འབའ་སྲས།
འཇིག་རྟེན་འདི་ལ་རྐང་པ་བཙུགས་པ་ནས།།
མགོ་བོ་མུན་ནག་དོང་ལ་མ་ལྷུང་བར།།
ཚེ་ཡི་སྲོག་གི་རྩ་བ་སྒོར་མོ་སྟེ།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
ཕ་མ་བུ་ཡི་ཞེ་འདང་སྒོར་གྱིས་སྦྲེལ།།
ཕོ་མོ་བརྩེ་བའི་དར་ཐག་སྒོར་གྱིས་འཐེན།།
གྲོགས་དང་གྲོགས་མའི་ལག་གདེང་སྒོར་གྱིས་མཐུད།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
བླ་མའི་ཕྱག་ཟུང་དྲོད་མོ་སྒོར་གྱིས་མཇལ།།
དགེ་སློང་ཆོས་ཀྱི་གསུང་སྐད་སྒོར་གྱིས་ཐོས།།
དཔོན་པོའི་གདོང་གི་འཛུམ་མདངས་སྒོར་གྱིས་མཐོང་།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
སྙིང་སྡུག་བུ་མོའི་མཛའ་གླུ་སྒོར་གྱིས་གོ །
ན་ཆུང་གཞོན་ནུའི་ལང་ཚོ་སྒོར་གྱིས་སྨིན།།
སྟག་ཤར་རྒོད་པོའི་ལ་རྒྱ་སྒོར་གྱིས་འདེགས།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
ཕོ་མོ་ཉལ་བའི་རུམ་ཁ་སྒོར་གྱིས་དྲོ།།
བུ་མོའི་སྟུ་ཡི་ཁ་སྒོ་སྒོར་གྱིས་འབྱེད།།
བདེ་ཆེན་ཐིག་ལེ་དཀར་པོ་སྒོར་གྱིས་འདྲེན།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
ཨ་མས་བུ་ཞིག་སྐྱེས་པ་སྒོར་གྱི་དོན།།
བུ་ཡིས་ཨ་མ་འབོད་པ་སྒོར་གྱི་དོན།།
མ་བུ་སོ་སོར་བྱེད་པ་སྒོར་གྱི་དོན།།
སྒོར་མོ་མེད་ན་ཁྱོད་ལ་ཅི་ཡང་མེད།།
རང་ཉིད་མཐོ་རུ་འཛེགས་བྱེད་ཐམ་སྐེ་དང་།།
དམའ་བ་ཡར་ལ་འདྲེན་བྱེད་ལྕགས་ཀྱུ་འདི།།
འདི་ཡི་མིང་ལ་ཀུན་དགའ་དོན་འགྲུབ་ཟེར།།
ང་ལ་མེད་པས་ང་ལ་ཅི་ཡང་མེད།།
ཧཧཧཧ་་དགེན་ལགས་ཀྱིས་གསུངས་བ་ངོ་མ་རེད། ང་ལ་ཡང་སྒོར་མོ་མེད་པས་ཅི་ཡང་མེད།
དགེན་ལགས་ཁྱེད་རང་ལ་སྒོར་མོ་མེད་ཀྱང་། ངས་ནམ་ཡང་སེམས་ཁོང་ནས་ཆེས་བརྩི་བཀུར་བྱེད་སའི་མི་སྣ་གཙོ་བོའི་གྲས་ཤིག་ཡིན།
ཧཧཧཧ་་དགེན་ལགས་ཀྱིས་གསུངས་བ་ངོ་མ་རེད། ང་ལ་ཡང་སྒོར་མོ་མེད་པས་ཅི་ཡང་མེད།
ཡིན་ནཡང་། དགེན་ལགས་ཁྱེད་རང་ལ་སྒོར་མོ་མེད་ཀྱང་། ངས་ནམ་ཡང་སེམས་ཁོང་ནས་ཆེས་བརྩི་བཀུར་བྱེད་སའི་མི་སྣ་གཙོ་བོའི་གྲས་ཤིག་ཡིན།
འབྲོག་ཆོས་ལགས། ཆེ་མཐོང་གནང་བ་ཐུགས་རྗེ་ཆེ། ལས་ཀའི་བྲེལ་ཟིང་བ་བར་ནས་སྙན་ངག་ཐན་ཐུན་རེ་ནམ་ཡང་ཡོད་ཡོད་པ་ཡིན།
རྒན་པོ་མགོ་དཀར་མན་ཆད་ནས།།
བྱིས་པ་སོ་དཀར་ཡན་ཆོད་ཀུན།།
རང་ནུས་ལས་ལ་བྲེལ་བ་ཡང་།།
སྒོར་མོའི་ཆེད་ལས་གཞན་དུ་ཅི།།