སྐྱོ་བྲག་དགའ་དབང་།
ཕྱི་མཐའ་རིག་པའི་སེམས་པ་དམིགས་བསལ་བ་མངོན་ཤེས་ཞེས་པ་དེ་ང་ཚོར་མེད་ཕྱིར། འབྱུང་ཆར་གནས་སྟངས་ཇི་འོང་ཁ་ཚོན་ཆོད་དཀའ་ནའང་། འདས་པ་ནི་བཟང་ངན་གང་ལྟར་ཡང་སོང་ཟིན་པས་བཅོས་སུ་མེད་ལ། ད་ལྟ་བ་ནི་རིབ་ཙམ་གྱིས་ཡོལ་འགྲོ་ཞིང་། ཡོང་རྒྱུ་ལྷག་བསྡད་པ་ནི་མ་འོངས་པ་ཡིན་ཕྱིར། མཁས་བླུན་སུས་ཀྱང་འབྱུང་འགྱུར་གྱི་ཕྱོགས་ལ་བསམ་གཞིག་མི་ཉུང་བ་རེ་བྱེད་ཀྱི་ཡོད་པ་བཞིན། ངས་ཀྱང་བོད་མི་རིགས་ཀྱི་ལས་དབང་ལ་བསམ་མནོ་རེ་གཏོང་ཁུལ་བྱས་པའི་ཆ་ཤས་ཤིག་ཏུ། ད་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད། ཅེས་པ་དེ་ཡང་སེ་ཡིད་ལ་འཁོར་གྱི་འདུག །
ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་དང་བྱས་རྗེས་གང་ཐད་ནས་གོང་ས་མཆོག་གི་མཚམས་སུ་སླེབ་པའི་མི་སྣ་གྲགས་ཅན་ཞིག་ཡིན་པ་དེས། འབྲེལ་ཡོད་གཞན་པའི་ཡིད་ལའང་དྲི་བ་འདི་འཁོར་ཏེ། ང་ཚོའི་སྤྱི་ཚོགས་ཁྲོད། ཁོང་ནི་བཙན་བྱོལ་བོད་མིའི་ལས་རིགས་རྣམས་མཐར་འཁྱོལ་བས་མ་ཚད་རྒྱ་གར་གྱི་རིག་གཞུང་གོམས་གཤིས་ལ་ཤིན་ཏུ་དགའ་འདྲིས་ཡོད་མཁན་ཞིག་ཡིན་ཕྱིར། ཝཱ་རཱ་ཎ་སཱི་སོགས་གནས་ངེས་མེད་རྣམས་ལ་ཕེབས་ནས་ཕྱི་རོལ་པའི་ཀུན་ཏུ་རྒྱུ་གོས་ངུར་སྨྲིག་གྱོན་མཁན་ཚོའི་མཉམ་དུ་བཞུགས་འདུག་གི་རེད། ཅེས་དང་། ཡང་། ཁོང་ནི་རྒྱ་གར་གྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་མཁས་དབང་ཞིག་ཡིན་ཕྱིར། དྷ་སའི་ནོར་བུ་གླིང་ཁ་ནས་མར་འགྲོ་སའི་ཆུ་རྒྱུད་དུ་རྒྱ་གར་བའི་མི་ཚང་ཞིག་གིས་ཡུལ་འདིའི་གྲོང་གསེབ་ཀྱི་ཁང་དབྱིབས་འདྲ་བའི་ཁང་ཆུང་ཁ་ཤས་ཤིག་དང་ཕྱི་ནང་གི་ར་བ་རྣམས་རྡོ་བརྩིགས་ཀྱིས་གསར་སྐྲུན་བྱས་ཏེ་ཁོང་ལ་ཕུལ་བའི་གཟིམ་ཁང་དེ་བཞུགས་ས་གཙོ་བོ་མཛད་དེ། རྒྱ་གར་གྱི་ཡུལ་མི་རྣམས་ལ་གོ་དོན་ཟབ་པའི་ཆོས་འཁོར་སྔར་ལྷག་བསྐོར་བས་གདུལ་བྱ་ཧ་ཅང་མང་བའི་བླ་མ་ཤང་ཀར་ཨ་ཅརྱ་ལྟ་བུ་མཛད་ཀྱི་རེད། ཅེས་དང་། ཡང་། ཁོང་ནི་ཁྲི་བྱང་རིན་པོ་ཆེའི་སློབ་མའི་ནང་གི་གཙོ་བོ་སྙིང་ལྟ་བུ་དེ་ཡིན་ཕྱིར། ལྷོ་ཕྱོགས་སུ་གསར་བཞེངས་བྱས་པ་དོལ་རྒྱལ་བསྟེན་མཁན་གྱི་དགོན་པར་ཕེབས་ཏེ། ལྷ་མི་སྲུང་སྐྱོབས་ཚོགས་པའི་སློབ་སྟོན་པའི་ངོ་བོའི་ཐོག་བཞུགས་གནང་གི་རེད། ཅེས་དང་། ཡང་། ཁོང་ནི་ཤེས་འཇོན་ཉམས་མྱོང་ཆེ་ལ། གོང་ས་མཆོག་གི་ཐུགས་བློ་ཁེལ་ས་དེ་ཡིན་ཕྱིར། བོད་རྒྱ་ཞི་མོལ་གྱི་གཙོ་འགན་བཞེས་ཀྱི་རེད། ཟེར་བ་སོགས་ལབ་གླེང་སྣ་ཚོགས་ཞིག་བྱུང་མོད།
དོན་དངོས་ལ་ཟམ་གདོང་རིན་པོ་ཆེས་སྡེ་སྲིད་ཁྲི་པའམ། སྲིད་འཛིན་གྱི་མཚན་གནས་དང་བོད་རྒྱ་ཞི་མོལ་གྱི་གཙོ་འགན་བཞེས་ཀྱི་རེད། ཁར་སྔོན་གོང་ས་མཆོག་གིས། ངོས་ཀྱིས་སྲིད་འཛིན་གྱི་མིང་འཛིན་ལྟ་བུ་བྱས་ཏེ། ཡིག་ཆ་དེ་འདྲ་ལ་མིང་རྟགས་འགོད་རྒྱུས་མཚོན་པའི་ལས་འགན་འགའ་རེ་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག །ཅེས་གསུངས་ཤིང་། ཁོང་བགྲེས་ཡོལ་དུ་ཕེབས་ན་ཟམ་གདོང་རིན་པོ་ཆེ་ལས་ལྷག་པའི་ཤེས་འཇོན་ཉམས་མྱོང་ཆེ་བ་ཞིག་ང་ཚོའི་སྤྱི་ཚོགས་ཁྲོད་གདམ་དུ་མེད་པ་དང་། ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེ་བཀའ་ཁྲིར་འཁོད་ཐབས་ཀྱི་གསུང་བཤད་དམ་དུམ་གནང་རབས་དང་། བློ་སེང་གིས་ཀྱང་ངའི་སློབ་སྟོན་པ་ནི་ཟམ་གདོང་རིན་པོ་ཆེ་ཡིན་ཅིང་། ཆབ་སྲིད་ལམ་ཕྱོགས་ཀྱང་ཟམ་གདོང་སྐབས་ཀྱི་བཀའ་ཤག་གི་ལུགས་ལྟར་བྱ་རྒྱུ་ཡིན་རབས་བཤད་པ་དག་གིས་འཆར་གཞི་སྔ་ས་ནས་བསྒྲིགས་ཏེ་བྱ་ལས་སྒྲུབ་བདེ་བའི་ཐབས་ཇུས་ཤིག་བཏིང་ཡོད་པ་ཤེས་ཐུབ།
སྐྱོ་བྲག་དགའ་དབང་དྲིན་ཆེན་པོ། ལུང་བསྟན་འདྲ་བོ་དེ་འདྲ་མ་གནང་། ལུང་བསྟན་གནང་ཤེས་ན་ཚུར་ཕུ་གཞུགས་སྒར་ལ་རྒྱ་གར་པོ་ལི་སི་འཛུལ་རྒྱུ་ཡིན་པ་ཅིའི་ཕྱིར་མ་མཁྱེན་ཏམ། དེ་ལས་རྒྱུད་སྟོད་གྲྭ་ཚང་གི་ས་གཞི་དེ་ཡང་བསྐྱར་རྒྱུད་སྟོད་གྲྭ་ཚང་ལ་བདག་དབང་ཡོད་པ་ཅིག་གནང་རོགས། ཁྱེད་འདི་མི་དགོས་ས་ནས་ཁ་མང་རུ་མང་རུ་རེད་འདུག དགོས་ས་ཆད། མི་དགོས་ས་ལྷག་ཟེར་བ་དེ་ཁྱེད་རེད་འདུག
ཨ་རོ་ནང་ཆེན་དགའ་དབང་། །ཀརྨ་པའི་སྤྲུལ་རྫུན་ཨོ་རྡོས་ཅི་བྱེད་མ་ཤེས་གོང་དུ། ཟབ་གདོང་རིན་པོ་ཆེ་ལ་ཁ་གཏད་ལྕོག་ས་མ་རེད། བོད་མི་རྒྱ་ཆ་བདུན་ཅུ་ཙམ་ནག་ཚོང་ངམ་ཇག་རྐུན་བར་སྦྱར་ནས་ད་དུང་བཀའ་བློན་ཁྲི་བ་ལ་ཡང་ཁ་གཏོང་བ་ནི་སྤྲང་ཁྱི་རྒྱག་ན་གནམ་ལ་ངུ་ཟུག་ཟེར་བ་དེ་རེད། དམ་སྲི་ཟེར་རྒྱུ་བོ་ཡོད་སྲིད་ན་འདི་མོས་འདྲ་རེད། ཨེ་གོ་ཐལ།
སྐྱོ་བྲག་པ། ད་ཁ་རྒགས་པ་མ་ཤོད། ༸གོང་ས་མཆོག་གིས་བཀའ་ཐེངས་བཞི་ཙམ་གནང་མེད་ན་ཁྱེད་ཚོས་བོད་མི་ཚང་མ་ནག་རྐྱྲང་བཟོས་སོང་བ་ཧ་མི་གོའམ། ལྟོས་དང། དངུལ་ནག་པོའི་དོན་རྐྱེན་སྐབས་གསར་འགོད་པས་དྲི་བ་བཏོན་དུས་སྤོར་ཏོ་མགོ་དཀར་བ་དེས། ་་ང་ལ་ཁ་ཁུ་སིམ་པོར་སྡོད་པའི་ཐོབ་ཐང་ཡོད། ཅེས་བཤད་དེ་རྣམ་འགྱུར་ཧ་ཅང་ངན་པ་སྟོན་པ་དང་རང་གནོང་ངོས་ལེན་ལྟ་བུར་བྲོས་འགྲོ་བ་མཐོང་དུས་བོད་མི་སེམས་ཡོད་ཚང་མ་ཧང་སངས་པ་དང་། ཡིད་ཐང་ཆད་འགྲོ་གི་འདུག ཁྱེད་རང་ལ་འཇོན་ཐང་ཡོད་ན་སྤོར་ཏོ་འདི་རིགས་ཕྱིར་འབུད་བྱས་ན་སྙམ། ལས་བྱེད་འདི་རིགས་ཀརྨ་པའི་ཞབས་འཐེན་མཁན་རེད། ཁྱེད་རང་ཚོ་སོ་སོས་བྱས་པའི་ལས་རྙོག་དེ་རྣམས་གཙང་མ་བཟོ་དགོས་པ་ལས་དོན་མེད་སྤྱི་ཚོགས་ནང་དཀྲུག་ཤིང་མ་རྒྱག དོན་དངོས་ཐོག་ཁྱེད་ཚོ་ད་ལྟ་སྐྱིད་པོ་བྱས་ཏེ་སྡོད་རྒྱུ་ཡོད་པ་འདི་༸གཙོ་བོ་༸གོང་ས་མཆོག་དང་། བོད་གཞུང་གི་སྐུ་དྲིན་ཡིན་པ་མ་བརྗེད་པ་བྱས་ཏེ་སྡོད་མཁས་པོ་བྱེད་དགོས།
དོལ་རྒྱལ་ཚོགས་པ་ལ་ཁ་གཏད་གཅོག་མཁན་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་མེད་པ་ལ། ཟམ་གདོང་རིན་པོ་ཆེ་དོལ་ཚོགས་ལ་ཞུགས་རྒྱུ་རེད་ཟེར་བ་འདི་མཐོང་ཆུང་ནང་གི་མཐོང་ཆུང་རེད། དེ་མིན་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་འདུག་ཟེར་བ་གཞི་མེད་རྫུན་གཏམ་ཡིན་མོད། ཟམ་གདོང་རིན་པོ་ཆེས་ཁོང་ལ་སློབ་སྟོན་པ་གནང་ན་ངོ་མ་དགའ་བསུ་ཞུ་དགོས་པ་རེད།
དྲ་གྲོགས་སྐྱོ་བྲག་དགའ་དབང་ལགས་སྐུ་ཁམས་བཟང་།
སྐུ་ཉིད་ཀྱིས་འཆར་ཡན་ལྟ་བུར་ཟམ་གདོང་རིན་པོའི་མ་འོངས་པའི་གནས་བབ་ཐོག་ལ་ཐད་ཕྱོགས་ཀྱི་ཐོག་གླེང་བར་དགའ་བསུ་ཡོད།འོན་ཀྱང་བློ་སེང་ད་ལྟ་བཀའ་ཁྲི་ཆགས་རྒྱུ་ཡིན་པས་བློ་སེང་དང་ཟམ་གདོང་ཚང་གི་མ་འོངས་པའི་གནས་སྟངས་ལ་འབྲེལ་བ་ཨེ་ཡོད།གལ་ཏེ་འབྲེལ་བ་ཡོད་ན་ཚོང་འབྲེལ་ཡིན་པར་གདོན་མི་ཟ།
དེང་སྐབས་བོད་པའི་སྲིད་དོན་པ་མང་པོ་ཞིག་ཚོ་ལས་མཁས་པ་ཆགས་འདུག་དཔེར་ན།
༡༽བློ་སེང་གིས་འོས་ཤོག་གི་ཆེད་དུ་ཞར་དང་ཞོར་ལ་ཟམ་གདོང་ཚང་ལ་བསྟོད་བཀུར་དང་།ལམ་སྟོན་པ་ཡིན་ཚུལ་བརྗོད།དེ་བཞིན་ངས་རྒྱུན་དུ་བཀུར་འོས་ཟམ་གདོང་ཚང་གིས་བློ་སེང་གི་ཆེད་དུ་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གསལ་བཤད་བྱས་ནས་མི་མངོན་པའི་ཚོང་ཞིག་བརྒྱབ།
༢༽བཀྲིས་དབང་འདུས་ཀྱིས་ཁོ་རང་གི་འབྱུང་འགྱུར་གྱི་གནས་བབ་བམ་ལས་གནས་ཤིག་གི་སླད་དུ་བློ་སེང་དང་ཚོང་འབྲེལ་བྱས་ཏེ།ཐོག་མར་འཆར་གཞིོ་མེད་བཞིན་དུ་སྔོན་འགྲོའི་འོས་ཤོག་གི་གོང་ཙམ་དུ་གཉིད་སད་པར་གློ་བུར་འཚབ་འཚུབ་ངང་འོས་མིར་ལངས་ནས་བློ་སེང་དང་ཚོང་འབྲེལ་བྱས།བློ་སེང་གིས་ཀྱང་བཀའ་ཁྲི་ཆགས་ན་ཏན་ཏན་བཀྲས་དབང་དོན་གཅོད་དམ་བཀའ་བློན་སོགས་ཀྱི་ལས་གནས་དྲག་ཙམ་ཞིག་སྤྲོད་ངེས་རེད།མ་སྤྲད་ན་བཀྲས་དབང་ཚོང་ཕམ་ཉེས་བྱུང་བས་ཁ་རོགས་སྡོད་མདོག་ཁ་པོ་མ་རེད།
༣༽སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་གི་རྙོག་གླེང་གི་རང་གནོངས་ཆེན་པོ་ཡོད་དུས་རང་ཉིད་ཀྱི་འབྱུང་འགྱུར་ལས་གནས་སམ་ལྟོ་ཕོར་ལ་ཉེས་ཁ་ཆེན་པོ་མཐོང་ཙང་རང་ཉིད་ཀྱི་ཐོབ་ཁུངས་མིན་པའི་ཆོལ་ཁ་གཞན་ཞིག་ལ་ཞེན་འགོག་ཡོད་ཚུལ་བྱས།ཆོལ་ཁ་གཞན་དེའི་ཆོས་ལུགས་པ་ཚོར་ཞེན་འགོག་གི་ཚོར་བ་རྣོ་ཙམ་ཡོད་པས།ཀརྨ་ཆོས་འཕེལ་གྱི་ཚོང་ལས་ཀྱི་གོ་དོན་རྟོགས་ནས།བྱུང་མི་སྲིད་པའི་ཆོས་བརྒྱུད་མི་འདྲ་ཁག་གཉིས་ཀྱི་ཆོལ་ཁ་གཞན་དེའི་གྲྭ་པས་རྒྱབ་སྐྱོར་བྱས་ནས་ཚོང་ལས་དེ་མུ་མཐུད་ནས་བརྒྱབ་རྒྱུའི་ཁས་ལེན་བྱས།
༤༽དེ་བཞིན་རྣམ་དཔྱོད་ལྡན་པའི་བོད་ཀྱི་གདོད་མའི་མི་རིགས་རང་ཉིད་ཀྱི་གྲུབ་མཐའ་ངོ་མ་གཡུང་དྲུང་བོན་གྱིས་སྔ་ལོའི་གྲོས་ཚོགས་ཀྱིས་རྙོག་གླེང་ལ་བསམ་གཞིགས་ཀྱིས་ད་ཐེངས་གཡུང་དྲུང་རྒྱལ་མཚན་སྤྱི་འཐུས་འོས་མི་ནས་གཡུགས་ཀྱང་།ཆོལ་ཁ་གཞན་དེའི་མི་མང་ཁ་གཅིག་གིས་ཚོང་ལས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད་ཆོལ་ཁོངས་གཞན་དེ་ནས་སྤྱི་འཐུས་འོས་མིར་ལངས་བ་ཡ་ཚན་དངོས་བྱུང་རང་རེད།
༥༽སྔ་ལོའི་གྲོགས་ཀྱི་གནས་རྙོག་དང་འབྲེལ་ནས་ས་སྐྱའི་སྤྱི་འཐུས་ཁོངས་ནས་འདེམས་ཐོན་གྱི་བྱ་རྒྱུར་དོག་པ་ཡོད་པའི་པད་མ་འབྱུང་གནས་མངའ་རིས་མི་མང་དང་ཚོང་འབྲེལ་བྱས་ཏེ་དབུས་གཙང་ཆོལ་ཁོངས་ནས་འོས་ལངས་བྱས་པ་བཅས་རེད།
༦༽ཚོང་འབྲེལ་ཚང་མའི་ནང་ནས་མངོན་གསལ་དོད་དང་ཉེན་ཁ་ཆེ་ཤོས་དེ་བློ་སེང་དང་གདན་ས་གསུམ་གྱི་གྲྭ་པའི་བར་གྱི་ཚོང་འབྲེལ་དེ་རེད།དེར་ཟམ་གདོང་ཚང་དང་སྐུ་སྒེར་གྱི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་ལགས་ཀྱང་གསུང་ཤོར་ནས་དེ་འདྲ་མི་རིགས་ཚུལ་སྙན་ཞུ་ཕུལ་བ་དང་གསུང་བཤད་གནང་དགོས་བྱུང་ཡོད།
ཁྱེད་རྣམས་ཀྱིས་གཟིགས་དང་ཆབ་སྲིད་པའི་མི་མངོན་པའི་ཚོང་དེ་འདྲ་ཚོང་པ་དངོས་གནས་ཀྱིས་ཀྱང་བརྒྱབ་ཐུབ་ཁག་པོ་རེད།
ཨ་རྩི་ཀུ་རེ་ཡིན།ངས་བསམ་ཚད་བརྗོད་ཤོར་སོང་།དགོངས་དག།
གྲོགས་མཁན་པོ་ལགས།༼ ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེ་བཀའ་ཁྲིར་འཁོད་ཐབས་ཀྱི་གསུང་བཤད་དམ་དུམ་གནང་རབས་དང་། བློ་སེང་གིས་ཀྱང་ངའི་སློབ་སྟོན་པ་ནི་ཟམ་གདོང་རིན་པོ་ཆེ་ཡིན་ཅིང་། ཆབ་སྲིད་ལམ་ཕྱོགས་ཀྱང་ཟམ་གདོང་སྐབས་ཀྱི་བཀའ་ཤག་གི་ལུགས་ལྟར་བྱ་རྒྱུ་ཡིན་རབས་བཤད་པ་དག་གིས་འཆར་གཞི་སྔ་ས་ནས་བསྒྲིགས་ཏེ་བྱ་ལས་སྒྲུབ་བདེ་བའི་ཐབས་ཇུས་ཤིག་བཏིང་ཡོད་པ་ཤེས་ཐུབ། ༽
གོང་གི་སྐད་ཆ་འདི་དེ་བས་ཀྱང་གད་མོ་ཤོར་ས་ཞིག་རེད། རྩོམ་ཡིག་ཚང་མ་ཀློག་སྐབས་མཁན་པོ་ལགས་ནམ་རྒྱུན་གྱི་མཁན་པོ་དེ་མིན་ས་རེད་བསམ་བསམ་ཞིག་དྲན་སོང་།
སྲང་བར་གྱི་སྐད་ཆ་བདག་མེད་ཞིག་ཡིན་ཡང་། དཔྱད་པར་འཇུག་དུས་རང་གིས་ཅུང་བསམ་བློ་བཏང་། སྤྱི་ཚོགས་ཀྱི་གནས་བབ་ལ་གཞིར་བཞག་ཏེ་འབྲི་དགོས་མོད་ཀྱང་། ༼ དོལ་རྒྱལ་ཚོགས་པའི༽་སྐོར་གྱི་སྐད་ཆ་དེ་དངོས་གནས་རང་བྱས་པ་དྲིན་དུ་མི་ཚོར་བའི་སྐད་ཆ་རེད་ལ། ཁ་སྔོན་ཁ་ཤས་ཀྱིས་ཆེད་དུ་སྐད་ཆ་བཟོས་པ་དེའང་སྤྱི་ཚོགས་ནང་ཞེས་བཀོད་འདུག་ཚུལ་ལ་ལྟོས་ན། མ་མཐར་དངོས་ཡོད་རང་གིས་མཐོང་བཞིན་དུ་དེ་ལྟར་ལས་འབྲས་རྣམ་བཞག་དང་མི་མཐུན་པའི་ཁ་ཅིག་དྲངས་ཡོང་སྟངས་ལ་ལྟོས་ན། མཁན་པོ་ཚང་གིས་ད་ཐེངས་དངོས་གནས་རྫབ་ཆེན་བྱེད་འདོད་ཀི་ཡོད་ན། ཡང་ན་སྐད་ཆ་མ་འདྲ་བ་ཤོད་རྒྱུར་འབད་བརྩོན་བྱེད་ཀི་ཡོད་ན། གང་ལྟར་ཀརྨ་པའི་ཞབས་འབྲིང་ཞིག་ཡིན་བསམ་པར་དགོངས་པ་བཞེས་དགོས་ཀྱི་རེད།
ལ་རྒྱའི་བདག་པོ་ལགས། ཁྱེད་རང་གིས་དཔྱད་པ་མང་པོ་གནང་སྟེ་ཡིན་མིན་གྱི་གནས་ཚུལ་མང་པོ་ཞིག་གསལ་འགྲེལ་གནང་ཁུལ་གནང་བར་ཐུགས་རྗེ་ཆེ་ཞུ། གོང་དུ་ཁྱེད་རང་གིས་ཆབ་སྲིད་པའི་ནང་ཚོང་འབྲེལ་གྱི་སྐོར་མང་པོ་ཞིག་གསུངས་འདུག་ཀྱང་། ཚང་མ་ཁྱེད་རང་གིས་བསམ་པ་ལྟར་མ་རེད། དཔེར་ན། ཁྱེད་རང་ནས་༼ཚོང་འབྲེལ་ཚང་མའི་ནང་ནས་མངོན་གསལ་དོད་ཤོས་དང་ཉེན་ཁ་ཆེ་ཤོས་དེ་བློ་སེང་དང་གདན་ས་གསུམ་གྱི་གྲྭ་པའི་བར་གྱི་ཚོང་འབྲེལ་དེ་རེད།༽ ཅེས་བཤད་པ་འདི་དོན་དངོས་དང་རྩ་བ་ནས་མཐུན་གྱི་མི་འདུག བློ་སེང་དང་གདན་སའི་བར་ཚོང་འབྲེལ་གྱི་གནད་དོན་རྩ་བ་ནས་ཡོད་པ་མ་རེད། ཡིན་ན་ཡང་ཁ་སྔོན་རྒྱལ་ཡོངས་མང་གཙོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྐབས་བློ་སེང་གདན་སར་བཅར་ཏེ། མཁན་གདན་ཟུར་ཁག་གཅིག་དང་མིང་ཡོད་ཀྱི་བླ་ཆེན་དང་དགེ་བཤེས་སོགས་ལ་ཐུག་འཕྲད་བྱས་པ་དང་། ཐ་ན་སང་བར་གྱི་གྲྭ་དཀྱུས་ཡན་ཆད་ཐུག་སྐབས་ཀྱང་བློ་སེང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་རང་ཉིད་དད་ཅན་ཞིག་ཡིན་པའི་གཟུགས་བརྙན་ཞིག་བསྐྲུན་ཡོད་པ་བདེན་པ་རེད། འོན་ཀྱང་ཁྱེད་རང་གིས་དཔྱད་པ་བྱེད་སྐབས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོག་ཞིབ་ཡག་པོ་བྱས་ན་དོན་དངོས་ཤེས་པར་ཁག་པོ་དེ་ཙམ་མིན། དོན་དགོས་ནི་བློ་སེང་ལ་གདན་ས་ཁག་ནས་འོས་ཤོག་ཕོན་ཆེ་རག་པ་འདི་ལ་རྒྱུ་རྐྱེན་ཁ་ཤས་ཤིག་ལས་མེད། གཙོ་བོ་ནི་ཆོལ་ཁའི་ཞེན་ཁོག་གི་སྟེང་ནས་བྱུང་བ་དང་གཅིག དེའི་སྟེང་དགེ་འདུན་པས་ཆབ་སྲིད་ཐད་འཛིན་པའི་གོ་རྟོགས་འདི་ཧ་ཅང་དམའ་པོ་ཡིན་པ་དང་གཉིས། ཆོལ་ཁ་གཅིག་ལ་ཆ་མཚོན་ན་རང་ཁོངས་ཀྱྱི་མི་ཞིག་བཀའ་བློན་ཁྲི་པའི་ཞབས་སྟེགས་ཐོག་ངེས་པར་དུ་སླེབས་དགོས་ཤིང་། གལ་ཏེ་མ་སླེབས་ན་ཕམ་ཁ་ཆེན་པོ་ཡིན་པའི་ཚོར་སྣང་ཤུགས་ཆེན་ཡོད་པའི་སེམས་ཁམས་ཤིག་གི་ཐོག་ནས་འོས་མི་བཙལ་སྐབས་་བློ་སེང་ལས་དྲག་པ་ཞིག་མ་རག་པའི་རྐྱེན་གྱིས་ཁོ་པར་གདན་ས་ཁག་ནས་འོས་ཤོག་ཕོན་ཆེ་ཐོབ་པ་དང་གསུམ་རེད། མ་ཟད་ཁྱེད་རང་གིས་ངེས་པར་དུ་ཤེས་རྟོགས་དགོས་པའི་གནད་དོན་ཞིག་ནི། ཆོལ་ཁ་གང་གི་ཁོངས་ནས་གྲྭ་ཚོགས་ཆེ་ཤོས་ཀྱི་གནས་བབ་དེ་དམ་འཛིན་བྱས་ཡོད་མེད་ཀྱི་དོན་དངོས་འདི་ཤེས་ན་ད་གཟོད་གདན་སའི་འོས་ཤོག་གི་རྒྱུ་རྐྱེན་ཤེས་སླ་བར་མངོན། དེ་འདྲ་སོང་ཙང་ཆོལ་ཁ་བྱེ་བྲག་པ་ཞིག་གི་གྲ་དམངས་ནས་ཕྱོགས་སྒྲིལ་གྱིས་སྤྲད་པའི་འོས་ཤོག་ཇི་ཙམ་མང་ཡང་དེས་གདན་སའི་འོས་ཤོག་གི་ཚབ་བྱེད་མི་ཐུབ་ལ། གལ་ཏེ་བློ་སེང་ལ་རྒྱལ་ཁ་ཐོབ་ཀྱང་དེས་གདན་ས་ཁག་ནས་བློ་སེང་ལ་རྒྱབ་སྐྱོར་ཡོད་པ་དེ་བས་ཀྱང་མཚོན་ཐུབ་ཀྱི་མེད་ཀྱང་། འདིས་བློ་སེང་གིས་དེ་སྔ་བཤད་མྱོང་བའི་སྐད་ཆ་སྟེ། ང་ཡང་དཔུང་སྒྲིལ་བར་སླེབས་ཡོད། ཅེས་པའི་སེམས་ཁམས་དེ་ལྟ་བུ་ཞིག་ཆ་ཁ་དེ་དང་དེ་ཡི་མི་ཕལ་མོ་ཆེ་ལ་གཅིག་གྱུར་དུ་ཡོད་གནས་ལུགས་འདིས་རྐྱེན་བྱས་ཏེ། ཕྱོགས་སྒྲིལ་གྱིས་འོས་ཤོག་འཕངས་པ་བྱ་སྤྱོད་ངོ་མའི་ཐོག་ནས་ར་སྤྲོད་ཐེངས་གཅིག་བྱས་པ་རེད།
དེ་འདྲ་སོང་ཙང་གནས་ཚུལ་གྱི་ཕྱོགས་ཚང་མར་རྒྱུས་ལོན་གནང་སྟེ་གཏམ་བཤད་སྤེལ་གནང་ཡོད་པ་མཁྱེན། །
མཁན་པོས་འདི་ལྟར་བཤད་པ་ནི་ཟམ་གདོང་རིན་པོ་ཆེས་འཇར་པན་དུ་མཚུར་བླའི་སྐོར་གཏམ་བཤད་གནང་བའི་རྗེས་ཀྱི་ལྟ་ཚུལ་ཞིག་རེད་ལ་རྩོམ་ཡིན་འདིས་ཞོར་ལ་བློ་སེང་ཐོག་ཏུ་མཁན་པོའི་ལྟ་ཚུལ་གསལ་སྟོན་གནང་ཡོད།
ལ་རྒྱའི་བདག་པོ་ལགས། དངོས་གནས་ཁྱོད་ཀྱི་རྣམ་དཔྱོད་དང་སྨྲ་ལྕེ་ལ་ཡིད་སྨོན་འཆོར། འོན་ཀྱང་ཁྱོད་ཀྱིས་ད་དུང་དོན་གནད་ཁ་ཤས་བརྗོད་རྒྱུ་ལུས་འདུག འཕེལ་རྒྱས་སྒྲོལ་མ་མཚོ་མས་གྲོས་ཚོགས་སུ་ཁུར་བའི་འབར་རྫས་ཀྱི་ཚོང་གི་འཐོན་བསྐྱེད་ཡར་ཟླ་ལྟར་འཕེལ་བར་ཁྱོད་ཀྱིས་གླེང་མི་འདུག་ལ། སྤེལ་པ་ཚེ་རིང་གིས་དགྲ་དགའ་གཉེན་སྡུག་གི་སྲིད་ཇུས་ལམ་དུ་སོང་ནས་འོས་གཞི་རྩེ་ཕུད་དུ་སླེབས་པ་དང། བསྟན་འཛིན་མགོན་པོ་དྲང་བདེན་གྱི་གཏམ་བཤད་ཐེངས་གཅིག་གིས་བསླུས་ནས་འོས་གཞི་ནས་ཕུད་པའི་བྱུང་རབས་རྣམས་ཅིའི་ཕྱིར་ཁྱོད་ཀྱི་ཡིད་ལ་མ་འཁོར་ཞིང་ངག་ནས་མ་ཐོན།
ཨ་ཁ་ད་ཕྱོགས་ཞེན་ལས་དྲང་བདེན་ཟེར་བ་སྐྱག་རྫུན་རང་རེད།
ལ་རྒྱའི་བདག་པོའི་ལ་རྒྱ་དེ་ཡང་ལུང་ཆུང་ཞིག་གིས་བཅད་ཡོད་པར་འདྲ། །
ཟམ་གདོང་རིན་པོ་ཆེས་ག་རེ་གནང་དང་མ་གནང་ལ་རི་བོང་གནམ་ལྡིང་གིས་སྡུག་བསྔལ་མ་གྱིས། ཚུར་ཕུ་བླ་བྲང་ཆགས་འཇིག་ལ་སེམས་འཁུར་གྱིས། ཁྱོད་འདྲ་བའི་ཚུར་ཕུ་བླ་བྲང་གི་ཞབས་འདྲེན་པ་ལས་བྱེད་མང་ཆེ་བ་འཕྲལ་མར་ཉིད་དུ་ཕྱིར་འབུད་གཏོང་དགོས་པ་དང་། ང་དང་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཞབས་འདྲེན་ཞུ་མཁན་གྱི་ལས་བྱེད་ཁྱོད་འདྲ་བ་ཚོ་དགོས་མཁོ་མེད། མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ།། ཁྱི་ལ་རྔ་མ་མེད་ན་འདྲེ་དང་འདྲ།། ཁྱེད་རང་འདྲེ་ལས་ཀྱང་སྡུག་བའི་མི་ཞིག་ཡིན་ཐག་ཆོད་རེད། ཁྱོད་ཀྱིས་སྐད་ཆ་དེའི་ཁུངས་སྐྱེལ་ག་རེད་ཡོད། *ཁོང་ནི་ཁྲི་བྱང་རིན་པོ་ཆེའི་སློབ་མའི་ནང་གི་གཙོ་བོ་སྙིང་ལྟ་བུ་དེ་ཡིན་ཕྱིར། ལྷོ་ཕྱོགས་སུ་གསར་བཞེངས་བྱས་པ་དོལ་རྒྱལ་བསྟེན་མཁན་གྱི་དགོན་པར་ཕེབས་ཏེ། ལྷ་མི་སྲུང་སྐྱོབས་ཚོགས་པའི་སློབ་སྟོན་པའི་ངོ་བོའི་ཐོག་བཞུགས་གནང་གི་རེད། *
སྐྱོ་བྲག་དགའ་དབང་ལགས།ཁྱེད་འབའ་རོམ་བཀའ་བརྒྱུད་རྒྱུས་ཨེ་ཡོད་སྐྱོ་བྲག་ལོ་རྒྱུས་ཨེ་ཤེས་འབའ་རོམ་བཀའ་བརྒྱུད་མ་འོངས་པ་ག་རེ་གནང་གི་རེད།
ད་ཡང་སྐྱོ་བྲག་པས་ཁ་ནས་གང་བྱུང་བཤད་དེ། ཀརྨ་པ་མཆོག་གི་མཛད་པ་འཕྲིན་ལས་ལ་བར་ཆད་གཏོང་འདོད་པ་མ་ཡིན་ནམ། ཁྱེད་ཚོས་ཧམ་པ་ཆེ་མི་དྲག་པ་དང་། བོད་མི་དམངས་ཀྱི་སེམས་ཁམས་ཤེས་དགོས། ཀརྨ་པ་སྐུ་གོང་མའི་མཛད་འཕྲིན་མཐར་འཁྱོལ་མིན་དང་། དེའི་རྒྱུ་མཚན་ལའང་བསམ་བློ་ཡག་པོ་གཏོང་དགོས། དོན་དངོས་ཚོད་དཔག་རན་པོ་བྱེད་དགོས།
ཡ། དྲྭ་གྲོགས་ཚོས་ནང་དོན་གོ་བ་མ་ལོན་པའི་རྫུན་བཟོའི་སྐད་ཆ་བཤད་པ་དག་ལ་ལན་ཞིག་རྒྱབ་ནའང་འགྲིག་གི།
༡ གཞོན་ཟླ་ལགས། ཕྱི་མཐའ་རིག་པའི་སེམས་པ་དམིགས་བསལ་བ་མངོན་ཤེས་ཞེས་པ་དེ་ང་ཚོར་མེད་ཕྱིར། ཅེས་ལུང་བསྟན་མིན་པ་བསྟན་ཟིན་ནའང་ད་དུང་སྨྱོ་ལབ་ལྟ་བུ་ཅི་ཞིག་བཤད་ཀྱིན་ཡོད། རྒྱུད་སྟོད་གྲྭ་ཚང་གི་ས་གཞིའི་བྱུང་རབས་དོ་བདག་རང་གིས་གསར་འགྱུར་བརྒྱུད་ལམ་རྣམས་སུ་བཤད་པ་དག་ཉན་ན་གནས་ཚུལ་དངོས་དེ་རྟོགས་རེ་ཡོད་པ་ཡིན། ས་དེ་ཡང་བསྐྱར་རྒྱུད་སྟོད་གྲྭ་ཚང་ལ་བདག་དབང་ཐུབ་མིན་ནི་རྒྱ་གར་འདི། ཁྲིམས་ཀྱིས་དབང་སྒྱུར་བའི་མང་གཙོའི་ལུང་པ་ཞིག་ཡིན་ཕྱིར་ཁྲིམས་ཐོག་ནས་ཐག་གཅོད་ཡོང་གི་རེད། དགོས་ས་ཆད། མི་དགོས་ས་ལྷག་པའི་ཚིག་དོན་དེ། འབྲེལ་མེད་དོན་གཞན་བཤད་སྟངས་ལ་བལྟས་ན་ང་ལས་ཀྱང་ཁྱོད་ལ་འབབས་ཉེན་ཆེ་བ་འདུག་པས་གཟོབ་ཅིག །
༢ བོན་ལགས། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྡེ་སྤྲུལ་རྫུན་ཡིན་མིན། གོང་ས་མཆོག་གིས་དབུས་པའི་བོད་གཞི་བྱེས་མི་མང་གིས་རྒྱབ་སྐྱོར་གནང་སྟངས་བལྟས་ན་ཤེས་ཀྱི་ཡོད། ཁོང་རྣམ་པ་ཚང་མ་བདེན་རྫུན་དབྱེ་འབྱེད་མི་ཤེས་པའི་བྱབ་ཆུང་ཞིག་ཏུ་སྐྱེལ་ན་འགྲིག་གམ། བོད་མིའི་ས་ཆ་དོན་གསུམ་ཙམ་གྱི་གནད་དོན་སྔོན་མ་ནས་ཡོད་པ་ཞིག་ལས་གསར་དུ་ལྷག་པའི་གནས་ཚུལ་ཞིག་མིན་པ་མ་ཤེས་པར། བོད་མི་རྒྱ་ཆ་བདུན་ཅུ་ཙམ་ནག་ཚོང་ངམ་ཇག་རྐུན་བར་སྦྱར། ཟེར་བ་ནི། སྐུ་ཉིད་ལོག་ཕྱོགས་སུ་ཕེབས་ཆེས་པའི་སྐྱོན་ལས་ཅི་ཡོད། ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་དང་བྱས་རྗེས་གང་ཐད་ནས་གོང་ས་མཆོག་གི་མཚམས་སུ་སླེབ་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཞེས་པ་དེ་བཀའ་བློན་ཁྲི་བ་ལ་ཡང་ཁ་གཏོང་བའི་ཚིག་ཡིན་ནམ། སྤྲང་ཁྱི་རྒྱག་ན་གནམ་ལ་ངུ་ཟུག་བྱེད་པ་ལས་ཀྱང་ཐུ་བའི་སྤྱི་ཚོགས་ཀྱི་དཀྲུག་ཤིང་བཤད་ཐལ་ཆེ་བ་འདིས་རང་ཉིད་ཚེ་ཚེ་རབས་རབས་རྣམས་སུ་དམ་སྲིར་འགྱུར་ཉེན་འདུག་པས་གཟབ་ན་ལེགས་སོ། །
ལྟ་བ་ལོག་པའི་མཁན་མིང་འཛིན་པ་ཁྱོད་ཁ་རོག་བསྡད་ན་ལེགས་ དོན་གྱི་མཁས་དབང་ཟམ་དོང་རིན་པོ་
ཆེའི་མཛད་འཕྲིན་ག་རེ་གནང་ན་གནང་ཚོད་ཀྱི་དགོས་མ་རེད་ དེ་ལས་ཁྱོད་རང་གི་ཁ་ནས་དོལ་རྒྱལ་མ་བོས་ཀྱང་ཁོག་ལ་སྔར་ནས་དོལ་རྒྱལ་ཞུགས་ཚར་ཡོད་པ་ངས་ཤེས་གི་ཡོད། གང་ཡིན་ཟེར་ན་ པད་འབྱུང་ཆོས་ལ་ལོགས་པར་ལྟ་ཉན་དེ་ཁྱོད་ཡིན་པ
ལྟ་བ་ལོག་པའི་མཁན་མིང་འཛིན་པ་ཁྱོད་ཁ་རོག་བསྡད་ན་ལེགས་ དོན་གྱི་མཁས་དབང་ཟམ་དོང་རིན་པོ་
ཆེའི་མཛད་འཕྲིན་ག་རེ་གནང་ན་གནང་ཚོད་ཀྱི་དགོས་མ་རེད་ དེ་ལས་ཁྱོད་རང་གི་ཁ་ནས་དོལ་རྒྱལ་མ་བོས་ཀྱང་ཁོག་ལ་སྔར་ནས་དོལ་རྒྱལ་ཞུགས་ཚར་ཡོད་པ་ངས་ཤེས་གི་ཡོད། གང་ཡིན་ཟེར་ན་ པད་འབྱུང་ཆོས་ལ་ལོགས་པར་ལྟ་ཉན་དེ་ཁྱོད་ཡིན་པ
༣ BBC ལགས། རེད། ང་ཚོའི་སྐྱོན་གནས་མ་ཤེས་པ་ཙམ་ལས་གཞན་མེད་པ་མཁྱེན་པའི་ཐོག་ནས། གོང་ས་མཆོག་གིས་བཀའ་ཐེངས་བཞི་ཙམ་གནང་བ་རེད། ཁོང་ལྟ་བུ་དྲང་བདེན་ཡ་རབས་ཀྱི་མི་སྣ་གྲགས་ཅན་ཞིག་གིས་རྫུན་རྒྱབ་བྱེད་སྲིད་དམ། གསར་འགོད་པས་དྲི་བ་བཏོན་དུས་སྤོར་ཏོ་མགོ་དཀར་བ་དེས། ་་ང་ལ་ཁ་ཁུ་སིམ་པོར་སྡོད་པའི་ཐོབ་ཐང་ཡོད། ཅེས་བཤད་པ་ནི། ཁྲིམས་ཐོག་གི་རྒྱལ་ཕམ་དེ། ཆུ་རྒྱུན་འདྲ་བའི་གནས་ཚུལ་དག་ཡུར་བ་ལྟ་བུའི་ཁྲིམས་ནང་དུ་འཁྲིད་འཐུབ་མིན་ལ་རག་ལས་ཕྱིར། ཤོད་ཐལ་མི་འགྱུར་བའི་ཐབས་ལམ་ཡིན་ནའང་། གནས་ཚུལ་ཇི་བཞིན་མ་རྟོགས་པའི་བོད་མི་འགའ་ཤས་ཧང་སངས་པ་དང་། ཡིད་ཐང་ཆད་པ་བྱུང་ཡོད་སྲིད། ནང་འཁྲུགས་དང་བཙན་ཤེད་ལ་འཇོན་ཐང་དུ་བརྩི་ན་ལེགས་ཉེན་ནོར་བར་མི་འགྱུར་རམ། ཁྱེད་རང་ཚོ་སོ་སོས་བྱས་པའི་ལས་རྙོག་དེ་རྣམས་གཙང་མ་བཟོ་དགོས། ཟེར་བ་ལོས་བདེན། ང་ཚོས་གཙང་མ་བྱེད་ཀྱིན་པ་ཡིན་པས་རིང་མིན་ཡག་པོ་ཆགས་རེ་ཡོད། ང་ཚོའི་ཤེས་འཇོན་གྱིས་མ་འདང་བ་ཙམ་ལས་དོན་མེད་སྤྱི་ཚོགས་ནང་དཀྲུག་ཤིང་བརྒྱབས་པ་གཅིག་ཀྱང་མེད་པས་ཐུགས་ཁྲལ་མི་དགོས། དོན་དངོས་ཐོག་ང་ཚོ་ད་ལྟ་སྐྱིད་པོ་བྱས་ཏེ་སྡོད་རྒྱུ་ཡོད་པ་འདི་༸གཙོ་བོ་༸གོང་ས་མཆོག་དང་། བོད་གཞུང་གི་སྐུ་དྲིན་ཡིན་པ་མ་བརྗེད་པ་བྱས་ཏེ། ངས་སྔོན་མ་ནས། བོད་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱབ་སྐྱོར་དང་རོགས་འདེགས་བྱས་པ་ང་ཚོས་རེ་བ་བྱས་པ་ལས་ལྷག་ཅིག་བྱུང་། ཞེས་བཤད་ཟིན་པ་ཡིན།
༤ ཤ་ཀླན་བུ་ལགས། ཟམ་གདོང་རིན་པོ་ཆེ་དོལ་ཚོགས་ལ་ཞུགས་རྒྱུ་རེད་ཟེར་བ་འདི་མཐོང་ཆུང་ནང་གི་མཐོང་ཆུང་ཡིན་མིན་གང་ལྟར་ཡང་། ཟླ་ཤས་སྔོན་དྲྭ་རྒྱ་ཞིག་ཏུ་ཐོན་པའི་གཞན་འདོད་བསྐྱར་བ་ཙམ་ཡིན་པ་ཤེས་པར་བྱོས་ཤིག །བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་འདུག་ཟེར་བ་གཞི་མེད་རྫུན་གཏམ་དུ་ཐག་བཅད་པ་ནི། རང་ཉིད་ལ་ཕྱོགས་ཞེན་ཙམ་ལས་མཐོང་ཐོས་ཀྱི་རྒྱ་གང་ཡང་མེད་པའི་རང་མཚང་དུ་འགྱུར་འདུག་གོ། །
༧ གྲོགས་ཤར་ཕྱོགས་ཁུག་རྟ་ལགས། དོལ་རྒྱལ་ཚོགས་པའི་སྐོར་གྱི་སྐད་ཆ་དེ་དངོས་གནས་རང་བྱས་པ་དྲིན་དུ་མི་ཚོར་བའི་སྐད་ཆ་ཡིན་མིན་གང་ལྟར་ཡང་། གཞན་པས་དྲྭ་རྒྱར་བཀོད་ཟིན་པ་རྗེས་བརྗོད་བྱས་པ་ཙམ་གྱིས་རྫབ་ཆེན་དུ་འགྱུར་ན་ཧ་ཅང་ཐལ་ཆེ་ཞིང་། རང་གིས་ཟམ་གདོང་ཚང་ལ་ལྟ་ཚུལ་ནི། ཁོང་བགྲེས་ཡོལ་དུ་ཕེབས་ན་ཟམ་གདོང་རིན་པོ་ཆེ་ལས་ལྷག་པའི་ཤེས་འཇོན་ཉམས་མྱོང་ཆེ་བ་ཞིག་ང་ཚོའི་སྤྱི་ཚོགས་ཁྲོད་གདམ་དུ་མེད་པ་དང་། ཞེས་པ་དེ་ཡིན་པས། ལས་འབྲས་རྣམ་བཞག་དང་མི་མཐུན་པ་དང་། ཀརྨ་པའི་ཞབས་འབྲིང་ཞིག་ཡིན་པའི་བསམ་མནོ་མ་བཏང་བར་ཇི་ལྟར་འགྱུར།
མིང་གི་ཐོག་མ་སྐྱོ་ཅེས་པ།
སྐྱོ་བའི་ངང་ཚུལ་བྲག་རི་བཞིན།
ངག་གི་དབང་ཕྱུག་གང་ལྟར་ཡང་།
སྨྲས་ཚད་ཆུ་ཡི་དྲི་མ་རེད།
༡༢ མི་ཉག་སྐལ་བཟང་ལགས། ཚུར་ཕུ་བླ་བྲང་ཆགས་འཇིག་ལ་སེམས་འཁུར་ལོས་བྱེད། འཇོན་མིན་ཙམ་ལས་ང་རང་ལ་དམིགས་བསལ་འགན་འཁྲི་ཡོད་པ་ཞིག་རེད། ཟམ་གདོང་རིན་པོ་ཆེས་ག་རེ་གནང་དང་མ་གནང་ལ་དཔྱད་གཞིག་བྱེད་པ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ག་ལ་ཡིན། ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་དང་བྱས་རྗེས་གང་ཐད་ནས་གོང་ས་མཆོག་གི་མཚམས་སུ་སླེབ་པའི་མི་སྣ་གྲགས་ཅན། བོད་པའི་རྩ་དོན་དང་འབྲེལ་བ་ཡོད་པའི་གང་ཟག་ཅིག་ཡིན་པ་མི་ཤེས་སམ། ཁོང་དོལ་རྒྱལ་བསྟེན་མཁན་གྱི་དགོན་པར་ཕེབས་འགྲོ་གི་རེད། ཟེར་བའི་རྩོམ་ཟླ་ཤས་སྔོན་དྲྭ་རྒྱར་བསླེབས་པའང་མ་མཐོང་བའི་མཐོང་ཐོས་ཞན་པ་ཞིག་ཡིན་ན། ལབ་གླེང་མ་མང་བར་ཁུ་སིམ་བསྡད་ན་མཛེས་ཀྱི་རེད། མཚུར་ཕུ་བླ་བྲང་གི་ལས་བྱེད་རྣམས་ལ་ཚིག་ངན་ལབ་པ་དེ་ཚོ་ཀརྨ་པར་དགའ་ཞེན་ཡོད་ཁུལ་ཡིན་སྲིད་ནའང་། འགོ་བྱེད་ཚང་མ་ཀརྨ་པས་བསྐོ་བཞག་བྱས་པ་རྐྱང་ཡིན་པས་ཕན་གནོད་གང་དུ་འགྱུར་ཆ་མི་འཚལ་བ་ཡིན།
༡༤ BBC ལགས། གཞན་འདོད་བསྐྱར་བ་དང་རང་འདོད་བཀོད་པ་གང་ཡིན་མ་འཚལ་བཞིན་གང་བྱུང་རྡོལ་གཏམ་དུ་སྨྲ་བ་ནི། སྤྱི་ཚོགས་ཀྱི་བརྟན་རླིངས་ལ་གནོད་པའི་ཧམ་བཤད་ཡིན་པ་མི་དགོངས་སམ།
༡༨ ཤན་པ་མེ་རུ་རྩེ་ལགས། ཁྱོད་རང་གི་བཤད་སྤྱོད་ལ་བལྟས་ན་གཞན་སེམས་ཤེས་པའི་མངོན་ཤེས་ནི་ཡོད་ངོ་མི་འདུག་ཅིང་། ངས་པད་འབྱུང་ཆོས་ལ་ལོག་པར་བལྟས་པའི་བདེན་དཔང་ཚིག་ཕྱེད་ཙམ་ཡང་མེད་བཞིན་སྐྱོན་འཛུགས་བྱ་སྟངས་ལ་བལྟས་ན། ང་ལས་ཀྱང་ཁྱོད་རང་གི་ཁོག་ལ་དོལ་རྒྱལ་སྔ་ས་ནས་ཞུགས་ཚར་ངོ་འདུག་པས་སྐུ་རིམ་ལ་འབོད་ཅིག །
སྐྱོ་བྲག་ལགས། ཁྱེད་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་དཀྱེལ་ཡངས་ཤིག་ཡིན་པ་ངས་ཧ་གོ་སོང། འོན་ཀྱང་སྤོར་ཏོ་དེས་གསར་འགོད་པར་གཡོལ་རྒྱུའི་ཚབ་ཏུ། དངུལ་ཚང་མ་ཀརྨ་པ་མཆོག་ལ་འཛམ་གླིང་ས་གནས་ཁག་གི་དད་ལྡན་མང་ཚོགས་དང་རྗེས་འཇུག་པ་རྣམས་ཀྱིས་ཕུལ་བའི་དད་རྫས་ཤ་སྟག་རེད། ཅེས་པ་དེ་ཙམ་ཞིག་ཤོད་མི་ནུས་པ་གང་ཡིན། ལན་མ་བརྒྱབ་པར་བྲོས་ཕྱིན་ནས་རང་གནོང་ངོས་ལེན་བྱེད་པ་ལྟ་བུའི་རྣམ་འགྱུར་སྟོན་པ་འདིས་ང་ཚོ་བོད་མི་ཚོར་བློ་ཕམ་བྱུང་བ་རེད། མ་ཟད་བློ་ཕམ་བྱུང་མཁན་བོད་མི་ཁ་ཤས་མ་རེད། བོད་ལ་ཤ་ཚ་ཡོད་པའི་བོད་མི་ཕལ་མོ་ཆེ་རེད། བོད་མི་མང་ཆེ་བའི་སེམས་ཁམས་ན་ཀརྨ་པ་མཆོག་ལ་འཛིན་པའི་དད་པ་ལྷད་མེད་རེ་ཡོད། འོན་ཀྱང་ཁྱོད་ཀྱིས་ལས་ཀ་མུ་མཐུད་གནང་གི་ཡོད་པས་རིང་མིན་ཡག་པོ་ཆགས་རྒྱུའི་གདེངས་ཚོད་གནང་འདུག་པས་ཧ་ཅང་དགའ་པོ་བྱུང། ཐུགས་རྗེ་ཆེ་ཞུ་ྒྱུ་ཡིན། ཁྱེད་རང་གིས་ཀརྨ་མཆོག་གི་མཛད་པ་འཕྲིན་ལས་ལ་དགོངས་ཏེ་བཀའ་མོལ་གནང་སྐབས་ངེས་པར་གཟབ་དགོས་པ་དང་། ཀུན་སློང་མེད་ཀྱང་ཚིག་ཐལ་རིགས་རྩ་བ་ནས་མི་ཤོར་བའི་དོན་ལ་གཟབ་རོགས་གནང། དེང་སར་གང་སར་སྐབས་འཚོལ་བས་ཁེངས་ནས་ཆུང་ཆུང་ཆེན་པོར་གཏོང་བའི་ངན་ལམ་ཞིག་ཆགས་འདུག
༢༦ BBC ལགས། ང་རང་བློ་དམན་འཁོས་ཆུང་ཞིག་ལས་དཀྱེལ་ཡངས་ཤིག་རྩ་བ་ནས་མིན་པ་དགོངས་མཛོད། ང་ལ་ལམ་སྟོན་གནང་བ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཡག་ཡིན།
གྲོགས་སྐྱོ་བྲག་ལགས།
ང་འདྲིའི་ལས་འབྲས་རྣམ་བཞག་ཉིད་ལ་ཤོད་དགོས་དོན་མེད་ཀྱང་། ཟམ་གདོང་རིན་པོ་ཆེའི་དོལ་རྒྱལ་གཏན་འགོག་གི་མཛད་རྗེས་དེར་མི་རེ་ཤོས་ཀྱིས་སྐད་ཆ་བཟོས་པ་དེ་སྐུ་ཉིད་ནས་སྤྱི་ཚོགས་ནང་ཞེས། རང་གིས་ཟམ་གདོང་རིན་པོ་ཆེའི་མཛད་འཕྲིན་མཐོང་བཞིན་དུ། ཀརྨ་པ་བླ་བྲང་གི་ཞབས་འབྲིང་པའི་མཚན་གནས་ཡོད་མཁན་ཞིག་གིས་བསྒྲགས་པ་ཡིན་ན། ངས་དེ་ལས་འབྲས་རྣམ་བཞག་དང་མཐུན་གྱི་མེད་ཞུ་འདོད་པ་དེ་ཡིན། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དགེ་སློང་ཚད་ལྡན་མ་རེད་ཅེས་པ་དེ། ཉིད་ནས་སྤྱི་ཚོགས་ནང་རེ་ཤོས་ཀྱིས་དེ་ལྟར་གླེང་ལབ་ན་མཐོང་ཐོས་དོགས་གསུམ་གཅོད་ཐུབ་མིན་ལ་ངས་སེམས་འཚབ་བྱས་པ་ཡིན།
དེ་ནས། ༧གོང་ས་མཆོག་གིས་གནའ་སྔ་མོར་ཐའེ་ཝན་ནས་བོད་པ་གཞོན་སྐྱེས་ཚོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ཡོད། ཁོང་ཚོར་རྣམ་དཔྱོད་ཡོད་ལ། མདུན་ལམ་གྱི་ཐད་ནས་ཀྱང་འདྲ་མཉམ་གྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་དོན་ནང་ཞུགས་ཆོག ངོས་ཀྱི་གཞོན་སྐྱེས་ཚོར་ངའི་རེ་བ་ཡོངས་སུ་བྱེད་ཀྱི་ཡོད་ཅེས་བཀའ་གནང་ཡོད། བཀའ་གནང་བའི་ནང་གི་གཞོན་སྐྱེས་ཚོའི་གྲས་སུ་ང་ཚོ་གཞོན་སྐྱེས་རྣམས་མ་འཛུལ་ཀྱང་རང་བཞིན་གྱིས་ཚུད་ཡོད། དེ་བས་ངས་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་མིའི་ཆོས་ཉིད་ཀྱི་ལམ་བུ་འདེད་དགོས་པ་གསལ་བོ་ཤེས་ཡོད་ཀྱི་ལགས།
༢༨ གྲོགས་ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱིས་བཤད་པ་བདེན་ནའང་། ངས་གོང་ཞུས་ལྟར་གཞན་པས་དྲྭ་རྒྱར་བཀོད་ཟིན་པ་ཞིག་གཞན་འདོད་དུ་བསྐྱར་བཟློས་བྱས་པ་ལ་དེ་ག་ཙམ་གྱི་ཉེས་པ་ཞིག་ཨེ་ཡོད་ན།
གྲོགས་དགའ་དབང་ལགས། ང་བདེན་པ་ཡིན་མིན་གཙོ་མི་ཆེ། ཟམ་གདོང་རིན་པོ་ཆེར་སྤྲེལ་ལད་ཀྱང་འཁྲབ་དགོས་དོན་མི་འདུག ཡིན་ནའང་། ཁོང་གི་དོལ་རྒྱལ་གཏན་འགོག་གི་མཛད་རྗེས་ལ་གཞིགས་ནས། དོལ་གཏེ་ཚོས་སྐད་ཆ་བཀྲམས་པ་དང་། ཡང་རེ་ཤོས་ཀྱིས་བསམ་ངན་སྦྱོར་རྩུབ་ཀྱིས་སྐད་ཆ་བཟོས་བཞག་པ་ཞིག་མཁན་པོའི་མཚན་གནས་ཡོད་ཁར། བླ་བྲང་གི་ཞབས་སྡོད་པ་དྲག་གྲས་ཤིག་གིས་ཚུར་དྲངས་ཡོང་བ་འོས་པོ་མི་འདུག་ཅེས་ངའི་དོན་རྩ་དེ་རེད། དེས་བོད་སྤྱི་ལ་ཕན་གྱི་མ་རེད། མ་མཐའི་བོད་མིའི་གཞི་རིམ་གྱི་བྱས་པ་དྲིན་དུ་ཚོར་བའི་ལས་འབྲས་རྣམ་བཞག་ལའང་མཐུན་གྱི་མི་འདུག་ཟེར་གྱི་ཡོད།
ཟམ་གདོང་སྐོར་ལ་བཤད་ན་ཁྲི་བྱང་གི་དུག་རོ་དང་དོལ་རྒྱལ་བསྟེན་མཁན་ཡིན་པ་མངོན་གསལ་རེད། དམ་སྲི་བསྟེན་མཁན་ཚོ་ལ་བསྟོད་སྔགས་ཇི་ལྟར་བརྗོད་ཀྱང་ཚེ་འདིར་ཁོ་ན་དོན་དུ་གཉེར་བ་རེད། ཕྱི་མ་འགྲོ་ས་གཅིག་ལས་མེད་པ་འདྲ། མཁན་པོ་དགའ་དབང་གིས་གཟུར་གནས་རྣམ་དཔྱོད་དྲ་འབི་ཚོས་འགྲན་བཟོད་ནི་མ་རེད།
མཁན་པོ་དང་ཁུག་རྟ་གཉིས་ཀྱི་བསམ་ཚུལ་གོ་སོང་།
གང་ལྟར་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་དགོས་པ་དེ་གཙོ་བོ་རེད། དཔེར་ན། གོང་དུ་ཀརྨ་པའི་མཚན་བེད་སྤྱོད་གཏོང་མཁན་འདིས། དོལ་རྒྱལ་བསྟེན་གྱི་ཡོད་ཚུལ་སོགས་ཀྱི་ཁྱི་སྐད་རྒྱག་བཞིན་པའི་སྐད་ཆའི་རྒྱབ་སྣོན་མཁན་པོ་འདྲེན་བཞིན་པ་འདི་ལྟར་ཕྱིན་ན་ཡག་པོ་མ་རེད། ནམ་ཞིག་འགྲེལ་བཤད་རྒྱག་ས་མི་འགྲོ་སར་སླེབས་མི་སྲིད་པ་མ་རེད། དེའི་རྐྱེན་འདི་དག་ནི་དོན་དངོས་བོད་བསྟན་སྲིད་ལ་བསམ་བཞིན་སྦྱོར་བ་རྩོམ་མཁན་དང་དམ་ཚིག་ལོག་པ་ཡིན་པ་ཐེ་ཚོམ་བྱེད་མི་དགོས་པ་རེད།
དགའ་དབང་ལགས།
ཁྱེད་ཀྱིས་གོང་པ་རྡོ་རྗེ་ལ་བཀའ་ལན་ཞིག་ངེས་པར་དུ་གནང་རོག་གནང་།
རྒྱལ་དབང་ཀརྨ་པ་མཁྱེན་ནོ། གང་ཟག་མི་རྟོན་ཆོས་ལ་རྟོན་པར་ཞུ།
བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས།
ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས།ཱྀ །འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིན་རློབས།
སྐྱོ་བྷབྲག་དགའ་དབང་བཤད་པའི་དུས་སུ་བཤད་མི་ཐུབ། བཤད་རྒྱུ་ཆོས་མི་བཤད་སྲིད་བཤད།
བཤད་ཚད་རང་མགོ་རྡོ་རྒྱགས། ད་ནི་དམར་སེར་བླ་གོས་དེ་གྱོན་ནས་དབེན་པའི་གནས་སུ་ཕེབས་པར་ཞུ
ཁ་བརྡ་རྩོམ་སྒྲིག་པ་ལགས་སུ་ཆེད་ཞུ། གོང་དུ་མཆན་འབྲི་མཁན་གྱི་མིང་ལ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་བེད་སྤྱད་བཏང་འདུག་པར། དེ་ནི་སྤྱིར་ཀརྨ་པ་དང་། ཡང་སྒོས་སུ་མཚུར་ཕུ་བླ་བྲང་ལ་གནོད་གཞི་ཞིག་ཏུ་མཐོང་བས། དེ་དག་ཁྱེད་རྣམས་ཀྱིས་གསལ་བསྒྲགས་སུ་གསུངས་པ་བཞིན་གཏན་འགོག་བྱེད་ན་ཡག་པོ་མེད་དམ་སྙམ། ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་མཚན་མི་གཞན་གྱིས་རྐུ་ཁྱེར་བྱས་པ་ལས། རྒྱལ་དབང་ཀརྨ་པ་རང་གིས་བེད་སྤྱད་མི་གནང་བ་མཁྱེན་གསལ་རེད།
སྐྱོ་བྲག་ནས་ཡིན་པའི་དགའ་དབང་ལགས་ ཁྱོད་ཀྱི་སྔར་ལོ་ཁ་ཤས་སྔོན་ནས་མགྲོན་མགོན་བཀའ་བརྒྱུད་པའི་
བསྟན་པ་ཉམས་ཆགས་སུ་འགྲོ་བའི་རྒྱུ་བརྐྱེན་གཙོ་བོ་ནི་སྔག་རྙིང་མའི་ཆོས་སྐོར་ཡིན་རབ་དང་སློབ་དཔོན་རིན་པོ་ཆེའི་ཆོས་བཀའ་གཏེར་རྣམས་བཀའ་བརྒྱུད་པའི་ཉམ་ལེན་བྱེད་མི་དགོས་རབ་ག་ཚད་ངན་བཀུལ་
ག་འདྲ་བྱས་མིན་དྲན་སོས་གི་མི་འདུག་གམ
so great
尊敬的噶瑪巴 不知寫中文您是否能懂 我有個朋友昨天知道得了癌症擴散開刀 她先生因為要賺醫藥費去美國工作 只有她一個人在台灣 我猜想她應該也沒有心情理會週遭的短暫美好 遑論上網向您哭訴 所以我就很雞婆代為呼救 如果有幸您瞥見這封信 請求您加持一切受苦受難的眾生 用平靜的心情面對困境 —–請佛住世 請轉法輪—–
.
ཡ་དཀོན་མཆོག་གསུམ་ལ་ཚད་གཙུགས།
མཁན་པོ་དེའི་བཤད་སྤོབས་ཀྱོ་བློ་ཁོག་ཆེ་བ་ལ། ད་ཅི་དྲག་ཀརྨ་པའི་ཞབས་བཅར་བ་དེ་ཚོ། དེང་སང་རྒྱལ་དབང་ཀརྨ་པ་མཆོག་ལ་མཛད་དཀའ་ངན་པ་འདི་འདྲ་ཞིག་འཕྲད་པའི་སྐབས་སུ་བཀའ་ཤག་གཙོར་བྱས་པའི་བོད་གཞུང་དམངས་གཉིས་ནས་གང་འདྲའི་རྒྱབ་སྐྱོར་ཡག་པོ་གནང་སོང་། ལྷག་པར་དུ་ཉེ་བའི་ཆར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀརྨ་པའི་བླ་བྲང་གི་དོན་རྐྱེན་འདིའི་སྐོར་གསལ་བཤད་ཧ་ཅང་ཡག་པོ་ཞིག་གནང་འདུག ལར་ནི་ཁྱོད་རང་ནས་བསམ་ན་དམངས་གཙོ་ཁ་ལ་ཁྱེར་ནས་ཐོབ་ཐང་བེད་སྤྱོད་གཏང་གི་ཡོད་བསམ་ནའང་། འཚུར་ཕུའི་བླ་བྲང་གི་མཁན་པོའི་མཚན་ཁྱེར་ནས་མ་ཤེས་ཤེས་མདོག་གིས་བཀུར་འོས་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་གང་བྱུང་ཤོད་རྒྱུ་མང་དྲག་ན། སྐུ་ཉིད་གྲྭ་རྐྱང་བྱ་བྲལ་བ་ཞིག་ལ་རྐྱེན་ངན་འདྲ་བྱུང་ན་ཡང་འཛོ་ལ་རྒྱབ་ལ་ཁྱེར་ནས་འགྲོ་ཆོག་ཆོག་ཡིན་ནའང་། རྐྱེན་རྩ་དེ་ལ་བརྟེན་ནས་སུ་གང་གིས་ཀྱང་བདག་པོ་མ་རྒྱབ་ནས་གཡུགས་བཞག་པའི་ཀརྨ་པ་འདི་བ་ལ་ནམ་ཞིག་རང་དགྲ་རང་གཤིད་དུ་གྱུར་ནས་སྐྱབས་མེད་མགོན་མེད་གཅིག་ཏུ་མི་ལྷག་པའི་ངེས་པ་གཏན་ནས་མེད་པས་མཁན་པོ་རང་གི་ཞལ་ལ་བདག་པོ་རྒྱག་གནང་རོག
ལར་ནི་བོད་ཀྱི་གནའ་དཔེར། ཕུང་ཕུང་དེ་ཁ་ཡིས་ཕུང་། ཤྭ་བ་དེ་རྭ་ཅོས་ཕུང་། ཟེར་བ་ལྟར་དེང་སང་བོད་པའི་སྤྱི་ཚོགས་འདི་ཡི་ནང་དུ་ཆུང་ཆུང་ཆེན་པོ་གཏོང་ཞིང་ངན་པ་ལག་སྦྲེལ་བྱེད་ནས་སྐབས་འཚོལ་རིང་ལུགས་ཀྱི་སྤྱི་ཚོགས་འདི་ནང་དུ་རང་ཉིད་དངོས་མིང་བེད་སྤྱོད་གཏོང་བ་ལ་ཞུམ་པ་སྤུ་ཙམ་ཡང་མེད་པ་མ་ཟད་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་མཚན་དང་བསྡོད་གནས་སོགས་བེད་སྤྱོད་གཏང་ནས་བཀུར་འོས་མཁས་དབང་ཟམ་གདོང་རིན་པོ་ཆེར་ངན་སྨྲས་ཞུ་བ་འདི་ལ་དཔྱད་ན་ཁྱོད་རང་གི་ཞེ་འདོད་དེ་ཀརྨ་པའི་དགོངས་པ་དང་མཐུན་གྱི་ཡོད་དམ། རྒྱལ་དབང་ཀརྨ་པ་མཆོག་ནི་སྐྱབས་བཅོལ་བྱིང་གི་བཅོས་མ་ལྟར་དུ་བསམ་རྒྱུ་ལ་༧གོང་ས་མཆོག་དང་། བཀུར་རྒྱུ་ལ་བོད་གཞུང་ལས་མེད་པར་བསམ་ནས་ཕེབས་མཁན་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། དེ་ལ་བོད་རིགས་ཡོངས་ནས་ཁོང་ལ་མ་འོངས་པར་བོད་བསྟན་སྲིད་སོགས་གང་ལ་ཡང་ཡིད་ཆེས་བློ་གཏད་བྱས་ནས་བསྡད་ཡོད་པས། རང་བློའི་རྟོགས་ངོར་འཆར་བ་འདི་ཉིད་གཅིག་པུར་ཚད་མར་འཛིན་ནས་བཤད་རྒྱུ་མང་དྲག་ན་ངས་ཞིབ་ཏུ་བསམ་བློ་གཏང་ན། རྡོ་ཐང་ནས་བླངས་ནས་ཁྱོད་རང་གི་མགོ་ལ་ཁྱོད་རང་གིས་གཞུས་པ་དང་མཚུངས་པས་གཟབ་གཟབ་གནང་ན་ལེགས།
ཀརྨ་་ཡེ་ཤེས་ལགས་གི་གསུང་པ་དེ་དོན་དངོས་རང་རེད་
སངས་རྒྱས་གི་གསུང་ལས་ལྷག་
དྲ་གྲོགས་རྣམ་པར་། གནམ་ལོ་གསར་ཚེས་ལ་ གཟུར་གནས་རྣམ་དཔྱོད་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།
རི་བོང་གནམ་རྡིབ་ལ་སེམས་ཁུར་མི་དགོས། རང་གི་བླ་བྲང་གི་སྒོར་རྡོག་ཆ་བོ་ཉར་ཚགས་བྱེད་རྒྱུ་སྦྱང་རོགས།
དྲ་གྲོགས་ཚོ་བཀྲིས་བདེ་ལེགས་ཡོད།དཔལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐོར་ཁྱེད་ཚོར་ཐུགས་ཁྲལ་གནང་མི་དགོས།ཁོང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་ལོ་༢༠ལྷག་སྤྱི་འཐུས་ཚོགས་གཙོ་དང་བཀའ་ཁྲིའི་ཐུགས་འགན་བཞེས་ཏེ་མཛད་རྗེས་ཆེན་པོ་བཞག་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ན་ཁོང་ལ་བཀྲིན་རྗེས་དྲན་ཞུ་དགོས་པ་ལས་དྲིན་ཅན་རྡོ་ཡིས་བརྡུང་ན་ཤིན་ཏུ་མི་འོས་པ་རེད།ཁོང་གིས་བོད་གཞུང་མང་ལ་བྱས་པ་ཆེན་པོ་འཇོག་གནང་ཡོད་དུས་ཁོང་སྐུ་སྒེར་གྱི་གནས་སྟངས༌སམ་གང་གནང་མིན་རང་ཚོར་དོན་མེད་སེམས་འཚབ་མི་དགོས་པ་སྔ་ས་ནས་བཀོད་སྒྲིག་གང་ལེགས་གནང་ཟིན་ཡོད་ན་སྐད་ཆ་དེ་དེ་མུར་མཚམས་བཞག་ན་ལེགས་ཤོས་སུ་མཐོང་།དེ་ལས་སྤྱི་འཐུས་ལེགས་ཉེས་དཔྱད་པ་གནང་སྐབས་མདོ་དབུས་ཁམས་གསུམ་གྱི་གཙོས་སྤྱི་འཐུས་ཚང་མའི་དགེ་སྐྱོན་གླེང་ན་ཡག་པོ་དང་དེ་ཡང་ཉེ་རིང་པྱོགས་གཞེན་མེད་པར་སུས་མ་འགྲིགས་ནའི་དེ་ལ་བཤོད་དགོས་པ་ལས་རང་གི་སྣང་བ་མི་འགྲོ་ན་དེར་གཞི་མེད་སྐྱོན་འཛུགས་བྱས་ན་ཡག་པོ་དང་དྲང་པོ་མ་རེད།བོན་པོའི་སྤྱི་འཐུས་གཉིས་ཤེས་ཚད་དང་དྲང་ཚུགས་ལྷག་པར་དུ་མིའི་ངོ་ལ་མ་ལྟས་པར་སྐད་ཆ་ཤོད་ཕོད་པ་དེ་སྤྱི་འཐུས་ཀྱི་དམ་འབུལ་ཞུས་པ་ལྟར་འགན་འཁྱེར་ནས་བཤད་ཀྱི་ཡོད་དུས་ཆོལ་ཁའི་གཞེན་ཁོག་དང་རང་དོན་ཁོག་བཅུག་བྱེད་མཁན་སྤྱི་འཐུས་ཁག་གཅིག་ལ་ཏན་ཏན་ཕོགས་སྲིད་པ་རེད་ལ་དེ་ཡང་དགོས་ངེས་ཅན་ཞིག་རེད་དེ་བཞིན་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ཡང་མི་དྲང་ཚུགས་དང་མི་གཡོ་སྒྱུ་མེད་པ་མིའི་ངོ་ལ་མ་ལྟས་པར་སྐད་ཆ་དྲང་པོ་ཤོད་མཁན་རེད།ཁོ་ལ་མདོ་སྨད་པ་ཚོས་རྒྱབ་སྐྱོར་མ་བྱས་པ་ཡ་རེ་མཚན།ད་རེས་དབུས་གཙང་འོས་གཞིའི་ནང་གྲངས་ཚད་མཐོན་པོ་སླེབས་པའི་མི་འགས་ཤས་ཀྱི་ས་ཕན་གྱི་རྒྱབ་ལྗོངས་དང་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་བསྒྲུབ་མཁན་གྱི་སྤྱི་འཐུས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་སྙན་ཐོའི་ནང་མི་གཞན་གྱི་སློབ་ཡོན་ཧམ་འཔྲོག་བཔས་པའི་ཉེས་འཛུགས་བྱས་པ་གཞུང་འབྲེལ་གསར་ཤོག་ནང་བཀོད་ཡོད་པ་དང་བོད་གཞུང་གིས་ཁྲིམས་ཁང་ནས་ཉེས་པ་བཏང་བར་བརྩིས་མེད་རྡོལ་རོལ་བཏང་བ་མ་ཟད་ད་དུང་བོད་གཞུང་གི་ཁྲིམས་དཔོན་ས་གནས་རྒྱ་གར་ཁྲིམས་ལ་སྦྱར་མཁན་དེ་མིན་གྲོས་ཚོགས་ནང་རྣམ་ཀུན་སྤྱི་དོན་ཚིག་གཅིག་ཤོད་རྒྱུ་མེད་པར་གནམ་གྲུའི་གླ་ཆ་སྤྱི་རྒྱུན་ནང་ཐག་གཅོད་ཟིན་པ་ཞིག་མི་གཞན་གྱི་བརྒྱུད་སྐུལ་འོག་གྲོས་ཚོགས་ནང་རྙོག་གླེང་གི་ས་བོན་བཏབ་མཁན་ལ་སོགས་ལ་སྐྱོན་བརྗོད་མི་བྱེད་པ་དེ་ཁོ་ནས་རང་ཉིད་ཆོལ་ཁའི་འཐེན་འཁྱེར་གྱི་ཕུང་དཀྲུག་སློང་མཁན་ཞིག་ཏུ་གྱུར་ཡོད་མེད་རང་སོ་སོའི་དྲ་ཚིགས་ལ་ལྟས་ཏེ་མི་གཞན་ལ་སྐྱོན་འཛུགས་མི་གནང་བ་ཞུ།
ད་རྒན་པོ་ཞི་ཡེ་རེད་མ་གཏོགས་གཞན་ཁོང་གི་ཕྱག་ལས་ག་རི་གནང་དགོས་རེད།
སྐུ་འཁོར་ལ་འདྲ་མིན་མ་ལབ་། བླ་མས་གསན་ན་ཐུག་སུན་གི་རེད་ སྐྱོ་བྲག་པས་གསུང་པ་ལྟར་ན་འདི་ཚོ་བཀོ་མཁན་ཡང་གོང་རིམས་རེད་། འདི་ཚོ་ཡོད་ན་བླ་མས་གཏོར་མ་གར་བཞག་རེད་པ་། མ་གཞི་གོང་ནས་མ་འཛྷཇོན་ཚད་འོག་ཏུ་འགེལ་བ་འདི་བོད་ཚང་གི་ཁྱད་ཆོས་ལོས་ཡིན་། སྔར་ནག་བསུབ་བྱས་སོང་ སླར་ཡང་བཀོད་ཡོད་།
བོད་ཁམས་ཉི་མ་ཁྱོད་བདེན།
བླ་མས་མ་འཇོན་པ་ཐམས་ཅད་ཞབས་འཁོར་གྱིས་སྐྱོན་དང།
དབུ་ཁྲིད་ཀྱིས་མ་འཇོན་པ་ཐམས་ཅད་ཞབས་ཀྱི་ལས་བྱེད་པས་མ་འཇོན་རབས་དང།
ང་ཚོས་མ་འཇོན་པ་ཐམས་ཅད་སྔོན་ལས་ཀྱི་དབང་གིས་ཡིན་རབས་དང།
དེ་ལྟའི་ལྟ་བའི་འོག་ནས་ཐབས་ཇུས་ཐམས་ཅད་ཟད་དུས་འབུམ་ཚོགས་དང་ལྷ་བླའི་ལུང་བསྟན་འདྲ་ཞུས།
འབུམ་སྐུ་འདྲ་བཞེངས།
དེ་འདྲ་ཞིག་ལས་མེད་པ་སྔོན་ལས་རང་རེད།
བཀྲིས་བདེ་ལེགས།
དྲ་གྲོགས་ཚོ་ངས་དེ་རིང་འདི་ནས་ཞུ་འདོད་པ་ནི། མཁས་དབང་ཟམ་གདོང་རིན་པོ་ཆེས་མ་འོང་པ་གང་རེ་གནང་གིས་རེད་ཅེས་པའི་དྲི་ཚིག་དེའི་སྐོར་རེད། ང་རང་ནམ་རྒྱུན་ནས་ཁོང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་ཞུ་མཁན་ཞིག་ཡིན། རིན་པོ་ཆེས་འདས་ཟིན་པའི་ལས་དོན་གནང་ཕྱོགས་ཐད་ང་ཚོའི་སུ་ལ་ཡང་གསལ་པོ་སོང་། དེའི་སྐོར་གླེང་དགོས་མི་འདུག ཡིན་ནས་ང་ལ་ད་དུང་ཡང་རིན་པོ་ཆེའི་བོད་དོན་ཐོག་ཕྱག་ལས་གནང་ཕྱོགས་ཐད་འདོད་པ་མ་ཚིམས་པ་འདྲ་པོ་ཞིག་ཡོང་གིས་འདུག དེ་ནི་ངས་ཁོང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་ཀྱིས་ཡོད་པ་དང་། བཙན་འབྱོར་སྤྱི་ཚོགས་ནང་ཁོང་ལས་ལྷག་པའི་བོད་དོན་ཐོག་མཉམས་མྱོང་དང་ཤེས་འཇོན་གཉིས་ལྡན་གྱི་དོན་གྱི་རིན་པོ་ཆེ་ཞིག་མེད་པས་ཡིན་སྲིད། ཁོང་གི་ཉི་མ་གཅིག་ལ་བོད་དོན་ཐོག་གཏམ་བཤད་དང་ཕྱག་ལས་མ་གནང་ན་ང་དང་ང་འདྲ་བའི་བོད་མི་ཚོས་སེམས་ནང་ཉི་མ་གཅིག་སྐྱེད་པོ་མེད་པ་དང་། བློ་ཚབ་ཡོང་གིས་འདུག སོང་ཙམ་ང་ཚོས་ཁོང་སྐུ་ཚེ་ཡུན་རིང་གནས་པ་དང་། བོད་དོན་ཐོག་ཕྱག་ལས་གང་མང་གནང་རོགས་ཞེས་རེ་བསྐུལ་ཞུ་རྒྱུ་ལས་འོས་མེད།
ཕྱི་ལོ་༢༠༡༠དང་༢༠༡༠ཡིསྔོན་གྱི་ལས་བྱེད་ཚོར་ཁ་གཏོང་ཡ་བཞག་ཤོག གང་ཡིན་ཟེར་ན་ཁོང་ཚོས་བོད་དོན་ལ་དཀའ་ལས་རྒྱག་དུས་དྲ་འབུ་ཁྱེད་རང་ཚོ་མ་ཡི་མངལ་ལས་སྐྱེས་ཀྱང་ཡོད་མ་རེད་སྙམ་པས་་་་་ ཐུགས་རྗེས་གཟིགས། ཁ་ཁ་རོག་སྡོད་རོགས་གནོངས་།