རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་རྗིན་སི་མི་ཐིའི་སྐོར་གླེང་བ། Posted on 2011-02-182011-02-18 By ཁ་བརྡ་ 32 Comments on རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་རྗིན་སི་མི་ཐིའི་སྐོར་གླེང་བ། Dzongsar Khyentse Rinpoche Speaking about Gene Smith from Khyentse Foundation on Vimeo. གསར་འགྱུར།
གོང་དུ་མཁྱེན་བརྩེ་རིན་པོ་ཆེ། ཞེས་འབྲི་རོགས། མཁྱེན་བརྩེ་རིན་པོ་ཆེས་མཁས་དབང་ཁོང་གི་འདས་པའི་ལོ་རྒྱུས་དང་མི་གཤིས་ཀྱི་བྱུང་བ་བརྗོད་སྐབས། ཆག་རག་འདྲ་མཆོད་ཡོད་མདོག་མ་རེད། དེ་འདྲའི་མཛད་སྤྱོད་མཚར་བོ་ཞིག་གནང་གི་འདུག མཚམས་རེར་ར་བཟི་ཞིག་གི་བཟོ་འདུག མ་གཞི་རིན་པོ་ཆེ་ཁོང་མཚམས་རེར་གྲུབ་ཐོབ་ལྟ་བུ་དང་། མཚམས་རེར་སྨྱོན་པ་ལྟ་བུ། མཚམས་རེར་གྲྭ་བ་ལྟ་བུ། མཚམས་རེར་ཁྱིམ་པ་ལྟ་བུ་སོགས། མདོར་ན་ཁོང་རང་རེའི་གྲྭ་སྔགས་གཉིས་ཀྱི་སོ་མཚམས་སུ་བཞེངས་པའི་བླ་མ་སྙན་གྲགས་ཞིག་རེད། ལྷག་པར་དུ་ནུབ་ཕྱོགས་ཁུལ་དུ་མཚན་སྙན་ཆེན་པོ་ཡོད་པར་གྲགས།
ཆང་རག་མཆོད་ཡོད་པའི་མཛད་ཚུལ་དེ་འདྲ་མི་འདུག རིན་པོ་ཆེ་ཁོང་གི་གཤིས་ཀ་ཞིག་ཏུ། བླ་སྤྲུལ་གཞན་ལྟར་གྲུང་མདོག་གི་རྣམ་འགྱུར་སོགས་ལ་གོམས་པ་དེ་ཙམ་མེད། ངའི་བསམ་བློར་ཁོང་གིས་གཙོ་བོ་རྣམ་རྒྱུན་རྟོགས་ལྡན་གྲུབ་ཐོབ་ཞིག་གི་བཟོ་གནང་བ་མཐོང་མྱོང་།
མཁྱེན་བརྩེ་རིན་པོ་ཆེ་ཆང་རག་དང་ཐ་མག་ལ་གཏན་ནས་ཐུགས་མི་མཉེས་ཤིང་། མཁའ་འགྲོ་ལ་ཐུགས་ཤིན་ཏུ་མཉེས་ཚུལ་ཁོང་གི་ཞལ་སློབ་ཞིག་གི་ངག་ལས་ཐོས། འོན་ཀྱང་ཕྱི་སྨྱོ་ཚུལ་སྟོན་པ་ཙམ་ལས་དོན་དུ་སྒྲུབ་པ་ཉམས་ལེན། དམ་ཆོས་འཆད་སྤེལ། བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་སྤྲས་ཤ་སྟག་གནང་མཁན་གྱི་སྔགས་འཆང་ཞིག་ཡིན་པ་བདེན་ངེས་འདྲ།
ཁ་བརྡ་ཚང་ལ་ཆེད་ཞུ། ཁ་བརྡ་ནི་སྣ་ཚོགས་གླེང་སྟེགས་ཤིག་ཡིན་ཙང་དེ་ལ་དཔག་པའི་གདེངས་འཇོག་དང་ཡར་རྒྱས་འགྲོ་བཞིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ཀླུ་མཁར་བྱམས་ཀྱི་སྐོར་ནས་དྲང་མོ་ཞིག་ཁྱོན་ནས་གནང་གི་མི་འདུག དཔེར་ན། མཆན་གྱི་ནང་དུ་རྒྱབ་བསྐྱོར་མང་པོ་ཐོན་རྗེས་འགོག་ཀྱིན་པ་དང་། ཡང་ན། རྩོམ་གསར་ལ་མཆན་སྒོ་རྒྱག་པ་སོགས་གནང་གི་འདུག དེའི་རྒྱུ་མཚན་ཞིག་གསུངས་རོགས། ལུང་ཚན་མི་དྲག་ཚོས་གནོན་ཤུགས་ཡོང་བཞིན་ཡོད་པ་རེད་དམ། ཡང་ན། ཁ་བརྡ་དང་ལུང་ཚན་མི་དྲག་ཚོ་ཤོག་ཁག་གཅིག་ཡིན་པ་རེད། ཞེས་མདོ་སྨད་པ་ཀེ་ཏ་ཀ་ནས་གུས་གསོལ།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཟེར་བ་དེ། དངོས་ཉིད་གྲུབ་ཐོབ་ཞེས་ལས་ང་ཚོའི་ཚོད་དཔག་བྱེད་ཡུལ་དུ་བྲལ་བ་ཞིག་རེད། བྱས་ཙམ་མཚམས་འཇོག་བྱེད་ཐུབ་ན་བཟང།
དུས་བདུན་ཕྲག་གཉིས་གསུམ་སྔོན། ཚིགས་བཅད་གཤམ་གསལ་དེ་བྲིས་པ། ཆེད་དུ་བརྗོད་པའི་ཚོམས་སམ། ཆོས་ཀྱི་ཚིགས་སུ་བཅད་པ་ན་ཡོད་ནན་ཏན་མ་ངེས་ཀྱང་། དེ་རིང་བཙལ་ནས་རྙེད་པ་ནི། དུས་བརྒྱ་རབས་ཉི་ཤུ་པའི། དཔག་ཚོད་ཀྱིས། ལོ་བཅུ་རབས་སུམ་ཅུ་པར་མཁས་པའི་དབང་པོ། མདོ་སྨད་པ་དགེ་འདུ་ཆོས་འཕེལ་གྱིས། འདྲེན་པ་ཆེན་པོ་གནས་བརྟན། ཆོས་ཀུན་དགའི་ཞབས་དྲུང་དུ་ཞུས་ཏེ། སིང་ག་ལ་དཔལ་རལ་གྲིའི་རི་བོའི་དགོན་པར་བསྒྱུར་པ། ཆོས་ཀྱི་ཚིགས་སུ་བཅད་པ། མེ་ཏོག་གི་སྡེ་ཚན་སྟེ། ལེའུ་བཞི་པའི་ཚིགས་བཅད་བདུན་པ་ཡིན་པ་་སླར་ཡང་དགོད་པར་བྱ་སྟེ། རང་ཉིད་ཁོ་ནའི་བྱ་བ་དང་། བྱ་བ་མིན་ལ་བརྟག་བྱ་ཡིས། གཞན་གྱི་གོ་རིམ་ལོག་པ་དང་། བྱ་དང་བྱ་མིན་དག་ལ་མིན།། ཞེས་དང་། ཐེག་པ་ཆེན་པོའི་དབང་དུ་བྱས་ན། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་དགུ་པ། ཚིགས་བཅད་ཉེར་གསུམ་པ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། གལ་ཏེ་དབང་པོ་འདི་དག་ཚད་ཡིན། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིགས་བྱ།། ལུང་འདི་རྗེ་བདག་ཉིད་ཆེན་པོས། བྱང་ཆུབ་ལམ་རིམ་ཆེན་མོར་དྲངས་པར་མཛད། ལམ་རིམ་དེབ་གཟུགས་མ་ཤོག་གྲངས། ༥༨༡ ནའོ། །
༄། རྗེ་བཙུན་མི་ལས། བླ་མའི་མཚན་ཉིད་བརྒྱུད་པ་ལྡན།རང་བཟོ་བྱེད་ན་རྨོང་བ་ཡིན་གསུངས། རས་ཆོས་དང་ཐུབ་ཆོས་སུ་མ་སོང་བ་གལ་ཆེ།.
ཁྱེད་ཚོར་སྙིང་རྗེ། ལས་མ་དག་པས་སྣང་བ་མ་པ་སྣང་བ་རང་རེད། རྫོགས་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་དུས་ངན་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། རིས་མེད་ཀྱི་བསྟན་འཛིན་གོང་མའི་རྣམ་ཐར་ཚུལ་བཞིན་སྐྱོང་མཁན་ཞིག་ལས་ཁྱེད་ཚོས་མཐོང་བ་ལྟར་མིན་ པར་འཛམ་གླིང་རྒྱལ་ཁབ་ཁག་ལ་ཡོང་གྲགས་རེད། སྡིག་པ་མ་བསགས་ལོ། ཕྲག་དོགས་མ་བྱེད་ལོ།
འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་དུས་ངན་འདིར་མཁས་གྲུབ་གཉིས་ལྡན་གྱི་རིས་མེད་བསྟན་པ་འཛིན་པའི་སྐྱེས་བུ་དམ། སྐུ་གོང་མའི་རྣམ་ཐར་ཚུལ་བཞིན་སྐྱོང་མཁན་ཞིག་ཡིན་པར་ཡོངས་གྲགས་རེད། ཕྲག་དོགས་དབང་གིས་ལས་ངན་མ་བསགས་ལོ།
རྫོངས་གསར་མཁྱེན་བརྩེ་རིན་པོ་ཆེ་འདི་ཉིད། དགེ་སློང་ཡིན་མིན་གླེང་དགོས་པའི་གནད་དོན་འདི་ཆུང་ཆུང་ཅིག་མ་རེད། ཡང་ན་དགེ་སློང་ཡིན་པ་ཁུངས་བསྐྱལ་དགོས་དང་། ཡང་ན་སྔགས་འཆང་གཉིས་ལས་མི་གཅིག་ཉིད་གཉིས་ཀ་དུས་གཅིག་ལ་ཡོང་མི་སྲིད་པས། དེ་ཡིན་མིན་གསལ་སྟོན་ཅིག་བྱུང་ན། ཀུན་ལ་ཕན་པ་ལས་གནོད་མི་སྲིད། འདུལ་བསྟན་ཡུན་རིང་གནས་འགྱུར་ཅིག །
ཁོང་གིས་པེ་ཅིན་མི་རིགས་སློབ་ཆེན་དུ་འཆད་ཁྲིད་བྱས་པ་ཞིག་འོད་སྡེར་ལས་མཐོང་སོང་། ཧ་ཅང་ཡག་པོ་རེད་བསམ་མྱོང་།
ལོང་བས་གླང་ཆེན་གྱི་གཟུགས་ལ་ཚད་འཇལ་མ་བྱེད་ན་ལེགས་པར་སྣང་། དེང་སང་དྲྭ་ཐོག་ཏུ་བླ་ཆེན་མི་ཆེན་ཡོད་ཚད་ལ་དོན་མེད་ཀྱི་ཁ་གཏོང་ལུགས་ཤིག་རྒྱུན་འབྱམས་སུ་ཆགས་འདུག་པ་འདིས་རང་རེ་བོད་མིའི་རྐང་འདྲེན་ཞིག་ཏུ་བརྩི་ཆོག བླ་མ་ནི་བོད་དང་བོད་མི་སྒེར་གྱི་བླ་མ་ཞིག་མིན་པར་སྐལ་ལྡན་གྱི་གདུལ་བྱ་ཡོད་ཚད་ཀྱི་རེད། བཀའ་བསྟན་ནི་རང་རེ་བོད་དང་བོད་མི་སྒེར་པ་ཞིག་གི་ཆེད་དུ་མིན་པར་གནོད་ལྡན་གྱི་གདུལ་བྱ་ཡོད་ཚད་ཀྱི་རེད། འདི་དག་ལ་གུ་ཡངས་ཀྱིས་བསམ་གཞིག་རེ་གནང་ཚེ་ཨ་སྒོར་དང་བཀའ་བསྟན་བརྗེ་བ་སོགས་ལས་འཕྲོས་པའི་དོན་མེད་ཀྱི་ཀླན་རྣམས་མི་ཡོང་བ་ཞིག་ཡིན་རུང་། མང་པོ་ཞིག་གིས་སྣང་བ་གང་ཤར་ངང་བཤད་ཀྱང་གནང་བ་རེད། བླ་མའི་མཛད་སྤྱོད་ཅི་འདྲ་ཞིག་མཛད་ཀྱང་སོ་སྐྱེ་བྱིས་པའི་སྤྱོད་ཡུལ་མ་ཡིན་སྟབས། སྟོན་པ་དོན་ཀུན་གྲུབ་པའི་ཞལ་སྔ་ནས། གང་ཟག་གི་ཚད་གང་ཟག་གིས་མི་གཟུང་། གལ་ཏེ་བཟུང་ན་ཉམས་པར་གྱུར་ཏ་རེ། གསུངས་པའི་དོན་ཡང་འདི་འདྲ་ཞིག་ལ་དགོངས་པ་ལོས་ཡིན། ད་དུང་ཆོས་ཀྱི་ཚིགས་སུ་བཅད་པ་ལས། རང་ཉིད་ཁོ་ནའི་བྱ་བ་དང་།། བྱ་བ་མིན་ལ་བརྟག་བྱ་ཡིས།། གཞན་གྱི་གོ་རིམ་ལོག་པ་དང་།། བྱ་དང་བྱ་མིན་དག་ལ་མིན།། ཞེས་གསུངས་མི་འདུག་གམ། དེར་མ་ཟད། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ཞེས་གསུངས་པ་ལ་བརྟགས་ན། ང་ཚོ་ལྟ་བུའི་བློ་མ་དག་པའི་དྲི་མས་བསླད་པ་ཞིག་གིས་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད། སྣ་ཡིས་ཚོར་ཚད་དང་ལྕེ་ཡི་མྱོང་ཚད། མདོར་ན་ཡིད་ཀྱིས་བསམ་ཚད་མཐའ་དག་ཀྱང་མ་དག་པའི་སྣང་བ་འབའ་ཞིག་ལས་མ་འདས་པར་འདུག་པས། མདོར་ན། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས། ཨོ་རྒྱན་ང་དང་རྗེ་འབངས་རྣམས༔ བོད་འབངས་སྐྱོབ་ཕྱིར་ཡུལ་མི་དང་༔ རྒྱལ་པོ་དམག་དཔོན་བུད་མེད་དང་༔ ཤན་པ་གཤེད་མ་རྔོན་པ་སོགས༔ ཆ་ལུགས་དུ་མའི་གཟུགས་སྤྲུལ་ནས༔ འགྲོ་བའི་དོན་ལ་བརྩོན་པར་བྱེད༔ དེ་ཕྱིར་ཡོངས་ལ་དག་སྣང་གྱིས༔ བཟང་ངན་ཐམས་ཅད་བཏང་སྙོམས་ཞོག༔ ཅེས་གསུངས་པ་འདི་རང་ཅག་གངས་ཅན་པ་ཚོའི་སྙིང་དབུས་སུ་འཇོག་དགོས་པའི་ཞལ་གདམས་གནད་དུ་སྨིན་པ་ཞིག་འདུག་ན། དེ་བཞིན་ཐུགས་དབྱིངས་སུ་བསྟིམ་པར་ཞུ། དོན་མེད་བླ་མའི་མཛད་སྤྱོད་ལ་འདི་འདྲ་དང་དེ་འདྲ་ཞེས་རང་རང་སོ་སོའི་སྣང་བ་གང་རིག་དང་བློ་ལ་གང་འཆར་ཞིག་བཤད་ན་ཁ་སྡིག་བསག་རྒྱུ་ལས་གཞན་ཅི་ཞིག་ཡོད། སྔོན་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། བོད་གངས་ཅན་ལྗོངས་སུ་བྱོན་པའི་བན་བོན་གྱི་མཁས་གྲུབ་དམ་པ་ཚོའི་མཛད་རྣམ་ལ་གཟིགས་དང་། ང་ཚོའི་བློ་ཡུལ་ལས་འདས་པ་ཤ་སྟག་རེད་འདུག་གོ། ལར་སོ་སོའི་ཐུན་མིན་གྱི་སྣང་ཚུལ་སྣ་ཚོགས་རེ་ཡོད་ཙང་། འདི་ཡིན་དང་དེ་མིན་གྱི་ཁ་མཚམས་གཅོད་དཀའ་བས། འཇིག་རྟེན་རྒན་པོའི་ངག་དཔེར་ཡང་། དད་པ་མེད་ཀྱང་ལོག་ལྟ་མ་བྱེད།། ཕན་ཐོགས་མེད་ཀྱང་གནོད་པ་མ་རྩོམ།། དགེ་བ་མེད་ཀྱང་སྡིག་པ་མ་གསོག། བསྟོད་པ་མེད་ཀྱང་སྨོད་ཚིག་མ་བོར།། ཞེས་གནད་དོན་ཟབ་པའི་བཤད་སྲོལ་ཞིག་ཡོད་པ་མ་ཡིན་ནམ། མ་གཞི་བཤད་སྲོད་ཡོད་པའི་ཁ་དཔེ་ནི་རང་རེ་སུ་ལའང་འདྲེན་རྒྱུ་མང་མོད། ལག་ལེན་དུ་བསྟར་རྒྱུ་འདི་རང་གཞན་སུ་ལའང་ཧ་ཉུང་བས་དོན་ཐོག་ཏུ་འཁེལ་བར་དཀའ་འོ།།
ང་རབ་འབྱམས་པ་བསྟན་པ་ལ་ཤ་ཚ་དྲགས་པ་མིན་འགྲོ མགོ་རིལ་བཟོས་ནས་གྲྭ་ཆས་གོན་མཁན་གྱི་སྔགས་གཟུགས་དེ། རྒྱལ་བ་ཚངས་དབྱངས་རྒྱ་མཚོས། སྐྱ་མིན་སེར་མིན་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པ་ཅིག་གསུངས་པ་དྲན། རང་རང་ཆོས་ལུགས་སོ་སོའི་ཆོས་ལུགས་ལ་ཞེན་པ་དཀར་པོ་ཡོད་ན། གོས་དཀར་ལྕང་ལོ་ཅན་དང་། འདུལ་བ་རིག་པ་འཛིན་པ་གཉིས་ངོ་ཤེས་པའི་སྒོ་ནས་དག་སྣང་སྦྱོང་དགོས་ཀྱིས། དེ་མིན་ཉིན་ཅིག་སྔར་གྱི་དད་པ་ལས་ཕྱིས་ཀྱི་དད་ལོག་ཆེ་བ་ཅིག་འཁྱེར་ནས་འཆི་བར་འགྲོ་དགོས་དུས་ཕྱིས་དྲགས་པ་མ་རེད་པེ།
ཀརྡོ་རབ་འབྱམས་པ་ལགས། སྤྱིར་བཏང་ཕྱི་སོ་ཐར་གྱི་འདུལ་བ་འཛིན་པ་དང་། ནང་བྱང་སེམས་ཀྱི་བསླབ་པ་འཛིན་པ། གསང་བ་སྔགས་ཀྱི་རིག་པ་འཛིན་པ་རྣམས་སོ་སོར་ངོ་འཕྲོད་ཐུབ་པའི་རྣམ་དཔྱོད་ཀྱི་རྩལ་ཞིག་ཡོད་ན་དག་སྣང་སྦྱོང་བའི་ངལ་བ་ལ་བརྟེན་དགོས་དོན་མེད་ཀྱང། རང་རེ་རྣམས་ལ་དེ་འདྲའི་ཤེས་རབ་ཅིག་མེད་པས་ལན། མཁས་གྲུབ་གོང་མ་ཚོས་ཀུན་ལ་དག་སྣང་སྦྱོངས་ཤིག་ཅེས་ནན་ཏན་གྱིས་གསུངས་འདུག་པས། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལྟ་བུ་མཁས་དང་གྲུབ་པའི་ས་མཐོར་གཤེགས་པ་དང་ཁྱེད་གཉིས་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པ་ཞིག་ཡིན་ན་སྐྱབས་སུ་མཆིས། དེ་མིན་བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་ལ་ཚད་འཇལ་བྱེད་སྟངས་དེ་ལྐུགས་པ་ཨུ་ཚུགས་ལས་ཤེས་རབ་མཆོག་ལྡན་གྱི་འགྲོ་སྟངས་ཤིག་མིན་པ་ནི་མཁྱེན་པར་ངེས།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
ང་བོད་ཀྱི་ནང་ཆོས་དད་ལྡན་གཅིག་གིས། ཕ་གྲྭ་པ་རྫུན་མ། བུ་སྤྲུལ་སྐུ་རྫུན་མ་བཟོ་མཁན་མཐོང་བྱུང་བས། ནང་པ་མ་ཡིན་མཁན་ཅིག་ཡིན་ན་ཡང་། གྲྭ་པ་མིན་ན་གྲྭ་ཆས་བཞག་ན། མཛེས་པར་མི་མཐོང་ངམ། འདྲ་རྒྱ་འདིའི་ནང་ལ་ཡང་། དད་མེད་ཚོས་ངར་སའི་གཞི་བསྐྲུན་མཁན་དང་། འདུལ་བ་དང་མི་མཐུན་པའི་གྲྭ་པ་བཟོ་རྒྱུ་རྒྱལ་བ་རྡོ་རྗེ་ལ་ཡང་དབང་ཆ་ཨ་ཡོད། སོམས་ཤིག་རིགས་ཀྱི་བུ་ཚོས།
འོ་ཛི། ད་ཡིན་ན་ཀརྡོ་རབ་འབྱམས་པས་གཤིན་རྗེ་ཆོས་རྒྱལ་སྐུ་དངོས་ཡིན་པའི་སྐད་ཆ་འདྲ་འཆད་ཀྱིན་འདུག རྒྱུ་འབྲས་ཚད་འཇལ་སྟངས་ལ་མ་འཕྱུགས་ལོ། སྣང་ཚུལ་དབང་བཙན་དུ་བྱས་ན་དོན་ལ་གོལ་ས་མང་པོ་ཡོད་རེད་ད།
ངས་རྫོང་གསར་རིན་པོ་ཆེ་གྲྭ་པ་མ་རེད། ལབ་རྒྱུ་མ་བྱུང་གདའ། གོང་གི་མཆན་འགོད་པ་ཅིག་གིས་ཐ་མག་ཆང་རག་ལ་མི་མཉེས་ཀྱང་། མཁའ་འགྲོ་ལ་མཉེས་ཚུལ་ལས་ཕྲོས་པ་རེད། ཁོང་མཁའ་འགྲོ་ལ་མཉེས་ཀྱང་། ཁོང་དགེ་སློང་ཡིན་པ་ལ་ཐེ་ཚོམ་མི་དགོས་པའི་ཚུལ་ཅིག་འདིར་ཁ་བརྡར་དྲོངས་དང་། ཤར་སྣང་། ནུབ་སྣང་། དག་སྣང་ཚང་མ་ཚང་པ་རེད། ང་ཚོ་འདིར་དགོས་རྒྱུ་འདི་ལས་གཞན། ཆོས་བཤད་བྱས་པའི་སུ་ལ་ཕན་ནམ།
ཨ་ཁ། ཁ་ཞེ་དྲག་མ་གཏོང་། ལས་མ་དག་པ། ད་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་རོགས། མ་གཞི་ནས་ཁོང་འདིར་སུས་འཁྲིད་ཡོང་བ་རས། དོན་མེད་གང་ས་གང་ལ་གདན་དྲངས་ན་ཉོ་ཆ་བཟེད་དང་བཟེད། བླ་མ་ཇི་ཡིན་ཁོང་རང་ལ་གསལ་ཤོས་རེད། ང་ཚོས་འདྲ་མ་འདྲའི་ཚོད་དཔག་བྱེད་རྒྱུ་མེད།
རང་ཁ་རང་ལ་བསྐོར་བའི་བསམ་གཞིག་དང་།། རང་དྲིན་རང་ལ་ཆེ་བའི་མནོ་བསམ་རེ།། རང་གིས་རང་ལ་གཏོང་བ་བརྗེད་གྱུར་ནས།། རང་མིན་གཞན་སྐྱོན་གླེང་ན་སྨྱོན་པ་རེད།། བདེན་རྫུན་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།། ལེགས་ཉེས་རང་ངོ་འཕྲོད་པའི་ཤེས་རབ་རྩལ།། མེད་ཀྱང་ཡོད་པའི་ངང་ཚུལ་འཛིན་བྱས་ཏེ།། མཐོ་དམན་ཀུན་ལ་གཤེ་བའང་སྨྱོན་པ་རེད།།
མཁས་དབང་དང་བླ་སྤྲུལ་མཚན་སྙན་ཅན་གྱི་གཞས་པ་དང་ཚང་པ་སོགས་ལ་མཚན་སྨོད་བྱེད་པ་དང་གནས་ལུགས་མི་མཐུན་པའི་གཏམ་འཆར་བཤད་པའི་སྐབས་འདིར་ཁ་ཡོད་ལག་ཡོད་ཀྱི་སྟོན་པ་དང་སེམས་ཅན་ལ་ཕན་ཐོག་པའི་སྐྱེས་བུ་ཆེན་པོ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་དྲ་གྲོགས་མཁྱེན་ལྡན་རྣམས་ཀྱི་སྐུར་བ་དང་ཁ་མ་གཏོང་རོགས་ཞུ། གང་ཡིན་ཟེར་ན། སྐྱེས་བུ་ཆེན་པོ་ཁོང་གི་བཀའ་དྲིན་ནི་ང་ཚོས་ནམ་ཡང་གཞལ་མི་ནུས། ཁོང་ནི་གཞིས་བྱས་གཉིས་ཀྱི་བླ་ཆེན་དང་མི་ཆེན་རྣམས་ཀྱི་ཁྲོད་ནས་བྱ་བཞག་ཆེ་ཤོས་ཀྱི་གྲས་ཞིག་ཡིན། ཡིན་པ་དེ་ཡང་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་གདན་ས་དང་གྲྭ་ཚང་སློབ་གྲྭ་སོགས་ལ་ཁོང་གི་ཞལ་སློབ་རྣམས་ཀྱི་ནང་རིག་གཙོས་པའི་བོད་ཀྱི་རིག་གཞུང་སོགས་གཅེས་ཉར་དང་འཆད་འཁྲིད་བྱེད་བཞིན་ཡོད་རེད། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཚགས་ཚུད་ཡོང་བ་འདི་མཁྱེན་བརྕེ་རིན་པོ་ཆེའི་བཀའ་དྲིན་ཡིན་པ་ནི་རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གིས་རྣམ་ཐར་ལ་བལྟོས་དང་མཁྱེན་ངེས་ཡིན།
མཁྱེན་བརྩེ་རིན་པོ་ཆེ་ནི་རང་གི་མི་གཤིས་དེ་ལས་འདས་པའི་གཡོ་སྒྱུའི་མཛད་སྤྱོད་གནང་མཁན་དེ་འདྲ་མ་མཐོང་། དེང་སྐབས་གཟུགས་སྐྱེ་བ་ཟེར་དུས་མཛེས་མ་འཁྲབ། བཀའ་སྡོམ་པ་ཟེར་དུས་འདུལ་འཛིན་ཟེར། ཤུགས་དཔུང་པ་བཤད་དུས་འབྱོར་བ་ངོམས། བཙན་པོ་བཤད་དུས་དཔུང་པ་འཕུར། དོན་ངོ་མ་མི་རྗེས་རྒྱུགས་མཁན་ཁྱི་ལྡོམ། རང་ཉིད་ཁྱི་ཡིན་པ་མི་ཤེས་མཁན་དེ་ཚོས་མཛད་སྤྱོད་ལས་ཡོངས་སུ་འདས་འདུག
མཁས་པའི་སྐར་ཚོགས་ཀྱི་དཀྱིལ་ནས་ཟླ་བ་བུ་ཁོང་ལ་ང་ཚོས་ནམ་ཡང་ཁ་གཏོང་མི་རིག གང་ཡིན་ཟེར་ན། འཆིང་བ་ཀུན་ལྡན་བྱིས་པ་ང་ཚོ་ལྟ་བུའི་བླ་མའི་མཛད་པ་དང་འཕྲིན་ལས་རྟོགས་མི་ཐུབ། རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་བིར་ཝ་པ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་འབྲུག་པ་ཀུན་ལེགས་སོགས་ཀྱི་རྣམ་ཐར་ལ་གཟིགས་དང་མཁྱེན་ངེས་ཡིན། མཁྱེན་བརྕེའི་དབང་པོ་ཡེ་ཤེས་སྒྱུར་འཕྲུལ་གར། ཆོས་ཀྱི་བློ་གྲོས་གསང་གསུམ་སྤྲུལ་པའི་སྐུ། འཇམ་དབྱངས་མཁྱེན་བརྕེ་ཐུབ་བསྟན་རྒྱ་མཚོ་ཡི། ཞབས་པད་བརྟེན་ཅིང་འཕྲིན་ལས་རྒྱས་རྒྱུ་ཅིག
དབྱིན་བོད་ཚིག་མཛོད་དུ་འདི་ལྟར་བཀོད་འདུག _____________________ B.A. ཐུན་མོང་གཙུག་ལག་སློབ་ཐོན། M.A. (གཙུག་ལག།)སྒྱུ་རྩལ་སློབ་དཔོན།
ཆོས་དང་འཇིག་རྟེན་གཉིས་ཀའི་ཕ་རོལ་ཏུ་ཕྱིན་པའི་མཁྱེན་བརྩེ་རིན་པོ་ཆེ། ཁོང་གིས་གང་གནང་ན་ཡང་སྦ་གསང་མེད་ཅིང་། བསྟན་པ་ལ་ཐུགས་དབྱིངས་ཆེ།
གོང་དུ་མཁྱེན་བརྩེ་རིན་པོ་ཆེ། ཞེས་འབྲི་རོགས། མཁྱེན་བརྩེ་རིན་པོ་ཆེས་མཁས་དབང་ཁོང་གི་འདས་པའི་ལོ་རྒྱུས་དང་མི་གཤིས་ཀྱི་བྱུང་བ་བརྗོད་སྐབས། ཆག་རག་འདྲ་མཆོད་ཡོད་མདོག་མ་རེད། དེ་འདྲའི་མཛད་སྤྱོད་མཚར་བོ་ཞིག་གནང་གི་འདུག མཚམས་རེར་ར་བཟི་ཞིག་གི་བཟོ་འདུག མ་གཞི་རིན་པོ་ཆེ་ཁོང་མཚམས་རེར་གྲུབ་ཐོབ་ལྟ་བུ་དང་། མཚམས་རེར་སྨྱོན་པ་ལྟ་བུ། མཚམས་རེར་གྲྭ་བ་ལྟ་བུ། མཚམས་རེར་ཁྱིམ་པ་ལྟ་བུ་སོགས། མདོར་ན་ཁོང་རང་རེའི་གྲྭ་སྔགས་གཉིས་ཀྱི་སོ་མཚམས་སུ་བཞེངས་པའི་བླ་མ་སྙན་གྲགས་ཞིག་རེད། ལྷག་པར་དུ་ནུབ་ཕྱོགས་ཁུལ་དུ་མཚན་སྙན་ཆེན་པོ་ཡོད་པར་གྲགས།
ཆང་རག ཅེས་བཅོས།
མཁྱེན་བརྩེ་རིན་པོ་ཆེ་ཐུགས་ཤིན་དུ་སྐྱོ་བའི་རྣམ་པ་ལས་ཆང་རག་མཆོད་པའི་རྣམ་པ་མཐོང་མ་སོང་།
ཆང་རག་མཆོད་ཡོད་པའི་མཛད་ཚུལ་དེ་འདྲ་མི་འདུག རིན་པོ་ཆེ་ཁོང་གི་གཤིས་ཀ་ཞིག་ཏུ། བླ་སྤྲུལ་གཞན་ལྟར་གྲུང་མདོག་གི་རྣམ་འགྱུར་སོགས་ལ་གོམས་པ་དེ་ཙམ་མེད། ངའི་བསམ་བློར་ཁོང་གིས་གཙོ་བོ་རྣམ་རྒྱུན་རྟོགས་ལྡན་གྲུབ་ཐོབ་ཞིག་གི་བཟོ་གནང་བ་མཐོང་མྱོང་།
མཁྱེན་བརྩེ་རིན་པོ་ཆེ་ཆང་རག་དང་ཐ་མག་ལ་གཏན་ནས་ཐུགས་མི་མཉེས་ཤིང་། མཁའ་འགྲོ་ལ་ཐུགས་ཤིན་ཏུ་མཉེས་ཚུལ་ཁོང་གི་ཞལ་སློབ་ཞིག་གི་ངག་ལས་ཐོས། འོན་ཀྱང་ཕྱི་སྨྱོ་ཚུལ་སྟོན་པ་ཙམ་ལས་དོན་དུ་སྒྲུབ་པ་ཉམས་ལེན། དམ་ཆོས་འཆད་སྤེལ། བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་སྤྲས་ཤ་སྟག་གནང་མཁན་གྱི་སྔགས་འཆང་ཞིག་ཡིན་པ་བདེན་ངེས་འདྲ།
ཁ་བརྡ་ཚང་ལ་ཆེད་ཞུ།
ཁ་བརྡ་ནི་སྣ་ཚོགས་གླེང་སྟེགས་ཤིག་ཡིན་ཙང་དེ་ལ་དཔག་པའི་གདེངས་འཇོག་དང་ཡར་རྒྱས་འགྲོ་བཞིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ཀླུ་མཁར་བྱམས་ཀྱི་སྐོར་ནས་དྲང་མོ་ཞིག་ཁྱོན་ནས་གནང་གི་མི་འདུག དཔེར་ན། མཆན་གྱི་ནང་དུ་རྒྱབ་བསྐྱོར་མང་པོ་ཐོན་རྗེས་འགོག་ཀྱིན་པ་དང་། ཡང་ན། རྩོམ་གསར་ལ་མཆན་སྒོ་རྒྱག་པ་སོགས་གནང་གི་འདུག དེའི་རྒྱུ་མཚན་ཞིག་གསུངས་རོགས། ལུང་ཚན་མི་དྲག་ཚོས་གནོན་ཤུགས་ཡོང་བཞིན་ཡོད་པ་རེད་དམ། ཡང་ན། ཁ་བརྡ་དང་ལུང་ཚན་མི་དྲག་ཚོ་ཤོག་ཁག་གཅིག་ཡིན་པ་རེད།
ཞེས་མདོ་སྨད་པ་ཀེ་ཏ་ཀ་ནས་གུས་གསོལ།
དགོངས་དག ངེད་ཀྱི་བོད་ཡིག་གི་དག་ཆ་སྐྱོ་རུ་འགྲོ་གི་འདུག
ནོར་བ་དེ་བཅོས་ཡོད་། ཐུགས་རྗེ་ཆེ།
ཁོང་ལ་རིག་མ་ཡོད་ལུགས་གོ་མ་མྱོང་།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཟེར་བ་དེ། དངོས་ཉིད་གྲུབ་ཐོབ་ཞེས་ལས་ང་ཚོའི་ཚོད་དཔག་བྱེད་ཡུལ་དུ་བྲལ་བ་ཞིག་རེད། བྱས་ཙམ་མཚམས་འཇོག་བྱེད་ཐུབ་ན་བཟང།
དུས་བདུན་ཕྲག་གཉིས་གསུམ་སྔོན། ཚིགས་བཅད་གཤམ་གསལ་དེ་བྲིས་པ། ཆེད་དུ་བརྗོད་པའི་ཚོམས་སམ། ཆོས་ཀྱི་ཚིགས་སུ་བཅད་པ་ན་ཡོད་ནན་ཏན་མ་ངེས་ཀྱང་། དེ་རིང་བཙལ་ནས་རྙེད་པ་ནི། དུས་བརྒྱ་རབས་ཉི་ཤུ་པའི། དཔག་ཚོད་ཀྱིས། ལོ་བཅུ་རབས་སུམ་ཅུ་པར་མཁས་པའི་དབང་པོ། མདོ་སྨད་པ་དགེ་འདུ་ཆོས་འཕེལ་གྱིས། འདྲེན་པ་ཆེན་པོ་གནས་བརྟན། ཆོས་ཀུན་དགའི་ཞབས་དྲུང་དུ་ཞུས་ཏེ། སིང་ག་ལ་དཔལ་རལ་གྲིའི་རི་བོའི་དགོན་པར་བསྒྱུར་པ། ཆོས་ཀྱི་ཚིགས་སུ་བཅད་པ། མེ་ཏོག་གི་སྡེ་ཚན་སྟེ། ལེའུ་བཞི་པའི་ཚིགས་བཅད་བདུན་པ་ཡིན་པ་་སླར་ཡང་དགོད་པར་བྱ་སྟེ།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡིས།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
ཞེས་དང་། ཐེག་པ་ཆེན་པོའི་དབང་དུ་བྱས་ན། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་དགུ་པ། ཚིགས་བཅད་ཉེར་གསུམ་པ།
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།
གལ་ཏེ་དབང་པོ་འདི་དག་ཚད་ཡིན།
འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིགས་བྱ།།
ལུང་འདི་རྗེ་བདག་ཉིད་ཆེན་པོས། བྱང་ཆུབ་ལམ་རིམ་ཆེན་མོར་དྲངས་པར་མཛད། ལམ་རིམ་དེབ་གཟུགས་མ་ཤོག་གྲངས། ༥༨༡ ནའོ། །
༄། རྗེ་བཙུན་མི་ལས། བླ་མའི་མཚན་ཉིད་བརྒྱུད་པ་ལྡན།རང་བཟོ་བྱེད་ན་རྨོང་བ་ཡིན་གསུངས།
རས་ཆོས་དང་ཐུབ་ཆོས་སུ་མ་སོང་བ་གལ་ཆེ།.
ཁྱེད་ཚོར་སྙིང་རྗེ། ལས་མ་དག་པས་སྣང་བ་མ་པ་སྣང་བ་རང་རེད། རྫོགས་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་དུས་ངན་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། རིས་མེད་ཀྱི་བསྟན་འཛིན་གོང་མའི་རྣམ་ཐར་ཚུལ་བཞིན་སྐྱོང་མཁན་ཞིག་ལས་ཁྱེད་ཚོས་མཐོང་བ་ལྟར་མིན་
པར་འཛམ་གླིང་རྒྱལ་ཁབ་ཁག་ལ་ཡོང་གྲགས་རེད། སྡིག་པ་མ་བསགས་ལོ། ཕྲག་དོགས་མ་བྱེད་ལོ།
འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་དུས་ངན་འདིར་མཁས་གྲུབ་གཉིས་ལྡན་གྱི་རིས་མེད་བསྟན་པ་འཛིན་པའི་སྐྱེས་བུ་དམ། སྐུ་གོང་མའི་རྣམ་ཐར་ཚུལ་བཞིན་སྐྱོང་མཁན་ཞིག་ཡིན་པར་ཡོངས་གྲགས་རེད། ཕྲག་དོགས་དབང་གིས་ལས་ངན་མ་བསགས་ལོ།
རྫོངས་གསར་མཁྱེན་བརྩེ་རིན་པོ་ཆེ་འདི་ཉིད། དགེ་སློང་ཡིན་མིན་གླེང་དགོས་པའི་གནད་དོན་འདི་ཆུང་ཆུང་ཅིག་མ་རེད། ཡང་ན་དགེ་སློང་ཡིན་པ་ཁུངས་བསྐྱལ་དགོས་དང་། ཡང་ན་སྔགས་འཆང་གཉིས་ལས་མི་གཅིག་ཉིད་གཉིས་ཀ་དུས་གཅིག་ལ་ཡོང་མི་སྲིད་པས། དེ་ཡིན་མིན་གསལ་སྟོན་ཅིག་བྱུང་ན། ཀུན་ལ་ཕན་པ་ལས་གནོད་མི་སྲིད། འདུལ་བསྟན་ཡུན་རིང་གནས་འགྱུར་ཅིག །
ཁོང་གིས་པེ་ཅིན་མི་རིགས་སློབ་ཆེན་དུ་འཆད་ཁྲིད་བྱས་པ་ཞིག་འོད་སྡེར་ལས་མཐོང་སོང་། ཧ་ཅང་ཡག་པོ་རེད་བསམ་མྱོང་།
ལོང་བས་གླང་ཆེན་གྱི་གཟུགས་ལ་ཚད་འཇལ་མ་བྱེད་ན་ལེགས་པར་སྣང་། དེང་སང་དྲྭ་ཐོག་ཏུ་བླ་ཆེན་མི་ཆེན་ཡོད་ཚད་ལ་དོན་མེད་ཀྱི་ཁ་གཏོང་ལུགས་ཤིག་རྒྱུན་འབྱམས་སུ་ཆགས་འདུག་པ་འདིས་རང་རེ་བོད་མིའི་རྐང་འདྲེན་ཞིག་ཏུ་བརྩི་ཆོག བླ་མ་ནི་བོད་དང་བོད་མི་སྒེར་གྱི་བླ་མ་ཞིག་མིན་པར་སྐལ་ལྡན་གྱི་གདུལ་བྱ་ཡོད་ཚད་ཀྱི་རེད། བཀའ་བསྟན་ནི་རང་རེ་བོད་དང་བོད་མི་སྒེར་པ་ཞིག་གི་ཆེད་དུ་མིན་པར་གནོད་ལྡན་གྱི་གདུལ་བྱ་ཡོད་ཚད་ཀྱི་རེད། འདི་དག་ལ་གུ་ཡངས་ཀྱིས་བསམ་གཞིག་རེ་གནང་ཚེ་ཨ་སྒོར་དང་བཀའ་བསྟན་བརྗེ་བ་སོགས་ལས་འཕྲོས་པའི་དོན་མེད་ཀྱི་ཀླན་རྣམས་མི་ཡོང་བ་ཞིག་ཡིན་རུང་། མང་པོ་ཞིག་གིས་སྣང་བ་གང་ཤར་ངང་བཤད་ཀྱང་གནང་བ་རེད། བླ་མའི་མཛད་སྤྱོད་ཅི་འདྲ་ཞིག་མཛད་ཀྱང་སོ་སྐྱེ་བྱིས་པའི་སྤྱོད་ཡུལ་མ་ཡིན་སྟབས། སྟོན་པ་དོན་ཀུན་གྲུབ་པའི་ཞལ་སྔ་ནས། གང་ཟག་གི་ཚད་གང་ཟག་གིས་མི་གཟུང་། གལ་ཏེ་བཟུང་ན་ཉམས་པར་གྱུར་ཏ་རེ། གསུངས་པའི་དོན་ཡང་འདི་འདྲ་ཞིག་ལ་དགོངས་པ་ལོས་ཡིན། ད་དུང་ཆོས་ཀྱི་ཚིགས་སུ་བཅད་པ་ལས།
རང་ཉིད་ཁོ་ནའི་བྱ་བ་དང་།།
བྱ་བ་མིན་ལ་བརྟག་བྱ་ཡིས།།
གཞན་གྱི་གོ་རིམ་ལོག་པ་དང་།།
བྱ་དང་བྱ་མིན་དག་ལ་མིན།།
ཞེས་གསུངས་མི་འདུག་གམ། དེར་མ་ཟད། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས།
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།།
ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།།
གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།།
འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ཞེས་གསུངས་པ་ལ་བརྟགས་ན། ང་ཚོ་ལྟ་བུའི་བློ་མ་དག་པའི་དྲི་མས་བསླད་པ་ཞིག་གིས་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད། སྣ་ཡིས་ཚོར་ཚད་དང་ལྕེ་ཡི་མྱོང་ཚད། མདོར་ན་ཡིད་ཀྱིས་བསམ་ཚད་མཐའ་དག་ཀྱང་མ་དག་པའི་སྣང་བ་འབའ་ཞིག་ལས་མ་འདས་པར་འདུག་པས། མདོར་ན། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས།
ཨོ་རྒྱན་ང་དང་རྗེ་འབངས་རྣམས༔
བོད་འབངས་སྐྱོབ་ཕྱིར་ཡུལ་མི་དང་༔
རྒྱལ་པོ་དམག་དཔོན་བུད་མེད་དང་༔
ཤན་པ་གཤེད་མ་རྔོན་པ་སོགས༔
ཆ་ལུགས་དུ་མའི་གཟུགས་སྤྲུལ་ནས༔
འགྲོ་བའི་དོན་ལ་བརྩོན་པར་བྱེད༔
དེ་ཕྱིར་ཡོངས་ལ་དག་སྣང་གྱིས༔
བཟང་ངན་ཐམས་ཅད་བཏང་སྙོམས་ཞོག༔
ཅེས་གསུངས་པ་འདི་རང་ཅག་གངས་ཅན་པ་ཚོའི་སྙིང་དབུས་སུ་འཇོག་དགོས་པའི་ཞལ་གདམས་གནད་དུ་སྨིན་པ་ཞིག་འདུག་ན། དེ་བཞིན་ཐུགས་དབྱིངས་སུ་བསྟིམ་པར་ཞུ། དོན་མེད་བླ་མའི་མཛད་སྤྱོད་ལ་འདི་འདྲ་དང་དེ་འདྲ་ཞེས་རང་རང་སོ་སོའི་སྣང་བ་གང་རིག་དང་བློ་ལ་གང་འཆར་ཞིག་བཤད་ན་ཁ་སྡིག་བསག་རྒྱུ་ལས་གཞན་ཅི་ཞིག་ཡོད། སྔོན་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། བོད་གངས་ཅན་ལྗོངས་སུ་བྱོན་པའི་བན་བོན་གྱི་མཁས་གྲུབ་དམ་པ་ཚོའི་མཛད་རྣམ་ལ་གཟིགས་དང་། ང་ཚོའི་བློ་ཡུལ་ལས་འདས་པ་ཤ་སྟག་རེད་འདུག་གོ། ལར་སོ་སོའི་ཐུན་མིན་གྱི་སྣང་ཚུལ་སྣ་ཚོགས་རེ་ཡོད་ཙང་། འདི་ཡིན་དང་དེ་མིན་གྱི་ཁ་མཚམས་གཅོད་དཀའ་བས། འཇིག་རྟེན་རྒན་པོའི་ངག་དཔེར་ཡང་། དད་པ་མེད་ཀྱང་ལོག་ལྟ་མ་བྱེད།། ཕན་ཐོགས་མེད་ཀྱང་གནོད་པ་མ་རྩོམ།། དགེ་བ་མེད་ཀྱང་སྡིག་པ་མ་གསོག། བསྟོད་པ་མེད་ཀྱང་སྨོད་ཚིག་མ་བོར།། ཞེས་གནད་དོན་ཟབ་པའི་བཤད་སྲོལ་ཞིག་ཡོད་པ་མ་ཡིན་ནམ། མ་གཞི་བཤད་སྲོད་ཡོད་པའི་ཁ་དཔེ་ནི་རང་རེ་སུ་ལའང་འདྲེན་རྒྱུ་མང་མོད། ལག་ལེན་དུ་བསྟར་རྒྱུ་འདི་རང་གཞན་སུ་ལའང་ཧ་ཉུང་བས་དོན་ཐོག་ཏུ་འཁེལ་བར་དཀའ་འོ།།
ཀརྡོ་རབ་འབྱམས་པས་དེ་རིང་གཞུང་ལུགས་རབ་འབྱམས་ལ་གཟིགས་རྒྱ་ཆུང་བའི་གླེང་གཏམ་ཞིག་གླེང་བཞིན་གདའ།
ང་རབ་འབྱམས་པ་བསྟན་པ་ལ་ཤ་ཚ་དྲགས་པ་མིན་འགྲོ མགོ་རིལ་བཟོས་ནས་གྲྭ་ཆས་གོན་མཁན་གྱི་སྔགས་གཟུགས་དེ། རྒྱལ་བ་ཚངས་དབྱངས་རྒྱ་མཚོས། སྐྱ་མིན་སེར་མིན་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པ་ཅིག་གསུངས་པ་དྲན། རང་རང་ཆོས་ལུགས་སོ་སོའི་ཆོས་ལུགས་ལ་ཞེན་པ་དཀར་པོ་ཡོད་ན། གོས་དཀར་ལྕང་ལོ་ཅན་དང་། འདུལ་བ་རིག་པ་འཛིན་པ་གཉིས་ངོ་ཤེས་པའི་སྒོ་ནས་དག་སྣང་སྦྱོང་དགོས་ཀྱིས། དེ་མིན་ཉིན་ཅིག་སྔར་གྱི་དད་པ་ལས་ཕྱིས་ཀྱི་དད་ལོག་ཆེ་བ་ཅིག་འཁྱེར་ནས་འཆི་བར་འགྲོ་དགོས་དུས་ཕྱིས་དྲགས་པ་མ་རེད་པེ།
རེད་རེད། ད་ཁྱེད་རང་དངོས་གནས་ཕྱིས་དྲགས་འདུག་གོ། ཨོཾམཎིཔདྨེཧཱུཾ།
ཀརྡོ་རབ་འབྱམས་པ་ལགས། སྤྱིར་བཏང་ཕྱི་སོ་ཐར་གྱི་འདུལ་བ་འཛིན་པ་དང་། ནང་བྱང་སེམས་ཀྱི་བསླབ་པ་འཛིན་པ། གསང་བ་སྔགས་ཀྱི་རིག་པ་འཛིན་པ་རྣམས་སོ་སོར་ངོ་འཕྲོད་ཐུབ་པའི་རྣམ་དཔྱོད་ཀྱི་རྩལ་ཞིག་ཡོད་ན་དག་སྣང་སྦྱོང་བའི་ངལ་བ་ལ་བརྟེན་དགོས་དོན་མེད་ཀྱང། རང་རེ་རྣམས་ལ་དེ་འདྲའི་ཤེས་རབ་ཅིག་མེད་པས་ལན། མཁས་གྲུབ་གོང་མ་ཚོས་ཀུན་ལ་དག་སྣང་སྦྱོངས་ཤིག་ཅེས་ནན་ཏན་གྱིས་གསུངས་འདུག་པས། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལྟ་བུ་མཁས་དང་གྲུབ་པའི་ས་མཐོར་གཤེགས་པ་དང་ཁྱེད་གཉིས་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པ་ཞིག་ཡིན་ན་སྐྱབས་སུ་མཆིས། དེ་མིན་བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་ལ་ཚད་འཇལ་བྱེད་སྟངས་དེ་ལྐུགས་པ་ཨུ་ཚུགས་ལས་ཤེས་རབ་མཆོག་ལྡན་གྱི་འགྲོ་སྟངས་ཤིག་མིན་པ་ནི་མཁྱེན་པར་ངེས།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
ང་བོད་ཀྱི་ནང་ཆོས་དད་ལྡན་གཅིག་གིས། ཕ་གྲྭ་པ་རྫུན་མ། བུ་སྤྲུལ་སྐུ་རྫུན་མ་བཟོ་མཁན་མཐོང་བྱུང་བས། ནང་པ་མ་ཡིན་མཁན་ཅིག་ཡིན་ན་ཡང་། གྲྭ་པ་མིན་ན་གྲྭ་ཆས་བཞག་ན། མཛེས་པར་མི་མཐོང་ངམ། འདྲ་རྒྱ་འདིའི་ནང་ལ་ཡང་། དད་མེད་ཚོས་ངར་སའི་གཞི་བསྐྲུན་མཁན་དང་། འདུལ་བ་དང་མི་མཐུན་པའི་གྲྭ་པ་བཟོ་རྒྱུ་རྒྱལ་བ་རྡོ་རྗེ་ལ་ཡང་དབང་ཆ་ཨ་ཡོད། སོམས་ཤིག་རིགས་ཀྱི་བུ་ཚོས།
འོ་ཛི། ད་ཡིན་ན་ཀརྡོ་རབ་འབྱམས་པས་གཤིན་རྗེ་ཆོས་རྒྱལ་སྐུ་དངོས་ཡིན་པའི་སྐད་ཆ་འདྲ་འཆད་ཀྱིན་འདུག རྒྱུ་འབྲས་ཚད་འཇལ་སྟངས་ལ་མ་འཕྱུགས་ལོ། སྣང་ཚུལ་དབང་བཙན་དུ་བྱས་ན་དོན་ལ་གོལ་ས་མང་པོ་ཡོད་རེད་ད།
ངས་རྫོང་གསར་རིན་པོ་ཆེ་གྲྭ་པ་མ་རེད། ལབ་རྒྱུ་མ་བྱུང་གདའ། གོང་གི་མཆན་འགོད་པ་ཅིག་གིས་ཐ་མག་ཆང་རག་ལ་མི་མཉེས་ཀྱང་། མཁའ་འགྲོ་ལ་མཉེས་ཚུལ་ལས་ཕྲོས་པ་རེད། ཁོང་མཁའ་འགྲོ་ལ་མཉེས་ཀྱང་། ཁོང་དགེ་སློང་ཡིན་པ་ལ་ཐེ་ཚོམ་མི་དགོས་པའི་ཚུལ་ཅིག་འདིར་ཁ་བརྡར་དྲོངས་དང་། ཤར་སྣང་། ནུབ་སྣང་། དག་སྣང་ཚང་མ་ཚང་པ་རེད། ང་ཚོ་འདིར་དགོས་རྒྱུ་འདི་ལས་གཞན། ཆོས་བཤད་བྱས་པའི་སུ་ལ་ཕན་ནམ།
ཨ་ཁ། ཁ་ཞེ་དྲག་མ་གཏོང་། ལས་མ་དག་པ། ད་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་རོགས། མ་གཞི་ནས་ཁོང་འདིར་སུས་འཁྲིད་ཡོང་བ་རས། དོན་མེད་གང་ས་གང་ལ་གདན་དྲངས་ན་ཉོ་ཆ་བཟེད་དང་བཟེད། བླ་མ་ཇི་ཡིན་ཁོང་རང་ལ་གསལ་ཤོས་རེད། ང་ཚོས་འདྲ་མ་འདྲའི་ཚོད་དཔག་བྱེད་རྒྱུ་མེད།
རང་ཁ་རང་ལ་བསྐོར་བའི་བསམ་གཞིག་དང་།།
རང་དྲིན་རང་ལ་ཆེ་བའི་མནོ་བསམ་རེ།།
རང་གིས་རང་ལ་གཏོང་བ་བརྗེད་གྱུར་ནས།།
རང་མིན་གཞན་སྐྱོན་གླེང་ན་སྨྱོན་པ་རེད།།
བདེན་རྫུན་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།།
ལེགས་ཉེས་རང་ངོ་འཕྲོད་པའི་ཤེས་རབ་རྩལ།།
མེད་ཀྱང་ཡོད་པའི་ངང་ཚུལ་འཛིན་བྱས་ཏེ།།
མཐོ་དམན་ཀུན་ལ་གཤེ་བའང་སྨྱོན་པ་རེད།།
མཁས་དབང་དང་བླ་སྤྲུལ་མཚན་སྙན་ཅན་གྱི་གཞས་པ་དང་ཚང་པ་སོགས་ལ་མཚན་སྨོད་བྱེད་པ་དང་གནས་ལུགས་མི་མཐུན་པའི་གཏམ་འཆར་བཤད་པའི་སྐབས་འདིར་ཁ་ཡོད་ལག་ཡོད་ཀྱི་སྟོན་པ་དང་སེམས་ཅན་ལ་ཕན་ཐོག་པའི་སྐྱེས་བུ་ཆེན་པོ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་དྲ་གྲོགས་མཁྱེན་ལྡན་རྣམས་ཀྱི་སྐུར་བ་དང་ཁ་མ་གཏོང་རོགས་ཞུ། གང་ཡིན་ཟེར་ན། སྐྱེས་བུ་ཆེན་པོ་ཁོང་གི་བཀའ་དྲིན་ནི་ང་ཚོས་ནམ་ཡང་གཞལ་མི་ནུས། ཁོང་ནི་གཞིས་བྱས་གཉིས་ཀྱི་བླ་ཆེན་དང་མི་ཆེན་རྣམས་ཀྱི་ཁྲོད་ནས་བྱ་བཞག་ཆེ་ཤོས་ཀྱི་གྲས་ཞིག་ཡིན། ཡིན་པ་དེ་ཡང་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་གདན་ས་དང་གྲྭ་ཚང་སློབ་གྲྭ་སོགས་ལ་ཁོང་གི་ཞལ་སློབ་རྣམས་ཀྱི་ནང་རིག་གཙོས་པའི་བོད་ཀྱི་རིག་གཞུང་སོགས་གཅེས་ཉར་དང་འཆད་འཁྲིད་བྱེད་བཞིན་ཡོད་རེད། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཚགས་ཚུད་ཡོང་བ་འདི་མཁྱེན་བརྕེ་རིན་པོ་ཆེའི་བཀའ་དྲིན་ཡིན་པ་ནི་རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གིས་རྣམ་ཐར་ལ་བལྟོས་དང་མཁྱེན་ངེས་ཡིན།
མཁྱེན་བརྩེ་རིན་པོ་ཆེ་ནི་རང་གི་མི་གཤིས་དེ་ལས་འདས་པའི་གཡོ་སྒྱུའི་མཛད་སྤྱོད་གནང་མཁན་དེ་འདྲ་མ་མཐོང་། དེང་སྐབས་གཟུགས་སྐྱེ་བ་ཟེར་དུས་མཛེས་མ་འཁྲབ། བཀའ་སྡོམ་པ་ཟེར་དུས་འདུལ་འཛིན་ཟེར། ཤུགས་དཔུང་པ་བཤད་དུས་འབྱོར་བ་ངོམས། བཙན་པོ་བཤད་དུས་དཔུང་པ་འཕུར། དོན་ངོ་མ་མི་རྗེས་རྒྱུགས་མཁན་ཁྱི་ལྡོམ། རང་ཉིད་ཁྱི་ཡིན་པ་མི་ཤེས་མཁན་དེ་ཚོས་མཛད་སྤྱོད་ལས་ཡོངས་སུ་འདས་འདུག
མཁས་པའི་སྐར་ཚོགས་ཀྱི་དཀྱིལ་ནས་ཟླ་བ་བུ་ཁོང་ལ་ང་ཚོས་ནམ་ཡང་ཁ་གཏོང་མི་རིག གང་ཡིན་ཟེར་ན། འཆིང་བ་ཀུན་ལྡན་བྱིས་པ་ང་ཚོ་ལྟ་བུའི་བླ་མའི་མཛད་པ་དང་འཕྲིན་ལས་རྟོགས་མི་ཐུབ། རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་བིར་ཝ་པ་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་འབྲུག་པ་ཀུན་ལེགས་སོགས་ཀྱི་རྣམ་ཐར་ལ་གཟིགས་དང་མཁྱེན་ངེས་ཡིན།
མཁྱེན་བརྕེའི་དབང་པོ་ཡེ་ཤེས་སྒྱུར་འཕྲུལ་གར། ཆོས་ཀྱི་བློ་གྲོས་གསང་གསུམ་སྤྲུལ་པའི་སྐུ། འཇམ་དབྱངས་མཁྱེན་བརྕེ་ཐུབ་བསྟན་རྒྱ་མཚོ་ཡི། ཞབས་པད་བརྟེན་ཅིང་འཕྲིན་ལས་རྒྱས་རྒྱུ་ཅིག
ཾའདི་ལ་བོདཔའི་ཐ་སྙད་གང་ཞིག་འབྲི་དགོས་སམ།
Bachelor degree BA
Master degree MA.
དབྱིན་བོད་ཚིག་མཛོད་དུ་འདི་ལྟར་བཀོད་འདུག
_____________________
B.A. ཐུན་མོང་གཙུག་ལག་སློབ་ཐོན།
M.A. (གཙུག་ལག།)སྒྱུ་རྩལ་སློབ་དཔོན།
ཆོས་དང་འཇིག་རྟེན་གཉིས་ཀའི་ཕ་རོལ་ཏུ་ཕྱིན་པའི་མཁྱེན་བརྩེ་རིན་པོ་ཆེ། ཁོང་གིས་གང་གནང་ན་ཡང་སྦ་གསང་མེད་ཅིང་། བསྟན་པ་ལ་ཐུགས་དབྱིངས་ཆེ།