བཀའ་བློན་ཁྲི་པ་དང་མ་འོང་བོད་ཀྱི་རྩ་དོན། Posted on 2011-02-20 By དགེ་རབ་ 9 Comments on བཀའ་བློན་ཁྲི་པ་དང་མ་འོང་བོད་ཀྱི་རྩ་དོན། ཡེ་ཤེས་རྡོ་རྗེས། གཤམ་གྱི་འབྲེལ་ཐག་ནས་རྩོམ་ཡིག་གཟིགས་རོགས། kalon-tripa རྩོམ་རིག
ཡེ་ཤེས་རྡོ་རྗེ་ལགས་ཀྱིས་དཔྱད་རྩོམ་དེ་ཟུར་གནས་རིག་པའི་སྟོབས་ཀྱིས་སློབ་བྱ་དང་འབྲེལ་བའི་དངོས་གནས་བོད་མི་རིགས་ལ་དགོས་འཁོར་དང་ལ་རྒྱ་གཞིར་བཅོལ་ནས་གསུངས་པ་ཞིག་རེད་འདུག། བོད་མི་རིགས་འདིར་ལ་ཞེན་ཡོད་ན་གནས་ཚུལ་འདིའི་རིགས་མང་ཙམ་སྤེལ་ན་དགེ་མཚན་ཤིན་ཏུ་ཆེ།
དྲ་གྲོགས་ཡེ་ཤེས་རྡོ་རྗེ་ལགས་བཀྲིས་བདེ་ལེགས། ཁྱེད་རང་གིས་བཀའ་བློན་ཁྲི་པ་དང་མ་འོངས་བོད་ཀྱི་རྩ་དོན་མ་བརྗོད་པར།བཀའ་བློན་ཁྲི་པ་དང་བློ་སེང་གི་མདུན་ལམ་ཞེས་བྲིས་ན་གང་འདྲ་འདུག་གམ།ཨ་རྩིས་སྐུ་རྩེད་ཞུས། ཁྱེད་ཀྱིས་རྩོམ་རིང་ཞིག་བྲིས་འདུག་ཀྱང་ད་ལྟ་ངས་ཞིབ་ཀློག་བྱ་རྒྱུ་མ་བྱུང་མོད།ངས་ཤར་ཀློག་ཐེངས་གཅིག་བྱས་པས། ༡༽རྩོམ་ཡིག་ནང་བཀའ་ཁྲིའི་ཁྱད་ཆོས་རྣམས་འབོར་འདོན་གྱི་བྲིས་འདུག་པ་དེ་དག་ལ་གཞིགས་ན།བློ་སེང་སྒེར་གྱི་ཁྱད་ཆོས་ལ་གཞིགས་ནས་བཀའ་ཁྱིའི་ཁྱད་ཆོས་བརྗོད་འདུག ༢༽རྩོམ་ཡིག་འདི་ནི་ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་སྟོན་པའི་ཚོར་སྣང་ཞིག་ཡིན་པ་གསལ་པོ་རེད། ༣༽ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་པའི་ཀུན་སློང་དང་བརྗོད་བྱའི་ཐད་ལ་བརྒྱབ་སྐྱོར་མེད་མོད།དེ་ལྟར་བྲིས་པའི་འབད་བརྩོན་ལ་ཡིད་རང་ཡོད།
ཡེ་ཤེས་རྡོ་རྗེ་ལསག་ཀྱིས་དཔྱད་རྩོམ་དེ་ཀློག་ཟིན་དངོས་གནས་ངོ་མཚར་གྱི་རང་བཞིན་རེད་འདུག། ད་ཆ་བོད་པའི་སྤྱི་ཚོགས་ནང་དུ་ཧ་ཅང་དགེ་མཚན་ཆེ། དེ་རིང་ངས་ཡེ་ཤེས་རྡོ་རྗེ་ཁྱེད་ལ་དངོས་གནས་གངས་ཕྲུག་གི་སྤྲུན་ཟླ་འབོད་འདོད། ཐུགས་རྗེ་ཆེ།
ཁོ་པའི་དཔྱད་རྩོམ་མ་ཀྲློག་གོང་ལ་ཡེ་ཤེས་རྡོ་རྗེ་ཞེས་པ་འདི་སུ་ཡིན་མིན་གསལ་པོ་བཟོ་དགོས་པ་རེད། དེ་སྔ་ཡེ་རྡོེར་ཞེས་པའི་ཁྱི་རྒན་ཞིག་ནས་ཏཱ་ལའི་བླ་མའི་དབུ་མའི་ལམ་ཞེས་པའི་དཔྱད་རྩོམ་བྲིས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེན་ཞུས་པ་དང་བོད་མི་མངས་ལ་བརྙས་བཅོས་ཚད་མེད་བྱས་ཡོད། ཁོ་པ་རྒྱ་མིའི་རྒྱུགས་ཁྱི་གོ་ཆོད་ཅིག་ཡིན་པ་དང་། བོད་མིང་ཁྱེར་བའི་ཀླ་ཀློ་ཞིག་ཡིན་པ་ང་ཚོའི་སེམས་ནང་གསལ་པོར་ངེས་ཡོད། འོན་ཀྱང་ད་ལན་གྱི་རྩོམ་འདི་བྲི་མཁན་ཁོ་པ་ཡིན་མིན་མི་ཤེས་ཀྱང་རྟག་དཔྱད་གང་ལེགས་གནང་རོགས།
If we want a new Tibet of 21 century, we have to reform our Exile Charter and have to establish a full Republic social democratic system without traditional head, without regional and religious based parliament.
ཡེ་ཤེས་རྡོ་རྗེ་ལགས། བློ་སེང་ལགས་ཀྱི་སློབ་སྦྱོང་དང་ལག་འཁྱེར་ལ་རྗེས་སུ་ཡི་རང་ཡོད་ཀྱང་། ཁོང་མི་སྤྱོད་གཤིས་ཀ་ཡག་པོ་རང་ཡོད་མ་རེད་ཟེར་མཁན་འདུག འདི་ལ་ཁྱོད་ཀྱིས་བོད་མི་མང་མདུན་དུ་འགན་ལེན་ཁ་འདྲ་ཟེ་ཐུབ་བམ། ལན་ཅིག་ཡོད་པའི་རེ་བ་ཡོད་ལགས།
ཡེ་ཤེས་རྡོ་རྗེ་ལགས་ལ་འཚམས་འདྲི་ཞུ། ངས་ད་ལམ་བཤད་འདོད་པ་ནི་གནད་དོན་གལ་ཆེ་གཅིག་གཞི་བཞག་པའི་ཐོག་ནས་འབུམ་རམས་བློ་བཟང་སེང་གེ་མཆོག་ད་ཆ་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་ནས་ཕྱིར་འཐེང་བྱ་དགོས་འདུག ཁོང་ལ་འོས་མིའི་འོས་འབབ་དེ་མེད་པར་མཐོང་གིས། གནད་དོན་དེ་ནི་༢༠༠༥ ལོར་ཁོང་རྒྱ་ནག་ལ་༼ཕྱིར་སྡོད་རྒྱ་མི༽བྱས་ནས་ཉིན་༡༤རིང་ཕྱིན་པ་དེ་རེད། ༡༽ གནད་དོན་དེ་གལ་ཆེན་པོ་དང་གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་པ་ཤེས་ཙང་ཟླ་གཉིས་པའི་ཚེས་་༡༦ བར་སྦ་དགོས་ཐུག་པ་རེད། ༢༽ཁོང་རང་ཕྱིན་པ་ཙམ་མ་ཟད་༼ཀུན་གླེང་ཚེས་༡༦༽ དང་ཁོང་གི་བརྙན་པར་། དང་དུང་ཚེས་ཚེས་༡༦ཉིན་རྡ་སར་བཤད་དོན་༼བོད་ཀྱི་སྐུ་ཚབ་ཁོངས་གི་ཚོགས་མི་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་༽སོགས་ཕྱིན་པའི་སྐད་ཆ་བཤད་ཡོད། ༣༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡོད་པ་དང་བོད་གཞུང་གི་ཐོག་ཁོང་གིས་འབུམ་རམས་པའི་རྩོམ་དེ་བྲིས་ཡོད་ཙང་ད་ཆ་བཤད་པའི་སྐད་ཆ་དེ་ཁུངས་སྐྱེལ་དགོས་ཡོད་རེད། ༼སྐུ་ཚབ་སུ་ཕེབས་ཡོད་མེད་དང་ལོ་ག་གིའི་ནང་ཡིན་མིན་སོགས།༽ ཁོང་ནི་དེ་སྔོན་ཀ་རྡོར་ལ་སྡོད་པའི་བློ་སངས་དེ་མ་ཡིན་པར་བོད་རྒྱལ་ཁབ་ཆེན་པོའི་སྲིད་བློན་གྱི་ཁྲི་ལ་སྡོད་ཀྱི་ཡིན་ཟེར་གྱི་ཡོད་རེད། བྱས་ཙང་བཤད་པའི་སྐད་ཆར་ཁུངས་ལུང་དགོས་ལ་བྱས་པའི་ལས་དེ་བོད་ཀྱི་མེ་བོ་ཚོའི་སྤྱན་སྔར་འབུལ་ཐུབ་བམ་བལྟ་དགོས་རེད་སྙམ མང་བ་རྗེས་སོར་ཞུ་ཆོག
རྩོམ་དེ་རིང་དྲག་ནས་ཞིབ་ལྟ་བྱེད་འཁོམས་མ་བྱུང་ཡང་། ཟུར་བལྟས་ནས་ལེབ་མཐོང་ཞེས་པའི་དཔེ་ལྟར། བཀའ་བློན་འོས་མི་བྱེ་དྲག་པ་གཅིག་ལ་ཕྱོགས་ནས་བྲིས་པ་ནི་གསལ་པོ་འདུག ལྷག་པར་རང་ཉིད་གསར་འགོད་པའི་སློབ་སྦྱོང་བྱས་པར་བརྟེན་གསར་འགོད་པའི་ལྟ་བ་འཛིན་ཁུལ་བྱེད་ཡིན་ཞེས་གཡས་ཕྱོགས་སུ་ཡང་མ་ལྷུང་གཡོན་ཕྱོགས་སུ་མ་ལྷུང་བར་དབུ་མའི་ལྟ་བ་འཛིན་མཁན་ཞིག་ཡིན་པའི་འུར་སྒྲོག་བྱས་འདུག་ཀྱང་རྩོམ་གྱི་བརྗོད་བྱ་ཡོངས་རྫོགས་གསར་འགོད་པའི་ལྟ་གྲུབ་དང་འགལ་ནས་གང་ཟག་བྱེ་དྲག་པ་གཅིག་ལ་ཕྱོགས་ནས་བྲིས་འདུག མང་གཙོའི་ལུང་པའི་ནང་གསར་འགོད་པ་ཚོའི་ལས་འགན་ནི་གནས་ཚུལ་གང་ཡིན་ན་ཡང་ཕྱོགས་སུ་མ་ལྷུང་བ་བྱ་རྒྱུ་དེ་ཡིན། མ་ཟད་ཁྱེད་རང་གིས་མང་གཙོའི་གོ་དོན་དངོས་གནས་གང་ཡིན་མིན་ཤེས་ཀྱི་ཨེ་ཡོད་ནམ་སྙམ། བཀའ་བློན་འོས་མི་གསུམ་གར་སྐྱོན་བརྗོད་བྱེད་མཁན་ཡོད་ལ་ཡོན་ཏན་བརྗོད་མཁན་ཡང་ཡོད། དེ་ཡོད་དགོས་པ་ཞིག་དང་ཡོད་ཆོག་པ་ཞིག་ཀྱང་ཡིན། མང་གཙོ་ཡིན་པའི་རྗེས་ལ་མི་མང་ལ་རང་གི་མ་འོངས་པའི་དབུ་འཁྲིད་དེའི་དགེ་སྐྱོན་གཉིས་ཀར་ལྟ་བའི་ཐོབ་སྟངས་ཡོད། དེ་ལྟར་བྱས་པར་མི་མང་གི་རྣམ་དཔྱོད་ལ་མཐོང་ཆུང་བྱས་པར་རྩིས་ན་ཐལ་ཆེ་བ་མ་རེད་དམ།
རང་རིགས་དྲ་གྲོགས་ཁྱེད་རྣམས་ཀྱིས་གུས་ཀྱི་དཔྱད་རྩོམ་འདི་ཀླག་པར་ཐུགས་རྗེ་ཆེ།ལྷག་པར་དུ་དུས་ཚོད་རྩ་ཆེན་ཞིག་ངའི་བསམ་ཚུལ་ངོ་མ་ཤེས་རྟོགས་ཆེད་བཏང་རྗེས་གུས་ལ་མངག་རྗོད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་་ཡང་འགའ་ཤས་ཀྱིས་ངས་ག་རེ་བྲིས་པ་ཟུར་ཙམ་ལས་མ་ཀློག་པར་ཚང་མ་མཁྱེན་ཏེ་སྐྱོན་བརྗོད་གནང་བ་དེ་ཡང་ངོ་མཚར་ཆེ་ལགས།
ཡེ་ཤེས་རྡོ་རྗེ་ལགས་ཀྱིས་དཔྱད་རྩོམ་དེ་ཟུར་གནས་རིག་པའི་སྟོབས་ཀྱིས་སློབ་བྱ་དང་འབྲེལ་བའི་དངོས་གནས་བོད་མི་རིགས་ལ་དགོས་འཁོར་དང་ལ་རྒྱ་གཞིར་བཅོལ་ནས་གསུངས་པ་ཞིག་རེད་འདུག། བོད་མི་རིགས་འདིར་ལ་ཞེན་ཡོད་ན་གནས་ཚུལ་འདིའི་རིགས་མང་ཙམ་སྤེལ་ན་དགེ་མཚན་ཤིན་ཏུ་ཆེ།
དྲ་གྲོགས་ཡེ་ཤེས་རྡོ་རྗེ་ལགས་བཀྲིས་བདེ་ལེགས།
ཁྱེད་རང་གིས་བཀའ་བློན་ཁྲི་པ་དང་མ་འོངས་བོད་ཀྱི་རྩ་དོན་མ་བརྗོད་པར།བཀའ་བློན་ཁྲི་པ་དང་བློ་སེང་གི་མདུན་ལམ་ཞེས་བྲིས་ན་གང་འདྲ་འདུག་གམ།ཨ་རྩིས་སྐུ་རྩེད་ཞུས།
ཁྱེད་ཀྱིས་རྩོམ་རིང་ཞིག་བྲིས་འདུག་ཀྱང་ད་ལྟ་ངས་ཞིབ་ཀློག་བྱ་རྒྱུ་མ་བྱུང་མོད།ངས་ཤར་ཀློག་ཐེངས་གཅིག་བྱས་པས།
༡༽རྩོམ་ཡིག་ནང་བཀའ་ཁྲིའི་ཁྱད་ཆོས་རྣམས་འབོར་འདོན་གྱི་བྲིས་འདུག་པ་དེ་དག་ལ་གཞིགས་ན།བློ་སེང་སྒེར་གྱི་ཁྱད་ཆོས་ལ་གཞིགས་ནས་བཀའ་ཁྱིའི་ཁྱད་ཆོས་བརྗོད་འདུག
༢༽རྩོམ་ཡིག་འདི་ནི་ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་སྟོན་པའི་ཚོར་སྣང་ཞིག་ཡིན་པ་གསལ་པོ་རེད།
༣༽ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་པའི་ཀུན་སློང་དང་བརྗོད་བྱའི་ཐད་ལ་བརྒྱབ་སྐྱོར་མེད་མོད།དེ་ལྟར་བྲིས་པའི་འབད་བརྩོན་ལ་ཡིད་རང་ཡོད།
ཡེ་ཤེས་རྡོ་རྗེ་ལསག་ཀྱིས་དཔྱད་རྩོམ་དེ་ཀློག་ཟིན་དངོས་གནས་ངོ་མཚར་གྱི་རང་བཞིན་རེད་འདུག། ད་ཆ་བོད་པའི་སྤྱི་ཚོགས་ནང་དུ་ཧ་ཅང་དགེ་མཚན་ཆེ། དེ་རིང་ངས་ཡེ་ཤེས་རྡོ་རྗེ་ཁྱེད་ལ་དངོས་གནས་གངས་ཕྲུག་གི་སྤྲུན་ཟླ་འབོད་འདོད། ཐུགས་རྗེ་ཆེ།
ཁོ་པའི་དཔྱད་རྩོམ་མ་ཀྲློག་གོང་ལ་ཡེ་ཤེས་རྡོ་རྗེ་ཞེས་པ་འདི་སུ་ཡིན་མིན་གསལ་པོ་བཟོ་དགོས་པ་རེད། དེ་སྔ་ཡེ་རྡོེར་ཞེས་པའི་ཁྱི་རྒན་ཞིག་ནས་ཏཱ་ལའི་བླ་མའི་དབུ་མའི་ལམ་ཞེས་པའི་དཔྱད་རྩོམ་བྲིས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེན་ཞུས་པ་དང་བོད་མི་མངས་ལ་བརྙས་བཅོས་ཚད་མེད་བྱས་ཡོད། ཁོ་པ་རྒྱ་མིའི་རྒྱུགས་ཁྱི་གོ་ཆོད་ཅིག་ཡིན་པ་དང་། བོད་མིང་ཁྱེར་བའི་ཀླ་ཀློ་ཞིག་ཡིན་པ་ང་ཚོའི་སེམས་ནང་གསལ་པོར་ངེས་ཡོད། འོན་ཀྱང་ད་ལན་གྱི་རྩོམ་འདི་བྲི་མཁན་ཁོ་པ་ཡིན་མིན་མི་ཤེས་ཀྱང་རྟག་དཔྱད་གང་ལེགས་གནང་རོགས།
If we want a new Tibet of 21 century, we have to reform our Exile Charter and have to establish a full Republic social democratic system without traditional head, without regional and religious based parliament.
ཡེ་ཤེས་རྡོ་རྗེ་ལགས།
བློ་སེང་ལགས་ཀྱི་སློབ་སྦྱོང་དང་ལག་འཁྱེར་ལ་རྗེས་སུ་ཡི་རང་ཡོད་ཀྱང་། ཁོང་མི་སྤྱོད་གཤིས་ཀ་ཡག་པོ་རང་ཡོད་མ་རེད་ཟེར་མཁན་འདུག འདི་ལ་ཁྱོད་ཀྱིས་བོད་མི་མང་མདུན་དུ་འགན་ལེན་ཁ་འདྲ་ཟེ་ཐུབ་བམ། ལན་ཅིག་ཡོད་པའི་རེ་བ་ཡོད་ལགས།
ཡེ་ཤེས་རྡོ་རྗེ་ལགས་ལ་འཚམས་འདྲི་ཞུ།
ངས་ད་ལམ་བཤད་འདོད་པ་ནི་གནད་དོན་གལ་ཆེ་གཅིག་གཞི་བཞག་པའི་ཐོག་ནས་འབུམ་རམས་བློ་བཟང་སེང་གེ་མཆོག་ད་ཆ་བཀའ་བློན་ཁྲི་པའི་འོས་མིའི་ཁོངས་ནས་ཕྱིར་འཐེང་བྱ་དགོས་འདུག ཁོང་ལ་འོས་མིའི་འོས་འབབ་དེ་མེད་པར་མཐོང་གིས།
གནད་དོན་དེ་ནི་༢༠༠༥ ལོར་ཁོང་རྒྱ་ནག་ལ་༼ཕྱིར་སྡོད་རྒྱ་མི༽བྱས་ནས་ཉིན་༡༤རིང་ཕྱིན་པ་དེ་རེད།
༡༽ གནད་དོན་དེ་གལ་ཆེན་པོ་དང་གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་པ་ཤེས་ཙང་ཟླ་གཉིས་པའི་ཚེས་་༡༦ བར་སྦ་དགོས་ཐུག་པ་རེད།
༢༽ཁོང་རང་ཕྱིན་པ་ཙམ་མ་ཟད་༼ཀུན་གླེང་ཚེས་༡༦༽ དང་ཁོང་གི་བརྙན་པར་། དང་དུང་ཚེས་ཚེས་༡༦ཉིན་རྡ་སར་བཤད་དོན་༼བོད་ཀྱི་སྐུ་ཚབ་ཁོངས་གི་ཚོགས་མི་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་༽སོགས་ཕྱིན་པའི་སྐད་ཆ་བཤད་ཡོད།
༣༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡོད་པ་དང་བོད་གཞུང་གི་ཐོག་ཁོང་གིས་འབུམ་རམས་པའི་རྩོམ་དེ་བྲིས་ཡོད་ཙང་ད་ཆ་བཤད་པའི་སྐད་ཆ་དེ་ཁུངས་སྐྱེལ་དགོས་ཡོད་རེད། ༼སྐུ་ཚབ་སུ་ཕེབས་ཡོད་མེད་དང་ལོ་ག་གིའི་ནང་ཡིན་མིན་སོགས།༽
ཁོང་ནི་དེ་སྔོན་ཀ་རྡོར་ལ་སྡོད་པའི་བློ་སངས་དེ་མ་ཡིན་པར་བོད་རྒྱལ་ཁབ་ཆེན་པོའི་སྲིད་བློན་གྱི་ཁྲི་ལ་སྡོད་ཀྱི་ཡིན་ཟེར་གྱི་ཡོད་རེད། བྱས་ཙང་བཤད་པའི་སྐད་ཆར་ཁུངས་ལུང་དགོས་ལ་བྱས་པའི་ལས་དེ་བོད་ཀྱི་མེ་བོ་ཚོའི་སྤྱན་སྔར་འབུལ་ཐུབ་བམ་བལྟ་དགོས་རེད་སྙམ
མང་བ་རྗེས་སོར་ཞུ་ཆོག
རྩོམ་དེ་རིང་དྲག་ནས་ཞིབ་ལྟ་བྱེད་འཁོམས་མ་བྱུང་ཡང་། ཟུར་བལྟས་ནས་ལེབ་མཐོང་ཞེས་པའི་དཔེ་ལྟར། བཀའ་བློན་འོས་མི་བྱེ་དྲག་པ་གཅིག་ལ་ཕྱོགས་ནས་བྲིས་པ་ནི་གསལ་པོ་འདུག ལྷག་པར་རང་ཉིད་གསར་འགོད་པའི་སློབ་སྦྱོང་བྱས་པར་བརྟེན་གསར་འགོད་པའི་ལྟ་བ་འཛིན་ཁུལ་བྱེད་ཡིན་ཞེས་གཡས་ཕྱོགས་སུ་ཡང་མ་ལྷུང་གཡོན་ཕྱོགས་སུ་མ་ལྷུང་བར་དབུ་མའི་ལྟ་བ་འཛིན་མཁན་ཞིག་ཡིན་པའི་འུར་སྒྲོག་བྱས་འདུག་ཀྱང་རྩོམ་གྱི་བརྗོད་བྱ་ཡོངས་རྫོགས་གསར་འགོད་པའི་ལྟ་གྲུབ་དང་འགལ་ནས་གང་ཟག་བྱེ་དྲག་པ་གཅིག་ལ་ཕྱོགས་ནས་བྲིས་འདུག མང་གཙོའི་ལུང་པའི་ནང་གསར་འགོད་པ་ཚོའི་ལས་འགན་ནི་གནས་ཚུལ་གང་ཡིན་ན་ཡང་ཕྱོགས་སུ་མ་ལྷུང་བ་བྱ་རྒྱུ་དེ་ཡིན། མ་ཟད་ཁྱེད་རང་གིས་མང་གཙོའི་གོ་དོན་དངོས་གནས་གང་ཡིན་མིན་ཤེས་ཀྱི་ཨེ་ཡོད་ནམ་སྙམ། བཀའ་བློན་འོས་མི་གསུམ་གར་སྐྱོན་བརྗོད་བྱེད་མཁན་ཡོད་ལ་ཡོན་ཏན་བརྗོད་མཁན་ཡང་ཡོད། དེ་ཡོད་དགོས་པ་ཞིག་དང་ཡོད་ཆོག་པ་ཞིག་ཀྱང་ཡིན།
མང་གཙོ་ཡིན་པའི་རྗེས་ལ་མི་མང་ལ་རང་གི་མ་འོངས་པའི་དབུ་འཁྲིད་དེའི་དགེ་སྐྱོན་གཉིས་ཀར་ལྟ་བའི་ཐོབ་སྟངས་ཡོད། དེ་ལྟར་བྱས་པར་མི་མང་གི་རྣམ་དཔྱོད་ལ་མཐོང་ཆུང་བྱས་པར་རྩིས་ན་ཐལ་ཆེ་བ་མ་རེད་དམ།