མདོ་སྨད་སྤྱི་འཐུས༌ཀྱི་འོས་མི།
(དྲང་ཚུགས། ལྷག་བསམ། མཐོང་རྒྱ། ཉམས་མྱོང་།)
ཁོང་གི་ལོ་རྒྱུས་མདོར་བསྡུས།
ཁོང་གིས་བོད་ནང་དུ་གཞི་རིམ་སློབ་གྲྭ་ཆུང་འབྲིང་ཡོངས་སུ་འགྲིམས་མཐར་ཕྱིན་ཞིང་།ཐ་མར་ཕ་ཡུལ་གྱི་དངོས་ཡོད་འཚོ་བའི་དགོས་མཁོ་གཞིར་བཟུང་ནས་ཞིང་ལས་འཕྲུལ་ཆས་ཐོག་ཆེད་ལས་སློབ་མཐར་ཕྱིན། ཕྱི་ལོ༡༩༩༢ ལོར་ཁོང་དང་མདོ་སྨད་ཕྱོགས་ཀྱི་མཐོ་རིམ་སློབ་མ་ཁག་ཅིག་གིས་བོད་རང་བཙན་འཐབ་རྩོད་ཀྱི་གསང་བའི་ཚོགས་པ་བཙུགས་ཤིང་ལས་འགུལ་སྤེལ་བར་བརྟེན།ཁོང་གློ་བུར་དུ་རྒྱ་ནག་གཞུང་བདེ་སྲུང་ཉེན་རྟོག་རུ་ཁག་གིས་འཛིན་བཟུང་བྱས་པ་མ་ཟད་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་རྗེས།རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག་མི་ལོ་ཧྲིལ་བོ་བཅུ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད། འོན་ཀྱང་།༡༩༩༥ལོ་སྟེ་མི་ལོ་ཧྲིལ་བོ་བཞི་ཙམ་གྱི་བཙོན་མའི་དཀའ་སྡུག་ཁྲོད་ཁོང་གི་གཟུགས་གཞི་ཧ་ཅང་སྐྱོ་བོ་ཆགས་པར་བརྟེན་འབྲིང་རིམ་ཁྲིམས་ཁང་གིས་སྨན་བཅོས་ཀྱི་གན་རྒྱའི་འོག་གནས་སྐབས་རིང་ཀློད་དཀྲོལ་བཏང་།མི་ལོ་བཞིའི་བཙོན་ཁང་གི་འཚོ་བའི་ཁྲོད་ཁོང་གིས་མར་ལེ་རིང་ལུགས་ཀྱི་དངོས་གཙོ་རྩོད་སྒྲུབ་རིག་པའི་གཞུང་ལུགས་ཁག་དང་། བྱེ་བྲག་རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་དང་ཁྲིམས་ལུགས་སྐོར་ལ་སྦྱངས་བ་ནན་ཏན་བྱས་མྱོང་།
༡༩༩༨ ལོར་སླར་ཡང་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་པར་བརྟེན།རྒྱ་གར་དུ་ཕེབས་རྗེས་ཁོང་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དབྱིན་ཇིའི་ཤེས་ཡོན་ཞབས་ཞུ་ལྟེ་གནས་སུ་འཛུལ་ཞུགས་ཀྱིས་དབྱིན་ཡིག་ཐོག་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་ལག་འཁྱེར་ཐོབ།སྐབས་དེ་དག་ཏུ་ཁོང་གིས་མཁས་དབང་ཟླ་བ་ནོར་བུ་གཙོས་རྒྱལ་སྤྱིའི་ཐོག་གི་བོད་དང་རྒྱ་ནག་གི་ཆེད་ལས་མཁས་ དབང་མང་བོའི་མདུན་ནས་རྒྱལ་སྤྱིའི་ཆབ་སྲིད་དང་དམངས་གཙོའི་གནས་བབ་སྤྱི་དང་།བྱེ་བྲག་རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་བའི་སྐོར་གྱི་ཟབ་ཁྲིད་ཧ་ཅང་མང་བོ་ཐོབ།དེ་ནས་བཟུང་ཁོང་རང་ཉིད་ཀྱིས་བདམས་ཟིན་པའི་བགྲོད་ལམ་ཐོག་ཏུ་དམ་པོར་ལངས་ནས་བོད་མི་རིགས་ཀྱི་ཆེད་དུ་མདུན་སྐྱོད་ནམ་ཡང་མཚམས་འཇོག་མྱོང་མེད།དེ་མ་ཟད་ཁོང་གིས་ཆབ་སྲིད་བཙོན་མའི་མིང་སྙན་མོ་དེ་ཁུར་ ནས་ཕྱི་རྒྱལ་ཁག་ཏུ་སྐྱོད་ཆོག་ཆོག་ཡིན་ནའང་ཁོང་གིས་མུ་མཐུད་མི་རྐྱང་གི་འཚོ་བ་ངན་ངོན་ཞིག་རོལ་བཞིན།བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁོ་ནར་གཞོལ་བཞིན་པ་འདི་ཡང་རླབས་ཆེན་གྱི་བྱས་རྗེས་ཤིག་མ་རེད་དམ།
ཁོང་གི་སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་།
༡༩༩༢ལོར་བོད་ནང་དུ་མཐོ་རིམ་སློབ་མའི་(བོད་རང་བཙན་འཐབ་རྩོད་ཀྱི་གསང་བའི་ཚོགས་པ)་འཛུགས་མཁན་གཙོ་བོའི་གྲས་ཤིག་ཡིན་པ་མ་ཟད།རྒྱ་གར་དུ་ཕེབས་རྗེས་ཁོང་གིས་ལོ་ངོ་མང་བོར་རང་གཞུང་བདེ་སྲུང་ཉམས་ཞིབ་ཁང་གི་བོད་དང་རྒྱ་ནག་གི་འབྲེལ་ལམ་ཐོག་ཆེད་ལས་ཉམས་ཞིབ་མཁན་དང་། བོད་རྒྱ་དབྱིན་གསུམ་གྱི་ཡིག་སྒྱུར་བ་སོགས་རང་གཞུང་གི་ཤེས་ཡོན་སྲི་ཞི་དང་འབྲེལ་བའི་གཞུང་གི་ཞབས་ཞུ་ལོ་མང་བོའི་རིང་བསྒྲུབས་པར་བརྟེན།ཁོང་ལ་བོད་རྒྱ་ཆབ་སྲིད་ཀྱི་གནས་བབ་སྤྱི་དང་ལྷག་པར་བཙན་བྱོལ་གཞུང་གི་ཕྱི་ནང་གི་སྲིད་ཇུས་ཐད་རྒྱུས་མངའ་ཧ་ཅང་ཆེ།
དེ་བཞིན་ཁོང་གིས་དྭང་སློབ་བོད་དམག་སྒར་ཁང་གི་བོད་རྒྱ་གཉིས་ཀྱི་དགེ་རྒན་གྱི་ཕྱག་ལས་ལོ་མང་བོའི་རིང་གནང་བས་བོད་ཀྱི་གནད་ཡོད་འཐབ་རྩོད་མཁན་མང་བོ་དང་འབྲེལ་འདྲིས་གཏིང་ཟབ་ཡོདཔ་མ་ཟད།ལོ་ངོ་མང་བོའི་རིང་གཙོ་བོ་གཞི་རིམ་སློབ་མ་ཁག་དང་གཞོན་སྐྱེས་ཤེས་ཡོན་པ་ཚོར་འབྲེལ་འདྲིས་ཧ་ཅང་ཟབ་པས་སློབ་གྲྭ་མང་བོར་གཏམ་བཤད་དང་བགྲོ་གླེང་གང་མང་གི་ཁྲོད་དུ་ཆ་ཤ ས་མང་བོ་ལེན་མྱོང་ཡོད།
༢༠༡༠ལོར་འོས་ཤོག་གི་ལམ་ནས་ཁོང་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་དུ་བདམས་ཐོན་བྱུང་ལ།དེ་བཞིན་ད་ལྟའི་སྐབས་འདིར་ཁོང་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་།དུས་དེབ་དང་ཚགས་པརའདྲ་མིན།རླུང་འཕྲིན་དང་ཉམས་ཞིབ་སྡེ་ཚན་ཁག སྲིད་དོན་ལས་འགུལ་དང་བོད་དོན་བགྲོ་གླེང་སོགས་མདོར་ན་བོད་དང་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་མང་བོ འི་ཁྲོད་དུ་བོད་དོན་སྐོར་གྱི་གཏམ་བཤད་མཁན་དང་།བོད་རང་བཙན་འཐབ་རྩོད་མཁན་གྱི་གཞོན་སྐྱེས་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་རེད།
ཁོང་གི་ཤེས་ཡོན་དང་མཐོང་རྒྱ།
༢༠༠༣ལོ་ནས་བཟུང་ཁོང་གིས་རང་དབང་གི་དཔྱད་རྗོད་འབྲི་རྩོམ་དང་གཏམ་བཤད་སྤེལ་འགོ་བརྩམས་ནས་ད་བར་དུ་བོད་བོད་ཕྱི་ནང་གི་དྲ་རྒྱ་དང་དུས་དེབ་སོགས་མང་བོའི་ཐོག་ཏུ་དཔྱད་རྩོམ་དང་བསྒྱུར་རྩོམ་སོགས་བརྒྱ་ཕྲག་ལྷག་སྤེལ་མྱོང་ལ།དེ་ལ་བརྟེན་ནས་སྤྱི་ཚོགས་ཐོག་ཏུ་ཚ་ཚ་འུར་འུར་གྱིས་གླེང་སློང་དང་བོད་དོན་ཐོག་དོ་སྣང་གསར་ཞིག་སླེབས་པར་ཕན་ཐོགས་ཆེན་པོ་བྱུང་ཡོ ད།ད་དུང་ཨ་རིའི་ནན་སེ་པོ་ལོ་ལ་བོད་དོན་སྐོར་གྱི་སྙན་ཞུ་གནང་མཁན་གཙོ་བོའི་གྲས་གཅིག་ཀྱང་ཡིན་པ་རེད།
༢༠༠༧ ལོར་ཁོང་གིས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་བསྒྱུར་རྩོམ་དེབ་ཕྲེང་ལོ་(ནག་དང་བཤད་ཡམས་)་ཞེས་པར་བསྐྲུན་འགྲེམས་སྤེལ་བྱས་ཟིན་པ་དང་། ད་ལྟ་ཁོང་གིས་བོད་རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་ཀྱིས་བསྐུལ་བ་ལྟར་(ས་ཁྲ་དང་ས་ཁྲར་མི་ཤོངས་པའི་བོད་)ཟེར་བའི་བརྙན་དེབ་ཅིག་རྩོམ་སྒྲིག་བྱེད་བཞིན་ཡོད།
༢༠༠༩ལོར་ཁོང་གི་གོ་སྒྲིག་འོག་སིམ་ལར་(བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔའི་བསྐྱར་ཞིབ།)དང(ན་གཞོན་ཤེས་ཡོན་པ་འགན་འཁྲིའི་སྐོར་གྱི་ཚོགས་ཆེན)ཐེངས་དང་བསྡུས།གནས་ཚུལ་དེ་སྐབས་དེའི་གསར་འགོད་པ་དང་ཆབ་སྲིད་དཔྱད་རྗོད་པ་མང་བོས་དོ་སྣང་ཆེན་པོ་བྱེད་ཡུལ་དུ་གྱུར་ཡོད།
༢༠༡༢ལོར་༧་གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་(བོད་རང་བཙན་ཁྱབ་བསྒྲགས་གནང་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་)གྲ་སྒྲིག་གི་མི་སྣ་གཙོ་བོའི་གྲས་ཡིན་པ་དང་ད་དུང་འབྱུང་འགྱུར་བོད་རྒྱའི་ཆབ་སྲིད་སྐོར་ལ་དམིགས་གསལ་ཀྱི་ལས་དོན་གསར་བ་མང་བོ་ཞིག་གི་འཆར་གཞི་བཟོ་བཞིན་བཞུགས་ཡོད།
གོང་གསལ་གནད་དོན་འདི་དག་ལ་བརྟེན་ནས་མཐོ་རིམ་སློབ་གླིང་འདྲ་མིན་ན་ཡོད་པའི་གཤམ་གསལ་སློབ་མ་ང་ཚོས་ཁོང་ལ་རྒྱབ་སྐྱོར་དང་ཁོང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད་ཀྱི་ཚུལ་དུ་སྦྱར་བྱང་འདི་འགྲེམས་སྤེལ་བྱས་པ་ཡིན།
ང་ཚོ་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱེད་པར་ཕེབས་ཤོག
༡ དགེ་འདུན་རྒྱ་མཚོ། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ།
༢ ཤེས་རབ་རྡོ་རྗེ། ནེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ།
༣ གཅན་སྣང་བ་ཚེ་རིང་བཀྲ་ཤིས། ཀེ་རོ་རེའི་མཱ་མཐོ་རིམ་སློབ་གླིང་།
༤ སྦྲ་རིགས་ཐོགས་མེད། ཧིན་རྡི་གཙུག་ལག་སློབ་གླིང་།
༥ བསོད་ནམས་སྟོབས་ལྡན། ཝར་ན་མཐོ་རིམ་སློབ་གླིང་།
༦སྟག་འབུམ་རྒྱལ། སྭ་ར་མཐོ་རིམ་སློབ་གླིང་།
༧ བཀྲ་ཤིས་ལྷ་བརྟན། བྷེང་ལོར་སྤོ་སྒྲི་བཟོ་ཚོང་མཐོ་སློབ།
༨བསྟན་འཛིན་མེ་ཏོག མེ་སོར་གསར་འགོད་རིག་མཐོ་སློབ།
༩ བཀྲིས་སོན་འགྲུབ། ཤེས་རབ་དགའ་ཚལ་སློབ་གླིང་།
༡༠ ལྷ་མོ་མཚོ། ཅེན་ནཱ་ནོ་བཱ་མཐོ་རིམ་སློབ་གླིང་།
ང་ཚོའི་ཁ་པར་ཨང་གྲངས།
༩༡-༩༩༡༠༨༦༣༢༩༢
༩༡-༩༧༡༨༡༠༩༣༢༨
ང་ཚོའི་དྲ་ཐག་གཤམ་གསལ་ཡིན།
www.darig_thokmay.blogspot.com