ཤར་ཕྱོགས་ཁུག་རྟ།
(ཁུག་རྟའི་རང་ལུགས་སྙན་ངག)
སྣང་བ་འཇམ་པོས་བག་མར་ཉོས་དུས་ནམ་སྟོད་རིང་མོའི་རླུང་གི་དབྱངས།།
དལ་བུའི་འགྲོས་ཀྱི་ཁུགས་སོ་རེ་ནས་མུན་པའི་ཞགས་པ་ཡིད་དུ་རུམ།།
གཟུགས་བརྙན་འབུམ་གྱི་གྲིབ་སོ་དག་ནས་འཆར་སྣང་གཤིན་པོའི་འཁྲེང་སེམས་སྟོང༌།།
བྱུང་རིམ་རི་མོར་ཡུན་གྱིས་འཐམས་པས་སྐྱིད་སྡུག་གར་གྱི་འཇིག་རྟེན་བརྩིགས།།
འདུ་བྱེད་འོད་ཀྱི་ཟེགས་མ་རེ་ན་སྣེ་གཉིས་འདྲེས་པའི་གནས་ལུགས་ཤིག།
བཟང་ཞན་བཏགས་པ་མཛེས་དཔྱོད་ཆུ་བོས་རང་གི་གངས་ཀྱི་སེམས་པ་སྟོན།།
འཐད་མིན་ན་བུན་ཡན་གར་འཕྱུར་བ་འགྱུ་སྟངས་གྱ་གྱུའི་གྲིབ་མ་ཡིས།།
དམའ་སར་འཚོ་བའི་རྐང་གཉིས་ཚོགས་ལ་མི་འཆི་སྲོག་གི་འཚོ་གནས་སྦྱིན།།
ཡིད་ཀྱིས་བསྒྱུར་བའི་ས་གཞིའི་ངོས་སུ་རྨི་ལམ་ཞིང་ནས་མེ་ཏོག་བཙུགས།།
སྐྱ་རེངས་དང་པོའི་བདེན་པར་གཡོལ་ཏེ་བྲང་ཁོག་ལྒང་བུའི་གཟུགས་སུ་བྱས།།
ཚད་མའི་དབེན་པ་རྣམ་རྟོག་ཆུ་བོས་མ་མར་བཟོས་པའི་ལག་པ་ཟུང༌།།
གར་གྱིས་འཁྱུག་པ་གསེར་མིག་ཉ་མོར་རེ་ཞིག་འཇུ་བའི་སྐལ་བ་ཕྲ།།
གསོག་ཟོབ་ཡུན་ལུས་དཀར་པོའི་མདོག་གི་འོ་མ་ལྟེམས་པའི་གཟུགས་བརྙན་ལ།།
ཞོ་དཀར་ཟས་ཀྱི་རྣམ་འགྱུར་རི་མོའི་སྣང་བ་ལྟོས་ཚེ་རྫོགས་ནའང༌།།
བསྣོལ་མར་བསླས་པའི་ཆུ་གཉེར་གཟུགས་ཀྱི་མི་ཚེའི་ཕྲེང་ལམ་དོགས་མོ་ནས།།
མི་བཤིག་ཀུན་ཐུབ་འཛུམ་མདངས་ངོ་མའི་ཁྱིམ་གྱི་བདག་མོར་ཁེད་ཀྱིས་རིང༌།།
འདྲིས་སྟངས་རིག་པར་ཡུན་ནས་བསྲེས་པའི་སྙོམས་སྒྲིག་དུས་ཀྱི་ཕོ་གསར་ཞིག།
སྒེག་ལྡན་གཟུགས་སུ་དལ་བར་ཕེབས་པའི་རྣམ་རྟོག་ཐབས་ཀྱི་ལམ་འགྲམ་ཏུ།།
ཕྱིས་སྡོམ་སེམས་ཀྱི་མེ་ཏོག་ཕུལ་བར་དུས་ཀྱིས་བར་དུ་མ་ཆོད་ཚེ།།
རྨི་ལམ་རིག་པ་ལག་པས་བཟུང་སྟེ་མངོན་སུམ་གཏམ་གྱི་དབུ་ཁྱུད་ཕྲིས།།
ཤར་ནུབ་མཚམས་ནས་རྒྱང་དུ་ཕེབས་པས་ཕོ་གསར་རྫིག་པོའི་ནེམ་ཤ་འབུས།།
ཕྱོགས་གཏོགས་མེད་པའི་ཞགས་པ་འཕངས་བས་མཛངས་མ་ཞིག་གི་སྐེ་ལ་བསྐོན།།
ཁུག་མ་སེར་པོའི་བྱིན་རླབས་དྲན་དུས་རིན་ཆེན་རིལ་བུ་བོར་གཏོར་ཤོར།།
རྟ་མཆོག་རྒོད་པོའི་བང་དང་འགྲོགས་ནས་རི་སུལ་ཞིག་ནས་ཀི་གསུམ་བཏབ།།
བན་ཆུང་བུ་མོར་ཆགས་པའི་སེམས་ངལ་འཁོལ་མས་དོན་ལྔ་སྣོད་དྲུག་བསྲེག་གྲབས་བྱེད་དུས།
གཟན་ཤུབ་སྟོད་འགག་བཅས་པས་ད་སྡོད་ཟེར་བཞིན་ཡན་ལག་བཞི་བོ་དམ་གྱིས་བསྡོམས་ཀྱིན།
ད་འཛིན་ད་ཤོར་ཟུང་གིས་འཁོར་བར་བྱིལ་བྱིལ་བྱེད་སྙམ་ཡ་ཆུང་མཐིལ་ལ་བཀྲམས་ཀྱང་།
མཛེས་མ་རྡོ་རུ་གྱུར་བ་རི་སུལ་རླུང་བུར་ཞོན་ནས་ཕྱོགས་མེད་རྒྱུ་འདི་ཅི་ཞིག
ཆོས་པས་ཆོས་ཚིག་རྫིག་པོ་རེ་པང་སྒྲིག་ནས་སྨྲ་བ་དང་དུ་ལེན་ཞིང་། སྙན་ངག་པ་ཚོས་སྒྱུ་འཕྲུལ་དང་སྒྱུ་རྩལ་གྱི་འཆོར་གོས་གྱོན་བཞིན་སྙན་ངག་འབྲི་མོད།
ང་ཚོ་གནའ་མེད་དེང་མེད་དག་གིས་ཀློག་སྟངས་ཙམ་ཡང་ཤེས་མ་སོང་། ཧཧཧཧ
ཀེ་ཏ་ཀ་ཟེར་བའི་ཀླུ་མཁར་བྱམས་ཀྱང་ཕེབས་འདུག ཡང་ཁྱེད་ཚོ་རྒྱག་རེས་རྒྱོབ་དང་། ལྟད་མོ་འདུག་ཡ། སུ་རྒྱལ་ན་དེའི་ཆུང་མ་བྱེད་ཀྱི་ཡིན། ཧཧཧཧ
ཨ་ལ་ཀུ་རེ་ཡིན། ཨ་མདོའི་ཕོ་གསར་ཚོ་ཀླད་མེད་ད་རེད་ཡ།
པད་མ་མཚོ་ཟེར་མཁན་འདི་ཕལ་ཆེར་རིན་པོ་ཆེ་ཟེར་མཁན་དེའི་ངོས་གཉིས་པ་མིན་འགྲོ། དེ་ལྟ་མིན་ན། རིན་པོ་ཆེ་ཡིས་ངོས་རང་གནད་ཡོད་མི་སྣ་ཞིག་དང་ཀླུ་མཁར་བྱམས་ཀྱི་སྲུང་དམག་རེད་ཅེས་བཤད་ཡོད་པ་དྲན་སོས་ཀྱི་མི་འདུག་གམ། དྲང་མོར་བཤད་ན། ཨ་མདོའི་ཕོ་གསར་དང་སྨན་ཤར་ཚོ་ཁྱོད་འདྲ་བའི་དྲ་འབུ་གཟུགས་མེད་ཅིག་ག་དུས་ཀྱང་ཡིན་མི་སྲིད།
ཀེ་ཏ་ཀ་ལགས། ང་ནོར་གླིང་དུ་སྡོད་པའི་བུད་མེད་ཉམས་ཆུང་ཞིག་ཡིན་པ་ལས་རིན་པོ་ཆེ་མིན། ངས་ཁྱེད་ཀྱིས་ཁ་སྔོན་དྲ་ངོས་འདིར་སྐྱག་པ་བཏང་བ་མང་པོ་མཐོང་ཙང་དེ་ལྟར་བྲིས་པ་ཡིན།
ཁྱེད་ཀྱིས་ཁྱེད་ཀྱི་མཆན་བུ་དག་ལ་ཞིབ་བཤེར་རེ་བྱས་དང་། ཁྱེད་དང་གུས་མོ་ལྟ་བུ། མཆན་བུ་རེ་ལས་ཅང་མི་འཁྱོང་བ་ཚོའི་ནང་ནས་ཁྱེད་ཀྱིས་དངོས་ཡོད་ལ་སྐྱག་པ་བཏང་བ་ཉུང་ཉུང་མ་རེད། ཐུགས་ལ་མ་ཕོག རྗེས་ནས་དོན་དམ་གྱིས་ཡི་གེ་འབྲི་ན་གཟབ་གཟབ་རེ་བྱོས་ན་མིའི་མིག་ལ་འགྲོ་ངེས་རེད།
ཀེ་ཏ་ཀ་ལགས། རིན་པོ་ཆེ་ནས་ཁ་སྔོན་མཆན་བུ་བྲིས་པ་རྣམས་ཁ་བརྡ་ཚང་གིས་རེ་ཤོས་བསུབ་འདུག་ཀྱང་། ང་ཚོས་སྐབས་དེར་ཞིབ་ལྟ་བྱས་པ་ཡིན། དོན་དངོས་རིན་པོ་ཆེ་ནས་གནད་ཡོད་མི་སྣ་ཟེར་བ་ཞིག་བྲིས་མི་འདུག་ལ། གནད་ཡོད་མི་སྣ་ཟེར་བའི་སྐད་ཆ་འདི་བཟོ་མཁན་ཁྱེད་ཀེ་ཏ་ཀ་རེད། དེས་ཀྱང་ཀླུ་མཁར་བྱམས་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན། ཚིག་དྲིས་ན་མི་བཤད་སྒུལ་ན་ཟེར་བ་ལྟར། ཁོང་གི་གཤིས་ཀ་རེ་ཐོན་ཡོང་བ་མིན་ནམ་བསམ།
ལྷན་རྒྱས་ཚོ། ད་ཀླུ་མཁར་བྱམས་ཀྱི་སྐོར་ཁྱེར་མ་ཡོང་རོགས ཞེ་མེར་ལངས་ཀྱི་འདུག་ཁར་མགོ་ཡང་ན་ཡི་འདུག