རས་པ།
ང་རང་བཙན་བྱོལ་བ་ཞིག་ཡིན
དབུ་མའི་ལམ་གྱི་བརྩེ་དུང་ལ་འཐམས་པའི་བཙན་བྱོལ་བ་ཞིག་ཡིན
ཡིན་ནའང ང་ཡི་རང་བཙན་ནི་དོན་སྟོང་ཞིག་ཡེ་ནས་མ་ཡིན
ང་ཡི་རང་བཙན་ནི་ལོ་རྒྱུས་ཀྱི་དོན་སྙིང་ཁྲོད་གསོན་ཞིང
ང་ཡི་རེ་འདོད་ཁྲོད་དུའང་མངོན
ང་ཡི་རང་བཙན་ནི་ཡིག་ཚོགས་ཀྱི་བྱེ་རླུང་ལ་འཐིམས་པའི་འགྱུར་རྡོ་ཞིག་ཡིན་ནམ
ང་ཡི་རང་བཙན་ནི་ལུ་གུ་ཞིག་ཡིན་པའི་དབང་ཏུ་བཏང་ན
གླག་རྒོད་ཅིག་གིས་འཁྱེར་ཏེ་གང་དུ་འཕངས་ཡོད་མེད་མ་ཤེས་པ་དེ་ཡིན་ནམ
དེ་ལྟ་ནི་མ་ཡིན་ཏེ ང་ཡི་རང་བཙན་ནི་མངོན་འདོད་ཅིག་ཡིན་ཨང
ང་ཡི་རང་བཙན་ནི་རྒྱ་འབྲུག་གི་ཁ་ལ་འཁྱིལ་བའི་མར་ཁུ་དེ
ང་ཡི་རང་བཙན་ནི་རྒྱ་ཅོག་གྲུ་བཞིའི་སྟེང་གི་གསོལ་ཚིགས་དེ
ང་ཡི་རང་བཙན་ནི་ཟླ་མཆོད་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་དེ
ང་ཡི་རང་བཙན་ལ་ཁེ་ཕན་ཞེས་ཀྱང་ཟེར་རོ
༢༠༠༧། ༧། ༣ཉིན།