སྐབས་བཅོ་ལྔའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ནི། ༡༩༧༡ མདོ་སྨད་མཚོ་སྔོན་མངའ་ཁོངས་ཀྱི་ཨ་ཚོགས་ལྷ་སྡེ་རུ་སྐྱེས། རིམ་གྱིས་སློབ་གྲྭ་ཆུང་འབྲིང་འགྲིམས་ཏེ། བོད་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱས་ནས་ཞིང་ལས་འཕྲུལ་ཆས་ཐོག་ཆེད་སྦྱོང་གནང་། ༡༩༩༠
རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་སུ་ཇཱ་སློབ་གྲྭར་ལོ་གཉིས་རིང་དབྱིན་ཡིག་ཆེད་སྦྱོང་གནང་། དེ་ནས་བོད་ནང་གསང་སྟབས་ཀྱིས་ཕྱིན་ནས་འཐབ་གྲོགས་གཞན་དག་དང་མཉམ་དུ་བོད་དོན་འཐབ་རྩོད་ལ་ཞུགས་པར་བརྟེན།
༡༩༩༢ རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་བཅུ་བདུན་གྱི་བཙོན་ཐག་བཅད། བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་ནས་གཟུགས་པོར་ན་ཚ་ཚབ་ཆེན་ཕོག་པར་བརྟེན།
༡༩༩༥སྨན་བཅོས་ཁག་ཐེག་འོག་གློད་གྲོལ་ཐུབ་ཙམ་བྱུང་།ལོ་བཞི་མ་ཟིན་ཙམ་རིང་བཙོན་ཁང་ནང་མར་ཁི་སུའུ་དངོས་གཙོ་རྩོད་སྒྲུབ་རིག་པའི་གཞུང་ལུགས་དང་། བྱེ་བྲག་རྒྱ་གཞུང་གི་མི་རིགས་སྲིད་བྱུས་ཟེར་བའི་སྐོར་ལ་རང་སྦྱོང་གང་ཐུབ་བྱས་པ་དང་བཙོན་པ་ཚོར་ཁྲིམས་ལུགས་ཟུར་ཁྲིད་པའི་འགན་ཡང་ཁུར།
༡༩༩༨ སླར་ཡང་བྲོས་བྱོལ་དུ་ཡོང་ཐུབ་ཙམ་བྱུང་ནས་ལྡི་ལི་རུ་ལོ་གཅིག་ཙམ་ལ་དབྱིན་ཡིག་ཆེད་སྦྱང་གནང་བ་མ་ཟད། མཁས་དབང་ཟླ་བ་ནོར་བུའི་དྲུང་ནས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱབ་ལྗོངས་ཐད་ཟབ་ཁྲིད་སོགས་ཡང་ཡང་ཐོབ།
ཁོང་བཙན་བྱོལ་ལ་འབྱོར་བ་ནས་བོད་གཞུང་བདེ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་། ཡིག་སྒྱུར་བ། དྭང་སློབ་དབུས་དམག་སྒར་ཁང་གི་རྒྱ་ཡིག་དགེ་རྒན་སོགས་གཞུང་འབྲེལ་གྱི་ལས་དོན་ལོ་མང་རིང་བསྒྲུབས་ཡོད་པ་མ་ཟད། ལས་ཞོར་ནས་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་ཁག་དང་། དྲ་རྒྱ་སོགས་སུ་རྩོམ་ཡིག་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན།
༢༠༠༧ ལོར་དབྱིན་ཡིག་དང་རྒྱ་ཡིག་གཉིས་ནས་བསྡུས་བསྒྱུར་གྱིས (ལོ་ནག་དང་ཤད་ཡམས )ཞེས་པའི་དེབ་ཆུང་ཞིག་ཀྱང་བཏོན་ཡོད་ལ། (ས་ཁྲ་དང་ས་ཁྲར་མི་ཤོངས་པའི་བོད) ཟེར་བའི་བརྙན་དེབ་ཅིག་ཀྱང་ཁོང་གིས་རྩོམ་སྒྲིག་བྱས་ནས་ཐོན་གྲབས་ཡོད།མདོར་ན། ཁོང་རིག་གནས་ཚོགས་འདུ་སྣ་ཚོགས་དང་། སློབ་གྲྭ་ཁག་གིས་མགྲོན་འབོད་གནང་བ་ལྟར་ཚོགས་འདུ་ཆེ་མ་ཆུང་གསུམ་ལ་ཞུགས་པ། བརྒྱུད་ལམ་ཁག་གི་བཅར་འདྲི་འདྲ་མིན་གནང་བ་བཅས་དུས་ཚོད་མང་ཆེ་བ་དེར་རྫོགས་འགྲོ་གི་ཡོད་ལ། ད་ལོ་དགུ་བཅུ་གསུམ་ཀྱི་ཚོགས་ཆེན་ཐེངས་ལྔ་བའི་ཐོག་རྒྱུན་ལས་ཚོགས་གཞོན་ལ་འདེམས་ཐོན་བྱུང་བ་ལྟར། ད་ལྟ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་གྱི་འགན་བཞེས་བཞིན་ཡོད།
༢༠༠༩ ལོར་ཁོང་སྒེར་གྱིས་གོ་སྒྲིག་འོག་སིམ་ལར་(ན་གཞོན་ཤེས་ཡོན་པའི་བགྲོ་གླེང་ཚོགས་ཆེན)ཞིག་ཚོགས་པའི་སྟེང་ནས།
༢༠༡༢ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བོད་རང་བཙན་ཁྱབ་སྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་བཞིན་༼བོད་རང་བཙན་༽གྱི་བསྒྲགས་གཏམ་དོད་དུ་སྲུང་བརྩི་གནང་རྒྱུ་གཏན་འཁེལ་བ་དང་། ད་དུང་ཚོགས་ཐོག་དེར་མ་འོངས་བོད་རང་བཙན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བའི་ཟིན་བྲིས་ཚོགས་ཆུང་ཤིག་སྔ་ས་ནས་གྲ་སྒྲིག་དགོས་སྐོར་གྱི་འཕྲོས མོལ་བྱུང་བ་ལྟར། ཁོང་དེང་སྐབས་ཚོགས་ཆུང་འདི་གཉིས་ཀྱི་རྐང་འཛིན་མི་སྣའི་གྲས་ཀྱང་ཡིན་པ་བཅས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།
མདོ་སྨད་ཀྱི་ན་གཞོན་དང་བླངས་པ་ཁག་གིས་འགྲེམས་སྤེལ་བྱས།
མི་ཤེས། ཁར་སང་དུས་བབ་ཐོག་ཏུ་ཨ་ཚོགས་ཀླུ་མཁར་ལ་བཅར་འདྲ་བྱས་པ་ཞིག་གི་ནང་དུ་ལྷ་ཤུགས་ལྡན་ཟེར་གྱི་འདུག ཁོའི་མིག་ཞར་ཞིང་རྣ་བ་འོན་སོང་བ་མིན་ན་༧སྐྱབས་མགོན་རིན་ཆེས། རྒྱུ་སྨོན་ལམ་ལོག་པ། བྱེད་ལས་བསྟན་འགྲོ་ལ་འཚེ་བ། ངོ་བོ་དམ་སྲི་འབྱུང་པོ་ཞིག་ཡིན་པས་ལྷ་དང་སྲུང་མ་ཞིག་མ་ཅེས་ཐེངས་སྟོང་ཕྲག་གཅིག་ལ་བསྐྱར་གསུངས་གནང་ཟིན་པ་རེད། རྩ་མི་ཚང་བའི་མི་འདིའི་རིགས་ཀྱི་ངོ་མི་རིག་པའི་སྨོན་ལམ་འདེབས་རྒྱུ་ལས་མེད།
༸གོང་ས་མཆོག་ལ་གཅིག་གཅིག་གཉིས་གཉིས་ལབ་མཁན་ཨ་མདོའི་སྤྱི་འཐུས་མ་རབས་ཀླུ་བྱམས་ཟེར་བ་གཅིག་ལ་དགག་བཞག་ཁ་ཤས་བྱས་མྱོང་བ་མི་ངན་ཁོ་འདི་ཡིན་པ་རེད། ད་ལན་འདྲ་པར་མཐོང་ནས་ངོ་ཤེས་པ་ཡག་པོ་བྱུང་སོང་།
༡༽ ཁ་བྱང་འགྲིག་མི་འདུག མདོ་སྨད་སྤྱི་འཐུས་ཨ་ཚོགས་ཀླུ་མཁར་བྱམས་ཟེར་བ་ཞིག་གང་ན་ཡོད། མདོ་སྨད་སྤྱི་འཐུས་ནང་ན་ཨ་ཚོགས་ཀླུ་མཁར་བྱམས་ཟེར་བ་ཞིག་རྩ་ནས་མེད།
༢༽ ༼བོད་ནང་གསང་སྟབས་ཀྱིས་ཕྱིན་ནས་འཐབ་གྲོགས་གཞན་དག་དང་མཉམ་དུ་བོད་དོན་འཐབ་རྩོད་ལ་ཞུགས་པར་བརྟེན།༽ ཟེར་བ་འདི་གསང་ཉུལ་ལ་སོང་ཟེར་བ་ཨེ་རེད། གསང་ཉུལ་ལ་སོང་ན་གཏོང་མཁན་དང་བཏང་བའི་བྱ་བ་རྣམས་གསང་བ་ཡིན་པས་དྲ་ལམ་ནས་གསལ་བསྒྲགས་བྱས་ན། འགྲིག་གི་ཨེ་ཡོད་ན།
༣༽ ༼བྱེ་བྲག་རྒྱ་གཞུང་གི་མི་རིགས་སྲིད་བྱུས་ཟེར་བའི་སྐོར་ལ་རང་སྦྱོང་གང་ཐུབ་བྱས་པ་དང་བཙོན་པ་ཚོར་ཁྲིམས་ལུགས་ཟུར་ཁྲིད་པའི་འགན་ཡང་ཁུར།༽ ཟེར་བ་དེ་བདེན་སྲིད་པ་ཞིག་རེད། རྒྱུ་མཚན་ནི་༧གོང་ས་མཆོག་དང་བོད་གཞུང་གི་སྲིད་ཇུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒོལ་བཞིན་ཡོད་པས་སོ།
༤༽ ༼མ་འོངས་བོད་རང་བཙན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བའི་ཟིན་བྲིས་ཚོགས་ཆུང་ཤིག་སྔ་ས་ནས་གྲ་སྒྲིག་དགོས་སྐོར་གྱི་འཕྲོས མོལ་བྱུང་བ་ལྟར། ཁོང་དེང་སྐབས་ཚོགས་ཆུང་འདི་གཉིས་ཀྱི་རྐང་འཛིན་མི་སྣའི་གྲས་ཀྱང་ཡིན་༽ འདི་ག་རེ་རེད། བོད་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་གསར་བ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཟོ་བཞིན་ཡོད་པ་རེད་དམ། འདི་བཀའ་ཤག་དང་སྤྱི་འཐུས་ནས་གཏན་འབེབས་གནང་བ་རེད་དམ། ༧གོང་བ་མཆོག་གིས་ཐད་བསྐོ་གནང་བ་རེད། བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཀུར་བའི་༧གོང་བ་མཆོག་གིས་བཟོས་པ་མ་ཕན་པར། རང་གི་ནང་མིས་ཀྱང་ཁས་མི་ལེན་པའི་མི་གཅིག་གིས་བཟོ་བཞིན་ཡོད་པ་འདི་ག་རེ་རེད། མཐའ་མ་འདི་ནི་བོད་འབངས་ཡོངས་དང་བྱེ་བྲག་མདོ་སྨད་པ་རྣམས་ལ་རྐང་བཙུགས་ནས་རྙེད་བརྐོ་བ་མིན་ལས་ཆེ། གལ་ཏེ་བཀའ་སྤྱི་གང་རུང་ནས་སམ་༧གོང་ས་མཆོག་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་བོད་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་བཟོ་བཅུགས་ན། འོ་ད་དེ་ནས་་་་་་་་་་ ཨ་ཡོ་ཤུ
ཁྱབ་བསྒྲགས་འདི་ཁོང་གིས་བྲིས་ན་དེ་ནས་མི་དེའི་ནང་དོན་ཧ་གོ་སོང་། འོན་ཀྱང་ཁོང་གིས་རང་སྲོག་ལ་མ་འཛེམ་པར་བོད་ནང་དུ་ཕེབས་པ་དང་དཀའ་སྡུག་མྱང་བ་སོགས་ནི་བདེན་སྲིད་པས། འབྲེལ་ཡོད་ནས་ཁོང་ལ་ཐུགས་ཁུར་མང་ཙམ་གནང་དགོས། འཚོ་བ་དང་གང་ཅིའི་ཐད་ནས། ད་དུང་ཁོང་ལ་འོས་མཚམས་ཀྱི་ལས་ཀ་ཡང་སྤྲོད་ཐུབ་ན་ཡག་པོ་རེད། དེ་མ་གཏོགས་རྩ་ཁྲིམས་བཟོ་མཁན་གྱི་གྲས་སུ་མི་འདི་འདྲ་བཞག་ན་དེ་ནས་ཆགས་སྒོ་བསླངས་པ་རེད།
ད་ཡང་ཨ་མདོ་དེ་ཚོ་ནང་འཁྲུགས་རྒྱབ་ཡས་མགོ་བཙུགས་འདུག་།།།།
ལས་ཀ་ངོ་དྲག་པའི་འཆར་གཞི་གཅིག་འདུག དེ་ནི་༼༢༠༡༢ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བོད་རང་བཙན་ཁྱབ་སྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་བཞིན་༼བོད་རང་བཙན་༽གྱི་བསྒྲགས་གཏམ་དོད་དུ་སྲུང་བརྩི་གནང་རྒྱུ་གཏན་འཁེལ་བ་དང་།༽འདི་རེད། འདི་ལ་རྒྱབ་བསྐྱོར་ཡོད། འཆར་གཞི་ཙམ་གྱི་ངོ་བོ་ནས་མི་ལྷག་པའི་རེ་བ་ཡོད། དུས་ཚེས་དང་ས་གནས་སོགས་གསལ་ཁ་བཏོད་དགོས་པ་དང་། གཞུང་འབྲེལ་བྱས་ན་ཡག་པོ་རེད་བསམ་རུང་། གཞུང་འབྲེལ་བྱེད་མ་ཐུབ་ན་མི་སྣ་གལ་ཆེན་གང་མང་ཞིག་བསྡུ་ཐུབ་ན་ཡག་ས་རེད།
ཨ་མའི་བུ། འཇིགས་རུང་གི་སྤྱི་ཚོགས་འདི་ལས་སྤོབས་པས་ཐོན་ཤོགས། ཕྲག་དོག་གི་ཁ་ནང་ལ་གཅིན་པ་གཏོང་གིན་ཐོན་ཤོགས། ཡ་མ་བརླའི་མི་དག་གད་སྙུགས་སུ་རྫོང་རེ་ཐོན་ཤོགས། སོ་སོའི་སྒལ་ཚིགས་མཁྲེགས་པོས་མ་འོངས་པའི་ལམ་བུ་སྙོགས་ཤིག།
རེད་ཡ། དུས་བབས་ཚང་དང་ཨེ་ཤ་ཡའི་རླུང་འཕྲིན་ཁང་ཚང་གཉིས་ལ་བཙན་བྱོལ་སྤྱི་ཚོགས་སྤྱིའི་དང་ཡང་དགོས་སུ་ཨ་མདོ་བའི་ཁྲོད་མི་རྫོགས་པའི་བཟོ་འདྲ་བྱས་ནས་བཅའ་འདྲི་སོགས་སྣ་ཚོགས་བྱེད་ཀྱིས་འདུག
༡ ཀླུ་མཁར་བྱམས་ལ་མདོ་སྨད་སྤྱི་འཐུས་བྱེད་རྒྱུའི་ཆ་རྐྱེན་མི་ཚང་། དེ་ཡང་མདོ་སྨད་ཚོགས་ཆེན་ཁག་རིམ་པའི་ནང་མདོ་སྨད་པ་ཞིག་ཡིན་ཕྱིན་༧གོང་ས་མཆོག་གི་དགུང་གཞི་དང་བཙན་བོད་གཞུང་གི་ལང་ཕྱོགས་ཐོག་ཕྱིར་བསྐྱོད་བྱེད་རྒྱུའི་གྲོས་ཆོད་ཁག་དང་འགལ་བ།
༢ གལ་སྲིད་སྐུ་མཁར་བྱམས་ལ་འོས་ཤོག་ཕངས་ན་འོས་འཕེན་མཁན་ཡང་བཞིན་གྱི་གོང་གི་གྲོས་ཆོད་ཁག་དང་རང་བཞིན་ངང་འགལ་བས་ཐོག་ལ་བསམ་གཞིགས་གནང་གལ་དང་བཅས།
མིང་རྫུན་མའི་འོག་གི་སྐད་ཆ་དག་ནི་སྤྱིར་སྐྱག་ལུད་དང་གཅིག་པ་རེད། སུས་ཀྱང་ཡ་བྱེད་དགོས་དོན་མི་འདུག སྐད་ཆ་བཤད་ན་ཁ་ཐུག་གིས་སོ་སོའི་མིང་དངོས་བཀོད་ནས་བཤད་ཕོད་ན། ད་གཟོད་ངེས་དོན་གྱི་་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པ་རེད། དེ་མ་གཏོགས་མི་ག་གེ་མོའི་མིང་བེད་སྤྱོད་པ་དང་། ཡང་ན་ཐ་སྙད་རེ་ཟུང་གི་རྐུབ་ཏུ་འཛུལ་ནས་མི་ལ་དམོད་པ་ནི་དཔའ་མེད་པའི་སྡར་མ་རང་རེད། རང་ཉིད་ལ་མཚོན་ན་ཀླུ་མཁར་བྱམས་སྐད་ཆ་ཡོད་ཚད་གདེང་འཇོག་དང་ཁོའི་སྙིང་སྟབས་ལ་སྨོན་པ་ཤོར་མྱོང་བའི་མི་ཞིག་ཡིན། གོང་གི་མིང་རྫུན་འོག་ནས་སྒོར་བུད་ནས་སྐད་ཆ་བཤད་མི་ཐུབ་པ་དག་ལས་ཀླུ་མཁར་བྱམས་ལྟ་བུའི་དཔའ་བློ་ཁོག་ཅན་གྱི་མི་འདི་རིགས་ལ་བརྩི་བཀུར་བྱ་འོས་པ་ཞིག་རེད་འདོད།
xxxxxxxxxxxxxxxxxxxxxx
ཁ་སྣོན་གཅིག
དྲང་པོར་ཞུས་ན། ཨ་མདོ་བའི་ནང་དུ་ཀླུ་མཁར་བྱམས་རྩེ་ཕུད་ཀྱི་གྲས་རེད་ལ། རྩ་ཁྲིམས་འཆར་ཟིན་བཟོ་བ་དང་རྒྱལ་དབང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པ་སོགས་ནི་ལྷག་བསམ་དང་སྙིང་སྟོབས། འཇོན་ཐང་གསུམ་གྱི་འདྲ་གཟུགས་རེད། ཨ་རོགས་ཚོ། བོད་ཀྱི་གཏམ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་མ་ཡིན་ནམ། ད་ག་རེ་མ་འགྲིག་པ་རེད།
དྲ་གྲོགས་རྣམས་དང་ལྷག་པར་ཨ་ཚོགས་ཀླུ་མཁར་འཇམ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་རང་ཀླུ་འཇམ་དང་འདྲིས་གཤིབ་ཡོད་མཁན་གྱི་ཆ་ནས་ཁོང་གི་དགེ་སྐྱོན་ཐད་ནས་ཅུང་ཟད་གླེང་ན།
༡༽བོད་རང་བཙན་དང་བོད་ཀྱི་རིག་གཞུང་ཐད་སེམས་ཤུགས་དང་ལྷག་བསམ་ཆེ་ཙམ་ཡོད་མོད།རང་བཙན་དང་རང་ཤེད་ཀྱི་ཐོག་ལྟ་བ་མཐར་ལྷུང་ཡང་ཆེ་ཙམ་ཡོད་པས་ས་ཆ་གང་དུའང་ཟང་ཟིང་ཆེ་ཙམ་ཡོང་བཞིན་ཡོད།
༢༽གལ་ཏེ་སྤྱི་འཐུས་འོས་འདེམས་བྱུང་ན་གྲོས་ཚོགས་ནང་སྐད་ཆ་དྲང་པོ་བཤད་མཁན་གཅིག་མང་དུ་འགྲོ་མོད།བསྟན་མགོན་དང་བསོད་སྟོབས་ནང་བཞིན་ཟིང་ཆ་མང་དུ་འགྲོ་ངེས་རེད།
༣༽བཙན་བྱོལ་ནང་མདོ་སྨད་པ་ཤེས་ཡོན་ཅན་དང་ཆབ་སྲིད་པའི་ཁྲོད་ནས་དབུས་དང་ཁམས་ཀྱི་མི་མང་ལ་འདྲིས་གཤིབ་ཐུབ་མཁན་གྱི་གྲས་ཤིག་རེད་མོད་མདོ་སྨད་དབུས་རྒྱུན་ལས་དང་འཆམ་མཐུན་མེད།
༤༽བོད་རྒྱ་གཉིས་ཀྱི་ཤེས་ཡོན་དང་།སྤྱི་ཚོགས་དང་གནས་ཚད་གང་མཚམས་ཡོད་ཀྱང་།མཁས་མཛངས་གཉིས་ལྡན་གྱི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་གང་འདྲ་ཞིག་ཡིན་ནའང་ལེགས་པར་མཐོང་བའི་མཐར་ལྷུངས་ཆེན་པོ་ཡོད།
༤༽ཁོང་རང་བོད་རང་བཙན་གྱི་ལྟ་བའི་དོན་དུ་སྒྲིག་འགལ་བྱས་ནས་གཞུང་ཞབས་རྩ་དགོངས་པ་ཞུ་དགོས་བྱུང་བའི་གནས་ཚུལ་བྱུང་མྱོང་མོད།བོད་འདི་རྒྱ་གཞུང་གི་མངའ་ཁུངས་སུ་སྐུལ་འདེད་གཏོང་མཁན་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་ཡ་མཚན་རེད།
༥༽ཁོང་གིས་བཀའ་ཁྲི་གསར་པ་དེས་འགྱུར་བ་ཞིག་གཏོང་རྒྱུར་རེ་བ་བྱས་མོད།བཀའ་ཁྲི་གསར་པ་དེས་ད་ལྟའི་བོད་གཞུང་ལ་འགྱུར་གཏང་ཐུབ་ཀྱི་མེད་པ་དེ་ཤེས་ཀྱི་མེད།
༦༽རང་བཙན་འཐབ་རྩོད་ལ་སེམས་ཤུགས་ཅུང་ཙམ་ཆེ་མོད།རང་བཙན་གྱི་སོན་རྩ་ཕྲུ་གུ་དང་ཁྱིམ་འཐབ་མེད།
༧༽རྒྱུན་དུ་རང་བཞིན་གཤིས་རྒྱུད་དྲང་ཙམ་ཡོད་མོད།བཀའ་ཁྲིའི་འོས་བསྡུའི་ལས་རིམ་འགོ་བཙུགས་ནས་སྐད་ཆ་འུར་སྒྲོག་དང་འཆལ་གཏམ་ཡང་གླེང་བཞིན་ཡོད།
༨༽གཞོན་སྐྱེས་དང་མི་རབས་གསར་པར་དགའ་མོས་ཆེ་མོད།བྱས་པ་ཅན་གྱི་མི་རབས་རྒན་པར་སྡང་ཟུག་ཆེ་ཙམ་འདུག
༩༽སྐྱ་བོའམ་འཇིག་རྟེན་མི་སྡེའི་རིག་གནས་དང་བསམ་བློར་དགའ་མོད།་བླ་མ་དང་།སྤྲུལ་སྐུ།གྲྭ་པ་བཅས་ལ་སྡང་ཟུག་ཆེ་ཙམ་འདུག
༡༠༽ཁོང་གིས་དེ་རིང་བློ་སེང་ལ་རྒྱབ་སྐྱོར་བྱས་མོད།གལ་ཏེ་ཁོང་བཀའ་ཁྲི་ཆགས་ན་མི་འགྲིགས་མི་འཐུས་ཀྱི་རྒྱབ་བཤད་བརྒྱབ་རྒྱུའང་གདོན་མི་ཟ་བའི་གནས་ཚུལ་ཞིག་རེད།
ཁྱོད་ག་ཚོད་འགྲལ་བཤད་རྒྱག་ཀྱང་ཁོ་ནི་ངའི་སྤྱི་མཐུས་ཀྱི་འོས་མི་ཡིན
xxxxxxxxxxxxxxxxxxxxx
ད་དུང་ཁ་སྣོན་ལ།
ཁ་སང་ཤར་ཕྱོགས་ཁུག་རྟས་མགོ་མཇུག་སྐྱེལ་གྱི་ཡིན་ལབ་ནས་བཤད་སོང། ད་ཁྱེད་གང་དུ་ཕྱིན་པ་ཡིན་ནམ།
དྲ་ཐོག་འདི་ནས་ང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་འདྲ། ངོ་རྒོལ་བྱེད་མཁན་ཡིན་ན་འདྲ། ཚང་མ་ལོ་ལ་འཚོ་གནས་ཀྱི་དགོས་པ་དང་རིན་ཐང་ཡོད་པ་བཤད་མ་དགོས་ལ། དེ་བཞིན་ཁ་རྡ་དྲ་རྒྱར་མཚོན་ནའང་ང་སྒེར་གྱི་ཡག་ཉེས་དང་འབྲེལ་བའི་བགྲོ་གླེང་བྱས་རིགས་ལ་ཁུངས་ལུང་ཡོད་མེད་གང་ལྟར་སྨྲ་བརྗོད་ཀྱི་ཚད་བགག་འཛིན་དགོས་པ་མ་མཐོང་ཡང་། དཔེར་ན། གོང་གི་རིན་པོ་ཆེ་ཟེར་བའི་མིང་རྫུན་ཅན་ནས་༼ཁྱེད་ཚོས་ཚོད་ཟིན་ན་ཡག་གི་རེད། གནས་སྟངས་འདི་གང་དུ་སླེབས་མིན་ཤེས་ཀྱི་མ་རེད༽ཟེར་བའི་འཇིགས་སྐུལ་གྱི་བཟོ་འདྲ་བོ་དང་། དེ་བཞིན་ཁ་སྔོན་ཡང་ང་དང་འབྲེལ་ནས་རྣམ་པ་དེའི་རིགས་ཐོན་འདུག ངས་ལྟོས་ན་འུ་ཚང་གི་གཉོམ་ལགས་མ་རྒྱས་པའི་དྲ་ཐོག་རིག་གནས་འདི་ངོ་བོ་དེར་འཕེལ་ན་ཅུང་མི་ལེགས་པར་སེམས།
མ་ཟད་དྲ་ཐོག་འདིར་ཁོ་བོ་ཀླུ་མཁར་བྱམས་ལ་མིང་རྫུན་མེད་པ་ཁ་བརྡ་ཚང་གིས་གསལ་བྱེད་འདྲ་བྱ་ཐུབ་ན་ཡག་པོ་ཡོང་ས་རེད༌༌༌༌༌༌༌
ཨ་ལགས་འཇིགས་མེད་དང་ཀླུ་གར་འབྱམས་གཉིས་ཀྱི་གནད་དོན་གལ་ཏེ་ཁྲིམས་ཐོག་ཏུ་བསྐྱལ་བའི་དབང་དུ་བཏང་ན་ཁྲིམས་ཐོག་ནས་ཐག་གཅོད་བྱེད་ཀྱི་རེད།རང་ཉིད་དང་ལྟ་བ་མཐུན་དང་མ་མཐུན།ཡང་ན་རང་གི་རྣ་བར་མ་སོང་བར་གང་བྱུང་མི་གཞི་མེད་སྐྱོན་འདོགས་བྱས་ཏེ་ནག་པོ་བཟོ་ཐབས་བྱ་རྒྱུ་དེ་ཡག་པོ་མ་རེད།གལ་ཏེ་མི་དེར་མ་འགྲིགས་པའི་སྐྱོན་དང་ནོར་འཁྲུལ་ཡོད་ན་ཕན་སེམས་ཀྱི་སྐུལ་སློང་བཟང་པོའི་ཐོག་ནས་དགེ་འདོན་སྐྱོན་སེལ་བྱས་ན་རང་གཞན་གཉིས་ཀར་ཕན་ཐོག་ཡོང་ངེས།ཀླུ་གར་འབྱམས་མི་ཁ་རི་ཁ་ཐུག་དང་སྐད་ཆ་དྲང་པོ་བཤད་མཁན་ཞིག་ཡིན་པས་སྐད་ཆ་དྲང་པོ་བཤད༌པར་བརྟེན་མི་མང་པོ་ཞིག་ལ་ཕོག་ཐུག་བྱུང་ནས་ཁོ་པར་སྐྱོན་བརྗོད་བྱེད་མཁན་ཡོང་བ་གོང་གི་དྲ་རོགས་ཚོའི་སྐྱོན་བརྗོད་ལས་མཐོང་ཐུབ།གལ་ཏེ་ཀླུ་གར་འབྱམས་སྤྱི་འཐུས་ནང་སླེབས་ཐུབ་ན་སྐད་ཆ་དྲང་པོ་ཤོད་མཁན་མང་དུ་འགྲོ་རྒྱུ་ལས།་ལོ་མང་སྤྱི་འཐུས་བྱས་ཀྱང་བསྟོད་ར་ཁོ་ནས་ལས་མི་མང་གི་བསམ་ཚུལ་དྲང་པོར་བཤད་མཁན་དང་གཞུང་དང་མི་མང་དབར་ཆུ་གཉིས་ཟམ་པ་བྱེད་མཁན་ཇེ་མང་དུ་འགྲོ་དགོས་པ་ལས་སྤྱི་འཐུས་ཀྱི་ཞབས་བཏེགས་ཚ་པོ་བཟོས་པ་ཙམ་ལས་སྐད་ཆ་ཤོད་མ་ཐུབ་པ་ལས་ཀླུ་གར་འབྱམས་སླེབས་ན་ཡག་གི་རེད་སྙམ།དྲང་པོར་བཤད་ན་ཀླུ་གར་འབྱམས་༸གོང་ས་མཆོག་དད་གུས་མེད་པ་དང་བོད་ཀྱི་བླ་མ་དང་དགེ་འདུལ་པ་ཚོར་སེམས་གཏིང་ནས་མ་གུས་པ་དང་སྐྱོན་བརྗོད་བྱེད་མཁན་དེ་འདྲ་མ་རེད།སྤྱིར་བཏང་དེང་དུས་ཀྱི་བསམ་བློ་ཟེར་ནའི་མི་འདུག་བར་ལམ་དབྱིན་ཡིག་གི་དེབ་གཅིག་ནང་བོད་ཀྱི་བླ་མའི་ལམ་ལུགས་འདས་ཟིན་པ་ཟེར་བའི་དེབ་ཀྱི་ནང་དོན་རྒྱ་ཡིག་ནང་དུ་འང་བསྒྱུར་ཡོད་པ་དེའི་ཤུགས་རྐྱེན་ཕོགས་པ་ཙམ་གྱིས་བོད་ཀྱི་བླ་མ་དང་གྲ་པས་མགོ་ནག་མི་སྐྱའི་སྲིད་དོན་ལ་ཞུགས་ན་ཡག་པོ་མེད་ཚུལ་གྱི་བསམ་ཚུལ་འདོན་པ་ལས་སེམས་གཏིང་ནས་མི་དགའ་བ་མ་རེད།་དེར་བརྟེན་སྐད་ཆ་དྲང་པོ་བཤད་མཁན་གྱི་མི་ལ་སྐྱོན་དང་དགེ་གཉིས་ཆར་ཡོད་པ་ནས་སྐྱོན་གཅིག་པོ་བཏོན་ན་དྲང་པོ་མ་རེད།ཀླུ་གར་འབྱམས་ལ་གཡོ་རྒྱུ་མེད་པའི་མི་ཁ་རི་ཁ་ཐུག་གཅིག་ཡིན་ན་ཁ་སྤྱི་འཐུས་སླེབས་རྒྱུར་དགག་ཆ་བྱས་པ་ལས་རྒྱབ་སྐྱོར་བྱས་ན་ལེགས་སྙམ།་དྲང་པོ་བཤད་ན་མི་མ་དགའ།་རྒྱུག་པ་ཞུས་ན་ཁྱི་མི་དགའ་ཟེར་བའི་དཔེ་དེ་རེད།་
གོང་གི་མཆན་ནང་ཁོ་ཟེར་བ་ཁ་ཞེས་ན་རོ་ཞིག་ཆད་འདུག་འདི་ཁོ་ཡིན།་དེང་སང་རིན་པོ་ཆེ་ཡིན་ཟེར་མཁན་མང་པོ་འདུག་དངོས་གནས་སུ་རིན་པོ་ཆེ་ཡིན་ཕལ་ཆེར་རྩད་ཆོད་ཁག་པོ་རེད་འདུག་གོ།
དམག་འཐབ་ཀྱི་འགྲོ་ལུགས་སུ།འཐབ་ཕྱོགས་གཉིས་ཀྱི་གང་ཞིག་ཕམ་ཀྱང་རྒྱལ་ཕྱོགས་ནས་ཕམ་མཁན་ཚོར་བྲོས་འགྲོ་སའི་ལམ་ཞིག་སྟེར་གྱི་ཡོད།
དེ་མཚུངས་སུ་ང་ཚོའི་བོད་བའི་སྤྱི་ཚོགས་སུ་ལྷ་ཤུགས་ལྡན་དད་ལྡན་མཁན་ཚོ་དེང་གི་གནས་བབ་འདི་ལ་གྱུར་བའམ་རྒྱ་ནག་གི་ལག་ཆར་གྱུར་དོན་ནི།བོད་རང་ཉིད་ཀྱིས་དེ་དག་བོད་པའི་སྤྱི་ཚོགས་སུ་འགྲོ་དབང་སྡོད་དབང་མ་སྤྲད་པ་དང།་མི་ཐང་ལ་ཐད་ཀར་རྒོལ་བ་དང་གྲོགས་མེད་ཁེར་རྐྱང་ཏུ་འཇོག་ཐབས་བྱེད་པའི་རྐྱེན།
བྱེད་སྟངས་འདི་ནི་༧གོང་ས་མཆོག་གི་དགོངས་གཞི་མིན་ངེས།་བོད་མི་རིགས་རང་ཉིད་ནང་ཁུལ་ཏུ་བྱེད་སྟངས་ཤིག་ཀྱང་མ་རེད་འདོད།དེང་གི་ང་ཚོར་མཁོ་བ་ནི་ལྷ་སྲུང་མ་གང་དད་མི་གཙོ་བར་གཅིག་སྒྲིལ་དང་འཆམ་མཐུན་གྱི་ནུས་པ་གཅིག་ཏུ་སྤངས་རྒྱུ་དེ་རེད།
ཀླུ་མཁར་འབྱམས་ཁོ་རང་གིས་བཤད་བཞིན་པའི་གནས་ལུགས་ཀྱང་འདི་རེད་འདོད།
ཚོང་མ་ཕྱོགས་སུ་མི་ལྷུང་རྒྱུ་གལ།
ད་རྩོད་པ་ཞེ་དྲག་མ་རྒྱག ཀླུ་མཁར་བྱམས་ཀྱི་སྐོར་འདི་རྩོད་པ་ག་ཚོད་བརྒྱབ་ཀྱང་ལས་སླ་པོར་ཐག་ཆོད་པའི་གནད་དོན་ཞིག་མིན། ཁོ་ལ་དགའ་མཁན་ཡོད་ལ་དེ་ལས་ཀྱང་མང་བ་ནི་མི་དགའ་མཁན་རེད། ཁོ་པས་༸གོང་ས་མཆོག་གི་བགྲེས་ཡོལ་ལས་འཕྲོས་པའི་གནད་དོན་དང་། དོལ་རྒྱལ་ལ་འཛིན་པའི་ལྟ་ཚུལ། སྤྲུལ་སྐུ་ངོས་འཛིན་གྱི་ཐད་༼ནམ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་ནང་གསལ་ལྟར། བྱིས་པ་ལྷ་སྐུར་བཟོས་པའི་ཉེས་པ་བརྩད་གཅོད་བྱེད་མཁན་འབྱུང་མི་སྲིད་པ་མིན་ན་༽ཞེས་༸གོང་ས་མཆོག་ཁྲིམས་ལ་སྦྱོར་རྒྱུའི་སྡིག་ར་བསྐུལ་བ་སོགས་བརྗོད་ཀྱིས་མི་ལང་བ་འདིས། མི་ཆེས་མང་པོ་ཞིག་གིས་ཀླུ་བྱམས་ཀྱི་མིང་མ་ཤེས་པ་ནས་ཤེས་པར་གྱུར་པ་དང་། ཤེས་ནས་ཀྱང་ངོ་རྩ་བ་ནས་མི་ཤེས་པའི་དགྲ་རུ་གྱུར་བཅུག་ཡོད། ཁོས་བསམ་ཚད་ཁ་རུ་བཏོན་ཏེ་རྒྱལ་ཞེན་ཆེ་མདོག་བྱས་པ་དེར་ཧོབ་སྟེ་བལྟས་ན་བདེན་བདེན་འདྲ་པོ་དང་། དྲང་མདོག་ཁ་པོ། བློ་སྟོབས་ཆེ་མདོག་ཁ་པོ་ཞིག་མངོན་ཀྱང་། དོན་ལ་ཁོ་པ་ནི་དཔྱོད་ཤེས་རྩ་བ་ནས་མེད་པའི་གླེན་ལྐུགས་ངོ་མ་ཞིག་རེད། གང་གིས་ཞེ་ན། ཁོ་པས་བཤད་པ་དེས་མི་རིགས་འདི་དང། རྒྱལ་ཁབ་འདི། ཐ་ན་ཁོ་པ་སྒེར་ལ་ཕན་གནོད་ཇི་གྱུར་ལ་བསམ་བློ་རྩ་བ་ནས་བཏང་མེད་པའམ། ཡང་ན་གཏོང་ཐུབ་མེད། ལྷག་དོན་རྒྱ་ཆེའི་བོད་མི་དམངས་ཀྱིས་༸གོང་ས་མཆོག་ལ་འཛིན་པའི་སེམས་ཁམས་ལ་ཁོ་པས་ཚོད་དཔག་བྱེད་ཚད་དམའ་དྲག་ཐག་ཆོད་པ་རེད། གང་ལྟར། ངས་བསམས་ན་ཀླུ་བྱམས་ཁོ་པ་མདོ་སྨད་ཀྱི་སྤྱི་འཐུས་མིར་འོས་སྦྱོར་བྱས་པ་ནི་མདོ་སྨད་ཚང་ལ་མི་རྫོགས་ཟིན་པའི་རྟགས་རེད། གང་ཡང་བྱེད་ཀྱི་མ་རེད། བཀའ་བརྒྱུད་པ་ལྟར་རང་ལ་མེད་ན་གཞན་ནས་གཡར་རྒྱུ་རེད། གང་ལྟར་བོད་སྤྱི་པའི་ནུས་པ་འདི་ནང་ཁུལ་རྙོག་གྲའི་ཁྲོད་མི་ལྷུང་བའི་ཆེད་ཚང་མས་དགོངས་བཞེས་ཡག་པོ་གནང་རོགས།
ཀླུ་མཁར་འབྱམས་ལ། ཁོ་ལ་ཁོའི་ཚོད་ཀྱི་འཇོན་ནུས་ཤེས་ཚད་རེ་ཡོད་པ་རྩོད་མེད་ཡིན་ཡང། ཁོས་ཁ་སྡུག་བསགས་པ་དེའི་ཉེས་པ་གནམ་མཁར་མི་ཤོངས་པ་གསལ་བོ་རེད། དོན་དམ་འདིས་གང་ལ་ཕན་གི་རེད། བོད་མི་རིགས་ལ་ཕན་གྱི་རེད་དམ། དེ་ཚང་མས་དགོངས་པ་བཞེས་ན་ཡག་གི་རེད། ཕྱོགས་ཚང་མར་མཁྱེན་མདོག་མདོག་གནང་ན་དེ་འདྲ་རེད། མ་ཕྱིན་ཁ་ལ་གཅིན་བཏང་ན་ཐལ་ཟེར་མ་ཐུབ་ན་ཁྱེད་ཚོས་ཅི་ཞིག་འཇོན་ཡོད་མེད་སུས་བཤད་ཐུབ་བམ།
xxxxxxxxxxxxxxxxx
ཁྲི་མ་འབུམ་གྱུས་ཅི་བཤད་ཀྱང་།།
བརྒྱ་ཚོགས་སྟོང་གིས་ཅི་བྱས་ཀྱང་། །
དེང་གི་མདོ་སྨད་མི་ཚོའི་ནང་།།
ཁྱོད་ཀྱང་གང་འཚམ་འོས་པར་མཐོང་།།
དེ་བས་མདོ་སྨད་སྤྱི་འཐུས་སུ།།
ང་དང་ང་ཡི་གྲོགས་པོ་སོགས། །
བཅུ་ཡིས་འོས་ཤོག་ཁྱོད་ལྡུག།
ཁྱོད་ནི་སྤྱི་འཐུས་གཞན་ལས་ལྷག།
ཁྱོད་ཚོས་སོ་སོའི་ཆོལ་ཁ་ཡི་སྤྱི་འཐུས་གང་འདྲ་བླུགས་དགོས་མིན་ལ་བསམ་བློ་ཐོངས ང་ཚོ་ཚང་མ་རུམ་དང་ལག་པ་ཆ་ཡོད་ཡིན་མོད ད་ལྟའི་བར་དུ་སྤྱི་འཐུས་ནང་དུ་རྙོད་དྲ་ག་ཚོད་བྱུང་སོང དེ་ནི་ང་ཚོས་ཁོ་ལྟ་བུ་སྤྱི་འཐུས་ལ་འདེམས་མ་ཐུབ་པའི་སྐྱོན་ཡིན
xxxxxxxxxxxxདངོས་གནས་རང་ཐོག་ལ་སྐོར་ལ་སྟག་དང་། གཞན་ཐོག་ལ་སྐོར་ན་ཝ་ཟེར་བ་བཞིན། ཁ་ཤས་ཀྱིས་ཚད་ལས་བརྒལ་བའི་སྐད་ཆ་འགའ་རེ་བཤད་འདུག ཚང་མས་མཆན་འབྲི་དུས་རང་གི་སྐད་ཆ་ལ་འགན་འཁུར་དགོས་པ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། སྐྲག་མི་དགོས་ས་ཞིག་ནས། ཡང་ན་ཁུག་ཀྱོག་ཅིག་ནས་བློ་ལ་གང་དྲན་དེ་བཤད་ན་དགེ་ལས་སྐྱོན་ཆེ་བས་དེའི་ཐད་གཟབ་རོགས་ཞུ།
ཀླུ་མཁར་བྱམས་ནི་ངའི་སྤྱི་འཐུས་ཡག་ཤོས་དེ་ཡིན། ངས་ཀྱང་ཁོང་གདམ་རྒྱུ་ཡིན།
ངས་ཀླུ་མཁར་བྱམས་སྤྱི་འཐུས་ལ་གདམ་དོན་ནི། ཁོང་ནི་དྲང་བདེན་ལ་གཞི་བཅོལ་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་གཅིག རང་གི་བླ་མ་དང་དད་པ་མི་བཙོང་མཁན་ཞིག་ཡིན་པ་དང་གཉིས། བོད་མི་རིགས་ཀྱི་རིགས་ཞེན་གཞི་ལ་བཟུང་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་གསུམ་བཅས་ཀྱིས་གདམ་པ་ཡིན།
བརྒྱ་བཤད་སྟོང་གི་རྩ་བ་ནི་མི་ཁ་ཤས་ཀླུ་མཁར་བྱམས་ཀྱི་སྟེང་ལ་མ་དགའ་བ་དེ་རེད། དྲང་མོར་བཤད་ན། དེ་འདྲའི་སྙིང་ནད་ཅིག་ཡོད་ན་ཁོང་གུང་ཐང་ཚུལ་གྱི་ལམ་ཁ་དེར་བརྫངས་ན་འགྲིག་གི་རེད། དེ་མ་གཏོགས་སྤྱི་ཚོགས་དཀྲུགས་གཞིར་གྱུར་བའི་སྐད་ཆ་འདྲ་མི་འདྲ་མ་བཤད་ན་ལེགས། ངས་བལྟས་ནས་འོང་ན་མདོ་སྨད་འདི་ཆུ་སྒང་གསར་རྙིང་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག
དེང་སང་མི་ཁ་ཤས་ཀྱིས་ཁ་ལ་གང་ཡོང་ལབ་ནས་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱེད་ཀྱི་འདུག འདི་རྩེད་མོ་རྩེད་ས་མ་རེད། གནད་དོན་གླེང་ས་རེད། བདེན་རྫུན་དང་རྒྱུ་མཚན་ལ་མ་བརྟག་པའི་སྐད་ཆ་བཤད་ན་འགྲིག་གི་མ་རེད།
ཡང་གཅིག་བཤད་ན་གོང་དུ་མི་འགའ་རེས་ཀླུ་མཁར་བྱམས་ནི་འདྲེ་དང་བདུད་དང་སྲིན་པོ་ལྟ་བུ་ཞིག་རེད་ལབ་ཀི་འདུག དེ་ལྟར་བཤད་ན་ཡོང་རྒྱུའི་སྤྱི་འཐུས་ཀྱི་འོས་གཞི་ན་ཕམ་རྒྱུར་རེ་བ་རྒྱག་གི་ཡོད་སྲིད། དེ་འདྲའི་ངན་སེམས་ཀྱིས་སྐུལ་བ་ཡིན་ན་འདོད་པ་འགྲུབ་ཀི་མ་རེད། ང་ལྟ་བུ་ཞིག་ཡིན་ན་སྔོན་མར་འོས་གཞི་བདམས་མྱོང་བ་དང་འབྱུང་འགྱུར་གྱིས་དངོས་གཞིར་ཡང་ཐེ་ཚོམ་མེད་པར་ལྡུག་གི་ཡིན། དེ་བས་ཀྱང་མདོ་སྨད་མི་མང་བྱིངས་ཀྱི་ཀླད་པ་སྟོང་བ་ཡིན་མི་སྲིད། མི་རེ་འགའི་དགའ་སྡུག་གི་གཏམ་ཡན་ལ་ཉན་མི་སྲིད།
མདོ་དོན་དངོས་གནས་དྲང་གནས་ཀྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་ན་ངོ་གདོང་གྲིབ་ནག་གི་ཕག་ནས་མངོན་པར་བྱས་ཏེ་ཁ་གསལ་གསལ་དང་དོན་ཟབ་ཟབ་ཀྱིས་གདོང་དང་གདོང་གཏུགས་ནས་བཤད་ན་ལེགས། དེ་མིན་ཨ་མདོ་མི་མང་གི་མཚང་མ་རྫོད་ན་ཡག དུས་དང་ནམ་པ་ཀུན་ཏུ་དྲ་ཐོག་ན་ཞབས་འདྲེན་ཞུན་བཞིན་པ་དག་ནི་ཨ་མདོའི་ཁ་ཡན་འགའ་རེད། འདི་ནི་ཧ་ཅང་གི་སྐྱུགས་བྲོ་བའི་ལས་ཀ་རེད།
བརྩེ་བའི་དྲ་གྲོགས་རྣམས་དོན་མེད་རྙོག་དྲ་མ་བཟོ་རོགས།རང་ཉིད་ལ་ལང་ཕྱོགས་ཤིག་མི་འདུག་ གལ་ཏེ་དེ་འདྲིའི་མི་རིགས་ལས་དབང་དང་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་འདོད་རྒྱ་ནག་གི་གསར་འགྱུར་ནང་དུ་བོད་གྱི་ལོ་རྒྱུས་ལ་འཁྱོག་བཤད་དང་ལོ་རྒྱུས་རྫུན་མ་ཇི་འདྲིའི་མང་པོ་འགྲེམ་སྤེལ་དང་དྲིལ་སྒྲོག་བྱེད་བཞིན་འདུག ང་ནི་སྤྱིར་བཏང་གི་ཟིན་བྲིས་སྤེལ་མཁན་ཞིག་མིན།འོན་ཀྱང་གསར་འགྱུར་ལ་བལྟ་ཀློག་དང་བྱེད་མཁན་ཞིག་ཡིན། གལ་ཏེ་ཁྱོད་ལ་དེ་འདྲིའི་ནུས་པ་ཞིག་ཡོད་ན་རྒྱ་ནག་ཁ་གཏད་དུ་ལོངས་དང་དེ་ནི་ཁྱོད་ཀྱི་གཟི་བརྗིད་དང་ཤེས་ཡོན་པའི་རྟགས་མཚན་ངོ་མ་ཞིག་རེད། དེ་སྔོན་དུས་བབ་དྲ་རྒྱའི་ནང་དུ་ཁང་གསར་རྡོ་རྗེ་དང་ཤར་ཕྱོགས་ཁུ་རྟའི་བྲིས་བའི་བོད་ཆེན་པོ་སྐོར་ལ་བྲིས་པའི་དཔྱད་རྩོམ་ལྟ་བུ་བྲིས་དང། དེ་མིན་རང་ཉིད་སྡེར་གྱི་འཁོན་འཛིན་ཡིག་ཐོག་ལ་ཕབ་སྟེ་མཁས་མདོག་བསྟན་ན་མི་སུ་གང་གི་ཁྱོད་རང་ཤེས་ལྡན་པ་ཞིག་ཏུ་མི་
ཁ་སྣོན།
ཁྱེད་རང་ཚོ་བོད་ཡིག་གནས་ཚུལ་ལེགས་པོ་ལེགས་འདུག་ འོན་ཀྱང་ཁྱེད་ཅག་གི་བསམ་བློ་གཏོང་ས་དང་སྨྱུག་ཁའི་ཁ་ཕྱོགས་ནང་དགྲ་མ་ཡིན་པར་ཕྱི་དགྲ་ཡིན་ནོར་དུ་མ་འཇུག ནང་གི་འཇགས་ཟིན་པའི་ནད་རྙིང་དང་ཕྱིར་བ སྔོགས་བཤེར་བྱས་ན་མི་རིགས་ཅུང་ལས་བཟང་ཆའི་ཕྱོགས་ནམ་སྐུལ་མི་ཐུབ།འགན་འཁུར་མེད་པའི་ཉོག་གཏམ་ལོང་བ་གང་བྲིས།དེས་ཕན་ལས་གནོད་ཆེ།ཨ་ཚོགས་ནི་མི་ཁ་ཐུག་ཞིག་ཡིན་པའི་དེ་ལ་མིང་སྣ་ཚོགས་བཏགས་ན་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ།སོ་སོའི་སྒེར་གྱི་འཁོན་འཛིན་ཡོད་ན་གདོང་དང་གདོད་ཐུག་ནས་སྐད་ཆ་ཤོད་དང་།སྨྲ་བརྗོད་རང་དབང་ལོངས་སྤྱོད་ཟེར་བ་དེ་ཡང་སྤྱི་ཚོགས་ཤིག་གི་སྒྲིག་སྲོལ་ཆེ་ས་ནས་འགྲོ་དགོས་པ་རེད་མ་གཏོགས།གུ་དོག་གི་བསམ་བློ་ཁོ་ནས་མི་རིགས་ལས་དབང་དང་བསྟན་སྲིད་ལ་ཕན
ལས་གནོད་པ་ཆེ། བོད་པའི་ལོ་རྒྱྭས་ནང་དུ་ནང་འཁྲུག་དང་ཕན་ཚུན་འཁཽན་འཛིན་གྱིས་བོད་དགྲ་ལག་ཏུ་ཤོར་བ་རེད།བོད་མི་གཤིས་ཀ་ད་དུང་བཅོས་བསྒྱུར་བྱས་མི་འདུག
ཁ་བརྡ་ལྟ་བུ་མཚོན་ན་བོད་ཕྱི་ནང་གཉིས་ཆ་ནས་བཀོད་སྤྱོད་བྱེད་བཞིན་དྲ་རྒྱ་བཀོད་སྤྱོད་བྱེད་བཞིན་འདུག་
རྒྱ་ནག་ཁྱེད་རྣམ་པའི་བྱིས་བློའི་བསམ་སྤྱོད་དག་མཐོང་ན་དགད་མོ་དགོད་ནི་རེད།་གཞིས་ལུས་རྒྱ་ཆེ་མི་མང་གི་ནང་ལ་རྒོལ་བའི་ཉོག་གཏམ་གོ་ན་ཅི་བསམ། ཁྱེད་ཅག་གི་ཉོག་གཏམ་ཀླུ་མཁར་བྱམས་ལས་ཚབས་ཆེན་འདུག ཁྱེད་ཅག་གི་ཉོག་དེ་དག་འབྲི་རྒྱུ་ལས་ཕྱི་རོལ་འཇིག་རྟེན་གཞན་གྱི་རིག་གནས་དང་རིག་གསར་འཕྲུལ་རིགས་སོགས་གྱི་ལས་རིགས་སྤེལ་དང་། ཁྱེད་ཅག་སྤེལ་བ་དག་བོད་བསྟན་སྲིད་དང་ཆིག་སྒྲིལ་ཕན་པའི་མཆན་བུ་གཅིག་ཅིང་མི་འདུག ལས་ངན་ཚོ་བསམ་བློ་སྐྱོ་བོ་གཏོང་གི་ཡ། དཀྲོགས་གཏམ་སུ་ལ་ཕན་ཐོགས་སོང།
ནང་ལ་བསྐོར་ན་ཚང་མ་ངར་ཤུགས་ཆེ་།ཕྱིར་བསྐོར་དལ་འཇགས་སེ་བསྡད་ཡོད་པ་ཅི་མ་ཉན་ཐ།ཁྱོད་ཚོ་ཤོད་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་མཁན་རང་མི་རེད་གཞན་རེད་།ལོ་རྒྱུས་འཁྱོག་བཤད་མཁན་བོད་རེད་རྒྱ་རེད།༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་རྒྱ་རེད་།ཁྱེད་ཅག་གུང་ཁྲན་ཏང་གི་གསར་འགྱུར་ལ་གཟིགས་དང་ནུས་པ་རྒྱ་ལ་ཁ་གཏད་མཛོད་ཅིག་ ཁྱེད་ཅག་ལ་ང་ཡིད་ཐང་ཞེ་ནས་ཆད་སོང།
མདོ་སྨད་ཡུལ་གྱི་རྒྱ་ཆེའི་མི་མང་ལགས།
མདའ་དྲང་མོར་བརྒྱབ་ན་འབེན་ལ་ཕོག།
གཏམ་དྲང་མོར་བཤད་ན་མཚང་ལ་ཕོག།
ཅེས་པའི་དཔེ་བཞིན་ང་ཚོ་མདོ་སྨད་ཕྱོགས་ཀྱི་རྩོམ་ཡིག་ཐར་ཐོར་རེ་འབྲི་ཤེས་མཁན་དང་།སློབ་སྦྱོང་ཕྱོགས་ཙམ་རེ་ཡོད་མཁན་ཚོ་མང་བོ་ཞིག་ལ་ཐུན་མོང་གི་སྐྱོན་ཞིག་ཡོད་པ་ནི་ཁོ་ཚོས་ནམ་ཡང་མི་ཞིག་གམ་གནད་དོན་ཞིག་ལ་དཔྱད་པ་གཏོང་སྐབས་ཡོངས་ཁྱབ་རང་བཞིན་དང་མཚུངས་བསྡུར་རང་བཞིན་གྱི་དཔྱད་པ་གཏན་ནས་གཏོང་མི་ཤེས་པ་དེ་རེད།ཀླུ་མཁར་བྱམས་ལ་དགག་བཞག་གཏོང་མཁན་ཚོ་ཡང་འདིའི་ཁོངས་གཏོགས་ཀྱི་གྲས་རེད།གནད་དོན་དང་བོར་ཀླུ་མཁར་བྱམས་ཕར་ཤོག་བོད་མི་མང་སྤྱི་འཐུས་སུ་ཡིན་ཡང་སྐྱོན་མེད་སངས་རྒྱས་ནང་བཞིན་གྱི་མི་ཞིག་ནམ་ཡང་ཡོང་ཐབས་མེད་པ་དེ་ཤེས་དགོས།འོན་ཀྱང་།མདོ་སྨད་ཀྱི་ཤེས་ཡོན་ཡོད་མེད་ཀྱི་མི་མང་ཚང་མ་དེ་འདྲ་ཞིག་ནམ་ཡང་ཡིན་མི་སྲིད།
གཅིག
མི་རྐྱང་ཀླུ་མཁར་བྱམས་ཟེར་བ་འདི་རང་ཉིད་ལ་སྒེར་ཚུགས་ཀྱི་ལྟ་བ་ཡོད་མཁན་ཞིག་རེད་ལ། རང་ཉིད་ཀྱི་ལྟ་བ་དེ་བཤད་ཕོད་ལ་ལག་ལེན་ཐོག་ནས་སྒྲུབ་ཀྱང་ཕོད་མཁན་ཤིག་རེད།
བདེན་དཔང་། བོད་གཞུང་ཉམས་ཞིབ་ཀྱི་ལས་ཁུངས་ལས་རྩ་དགོངས་ཞུས་པ་དེ་གནད་དོན་དེས་གསལ་བོ་མཚོན་ཐུབ།དྲང་མོར་བཤད་ན་ང་ཚོའི་སྤྱི་ཚོགས་འདིར་ཁ་བཤད་དང་ལག་ལེན་གཉིས་དངོས་སུ་འགྲོགས་ནས་འགྲོ་ཐུབ་མཁན་ག་ཚོད་ཅིག་ཡོད་དམ།
གཉིས།
མི་རྐྱང་ཀླུ་མཁར་འདི་མ་མཐར་ཡང་རྒྱ་ནག་གི་ཁྲིམས་ལུགས་དང་རྒྱ་ནག་གི་སྲིད་ཇུས་སོགས་ལ་དཔེ་ཀློག་ཙམ་མ་ཡིན་པར་ལོ་ངོ་མང་བོར་རྒྱ་ནག་གི་ཁྲིམས་ལུགས་སློབ་སྦྱོང་དང་རྒྱ་ནག་རང་གི་འཛིན་སྐྱོང་སྐོར་ལ་ཉམས་མྱོང་ཡོད་མཁན་ཞིག་རེད།
བདེན་དཔང་། ཁོང་གིས་རྒྱ་ནག་གི་སློབ་གྲྭ་ཆུང་འབྲིང་ཚང་མ་མཐར་ཕྱིན་པ་མ་ཟད་རྒྱ་ནག་གི་བཙོན་ཁང་སོགས་སུ་རྒྱ་ནག་གི་ཁྱིམས་ལུགས་སྐོར་གྱི་ཟུར་ཁྲིད་པ་ཡང་བྱེད་མྱོང་ཡོད་པ་ཞིག་རེད།དེ་མ་ཟད་མི་རྐྱང་འདི་རྒྱ་ནག་རང་གི་འཕྲུལ་ལས་ཆེད་སྦྱོང་སློབ་གྲྭ་ཆེན་མོ་ཡང་འགྲིམས་མྱོང་མཁན་ཞིག་རེད།
གསུམ།
མི་རྐྱང་འདི་བོད་ཡིག་མི་ཤེས་པ་རང་གི་གཟི་བརྗིད་དུ་རློམ་མཁན་གྱི་སྤྱི་འཐུས་ཁ་ཤས་དང་མི་འདྲ་བར་བོད་མི་རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་ལ་དགའ་ཞེན་དང་སྐད་ཡིག་ལ་བླ་མེད་ཀྱི་བརྩི་བཀུར་ཞུ་མཁན་ཞིག་རེད།
བདེན་དཔང་། ཕྱི་ལོ ༢༠༠༧ ལོར་ <> ཞེས་པའི་དེབ་ཞིག་བོད་ཡིག་ཐོག་བསྒྱུར་བ་དང་།དེ་མིན་བོད་ཡིག་དྲ་ཐོག་གི་ཟིན་བྲིས་པ་གལ་ཆེན་ཤིག་ཡིན།ད་ལྟའི་བོད་ཀྱི་སྤྱི་འཐུས་ཚོའི་ཁྲོད་དུ་བོད་ཡིག་གི་དྲ་བ་དེ་དག་ཀློག་མཁན་དང་བོད་ཡིག་དྲ་ཐོག་ཏུ་རྩོམ་ཡིག་འབྲི་མཁན་ག་ཚོད་ཅིག་ཡོད་པ་ཁྱེད་ཚོས་གསལ་བོ་མཁྱེན་ངེས་ཡིན།
བཞི།
མི་རྐྱང་འདི་ལ་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི་ས་ཆའི་ཚོད་ཀྱི་རི་དྭགས་བཞིན་མི་གཞིའི་སྙིང་སྟོབས་ཀྱི་ཁྱད་ཆོས་ཅུང་ཞིག་ཡོད་པ་དེ་རེད།དེ་ཡང་ཁ་གསལ་དུ་བཏང་ནས་བཤད་ན་ཁ་གཡང་དང་ཆོས་ལུགས་ཀྱི་དར་ཆ་བེད་སྤྱད་ནས་རང་ཉིད་དཀར་གཙང་དང་ཡང་དག་པ་ཞིག་ཏུ་མི་བཟོ་བ་དེ་རེད།
བདེན་དཔང་། ཁོའི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲི་བ་དྲིས་ལན་དང་ཆབ་སྲིད་བཙོན་མའི་མིང་ཕྲག་པར་ཁུར་ནས་ཕྱི་རྒྱལ་ཁག་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འཕུར་འགྲོ་མཁན་ཚོ་དང་མི་འདྲ་བར་བོད་སྤྱི་ཚོགས་ནམ་ཡང་མི་གློད་པ་དེ་རེད།
འོན་ཀྱང་།བོད་མི་མང་སྤྱི་འཐུས་དག་ནི་ནམ་ཡང་བོད་མི་ཡོངས་ཀྱི་ངོ་ཚབ་ཡིན་པ་ལས་མདོ་སྨད་པ་གཅིག་བུས་ཚབ་མཚོན་མིན་པར་བརྟེན་ང་ཚོས་བསམ་བློ་རྒྱ་ཆེ་ས་ལ་གཏོང་བ་དང་དང་མིག་གིས་ཐག་རིང་ས་ལ་བལྟ་དགོས་པ་གལ་ཆེའོ།།
སྐུ་ཉིད་གནས་ལ་གནས་ཚུལ་རྒྱས་པ་དང་བགྲོ་གླེང་ལྷུག་པོ་གནང་འདོད་མཆིས་ཚེ། གཤམ་གྱི་བོད་རྒྱ་ཟུང་འབྲེལ་གྱི་དྲ་ཐག་འདི་ལ་ཕེབས་རོགས།
http://www.darig_thokmay.blogspot.com
གནས་ཚུལ་འདི་ང་ཚོ་ལྡི་ལིའི་གཞོན་སྐྱེས་ཁག་ཅིག་གིས་སྤེལ།
༡ དགེ་འདུན་རྒྱ་མཚོ། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ།
༢ ཤེས་རབ། ནེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ།
༣ གཅན་སྣང་བ་ཚེ་རིང་བཀྲ་ཤིས། ཀེ་རོ་རེའི་མཱ་མཐོ་རིམ་སློབ་གླིང་།
༤ སྦྲ་རིགས་ཐོགས་མེད། ཧིན་རྡུ་གཙུལ་ལག་སློབ་གླིང་བཅས་སོ།།
དྲ་གྲོགས་ཚོས་ཕན་ཚུན་ཚིག་ངན་ཞེ་གཅིག་གླེང་རེས་མིན་པ།
ཀླུ་མཁར་གྱི་མི་གཤིས་དང་།
བསམ་བློ།
ལྟ་བ།
བྱ་སྤྱོད།
རིགས་ཞེན།
ཤེས་ཡོན།
ནུས་པ་བཅས་ཀྱི་ཐད་ནས་གླེང་དང་།
གོང་གསལ་གྱི་གནད་དོན་དེ་དག་རྨང་གཞིར་བཞག་ནས་སྤྱི་འཐུས་ལ་བདམས་ན་དགེ་སྐྱོན་གང་ཡོད་ཀྱི་ཕྱོགས་ནས་ཞིབ་ཏུ་གླེང་དང་།
དྲ་གྲོགས་ཚོ།
ངའི་མཆན་༡༡་ནང་ཡིག་ནོར་འཚབ་ཆེན་ཞིག་བཟོས་འདུག་པ་༼མཁས་མཛངས་གཉིས་ལྡན་གྱི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་གང་འདྲ་ཞིག་ཡིན་ནའང་ལེགས་པར་མཐོང་བའི་མཐར་ལྷུངས་ཆེན་པོ་ཡོད་ཅེས་པར་༼ལོག་པར་མཐོང་བའི་མཐར་ལྷུང་གི་ལྟ་བ་ཞེས་པར་བཅོས་རོགས་༽ཐུགས་རྗེ་ཆེ།
འབྲོག་ཆོས་དང་ལྷ་ཆབ་སྦྱིན་པ་གཉིས་ཀྱིས་རྫིག་པོ་མ་བཤད་ན་ཡག་གི་རེད། ཁྱེད་གཉིས་ཀྱིས་དྲངས་པའི་རྒྱུ་མཚན་དེ་བདེན་པ་མ་རེད་སུས་ལབ་ཀྱི་འདུག་གམ
འོན་ཀྱང། དོལ་རྒྱལ་སྐོར་དང་ལམ་དབུ་མར་ངོས་འཛིན་གནང་སྟངས་ཀྱི་ཁ་རྒྱགས་པ་དེ་ཁྱེད་གཉིས་ཀྱིས་དབྱེ་ཞིབ་བྱེད་རོགས་ཀྱིས། ཁུངས་དང་ལུང་ཡོད་པ་ཞིག་ཁྱེད་རྣམ་པ་གཉིས་ཀྱིས་གསུངས་དང་དེ་ནས་ལྟ་ཆོག་གི་རེད། ཁྱེད་གཉིས་ཀྱི་ཁྱི་ར་བརྒྱབས་པ་དེ་འགྲིག་ཤག་འཐུས་ཤག་གིས། མིས་གཞི་འཛིན་སའི་སྟེང་མཛུབ་མོ་བཙུགས་ཡོང་ན། དཔའ་ཡོད་ན་དེ་ལ་ལན་རྒྱོབ་དང། ང་དང་བྷིབྷིསི་སོགས་ཀྱིས་ཁོང་ལ་ནག་འགེལ་ག་རེ་བྱས་འདུག་གམ། ཁྱེད་གཉིས་ཀྱིས་འོས་བསྡུའི་སྒྲིག་གཞི་མཁྱེན་གི་ཡོད་དམ། དེ་ལྟོས་མྱོང་ངམ། ངོ་མ་ཁྲིམས་ས་ཞིག་ཏུ་བུད་སོང་ན་ཁྱེད་གཉིས་ཀྱིས་ག་རེ་བྱེད་རྩིས་ཡོད།
དྲང་མོ་བཤད་ན། ཡིག་ངོ་རེ་ཆོད་པ་ཙམ་གྱིས་འགྲིག་ནི་མ་རེད། སྐད་ཆ་འདི་ཀླུ་མཁར་བྱམས་ཀྱིས་སྔ་མོ་ནས་བཤད་ཀི་ཡོད། ཁྱེད་གཉིས་ཀྱིས་ཀླུ་མཁར་གྱི་ལམ་དབུ་མ་ཚོང་རྫས་རེད་གསུངས་པ་དེ་འགྲེལ་བཤད་ཅིག་གནོང་དང། སྐབས་དེར་ཁྱེད་གཉིས་ཀླུ་མཁར་ལ་དགའ་བ་ཙམ་མིན་ཤེས་ཀྱི་རེད།
མདོ་སྨད་ཀྱི་ཤེས་ཡོན་པ་མང་པོ་གདོང་ལ་ཕེབས་ནས་སྐད་ཆ་བཤད་པ་དེ་གལ་ཆེན་ནང་གི་དོན་ཆེན་རེད། འདི་ནི་ཤེས་ཡོན་པའི་ཁྱད་ཆོས་རེད་ལ། བདེན་དོན་ལས་འཁྱོག་ཕྱོགས་ལ་མི་འགྲེངས་པའི་དམ་བཅའང་རེད། རོབ་རྩིས་ཤིག་བྱས་པ་ཡིན་ན་རྩོམ་འདིར་མཆན ༢༩ཙམ་འདུག་ལ། དེའི་ནང་དུ་དགག་པ་རྒྱག་མཁན ༧ དང་རྒྱབ་བསྐྱོར་རྒྱག་མཁན ༢༠ བར་གནས་ལྟ་བུ ༢བཅས་འདུག་པས། BBCཡིས་བཤད་པའི༼ཁོ་ལ་དགའ་མཁན་ཡོད་ལ་དེ་ལས་ཀྱང་མང་བ་ནི་མི་དགའ་མཁན་རེད༽ཟེར་བ་ལྡོག་ཟླ་ཆགས་ནས་ཀླུ་མཁར་བྱམས་ལ་མི་དགའ་མཁན་ཉུང་ཤས་ཤིག་དང་དགའ་མཁན་ལྡབ་འགྱུར་གྱིས་མང་བ་འདུག
རིན་པོ་ཆེ་ཟེར་མཁན་འདིས་མདོ་སྨད་ཀྱི་ཤེས་ཡོན་པ་ཚོར༼དོལ་རྒྱལ་སྐོར་དང་ལམ་དབུ་མར་ངོས་འཛིན་གནང་སྟངས༽འདྲི་བཞིན་འདུག དེར་ཤེས་པ་ཚོས་ལན་རྒྱག་རྒྱུ་རྗེས་མ་དང་ཀློག་པོ་ཞིག་གིས་ལན་ཐོག་མ་རྒྱག་གི་ཡིན།
༡ དོལ་རྒྱལ་སྐོར་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་མང་ཚོགས་ལ་དོལ་རྒྱལ་བསྟེན་ན་ངའི་བཀའ་ཆོས་མ་ཞུགས་། ངའི་བཀའ་ཆོས་ཉན་ན་དོལ་རྒྱལ་མ་བསྟེན་ཞེས་བཤད་ཀྱི་ཡོད་པ་རེད་ལ། དེ་ནི་གྲོས་མོལ་རང་བཞིན་གྱི་གདམ་ག་ཞིག་རེད། ཁོང་གིས་ནམ་རྒྱུན་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་ལྟར་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་གོ་བདེ་བྱེད་པར་དགོངས་པ་བཞེས་ཀྱི་ཡོད་པ་རེད། དེ་བས། དགོངས་པ་འདི་འགྲུབ་དགོས་ན་ཀླུ་མཁར་བྱམས་ནང་བཞིན་དོལ་རྒྱལ་ཚོགས་པའང་འབབ་ས་ཞིག་བཙལ་དགོས་ཀྱི་ཡོད་པ་རེད་ལ། དེ་ནི་འུ་གཉིས་འདྲ་འདྲ་ཡིན་ཞེས་པ་དང་གཅིག་པ་རེད། དེ་མ་གཏོགས་ང་ལྷ་ཡིན་ཁྱོད་འདྲེ་རེད་ཅེས་ན་རྙོག་དྲ་མཚམས་ཆད་རྒྱུ་ཞིག་འབྱུང་སྲིད་ཀྱི་མ་རེད། དེ་ལས་ལྡོག་ནས་དོལ་རྒྱལ་ཚོགས་པ་ས་ཁྱབ་གནམ་ཁྱབ་ཏུ་གཏོང་དགོས་ན་སྨད་པའི་ཚུལ་གྱིས་གསར་ལམ་ཁག་ལ་ཁྱབ་བརྡལ་དུ་གཏོང་དགོས་ཀྱི་ཡོད་པ་རེད། དེ་ནི་དོལ་རྒྱལ་འགོ་གཙོའི་དམིགས་ཡུལ་རེད་ལ། རྗེས་འཇུག་པའི་བསྒྲུབ་བྱའང་རེད། དེ་དོན་ཙམ་ཡང་མ་ཤེས་པ་ཡིན་ན། དུས་རབས་ཉེར་གཅིག་པའི་མི་གྲལ་དུ་འགྲོ་ཐབས་མེད་པའང་གསལ་བོ་རེད།
༢ དབུ་མའི་ལམ་གྱི་ངོས་འཛིན་གྱི་ཐད་ནས་བཤད་ན། འདི་ནི་སྲིད་དོན་གྱི་སྒྱུ་རྩལ་ཞིག་བཤད་ཀྱི་ཡོད་པ་རེད། གལ་སྲིད་དབུ་མའི་ལམ་ནས་བྱ་བ་ལེགས་འགྲུབ་བྱེད་དགོས་ན། ཐོག་མར་ངོ་རྒོལ་བྱེད་མཁན་ག་ཚད་མང་པོ་བྱུང་ན་དེ་ཙམ་གྱིས་ལེགས་འགྲུབ་ཡོང་སྲིད་པའི་ཕྱོགས་ལ་བགྲོད་ཐུབ་ཀྱི་ཡོད་པ་རེད། དེ་ལྟ་མ་ཡིན་པར་རྒྱགས་གཅིག་མཆོངས་གཅིག་ཡིན་ཞེས་པའི་མཇུག་འབྲས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ན་ནིང་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱས་ཡོད་པ་རེད། དེ་བས། བཀྲས་མཐོང་ལགས་ཀྱིས་གྲོས་ཚོགས་བརྒྱུད་ནས་དབུ་མའི་ལམ་ལ་འགྱུར་བ་གཏོང་གི་ཡིན་ཞེས་པའང་དེ་དོན་ལ་ཐུག་ཡོད་པ་རེད། འདིའི་སྟེང་ནས་ལྟ་སྐབས། བཀྲས་མཐོང་ལགས་ཀྱིས་བཤད་ཆོག་པ་ཞིག་དང་ཀླུ་མཁར་བྱམས་ཀྱིས་བཤད་མ་ཆོག་པ་ཞིག་ཡོང་སྲིད་ཀྱི་མ་རེད།
སྦྲ་རིགས་ཐོགས་མེད་ལགས། ཁྱེད་ཚོས་མཆན་འདི་རྩོམ་ཞིག་ཏུ་མཐོང་གི་འདུག་པས། ལོགས་སུ་དྲ་རྒྱ་གཞན་སྟེང་དུ་འགོད་ཐུབ་ན་མདོ་སྨད་པ་མང་པོར་ཐུགས་ཕན་གསོ་ཐུབ་པར་མ་ཟད། ཁམས་དང་དབུས་གཙང་གི་ལྟད་མོ་བ་ཚོའང་མདོ་སྨད་ཀྱི་མི་ཐོག་གསར་བ་ངོ་འཕྲོད་པར་ཕན་ཐོགས་ཡོད་ཀྱི་རེད་བསམ།
གྲངས་ཀ་བརྩི་རྒྱུ་དྲན་པ་དེ་ཁྱེད་ཚར་བསྡད་པས་རྟགས་རེད།
༢ ༼ ཀླུ་མཁར་བྱམས་ཀྱིས་དོན་དམ་དབུ་མའི་ལམ་འདོད་ཀྱི་ཡོད་ཀྱང། ངོ་རྒོལ་རྒྱག་ཁུལ་མ་བྱས་ན་འགྲུབ་ཀྱི་མ་རེད་ཟེར། ༽ ད་དཀོན་མཆོག་གསུམ་དགོད་ཀྱི་ཡོང་གི། འོ་ན་དྲ་ངོས་འདིར་བྲིས་པས་རྒྱ་ནག་གིས་མཁྱེན་སོང་ན་ཀླུ་མཁར་ལ་མ་ཞེད་ན་ག་རེ་བྱས་ཀཱ། xxxxxxxxxxx
༣ དོལ་རྒྱལ་སྐོར་༧གོང་ས་མཆོག་དང་བོད་གཞུང་གིས་འབབ་ས་ཞིག་བཟོས་འདུག དེ་ཁ་ཞེ་གཉིས་མེད་རེད། འོན་ཀྱང་ཁྱེད་འདྲ་བ་དག་གིས་ཞེ་དྲག་མཁྱེན་ཚུལ་བཞེས་ཀྱི་ཡོད་པའང་རྟོགས་ཐུབ་ཀྱི་འདུག ད་གནད་འགག་མི་འདུག ག་ལེ་ག་ལེ་ཁས་ལན་གི་འདུགxxxxxxxx
༤ བཀྲས་མཐོང་གིས་འགྱུར་ཡོང་སྲིད་པ་རེད། གཏོང་དགོས་ཆགས་སྲིད་ཀྱི་རེད་ཟེར་བ་དེ་གླེན་པ་ངས་ཟེར་གྱི་ཡོད། འོན་ཀྱང་བཀྲས་མཐོང་གིས་ལམ་དབུ་མ་མཐོ་རིམ་དཔོན་རིགས་ཚོའི་ཚོང་རྫས་རེད་ཅེས་གསུངས་མེད། དེ་ལྟའི་ཁྱི་ལབ་རྒྱབ་མེད་ལགས། xxxxxxx ད་ཤོག་ཡ།
རིན་པོ་ཆེ་ལགས། ངས་སྐད་ཆ་རྫིག་པོ་ཞིག་བཤད་མེད་བསམ་ཡོད། གལ་སྲིད་བཤད་ཡོད་པར་རློམ་པའི་ཁྱོད་འདྲ་བ་ཚོར་དགོངས་དག་ཞུ་རྒྱུ་དང་ཆབས་ཅིག བསྐྱར་དུ་རེ་སྐུལ་ཞིག་ཞུ་འདོད་བྱུང་།
གཅིག སྐྲག་མི་དགོས་ས་ནས་ཚིག་རྩུབ་དང་མི་གཞི་ལ་དམའ་འབེབ་ལྷག་པར་དུ་ནང་དཀྲུགས་ཀྱི་སྐད་ཆ་མ་གསུང་རོགས་ཞུ་འདོད་བྱུང་། གལ་སྲིད་བཤད་འདོད་ཡོད་ཚེ་གདོང་དང་གདོང་ཐུག་ནས་གསུང་རོགས།
གཉིས། སོ་སོར་རྒྱུས་མངའ་མེད་པའི་ལས་དོན་རིགས་ལ་འུར་བཤད་དང་ཧོབ་རྒྱུག་མ་གནང་རོགས།
གསུམ། སོ་སོ་མི་སྒེར་ལ་མི་དགའ་ན་ཁ་ཐུག་གིས་གསུང་རོགས། མི་མང་དང་སྤྱི་བའི་ལས་དོན་དེ་དང་མཉམ་དུ་མ་གླེང་རོགས།
བཞི། ཐུགས་རྗེ་གཟིགས། རང་ཉིད་ཀྱིས་སྤྱི་བའི་ལས་དོན་ཐོག་ཅི་ཙམ་འབད་འབུངས་བྱེད་ཀྱིན་ཡོད་མེད་ལ་རྟག་རྗེས་གཞན་ལ་སྐད་ཆ་བཤད་རོགས།
འདི་དག་ནི་རེ་སྐུལ་ཙམ་ཡིན།
ཐུགས་ལ་འཛིན་རོགས།
སློབ་མ་སྦྲ་རིགས་ཐོགས་མེད་སོགས་མཐོ་སློབ་པ་ལྷན་རྒྱས། ཐོག་མར་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང། དེའི་རྗེས་ང་རང་ཚོ་འདིར་རྐྱེན་ངན་གྲོགས་ཤར་གྱིས་ཐུག་པས་དགའ་བ་ནི་དགུང་དུ་འཕྱུར།
ཁྱེད་རྣམ་པ་ཚོས་ལས་འདིར་ཇུས་གཏོགས་རང་ཤུགས་ཀྱིས་བྱས་སོང་བས། ང་རྒན་རབས་པས་ཁྱེད་ཅག་ལ་དྲི་བ་ཞིག་གཏོང་གི་ཡིན།
༡ དགེ་སྐྱོན་མཚུངས་བསྡུར་བྱས་པའི་དཔྱད་རྩོམ་བྲིས་ཚར་ཡོད་དམ། མ་མཐོང་ན་དེ་ང་ཚོས་ཚད་ལྡན་ཡིན་མིན་བཤད་ཐུབ་ཀྱི་མི་འདུག
༢ བོད་གཞུང་ཉམས་ཞིབ་ནས་ཕེབས་དགོས་དོན་བྱུང་ན་བོད་གཞུང་གི་ཡི་གེ་དེ་རག་ཐབས་ཤིག་བྱས་དང། དེ་ནས་གསལ་བོ་ཆགས་ཀྱི་མ་རེད་དམ།
༣ བོད་ཡིག་གི་རྨང་གཞི་གཞུང་ལུགས་སྦྱངས་པའི་ཐོག་ནས་མེད་ཀྱང། བོད་པ་ཞིག་ཡིན་པའི་སྐད་ཆ་ཡོད་ཐོག་ནས་ཡི་གེ་ཤེས་པའི་གྲས། བརྡ་དག་གི་རྩལ་ལ་ལང་ཚོ་མ་རྫོགས་པ་དེ་རེད། གང་ལྟར་བོད་ཡིག་ཤེས་མཁན་ཡིན་པ་ཁྱེད་བདེན།
༤ ཕྱི་རྒྱལ་ལ་མི་འགྲོ་བ་ནི་མངོན་པར་བསྟོད་པའི་གནས་རེད། བདེན་པ་ཚད་མ་རེད། གུས་བརྩི་ཡོད།
འོ་དེ་ལྟར་ཡིན། ཁྱེད་ཚོ་ལྟར་ང་སྔོན་མ་སློབ་གྲྭར་ཡོད་དུས་སྐད་ཆ་ཤོད་འདོད་པ་དེ་གཡུག་བཞག་གི་ཡོད། དེ་བས་རྣམ་རྟོག་འདིར་ཕྲིས་དང་ཨ་ཁུས་ཁྱེད་ཚོར་མི་ཤེས་པ་དེ་དགོངས་དག ཤེས་པ་དེ་ཁུངས་ལུང་དང་བཅས་འདི་རེད་ལགས་ཟེར་བཞིན་སྤྱན་སྔར་བསྟར་ངེས་ཡིན།
xxxxxxxxxxxxxxxxxxxxx
རིན་པོ་ཆ་ལགས་སྐུ་རླུང་བཞེངས་འདུག ད་ཕོག་ཤག ག་ལེར་རླུང་ཞི་བར་གཏོང་རོགས། དེ་ནས་མི་ཤེས་ས་ཡོད་ན་གཞན་ལ་སྐད་ཆ་ཕྲིས། ཧོལ་རྒྱུགས་མ་བྱེད།
ཁྱོད་ཚོས་བཙན་ཚུགས་ཀྱིས་དྲུད་ཡོང་བཞིན་པ་མ་གཏོགས་ཨ་ལགས་འཇིགས་མེད་དང་ཀླུ་མཁར་བྱམས་གཉིས་ག་འདྲའི་འཆམ་པོ་འདུག ཁ་ཉིན་སྒྲོལ་མ་གླིང་ན་བཀའ་ཁྲིའི་འོས་མིས་གཏམ་བཤད་སྐབས། ཁོང་རྣམ་པ་གཉིས་ཁྱོད་བཟང་ང་བཟང་བྱས་ནས་བསྡད་འདུག་ག
ཀླུ་མཁར་བྱམས་དང་ཁྱབ་བསྒྲགས་འདི་གཉིས་ཀྱི་བར་ན་ཐག་ཧ་ཅང་རིང་དྲག་འདུག
ཁྱབ་བསྒྲགས་བྱེད་མཁན་གྱིས་ཀླུ་མཁར་བྱམས་མ་ཤེས་ནི་ཡིན་ནམ་ཤེས་བཞིན་དུ་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། ཁྱབ་བསྒྲགས་འདིར་ཀླུ་མཁར་བྱམས་རྒྱ་བོད་དབྱིན་གསུམ་ཐོག་ཤེས་ཚད་ངེས་ཅན་ཞིག་ཡོད་སྐོར་གཙོ་བསྟན་བྱས་འདུག གང་ལྟར་ཕྱོགས་མང་བོ་ནས་བརྗོད་མི་ཐུབ་ཀྱང་ང་ཚོས་མིག་མཐོང་ལག་ཟིན་གྱིས་ཤེས་པ་ནི་འདི་ལྟར་ཡིན། ཀླུ་མཁར་བྱམས་ཀྱིས་བོད་སྐད་གཙང་མ་བཤད་ཐུབ་ལ་བོད་ཡིག་ཀློག་ཐུབ། བོད་ཡིག་འབྲི་བ་ལ་རང་སྐྱ་ཅུང་ཙམ་ཐུབ་འོན་ཀྱང་རྩོམ་ཡིག་འབྲི་བ་དང་དཔྱད་བརྗོད་འབྲི་བའི་ཤེས་ཚད་ཁོང་ལ་མེད་རྒྱུ་མཚན་གཞུང་ལུགས་སོགས་ལ་གཏིང་ཆོད་པའི་སྦྱངས་བ་གང་ཡང་ཁོང་མེད། དེ་བས་ཀྱང་དབྱིན་ཡིག་དང་རྒྱ་ཡིག་དབྱིན་སྐད་ལམ་ནས་སྤྱིར་བཏང་གི་སྐད་བརྡ་ཙམ་ཡང་མི་འཕྲོག་ཁྱབ་བསྒྲགས་འདི་འབྲི་མཁན་གྱིས་ནམ་རྒྱུན་ཀླུ་མཁར་བྱམས་ཀྱིས་བོད་སྐད་ནང་དབྱིན་སྐད་བརྡ་ཁ་ཤས་རེ་སྤྱོད་བཞིན་ཡོད་པ་ཙམ་གྱིས་དབྱིན་སྐད་ཤེས་པ་མཚོན་མི་ཐུབ། ནམ་རྒྱུན་ཀླུ་མཁར་བྱམས་ཀྱིས་གཞི་ཆགས་རྒྱ་སྐད་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད་མཁན་ཚོའི་མདུན་ནས་རྒྱ་ཡིག་རྒྱ་སྐད་ཤེས་མདོག་བྱེད་དོན་ངོ་མ་རྒྱ་སྐད་དང་རྒྱ་ཡིག་ཤེས་མཁན་གྱི་མདུན་དུ་རྒྱ་ཡིག་ཕར་ཞོག་རྒྱ་སྐད་ཀྱང་བརྡ་ཡག་པོ་འཕྲོད་བྱེད་ཅིག་བརྒྱབ་མི་ཐུབ།
དེ་མིན་གཞན་ངས་མི་ཤེས
ཨ་རོ་གློ་བུར། ཁྱེད་འབུར་སེ་བཏང་དང་ཐ།
དེ་ཚོའི་སྐོར་བཤད་ཀི་མེད། དངོས་གནས་བྱས་ན། སྙིང་རྗེ་གི ད་དུང་སྔོན་མ་ཡོ་རོབ་ནང་ནས་རྒྱ་སྐད་རྒྱབ་པའི་གཏམ་རྒྱུད་ཅིག་ཡོད་པ་རེད།
ད་དུང་དབྱིན་བསྒྱུར་མ་དེ་ང་ཚོས་བསམ་བློ་བཏང་ཆོག་གི་རེད།
ཀླད་མེད་ཅོལ ཆུང་ཁ་ཤས་ཀྱིས་སྤྱི་ཚོགས་ནང་གི་ངག་རྒྱུན་ཁྱེར་ཏེ་མི་སྒེར་བ་ཞིག་ལ་གང་འདོད་དུ་དམོད་པ་ནི་རང་ཉིད་ཀླད་མེད་ཅོལ་ཆུང་ཡིན་པ་གང་ཡང་བདེན་དཔང་བྱ་མི་ནུས་ལ། ཨ་མདོ་བ་འདི་ཚོས་རང་གཞན་གཉིས་ཆར་བསམ་བློ་བཏང་ནས་སྐད་ཆ་རེ་བཤད་རྒྱུའི་ཚབ་ཏུ་སྨྱུག་རྩེ་དེ་གྲི་རྩེ་ནང་བཞིན་གཞན་གྱི་ལུས་ཕུང་ལ་འཛུགས་རྐྱང་བྱེད་ཀྱིན་འདུག
ད་དུང་ཁ་བརྡ་དྲ་ཚིགས་ཀྱིས་ནམ་རྒྱུན་ལོག་བཤད་མང་པོ་བཀག་སྡོམ་བྱེད་ཀྱིན་ཡོད་པ་མ་རེད་དམ། ཀླུ་མཁར་བྱམས་་སྤྱིར་བཏང་གི་ཅོལ་ཆུང་ཀླད་མེད་འདི་ཚོ་ལྟ་བུ་ཡིན་ན་འདུག་བཟོད་མེད་པའི་སྐད་ཆ་འདྲ་མིན་བཤད་པ་འདི་ལ་འགན་རྩ་བ་ཉིད་ནས་མི་ལེན་པར་ད་དུང་སུས་ངན་བཤད་བྱེད་ན་དེ་ལ་དགའ་རྟགས་སྟེར་གི་ཡིན་ལབ་པའི་སྲོལ་གྱིས་བཞག་ན་དེ་རྩ་བའི་དམ་ཚིག་དང་ཡང་འགལ་འགྲོ་གི་འདུག
ཀླུ་མཁར་འདྲེ་ཡིན་མིན་དང་བདུད་ཡིན་མིན། ཡང་ན་ལྷ་ཡིན་མིན་དང་གསེར་ཡིན་མིན་ང་ཚོ་བསམ་བློ་གཏོང་ཤེས་མཁན་རེ་ཡོད་ན་སེམས་སུ་གསལ་གསལ་ཐིང་ཐིང་ཡིན་ངེས་ལ། མ་གཞི་ནས་བོད་མི་འདི་ཚཽ་དང་ལྷག་དོན་ཨ་མདོ་བ་ཚོ་ནི་རང་མི་དམར་གསོད་དང་རང་ཤ་ཁྱི་ལ་སྦྱར་རྒྱུའི་ལས་ཀ་མ་གཏོགས་མང་པོ་ལས་ཤེས་ཀི་མ་རེད་ལ། ཡང་མང་པོ་ཞིག་གིས་རང་ཁ མི་སོས་ཀྱང་ད་དུང་ཁ་གཅུས་སྣ་གཅུད་ཀྱིས་ཡར་ཡར་དེ་ཅིག་མི་ཡག་ཚུལ་དང་མར་མར་མར་དེ་ཅང་མི་བཟང་ཚུལ་བཤད། མདོ་དོན་རྡོག་རྡོག་དེ་རྒྱུ་རྐྱེན་དང་གནད་ལ་ཐུག་པའི་དོན་གོ་བ་ཅན་ཞིག་མེད་པར་འདོད་ཕྱོགས་རེ་དང་དགའ་ཕྱོགས་རེ་གཙིགས་སུ་བཟུང་ནས། ཕ་རོལ་བའི་ནང་མི་དང་སྐྱེས་དམན། མི་ཚེ་དང་བུ་ཕྲུག འཚོ་སྡོད་དང་འགན་དབང་སོགས་ལ་བསམ་བློ་རྩ་བ་ཉིད་ནས་མི་གཏོང་བར། རལ་གྲི་རྩེ་མོ་ལྟ་བུའི་རྣོ་ངར་ཅན་གྱི་ཚིང་ངན་འདི་ཚོ་རང་ཐོག་ལ་སྐོར་ནས་འདང་རེ་བརྒྱབ་ན། ངོ་མ་ཡིན། མི་དགའ་ན་ཡང་མི་དགའ་བའི་གནས་ལུགས་ཤིག་བགྲངས་ན་འོས་པ་ལས། ཨོ་་་ད་དེ་ཡིན་ན། གོང་ས་མཆོག་ལ་ཁ་གཏོང་གི་རེད། ཨོ་ད་དེ་ཡིན་ན་ཆོས་ལུགས་དགའ་གི་མ་རེད། ཨོ་ད་དེ་ཡིན་ན་རང་བཙན་ལབ་ཏེ་གོང་ས་མཆོག་གི་བཀའ་ལ་ཉན་གི་མ་རེད། ཨོ་ད་དེ་ཡིན་ན།།།།།།།།།།།།།།།།།།།གཡམ་རྒྱུགས་དང་ལད་ཟློས་ཀྱི་ཚིག་རྙོག་མང་པོས་སྲང་ལམ་གྱི་གད་སྙིགས་ནང་དུ་ཁུར་གྱིན་ཡོད་ཀྱང་། ད་དུང་ཡིན་མདོག་མདོག་གིས་ཅིག་བཤད་ཁུལ་བྱེད་མཁན་དེ་ཚོས་ཀྱང་། མིག་སེལ་ཡར་འདེད་ཙམ་གྱིས་་་རེད་རེད་་་མི་དེ་ཡིན་ན་་་་་རེད་རེད་་་མི་དེ་ཡིན་ན་སྤྱི་ཚོགས་ལ་གནོད་སྐྱེལ་གི་རེད། ཅེས་ལ་སོགས་པ་བཤད་ཀྱང། དོན་དངོས་སུ་ཁྱེད་ཀྱིས་སྐད་ཆ་དེ་ཡིས་སྤྱི་ཚོགས་ལ་སྔ་མོ་ནས་གནོད་སྐྱེལ་ཚར་རེད།
ད་ཨ་མདོ་བ་དེ་ཚོས་རང་ཚོད་ཟིན་ན་དགའ་ས་རེད། མི་མང་གི་འཐུས་མི་ཡིན་ལབ་ཏེ་རྐུང་སྟེགས་ལོ་ངོ་༡༠་༡༥ལ་བདག་པོ་རྒྱབ་ཀྱང་བོད་མི་རིགས་ཀྱི་གནས་སྟངས་ཡ་ང་བོའི་ན་ཟུག་ལ་ལག་པ་ཐེངས་གཅིག་གིས་མ་འཐམས་པར། མཚམས་རེར་འཐུས་མི་ཡིན་མིན་ཡང་མི་ཤེས་པ་ཚོས། མི་མང་གི་གྲས་ལ་སྔོན་ལ་འཚང་རྒྱུར་དགའ་བ་དེ་ཚོས་གཞི་ནས་ང་ཚོའི་འཐུས་མི་བྱ་དགོས་རེད་དམ། ཨ་མདོ་བ་ཚོས་རང་མི་རེ་རེ་བཞིན་ཡར་གདའ་མར་གདའ་བྱེད་དེ། རྗེས་སུ་ད་ལྟོས་དང་། སུ་དང་སུ་འདུག ཨ་ལག་འཇིགས་མེད་ལྟ་བུ་ཡིས་ཀླད་མེད་ཁ་ཤས་ལ་དྲིལ་བསྒྲགས་ཀྱི་བྱ་ཆེད་དངུལ་ལོར་བཀྲམས་ཏེ་ལས་ཀ་ཡར་མར་མང་པོ་བྱེད་དུ་འཇུག་གིན་པ་སོགས་ད་ནི་ངོ་མ་ཨ་མདོ་བ་ཚོས་མཚམས་འཇོག་བྱ་འོས།
མི་ལྟོ་བ་ལགས། ཁྱེད་ནས་བཀའ་སློབ་གནང་ཁུལ་བྱེད་ཀྱི་འདུག་ཀྱང། རྒྱུ་མཚན་མི་འདུག་ལབ་ན། དགའ་མ་དགའ་རེད་ཟེར་གྱི་རེད། དེ་བས་ཁྱེད་ཀྱིས་བྲིས་པ་འདི་དང། གནས་ཚུལ་གཞན་ཚོ་ཞིབ་ཏུ་ཁྱེད་རང་གི་བློས་ཁེལ་ས་ཞིག་་ལ་ཀློག་ཏུ་ཆུགས། དེ་ནས་དྲི་བ་བྱས་དང་། ཁྱེད་གཉིས་ནང་ཚགས་ཡིན་པས། ཁྱེད་ཀྱི་གད་སྙིགས་འདིའི་དོན་དག་འདི་ཁྱེད་ཀྱི་སེམས་ངོར་ཤར་རིའི་རྩེ་ནས་ཉི་མའི་ངང་ཚུལ་དུ་འཆར་བར་ངེས་སོ། ཧཧཧཧ གཏམ་གུ་རེ་ནང་ན་དོན་གཏམ། ཟེར་བ་ཡིད་ལ་བཟུང་དང༼་ཅིག་༽གིས་གཏམས་པའི་ལྟོ་བ་ལགས། ༼ཅིག་༽དེ་ཁྱེད་ཀྱིས་འཚོལ་རོགས་ཀྱིས།
དྲ་ཚིགས་ཀྱི་བདག་པོ་ལགས།
རིན་པོ་ཆེ་ཟེར་བ་འདི་མི་གཅིག་རེད་དམ་གཉིས་རེད། ཁྱེད་ཅག་གིས་སྨྱུག་མིང་བཀོལ་མཁན་རྣམས་ལ་བཏང་འཛིན་ཞིག་ཅིའི་ཀྱང་དགོས་ཀྱི་འདུག
ཀླུ་མཁར་བྱམས་སྤྱི་འཐུས་ལ་བཞག་པ་ལས་ཁོང་ད་ལྟ་ཡོད་པ་བཞིན་པ་དེར་བཞག་ན་རིན་ཐང་ཆེ་བ་མེད་དམ་སྙམ།
དྲང་པོར་ཞུས་ན། འདི་ན་ཟུག་རྒྱག་གིན་པ་ཚོ་ནི་མི་རེ་གཉིས་ཤིག་ལས་ཨ་མདོ་བ་མིན་མོད། མི་འདི་ཚོས་ཨ་མདོ་བ་ཚང་མ་ནག་པོ་བཟོ་བཞིན་པས། ད་མ་བཤད་ན་ཡོང་ས་མ་རེད། ཉིན་འགའི་སྔོན་ཨ་ལགས་འཇིགས་མེད་ལགས་ཀྱིས་བསྐོང་ཚོགས་བྱས་པའི་མདོ་སྨད་གནད་ཡོད་མི་སྣ་ཟེར་བ་ཚོའི་ཁྲོད་དུ་སྤེན་པ་ཚེ་རིང་། རྡོ་རྗེ་དབང་ཕྱུག ཤ་འབྲོང་བཀྲ་ཤིས་རྒྱ་མཚོ། བསོད་ནམས་རྒྱལ་མཚན་སོགས་ཡོད་ཅིང་། ཉིན་དེར་བསོད་རྒྱན་ནས་ཨ་ལགས་མི་བདེ་གཏད་ཡོད། དེ་བས། རིན་པོ་ཆེ་ཞུ་བ་འདིའང་སྐབས་དེར་ཆེད་འཛུགས་བྱས་པའི་མི་སྣ་ཞིག་ཡིན་ལ། ག་ལེར་མིང་ནས་འཛིན་ཆོག
འཇིགས་མེད་ཨ་ལགས་བཟང་ངན་གང་ཡིན་མིན།། ངས་ནི་མི་ཤེས་མོད།
ལོ་རྒན་བདུན་བཅུ་བར་དུ་བོད་གཞུང་གི། སྲི་ཞུ་སྒྲུབ་པ་ཞིག་རེད།
དེ་ལ་སྡུག་དམོད་ཆར་ལྟར་བབས་པ་དེར།། བཟོད་པ་བསྟེན་ཐུབ་བམ།
ཆུང་ཆུང་ཞིག་གི་ནག་འགེལ་མིན་པ་ཡིས།། ལོ་རྒྱུས་ལ་བསམས་ན།
སེམས་པས་མི་བཟོད་པ་ལ་ཁག་ཅི་ཡོད།། དེ་ལྟར་སོམས་དང་ཀེ་ཏ་ཀ། ཁྱེད་ཀླུ་མཁར་ཡིན་པ་གནམ་ལ་གསལ།
པན་ཆེན་མཉམ་པོའི་སྐུ་པར་འཇིགས་མེད་ཀྱིས་མཇལ་དུས།། སེམས་ལ་ཟུག་འདར་ཤོར་བ་ཅི་ཁེགས། བླ་མ་མེད་དུས་ཉེས་འཛུགས་གནམ་འདྲ་བ་ནི་བྱས་པས་སོ།
མདོ་སྨད་གནད་ཡོད་ཚོགས་སྟངས་ཤིག་ཤོད་དང། ཞེད་སྣང་མ་སྐྱེས།
འཇམ་དཔལ་ཚུལ་ཁྲིམས་ཁྱེད་དྲང་མོ་རེད། ཡིན་ནའང། འདི་ཚོས་ཁྱི་ར་བརྒྱབས། ཕྱོགས་ཁག་བྱེད་ཀྱི་འདུག ཅི་ལྟར་ཞེ་ན། མདོ་སྨད་ན་གཞོན་དང་ཞེས་འུར་བརྒྱབས། དེ་ཟླ་བ་ཚེ་རིང་གིས་བཀོད། དེར་མཆན། གནམ་ལྕགས་སམ་ཁོའི་དྲུང་ཡིག་ལྷ་ཆབ་སྦྱིན་པས་བྲིས། ཁྱེད་ཀྱིས་ཅིག་གཟིགས་དང། འདི་ན་བདེན་པ་ཞིག་འདུག་གམ། ད་དུང་ཀེ་ཏ་ཀ་ཀླུ་མཁར་དང་གནམ་ལོ་ཡག་གི་སྐུ་སྲུང་རེད། མཆན་རྣམས་ལ་ཞིབ་འཇུག་གྱིས་དང། འདི་བསམ་ཤེས་ཀྱི་བྱེད་སྟངས་རེད་དམ།
ད་ཤོད་ཡ། ངས་སྐྱག་རྫུན་ཚིག་གཅིག་བཤད་མེད། ཀེ་ཏ་ཀ་ལྟར་སྐྱོན་འཛུགས་བྱེད་ཀྱི་མེད། ངས་བྲིས་པ་དོན་ལ་གནས། བརླག་མ་ཁེལ་ན་ད། སུ་ཡིན་མིན་རྩད་ཞིབ་བྱེད་ཀྱི་འདུག ང་དགོད་ཀྱི་ཡོང་གི
ཁྱེད་ཚོས་རྫུག་རྫུག་བྱེད་ན། ཁྱེད་ཚོས་ཅིག་ཤེས་ན། ད་ཕྲིས་ཡ།
སྐབས་བཅོ་ལྔའི་མདོ་སྨད་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ངོ་སྤྲོད་མདོར་བསྡུས། ཞེས་པ་འདི་ཁ་བརྡ་དྲ་རྒྱར་འཁྱེར་དགོས་དོན་དེ། མི་འདི་བཀྲ་ཤིས་པ་ཅིག་ཡིན་ཙང་རེད་དམ། བཀྲ་མ་ཤིས་པ་ཅིག་ཡིན་ཙང་འདིར་བཀོད་པ་རེད། ངས་བལྟས་ན་ཁོ་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་མ་རབས་ཅིག་ཙང་འདིར་འཁོད་པ་ཡིན་ས་རེད། ད་དུང་བགྲོ་གླེང་ལྷུག་པོར་གྱིས། རྗེས་སུ་སྤྱི་འཐུས་འཁོད་ཚར་ན་འགྱོད་པ་སྐྱེ་ཡོང་། སྤྱི་འཐུས་མི་འཐོབ་པའི་སྨོན་འདུན་ཡོད།
སྐད་ཆ་བཤད་ནས། ངའི་དྲི་བ་དེ་ཚོ་གཅིག་ལན་གཅིག་དང་གཉིས་ལན་གཉིས་བྱེད་མ་ཐུབ་པས། མི་ཞིག་གི་མིང་བོས་ནས། ཁྱེད་ཅིག་རེད་ཉིག་ཉིག་རེད་ཟེར་དགོས་ཐུག་ན། དང་པོ་ནས་བསྡད་དང་ན་འགྲིག་གི་རེད་མོད། ཀེ་ཏ་ཀས་མ་བྱུང་བ་རེད། ཧཧཧཧ ད་མི་འཚོལ་གྱི་འདུག དོན་དག་ཤོད་དང། མྱི་སུ་ཡིན་མིན་གྱིས་ག་རེ་བྱེད་ཀྱི་ཡིན་ནམ།
ཁ་བརྡ་ཚང། མཆན་ལ་ཞིབ་བཤེར་གྱིས་སྒོ་རྒྱག་པ་མ་གཏོགས། གང་བྱུང་མང་བྱུང་མ་རྒྱག་རོགས། ཚུར་ལ་གཉའ་ཞོན་ན། ལྕེ་སྣར་ནས་འདུག་མི་ཐུབ་ཀི། ཁ་བརྡ་ཚང་གི་ཐུན་མོང་གི་ཁ་བརྡ་བྱེད་ས་ཡིན་པས་ཞུས་པ་ཡིན།
དོན་ངོ་མ་རིན་པོ་ཆེ་ནས་ཅི་ཞིག་བཤད་འདོད་ཀྱི་ཡོད། ཁ་གཅིག་ནས་ང་ལ་ཁྱོད་ཀླུ་མཁར་བྱམས་རེད་ཟེར་བཞིན་འདུག ཁ་གཞན་ཞིག་ནས་ཀླུ་མཁར་བྱམས་དང་གནམ་ལོ་ཡག་གི་སྐུ་སྲུང་རེད་ཟེར་གྱི་འདུག ཀླད་པ་འཁྲུགས་ཚར་འདུག ད་ང་གནད་ཡོད་མི་སྣ་ཞིག་ཀྱང་ཆགས་གྲབས་ཡོད་པ་མིན་ན། དེ་ད་ཅིག་དགའ་ནི་ཞིག་རེད་ཡ།
ཨོ་ད་ཀླུ་བྱམས་ལགས་ཀྱི་དོན་གྱི་ལོ་རྒྱུས་རྟོགས་སོང་། དྲ་གྲོགས་ཚོ་བཀའ་དྲིན་ཆེ། དེ་སྔོན་ཁོང་གང་མཚམས་ཀྱི་མི་ཨའོ་ཙམ་ལ་བརྩི་བཞིན་ཡོད་ལ་འོས་ཀྱང་བླུག་མྱོང་ཡོད། ད་དུང་དེ་སྔོན་༸གོང་ས་མཆོག་ཝ་ནར་ཆིབས་བསྒྱུར་སྐབས་ཐང་སྟོང་གླུ་གར་ཚོགས་པའི་ཚོགས་ཁང་གཡར་ཏེ་༼ དགུ་བཅུ་གསུམ་གྱིས་ཉི་མ་ལྷ་ས་ནས་བཙོན་ཁང་ལྷ་ས་བར་༽ ཞེས་པའི་གཏམ་བརྗོད་ཐུང་ངུ་ཞིག་འཁྲབ་སྐབས་ཡང་ཁོང་དེར་ཕལ་ཆེར་ག་བཏང་གོ་ཆོད་འདྲ་པོ་འདུག་མཐོང་སོང་། འོན་ཀྱང་ཁོང་གིས་གཏམ་བརྗོད་གྲུབ་རྗེས་སང་ཉིན་མཁས་དབང་བློ་སེང་གེ་ལགས་གདན་ཞུས་ཀྱིས་འདི་གར་ཁོང་གིས་བཀའ་སློབ་སོགས་ཡོད་བསྐོར་གསལ་བསྒྲགས་བསྐྱངས་སོང་བས་གློ་བུར་སེམས་ལ་དྲ་ི་བ་ཞིག་དང་ཡང་དྲ་གྲོགས་དྲན་ཆེན་ཚོ་ཡང་དྲན་མཁན་འདྲ་པོ་ཞིག་བྱས་སོང་། དུས་དེ་ནས་ངས་ཁྱེད་ཀྱི་སྐྱོན་ཡོན་གཅིག་ལ་གཅིག་བརྒྱུད་ཀྱིས་ཤེས་ཐབས་ལ་བརྩོན་སྐབས་འདི་གར་གླེང་བཞྀན་པའི་དྲ་གྲོགས་རྣམས་ཀྱི་གནས་ཚུལ་རྣམས་དྲང་བདེན་ཁོ་ན་ལས་གཡོལ་ཐབས་མེད་པ་ཞིག་མཐོང་སོང་བས་རང་ཉིད་ཀྱི་འཐོབ་ཐང་ལག་ལྟར་གྱིས་ཁྱེད་དངོས་གཞིའི་འོས་ནས་ཕྱིར་འཐེན་ཟིན་པ་ཡིན། ལྷག་པར་རྒྱལ་འདྲེ་དོལ་རྒྱལ་བསྐོར་གྱི་གནས་ཚུལ་ཐབས་སྐྱོ་བོ་དེ་རིགས་གོ་སྐབས་ངོ་མ་སེམས་མི་བདེ་ཡ། ད་མདོ་སྨད་པ་ཚོས་གཟབ་རོགས།
རིན་པོ་ཆེ་ལགས། ངས་ག་རེ་ལ་ལན་རྒྱག་དགོས་ནི་རེད། མཆན་སྒོ་རྒྱོབ་ཞེས་པར་ལན་ཞིག་དགོས་དོན་མི་འདུག་གཱ དྲི་བ་ཡོད་ན་ཕྲིས་ཤོག དེ་ནས་ག་ལེར་བརྒྱབ་ཆོག
མི་སོ་སོའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་མི་ཆོག
ཀླུ་མཁར་གྱིས་རང་བཙན་གྱི་ལྟ་བ་བཟུང་བ་དེ་མི་རིགས་ཀྱི་ཆེད་དུ་རེད།
ང་ཚོ་དབུ་མའི་ལམ་དུ་གཤེགས་མཁན་ཚོས་རང་བཙན་གྱི་ལྟ་བ་འཛིན་མཁན་རྣམས་འདྲེ་མཐོང་མཐོང་བྱས་པས།
རང་བཙན་གྱི་ལྟ་བ་འཛིན་མཁན་རྣམས་སྐྲག་དེ་གླ་ཁུམ་ནས་༸རྒྱལ་བའི་དགོངས་པ་དང་འགལ་གྱི་མེད་ཚུལ་སོགས་རྒྱུ་མཚན་གསལ་བཤད་བྱེད་མ་ཐུབ་ནས་ལུས་ཡོད།
ཁོང་ཚོས་དེ་ལྟར་བཤད་པ་དང་རྒྱ་དམར་གྱིས་༸གོང་ས་ཆེན་པོས་རང་བཙན་གྱི་ལྟ་བ་དོར་མི་འདུག་ཟེར་བ་དེ་དོན་དང་མཐུན་པ་འདྲ་བོ་ཆགས་ཉེ་ཡོད་པ་རེད།
ཀླུ་མཁར་བྱམས་ནི་རང་ཉིད་གདོང་དུ་བུད་ནས་ལས་དཀར་ནག་ཅི་ཡིན་ཡང་འགན་རང་གིས་ཁུར་མཁན་ཞིག་ཡིན་པས་ངས་ཁོང་ལ་ཕོ་རྒོད་ཅིག་ཏུ་ངོས་འཛིན་བྱས།
ཨ་ལགས་རིན་པོ་ཆེ་ལ། དགོངས་གཞི་དང་རྒྱབ་ལྗོངས་སོགས་ཕུན་སུམ་ཚོགས་པ་ཞིག་མངའ་བས་ང་ཚོས་འདི་ནས་ཅི་ཞིག་མ་བཤད་ན་བཟང་སྙམ།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com