བོད། ལྷ་ཀླུ་གཉན་གསུམ།
ཚུར་ལ་འདྲུད་དེ་འོང་དུས་ཀྱི་ཁྱེད་རང་
ད་ནི་ཕྱིར་ལ་གཏོང་ཐུབ་མེད་པའི་སྔ་གཞུག་གི་ང་
དུས་གསུམ་གང་རུང་གི་སྐྱེ་འཆི་བཞིན
མི་རྟག་པའི་དྲན་ངོགས་ན
འདར་སུག་རྒྱགས་ཞོར
མིད་པ་མ་འགགས་པའི་ཡར་སྔོན་ཞིག་ལ
ངས་ཁྱེད་ལ་འོ་ཞིག་བྱེད་ཆོག
དུས་དེང་སང་གི་འཇིག་རྟེན་ཡོད་ཚད
རི་སྐྱེས་ཤིག་གི་དྲོད་ཁོལ་མེད་པའི་ཕྱི་རོལ་ན
ང་ནི་བ་གླང་གི་རྫི་བོ་བཞིན
དུས་ངེས་མེད་ཀྱི་དབུགས་རིང་ཞིག་འཐེན་ཞོར
དུ་བ་ཁམ་བཀང་གི་རོལ་རྩེད་ཁྲོད་དུ
སྐར་ཚོགས་ངུ་བའི་དབྱངས་རྟ་ཞིག་ལ་ཉན་དུས
སྒྱུ་མའི་རུས་པ་མ་ཐོར་གོང་དེར
ངས་ཁྱེད་རང་ལ་སྙིང་གཏམ་ཞིག་ཏན་ཏན་བཤད་ཆོག