱ་བར་དྲང་ཕྱོགས་ནས་ནུས་པ་འདོན་ཐུབ་པ་ཞིག་རེད། ཀྲུང་གོའི་སྲིད་གཞུང་གིས་ཨོ་རྩེད་སྔོན་གྱི་འདས་པའི་ལོ་བདུན་གྱི་རིང་ལ་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་རྡོག་རོལ་བཏང་ཡོད། འགྲོ་བ་མིའི་ཐོབ་ཐང་ནུས་ཤུགས་ཀྱིས་ཨོ་རྩེད་ལ་བཀག་འགོག་བྱེད་མ་ཐུབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱུང་ཡོད། དེ་ནི་རྒྱལ་སྤྱིའི་ཨོ་རྩེད་རྒྱུན་ལས་ལྷན་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་སྲིད་གཞུང་ཁག་གིས་སྒྲུབ་དཀའ་བ་ཞིག་རེད། དཔེར་ན། ཨོ་རྩེད་རྒྱུན་ལས་ལྷན་ཚོགས་ནས་པེ་ཅིན་ལ་ཨོ་ལིམ་པིག་རྩེད་འགྲན་གཙོ་སྐྱོང་གི་བདག་དབང་སྤྲད་རྗེས་ཕྱིར་བསྡུ་བྱེད་ཐབས་དཀའ་བ་དང༌། གཞན་ཡང་གནས་ཚུལ་འདྲ་མིན་མང་པོར་འབྲེལ་ཆགས་ཡོད་པ་ཁོ་ཚོས་རྟོག་ཡོད། ཡིན་ནའང༌། ་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐད་འབོད་བྱེད་དགོས། གནས་སྟངས་འདི་འདྲའི་འོག་དུ། ངེས་པར་དུ་འདི་ལྟའི་ལས་དོན་ཡུན་གནས་བྱ་དགོས་སྟེ། དཔེར་ན། ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དོ་སྣང་ཆེ་རུ་གཏོང་བ་དང༌། ངེས་པར་དུ་ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པ་སུན་འབྱིན་དང༌། རང་ནུས་ཡོད་ཚད་ཀྱིས་འགོག་རྒོལ་བྱེད་དགོས། ད་ལྟ་ཀྲུང་གོ་སྲིད་གཞུང་བློ་འཚབ་ཆེན་པོའི་གནས་སུ་གྱུར་ཡོད་པ་ང་ཚོས་མཐོང་ཐུབ། བྱེའུ་ཚང་གི་འགྲམ་དུ་འཕུར་མདེལ་ཀྱང་འཆར་འགོད་བྱས་ཡོད་པ་རེད། དེ་འདྲའི་དངངས་སྐྲག་གི་རྣམ་འགྱུར་དེ་ཡིས་གུང་ཁྲན་ཏང་གི་སྲིད་དབང་ལ་མ་གཞི་ཧ་ཅང་ཉམས་ང་བའི་ཕྱོགས་ཤིག་ཡོད་པ་གསལ་བོར་བསྟན་ཡོད། ཁོ་ཚོས་དུས་འགྱུར་ག་གེ་མོ་ཞིག་གི་འགྱུར་ལྡོག་གིས་སྲིད་དབང་མགོ་སྟངས་སློག་རྒྱུར་ཧ་ཅང་དངངས་སྐྲག་བྱེད་བཞིན་ཡོད། དེ་འདྲ་ཞིག་འབྱུང་མི་སྲིད་པ་མ་རེད།
གདུགས།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་ཡོད། ཡིན་ན་འང༌། ད་ལོའི་ཟླ་གསུམ་པའི་ནང་བོད་ཆོལ་ཁ་གསུམ་ཡོངས་ལ་བོད་དོན་ཆེད་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱུང་ཡོད་པས། ཁྱེད་ཀྱིས་དེ་དང་ཨོ་ལིམ་པིག་རྩེད་འགྲན་བར་འབྲེལ་བ་ཅི་ཞིག་ཡོད་པར་དགོངས་ཀྱིན་ཡོད།
ཧྲིན་ཞའོ།
ཏཱ་ལའི་བླ་མའི་ལྟ་བ་དང་ལངས་ཕྱོགས་ཐད་ངས་རྒྱུན་དུ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ངས་བསམ་ན་ཁོང་ནི་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་བོའི་སྒོ་ནས་གནད་དོན་ལ་གཟིགས་མཁན་ཞིག་རེད། ཁོང་གིས་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ལ་བཀག་འགོག་ཀྱི་ལངས་ཕྱོགས་བཟུང་མེད་པ་འདིས་སྟེང་ནས་ཀྱང་ང་ཚོས་ཤེས་ཐུབ། ཀྲུང་གོའི་ནང་ལོག་གི་བོད་མིས་ངོ་རྒོལ་རྔམ་སྟོན་དེ་ནི་ཁོ་ཚོའི་རྒྱུན་གྱི་འཚོ་བའི་ཁྲོད་དུས་རྟག་ཏུ་དྲག་གནོན་དང་མནར་གཅོད་མྱང་དགོས་བྱུང་བ་བརྟེན་ནས་ཐོན་པ་ཞིག་རེད། མི་སུ་ཞིག་ཡིན་ཡང་རང་ཉིད་ལ་འདྲ་མཉམ་གྱི་ཐོབ་ཐང་མ་ཐོབ་པ་དང༌། དྲག་པོའི་གཉའ་གནོན་ཐེབས་པའི་སྐབས་དང༌། ཡང་ན། སྲིད་གཞུང་གི་མིས་བརྙ ས་བཅོས་གཉའ་གནོན་བྱེད་སྐབས་ཏན་ཏན་རྒོལ་ལན་སློག་ངེས་པ་ཞིག་རེད། དེར་མ་ཟད། ང་ཚོས་ད་ལྟ་གསལ་བོར་རྟོགས་ཐུབ་པ་ཞིག་ནི། བོད་མི་ཚོས་ལས་འགུལ་འདི་ཐོག་མར་མགོ་འཛུགས་གནང་དུས་ཞི་བའི་སྒོ་ནས་སྤེལ་ཡོད་པ་རེད། གལ་སྲིད་ཀྲུང་གོ་གུང་ཁྲན་ཏང་ལ་དེ་འདྲའི་བློ་ཁོག་ཆེན་པོ་དང་ནུས་སྟོབས་ཡོད་ཚེ། འདི་ལྟ་བུའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཞི་བའི་ཐབས་ལམ་གྱི་སྒོ་ནས་སེལ་ཐུབ་པ་ཞིག་རེད། ཀྲུང་གོའི་ནང་ལོག་གི་ས་ཁུལ་གཞན་དག་དུའང༌། ལྟ་བ་དང་ལངས་ཕྱོགས་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་མཁན་དང་རྩོམ་པ་པོ་ཚང་མས་ཀྱང་གཅིག་མཚུངས་གི་དྲག་གནོན་མནར་གཅོད་མྱོང་བཞིན་ཡོད། གུང་ཁྲན་ཏང་མིའི་གཞི་རྩའི་སྲིད་དབང་གི་ངོ་བོ་ཐོག་ནས་གཏན་འཁེལ་བྱས་པ་ལྟར་ཁོ་ཚོས་དེ་ལྟར་སྒྲུབ་པ་ལས་ཐབས་མེད་ཡིན། དེ་བས་འོས་འགན་ཡོད་ཚད་མང་ཚོགས་ཀྱི་སྟེང་ཡོད་པ་མ་རེད། ཁོ་ཚོས་ཨོ་ལིམ་པིག་རྩེད་འགྲན་གྱི་རྐྱེན་པས་ཁྱེད་ཀྱི་ཐོབ་ཐང་མེད་པར་བཟོས་ཏེ་ཁྱེད་རང་བསད་ཆོག་གི་མ་རེད། ཨོ་ལིམ་པིག་རྩེད་འགྲན་ནི་ཅི་ཞིག་རེད། ཨོ་ལིམ་པིག་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆེས་མཐོའི་རིན་ཐང་དེ་མ་རེད། དེ་ནི་མི་མང་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་དང་ཇེ་སྐྱིད་ཀྱི་ཆེད་དུ་འཛུགས་གཉེར་བྱས་པའི་ལུས་རྩལ་གྱི་རྣམ་གྲངས་ཞིག་རེད། ད་ལྟ་དེ་ལས་ལྡོག་སྟེ་མི་ཚང་མས་རང་ཉིད་ཀྱི་བདག་དབང་སྣང་མེད་དུ་དོར་ནས་ཨོ་པིག་རྩེད་འགྲན་གཉེར་བཞིན་པར་གྱུར་ཡོད། འོ་ན། ཨོ་རྩེད་དོན་དངོས་ཐོག་ཅི་ཞིག་རེད། དེར་བརྟེན་ངས་པེ་ཅིངཧཨོ་རྩེད་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཞབས་འདྲེན་རེད་ཅེས་བརྗོད་ཀྱིན་ཡོད།
ལྷག་པར་དུ་ཀྲུང་གོའི་མིའི་གཟི་བརྗིད་ཞིག་གཏན་ནས་མ་རེད། ཀྲུང་གོའི་མི་མང་རྒྱ་སྲང་དུ་འགྲོ་མི་ཆོག་པར་ནང་དུས་སྡོད་དགོས་པ།
ཡང་ན། ས་ཆ་གཞན་ཞིག་ཏུ་བཞག་སྟེ་སྦས་ནས་འདུག་དགོས་པ་འདི་ཅི་ཞིག་རེད། ད་ལྟ་ཨོ་རྩེད་ཀྱི་གཞི་རྩའི་ཐོབ་ཐང་དང་སྙ ིང་སྟོབས།
རྩ་དོན་ཡོད་ཚད་ཀྱི་ངོ་བོ་སྒྱུར་ཟིན་འདུག
དེ་བས་བོད་རིགས་ཚུད་པའི་ཀྲུང་གོའི་སྐམ་ས་ཆེན་པོའི་མི་མང་ཚང་མས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱ་བཞིན་པའི་ཨོ་རྩེད་ཀྱི་གོ་སྐབས་འདི་སྤྱད་ནས་ངོ་རྒོལ་རྔམ་སྟོན་གྱི་སྐད་འབོད་བྱེད་རྒྱུ་དེ་ཧ་ཅང་བདེ་ཐང་གི་ལས་དོན་ཞིག་རེད་ལ། ངེས་པར་བྱེད་དགོས་ངེས་ཤིག་ཀྱང་རེད།
གདུགས།
ཁྱོད་ཀྱིས་ཨོ་རྩེད་རྗེས་ཀྱི་ཀྲུང་གོའི་དམངས་གཙོ་འཕེལ་རིམ་དེ་ཅི་འདྲ་ཞིག་དུ་བསམ་བཞིན་ཡོད།
ཧྲིན་ཞའོ།
དོན་དངོས་ཐོག་འདས་པའི་ལོ་ངོ་བདུན་གྱི་ནང་དུ་ང་ཚོས་མཐོང་ཐུབ་པ་ནི། ཨོ་རྩེད་ཐད་བཟུང་བའི་དམིགས་པ་དང་ལངས་ཕྱོགས་འདྲ་མིན་སྣ་ཚོགས་ཀྱི་གཞི་རྩའི་ལྟ་ཚུལ་དང་ནུས་སྟོབས་ཚང་མ་གཞི་གཅིག་ཏུ་འདྲེས་ནས་མཉམ་རུབ་ཀྱི་རྣམ་པ་ཐོན་ཡོད་པ་རེད།
དེའི་ཁྲོད་ང་ཚོས་རྟོགས་འཆར་བྱས་པའི་ཨོ་རྩེད་ཚོགས་ཆུང་གི་ལངས་ཕྱོགས་དེ་ཅི་ཞིག་རེད། རྒྱལ་ཁབ་སོ་སོའི་བར་དུ་མི་འདྲ་བའི་ལངས་ཕྱོགས་ཡོད་པ་རེད། ད་དུང་མི་ལ་ལས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་འབྲེལ་གྱི་ཁེ་ཕན་གཙོ་བོར་འཛིན། གཞན་ཡང༌། གོ་སྐབས་འདི་འདྲ་ཞིག་བཟུང་སྟེ་ཀྲུང་གོའི་སྤྱི་ཚོགས་སྔར་ལས་གུ་ཡངས་དང༌། རྒྱལ་ཁབ་ལ་ལས་གཞི་རྩའི་རིན་ཐང་ལྟ་ཚུལ་ལ་སྲུང་སྐྱོབ། དཔེར་ན། ཁ་ན་ཌའི་སྲིད་འཛིན་གྱིས་ཨོ་རྩེད་ཀྱི་མཛད་སྒོར་ཕེབས་རྒྱུ་མིན་པའི་རྣམ་པ་བསྟན་པ་རེད། དེ་བས་ང་ཚོས་ཁོ་དང་ཨ་རིའི་སྲིད་འཛིན་པུའུ་ཧྲིའི་བར་དུ་འང་ཁྱད་པར་ཡོད་པ་མཐོང་ཐུབ། དེ་ནི་རྒྱུན་ལྡན་གྱི་བདེ་ཐང་གི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མ་གཞི་ནས་ཡོད་པའི་རྣམ་འགྱུར་སྟོན་སྟངས་ཤིག་རེད། དེ་བས། དེ་ནི་རྣམ་པ་འདྲ་མིན་གྱི་དམངས་གཙོ་བ་ཚང་མར་རིགས་མ་འདྲ་བ་འདེམས་རྒྱུའི་ཐོབ་ཐང་ཡོད་པ་དེ་རེད། གོ་རིམ་འདིའི་ཁྲོད་ང་ཚོས་མཐོང་ཐུབ་པ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་གཅིག་གི་སྟོབས་ཤུགས་ཀྱིས་དམངས་གཙོར་དོ་སྣང་ཆེན་པོ་བྱེད་བཞིན་འདུག ཕྱོགས་དེས་སྟོབས་ཤུགས་ནི་རང་གི་ཁྱབ་ཁུངས་སྲུང་སྐྱོབ་ཀྱི་ཆེ་དུ་རེད། དེར་མ་ཟད། ཕྱོགས་འདི་ནས་ཀྲུང་གོའི་སྤྱི་ཚོགས་མུ་མཐུད་འཕེལ་རྒྱས་སུ་འགྲོ་བར་སྐུལ་ལྕགས་གཏོང་བཞིན་ཡོད། ལྷག་པར་དུ་ང་ཚོ་ཕྱི་སྡོད་ཀྱི་ཀྲུང་གོའི་དམངས་གཙོ་དོན་གཉེར་བ་ཚང་མར་ཀྲུང་གོ་གུང་ཁྲན་ཏང་གི་སྒེར་སྤྱོད་སྲིད་དབང་གི་ངོ་བོ་ཐད་སྤྱི་མཐུན་གྱི་ངེས་ཤེས་དགོས་པ་དང༌།
སྲིད་དབང་འདི་ནི་མི་དམངས་ལ་གནོད་འཚེ་གཏོང་མཁན་གྱི་སྒེར་གཅོད་ལམ་ལུགས་ཤིག་དང༌། འདས་པའི་དུས་སུ་མི་མང་སྟོང་ཕྲག་བརྒྱད་འཆི་ལམ་དུ་དེད་པའི་གནས་སྟངས་འོག ད་དུང་སྲིད་དབང་འདིའི་ངོ་བོར་འགྱུར་བ་ཅི་ཡང་བྱུང་མེད་བའི་གནས་སྟངས་འོག།
ང་ཚོས་སྲིད་དབང་འདིར་རྒྱབ་སྐྱོར་བྱེད་མི་འོས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོ་ཚོ་རང་ཉིད་ཀྱི་བསམ་ཕྱོགས་ཡོད་པ་རེད།ངས་བསམ་ན་རྣམ་མང་རང་བཞིན་གྱི་ཕྱོགས་སོ་སོའི་ནུས་ཤུགས་ཀྱི་འཛུལ་ཞུགས་ཀྱིས་ཕྱོགས་ཡོངས་ནས་ལས་དོན་མདུན་ཕྱོགས་སུ་སྒུལ་བསྐྱོད་བྱེད་ཐུབ།
ང་ཚོས་པེ་ཅིང་ཨོ་ལིམ་པིག་དེ་༡༩༣༦ལོའི་ཕོ་ལན་ཀྲི་ལྟ་བུ་ཞིག་ཏུ་འགྱུར་སྲིད་པའི་ཚོད་བྱེད་ཐུབ་བམ། ཕོ་ལན་ཀྲི་ཨོ་རྩེད་ཀྱི་མཇུག་ཏུ་མི་རིགས་རིང་ལུགས་ཆེས་རྣོ་ངར་ལྡན་པ་ཞིག་ཏུ་གྱུར་ཏེ། རྗེས་སུ་འཛམ་གླིང་འཁྲུག་ཆེན་གཉིས་པ་བསླངས་པའི་སྲིད་དབང་ཞིག་རེད།་
གཞན་ཡང་༡༩༨༨ལོའི་ལྷོ་ཀོ་རུ་ཡའི་རྒྱལ་སའི་ཨོ་རྩེད་ལྟ་བུ་ཞིག་ཏུ་འགྱུར་སྲིད་དམ། སྐབས་དེའི་ཨོ་རྩེད་འགྲན་ཚོགས་ཀྱི་རྗེས་སུ་ལྷོ་ཀོ་རུ་ཡ་ཁྱོན་ཡོངས་ནས་སྤྱི་ཚོགས་གུ་ཡངས་སུ་བསྒྱུར་བར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་སྐབས་ལྡན་ཡོད། དེ་བས་ང་ཚོ་མི་རེ་ངོས་ནས་འདི་དག་རྒྱུ་རྐྱེན་དུ་བརྩིས་ནས་རང་ཉིད་ཀྱི་ནུས་ཤུགས་འདོན་སྤེལ་བྱས་ཏེ་བརྒྱུད་རིམ་འདིས་ཁྲོད་དུ་སྤྱི་ཚོགས་གུ་ཡངས་ཀྱི་ཕྱོགས་སུ་འཕེལ་རྒྱས་ལ་འགྲོ་བར་སྐུལ་འདེད་གཏོང་དགོས།