ཐུབ་བསྟན་ཨ་མྱེས་ཚང་།
བོད་རྒྱལ་ཁབ་ཆེན་པོ་རྒྱ་དམར་འོག་དུ་ཤོར་སོང་།
བརྩེ་བའི་དྲིན་ཆེན་པ་ཕ་རང་བཙན་ཆེད་དུ་དགོངས་པ་ཞིང་ལ་ཕེབས།
མི་ཚེ་འདི་ཡི་གྲོགས་པོ་བུ་སྤུན་རྒྱ་དམར་འོག་དུ་ཤོར་སོང།
ཆོས་དང་རིག་གཞུང་སྐད་ཡིག་རྒྱ་འོག་དུ་ཤོར་བར་ཉེ།
དཀའ་སྡུག་ཐོག་ཏུ་གཞན་ཡུལ་ལུང་པ་སྐྱབས་བཅོལ་ཆགས།
ལོ་ངོ་ལྔ་བཅུ་རང་བཙན་ཐབ་ལམ་འདོན་ཐབས་ཧུར་བརྩོན་བྱས།
སོ་སོའི་་ནང་མིའི་མི་རབས་གཉིས་པ་ཞིང་ལ་ཕེབས་པ་སོང་།
ལོ་ངོ་ལྔ་བཅུ་ལྷག་ཙམ་དབུ་མའི་ལམ་ཐོག་རེ་འདུན་བརྟེན།
རྒྱ་དམར་པོའི་ང་ཚོར་མགོ་བསྐོར་ལོ་ལྟར་གཏོང་ནས་བསྡད།
ཉེ་ཆར་སྡ་སར་ས་ཕྱོགས་ག་ས་ནས་ཚོགས་འདུ་བསྐོངས།
རྒྱ་དམར་ཕྱོགས་ནས་རང་བཙན་ནམ་ཡང་མི་སྤྲོད་ཟེར།
དེ་འདྲས་སེམས་པ་ཕམ་པས་མཚན་མོ་གཉིད་མ་ཁུག །
མིག་གི་ནང་ལ་མིག་ཆུ་འཁོར་བཞིན་སོ་སོའི་གྲོང་དང་ཕ་ཡུལ་དྲན་།
རང་བཙན་གཙང་མ་མེད་ན་ཐབས་ལམ་གཞན་པ་མེད་པ་རེད།
བོད་རྒྱལ་ལོ།།
ཉེ་འཆར་ཊུ་ནི་སི་ཡ་ཨཻ་ཇིབ་སོགས་ལ་དབང་ཐབས་བཙོད་ཐོབ་པ་ལྟར་
རིམ་བཞིན་རྒྱ་བོད་ནང་ལ་ཡང་སྔར་ཕྱིར་མ་རྟོག་རང་དབང་དེ་ལྟར་
ཐབས་བརྩོད་ཡོང་བར་རྒྱ་འཆར་རྒྱ་རེ་འདུན་ཡོད།་་གཟིགས་ད་ལི་ཨེ་སྦི་ཡ་
སྦ་ཧ་་རེན་་རྗོར་རྡན་་ཡེ་སྨན་སོགས།
བོད་རང་བཙན་།
རྩོམ་དང་མཆན་དང་པོ་བྲི་མཁན་གཉིས་ཀས་བོད་ཡིག་ཐད་གཟབ་དགོས། གཉིས་ཀ་ལ་བལྟ་བཟོ་ཁྱོན་ནས་མི་འདུག བརྡ་སྤྲོད་དང་སྡེབ་སྦྱོར་ལ་སྐྱོན་ཆེན་པོ་འདུག སློབ་སྦྱོང་མང་ཙམ་གནང་རོགས།
མི་ལོ་བཅུ་དང་ཉི་ཤུ་ཕྱིན་གྱུར་ཡང་།
བོད་ཀྱི་རྩ་དོན་ཐོག་ལ་འགྱུར་བ་མེད།
གཞོན་སྐྱེས་དར་མའི་མི་ཚེ་རྒན་པོ་རུ་གྱུར་དུས།
ཕ་མ་དྲན་པའི་གདུང་བས་མནར།
ཨ་རོ་། འདི་ནི་བརྡ་སྤྲོད་དང་སྡེབ་སྦྱོར་གྱི་སྐད་མིན་པར་བོད་རང་བཙན་སྙིང་ལ་འཁྱེར་།
ཁྱེད་ནས་་ཀྲོག་ཀྲོག་གནང་བ་ཁྱེད་ཀྱི་སེམས་ལ་སྡེབ་སྦྱོར་དགོས་ངེས་ཆེར་།
ངས་ཁྱེད་་ངོ་ཤེས་ཨ། ཧ།ཧ།ཧ།
བོད་རང་བཙན་ཁྲི་ལོ་བརྟན་པར་ཤོག།
སྐྱོ་གླུ་ལེན
མེས་པོའི་གདུང་བརྒྱུད་ཆད་པའི་སྐྱོ་གླུ་ལེན་
བོད་པ་ནང་འཁྲུག་རྒྱབ་པའི་སྐྱོ་གླུ་ལེན་
རྒྱལ་ཁམས་ཀློང་ལ་བསྐུར་བའི་སྐྱོ་གླུ་ལེན་
ཀླ་ཀློའི་དཔུང་ཚོགས་འབྱོར་བའི་སྐྱོ་གླུ་ལེན་
བོད་རིགས་གཉའ་གནོན་བྱས་པའི་སྐྱོ་གླུ་ལེན་
ཕ་ས་མི་ལག་ཤོར་བའི་སྐྱོ་གླུ་ལེན་
སྤྲང་ཕྲུག་མི་ཡུལ་འགྲིམས་པའི་སྐྱོ་གླུ་ལེན་
མི་ཡུལ་སྡོད་རྒྱུན་རིང་བའི་སྐྱོ་གླུ་ལེན་
རང་དབང་རིང་ནས་བྲལ་བའི་སྐྱོ་གླུ་ལེན་
གཅིག་འོག་གཅིག་གིས་མ་བསྡུས་སྐྱོ་གླུ་ལེན་
དཔོན་ཉམས་རིང་ལུགས་དར་བའི་སྐྱོ་གླུ་ལེན་
མི་ཚེ་སྟོང་ཟད་འགྲོ་བའི་སྐྱོ་གླུ་ལེན་
ཅོལ་ཆུང་དབང་བསྐུར་བྱེད་པའི་སྐྱོ་གླུ་ལེན་
དམངས་གཙོ་ཁ་ལ་འཁྱེར་བའི་སྐྱོ་གླུ་ལེན་
ཆོལ་ཁའི་དབྱེན་སྦྱོར་བྱེད་པའི་སྐྱོ་གླུ་ལེན་
ཉམས་ཆུང་ཐོབ་དབང་མེད་པའི་སྐྱོ་གླུ་ལེན་
རྒྱ་དམར་ལག་འབྲེལ་བྱེད་པའི་སྐྱོ་གླུ་ལེན་
སྲིད་པ་རྡོ་རྗེས་སྐྱོ་ཀླུ་ལེན།
ཕ་ཡུལ་དྲན་ནས་སྐྱོ་གླུ་ལེན།
མི་ཡུལ་འཁྱམས་པས་སྐྱོ་གླུ་ལེན།
མི་གཡོགས་རྒྱུག་པས་སྐྱོ་གླུ་ལེན།།
སྡོམ་པ་ཤོར་བའི་སྐྱོ་གླུ་ལེན།
སྲིད་པ་རྡོ་རྗེས་སྐྱོ་ཀླུ་ལེན།
ཕྱི་རྒྱལ་འཁྱམས་པས་སྐྱོ་གླུ་ལེན།
རྒྱ་གཡོགས་རྒྱུགས་པས་སྐྱོ་གླུ་ལེན།
སྐྱག་ཁང་ནང་ནས་སྐྱག་གླུ་ལེན།
སྲིད་པ་རྡོ་རྗེས་སྐྱོ་གླུ་ལེན།
རང་མིང་མེད་པས་སྐྱོ་གླུ་ལེན།
ནང་ཁུལ་དཀྲུགས་པའི་སྐྱག་གླུ་ལེན།
ཞེ་མེལ་ལོག་པའི་སྐྱག་གླུ་ལེན།
ཨོང་མདོ་མེད་པས་སྐྱག་གླུ་མེད།
བཀྲིས་བདེ་ལེགས།
ལོ་གསར་པར་གུས་རྩིས་བཀྲ་ཤིས་བདེ་ལེགས་ཞུ།
ངས་ཕ་ཡུལ་གངས་ལྗོངས་གནས་ལ་རེད་།
ཆོས་སངས་རྒྱས་བསྟན་པ་དར་ས་རེད་།
བཀའ་འདུལ་བ་ལུང་ཆེན་རྒྱས་ས་རེད་།
རྩ་མཚན་མ་རིགས་རྩེད་བརྩོད་ས་རེད་།
ཡུལ་འདིར་དག་པའི་ཞིང་ཁམས་ཟེར་།
གནས་འདིར་བདེ་ཆེན་ཞིང་ཁམས་ཟེར།
ཆོས་འདིར་སངས་རྒྱས་བསྟན་པ་འབོད་།
བུ་འདིར་བརྗེས་བརྩོན་བླ་མ་ཟེར་།
རྒྱུད་འདི་རྣམས་མེས་བུའི་རྩ་བ་ཡིན་།
ཡུལ་འདི་བདག་མེས་བུའི་རྒྱལ་ཁབ་ཡིན་།
དོན་འདི་ནང་ངའི་ཤ་རུས་བརྒྱུད་།
ཤ་རུས་བརྒྱུར་རྩ་བ་ག་ནི་དོར་།