རིག་པའི་རྡོ་རྗེས།
ད་ལྟ་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སྐུ་ཞབས་དམ་ཆོས་རྒྱལ་མཚན་དང་། འབྱོར་ལྡན། རྡོ་རྗེ་དགྲ་འདུལ། རེ་སྐོང་བཀྲ་ཤིས་སོགས་ཀྱིས་གསུངས་པ་ལྟར་ན། ཤར་ལྷོ་བསུ་དཔལ་དང་། མུ་ནི་སོ་ཀྲ། བྷི་ལུས་མིང་ཁྲོན་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས་དང་། ས་གནས་མི་མང་གིས། ད་ལྟ་གནམ་ཐང་ནས་ལྷ་སྲས་འཇིགས་མེད་ནོར་བུ་མཆོག་གི་སྐུ་ཕུང་ལ་མཇལ་དར་ཕུལ་ཞིང་ས་གནས་སུ་གདན་འདྲེན་ཞུ་བཞིན་ཡོད་ལ། ཕྱི་དྲོའི་དུས་ཚོད་བཞིའི་ཐོག་སྐུ་གདུང་ཞུགས་འབུལ་ཞུ་རྒྱུ་དང་། དུས་ཚོད་དྲུག་པའི་ཐོག་གཟིམ་ཤག་ཏུ་འབྲས་སྤུངས་དགོན་པའི་དགེ་བཤེས་གཉིས་དབུ་བཞུགས་ཐོག་མི་མང་མཉམ་འཛོམས་ཀྱིས་སྨོན་ལམ་དང་ཚོགས་མཆོད་གནང་རྒྱུ་ཡིན་པའི་གནས་ཚུལ་མདོར་བསྡུས་སུ།
ཁ་བརྡ་དྲ་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
གཟིགས་མཁན་རྣམ་པར་དགོངས་དག་ཞུ་རྒྱུར། གོང་དུ་ཕྱི་དྲོའི་དུས་ཚོད་བཞིའི་ཐོག་སྐུ་ཕུལ་ཞུགས་འབུལ་ཞུ་རྒྱུ་དང་། ཞེས་པའི་སྐུ་ཕུལ་ཟེར་བ་དེ་ཡིག་ནོར་ཤོར་བ་ཡིན་པས། སྐུ་གདུང་ཞུགས་འབུལ་ཞེས་པར་ནོར་བཅོས་ཡོང་བ་དང་། གསར་འགྱུར་འདི་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པས་སྤེལ་བ་ལས་ངའི་མིང་ཐོག་ནས་མིན་པ་ཡང་དགོངས་འཇགས་ཞུ།
གསོན་པའི་ཚེ་ན་བདེན་པའི་མེ་ལྕེ་སྦར། །
གཤེགས་པའི་དུས་སུ་ཁྲག་དམར་བོད་ལ་ཕུལ། །
རྒྱལ་གཅེས་དཔའ་བོ་རེ་རེ་འགྱེལ་བའི་རྗེས། །
གངས་རིའི་སུལ་དུ་མྱ་ངན་རོལ་དབྱངས་འཁྲོལ། །
རྒྱ་བོད་འཁོན་པའི་བོད་རྗེའི་གཅེན་པོ་དང་། །ལྷ་མི་འཁོན་པའི་བར་ནས་སྐྱེས་པའི་མར། །རང་བཙན་འཁོན་རྩོད་གཉེར་བའི་དཔའ་བོ་འཁྲུངས། །སྐུ་གཤེགསའཁོན་ལན་ས་ཡ་དྲུག་གི་ཁུར། །གསོན་པའི་ཚེ་ན་བྱས་རྗེས་འདི་ཡིན་མེད། །ཤི་བའི་ཚེ་ན་གཞན་གྱིས་བསྟོད་མཁན་མེད། །མི་ལུས་དུད་འགྲོའི་ཁྱུར་ཚུད་བདག་ལྟ་བུ། །ཤི་གསོན་ཕན་གནོད་བྲལ་བར་ཞེ་རེ་སྐྱོ། །དཔའ་བོའི་ཁྲག་གིས་བྲིས་པའི་རི་མོ་ལ། །བདེན་པའི་མིག་ཟུང་གཡོ་བའི་གངས་ཅན་པ། །ཚེ་སྲོག་དྲོད་རླངས་འཐུལ་བ་འདི་བཞེས་ལ། །སྙིང་སྟོབས་ལ་རྒྱའི་ལུས་ཟུངས་རྒྱས་པར་མཛོད། །མ་བརྗེད་མ་བརྗེད་ཤ་ཁྲག་གཅིག་པའི་སྤུན། །མ་ཡེངས་མ་ཡེངས་དཔའ་བོའི་རྣམ་ཐར་ཉོན། །མ་གཡེལ་མ་གཡེལ་གང་གི་བཞེད་དོན་སྒྲུབས། །མ་ཉལ་མ་ཉལ་ཅིག་སྒྲིལ་དོན་ལ་འབོད། །
ཁོང་གི་སྐུ་གདུང་གི་མདུན་ནས་ཁོང་གི་སྲས་ཆུང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ལ་སོན་པ་ཞིག་ཡོད་པ་དེས་ཁོང་གིས་ཕ་དམ་པའི་ཕྱག་ལས་རྒྱུན་སྐྱོང་གིས་ཐེངས་འདིའི་གོམ་བགྲོད་དུ་ཞུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་སོང་ཟེར་བས། སྐད་འདི་ཐོས་མ་ཐག་ཏུ་ངའི་སྣང་བ་འགག་ཅིང་མིག་མཐའ་མཆི་མས་བསྐོར་ནས་ལུས་སོང་།
བོད་ཀྱ་མེས་དབོན་རྣམ་གསུམ་པ།
སྟག་མཚེར་དཔའ་བོའི་༸དཔའ་རྒོད་འཁྲུངས། །
སྟག་མཚེར་ཨ་ཕ་དཔའ་བོ་འཁྲུངས། །
སྟག་བུ་འཇིགས་མེད་ནོར་བུ་འཁྲུངས། །
སྟག་ཕྲུག་འཇིགས་མེད་དཔའ་ཕྲུག་འཁྲུངས། །
སྔར་གྱི་དུས་སུ་ཆོས་རྒྱལ་མེས་དབོན་འཁྲུངས། །
ད་ལྟའི་དུས་སུ་སྟག་མཚེར་མེས་དབོན་འཁྲུངས། །
མ་འོངས་རང་བཙན་བཟུང་བའི་མེས་དབོན་ཞིག །
མེས་དབོན་གསུམ་པ་འཁྲུངས་དུས་ཤར་སྲིད་དམ། །
བྱིས་པ་ལོ་བཅུ་གཅིག་ཅན་པོའི་སྐད་ཆ་འདིས་ངའི་མིག་མཐར་རང་དབང་མེད་པར་མིག་ཆུ་འཁྱིལ་བྱུང་ལ། ལམ་འགྲམ་དུ་སྐྱོད་བཞིན་པའི་རྒྱལ་གཅེས་པ་ཁོང་གི་འདྲ་པར་ཡང་མིག་ལམ་དུ་འཆར་བྱུང་། གང་ལྟར་སེམས་པ་སྐྱོ་ལྷང་ལྷང་།