བོད། ལྷ་ཀླུ་གཉན་གསུམ།
ཡུན་རིང་གི་རྗེས་སུ ད་གཟོད
ཉིད་རང་གློ་བར་དུ་ཕེབས
ལག་དུ་མེ་ཏོག་ཞིག་བཟུང་དེ
ང་ལ་གསུངས་དོན ངས་ཁྱེད་རང་དྲན་སོང་
ངའི་ལག་གི་མེ་ཏོག་འདི ད་ནས་བཟུང་ཁྱེད་ལ་སྤྲོད
ད་ལྟའི་བར་དུ ངས་གཉར་བ་ཡིན
ད་ནི་འདིའི་བདག་པོ་ཁྱེད་རང་ཡིན
ངའི་སེམས་པ་ལྷོག་ལྷོག་ལྡིང་
བརྗོད་འདས་ཀྱི་དགའ་སྣང་ཞིག་གིས
ང་རང་ཁྱེད་ལ་འཐམ་ན་བསམ་མོད
ང་རང་རྨི་ལམ་དེ་ལས་སད
ཉིན་བཀང་བོར
ངའི་རྨི་ལམ་དེ་དོན་དངོས་ཡིན་ན་བསམ་ནས
ལས་ཞོར་དུ བསམ་གཞིགས་རྐྱང་རྐྱང་བྱས
ཕྱིར་དྲན་རྐྱང་རྐྱང་དུ་འཚུད
གནམ་སྔོན་པོ་མིག་མེད་ཟེར་བ་ཅི་མ་བདེན
ས་དོག་མོ་སྙིང་མེད་དོན་ཡང་དེ་ལོས་ཡིན
ང་རང་ལ་ཀུ་ཡངས་ཤིག་སྤྲོད་རོགས