ཨ་འཇམ།
མུན་པའི་གཏིང་དུ་གླིང་ཕྲན་ཡོད
ཧ་ལས་པའི་ཁྱོད་ཀྱང་ཡོད
མེ་ཏོག་ཅིག་གིས
ང དེ་ལྟར་ཁྲིད་སོང
མུན་པ་རྒྱུ་ཕྱོགས་ནི
ཁྱོད་ཀྱི་སེམས་པའི་རིགས་ཤིག་རེད
སྙན་ངག་གི་རྩེ་ནས་ཇི་ལྟར་བལྟས་ཀྱང
ལྕེབས་ཐག་དེའི་སྣེ
མུན་པའི་ཁྲོད་ན་འགུལ་བཞིན་པ་ཚོར
མུན་པ་བརྒྱུད་ནས
ཆེས་ཟབ་པའི་ཁྱོད
མུན་པ་རླབས་ཆེ་བ་ཞིག་ཡིན་པ་ཤེས
དེ་རིང་ནས་བཟུང
བདེ་སྐྱིད་ཀྱི་ཕྱིར་དུ
འཛུམ་མདངས་དང་འཕྱོར་ཉམས་ཀྱི་རིགས་ལ
ང གཏན་དུ་བྲལ་ན་བསམ
ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་༢༨ ལ་བྲིས།