སྒྲད་ལི་ཁད་ནི་རྗི་ཡིས་བརྩམས།་
ཁྲི་ཆུ་བཟང་རྒྱ་མཚོས་ཨིན་ཡིག་ལས་བསྒྱུར།
ངས་རང་ཉིད་ཆེས་ཡིད་ཞུམ་པའི་དུས་ཀྱི་གནས་སྟངས་འཚོལ་སྐབས། དུས་ཚོད་གཅིག་གི་ནང་ཁུལ་དུ། བདག་སེམས་ཀྱི་དཀའ་ངལ་འདོར་ནུས་ལ། རེ་བཟང་ཕུགས་བཅོལ་གྱི་འབོད་སྒྲ་སྒྲོག་པའི་ཕྱོགས་སུ་བསྒྱུར་ཐུབ།
འདི་རུ་གནས་ཚུལ་དེ་དག་ཅི་ལྟར་བྱེད་ཚུལ་ནི། ང་རང་ངའི་དཔེ་མཛོད་ཁང་དུ་འཛུལ་བ་དང་། མིག་གཉིས་བཙུམས་ནས་ལོ་རྒྱུས་ཀྱི་དཔེ་ཆ་ཁོ་ན་ལྡན་པའི་དཔེ་སྒྲོམ་ཕྱོགས་སུ་གོམ་པ་སྤོས། མིག་གཉིས་ད་དུང་བཙུམས་ནས་དེབ་ཤིག་ལ་ལག་སྙོབ་བྱས།སོལ་ཏྲོལ་ནེ་སི་ཡིས་སི་ཛར་བཅུ་གཉིས་ཀྱི་འཚོ་བ་ཟེར་བའི་དེབ་དེ་ལག་དུ་བླངས་ཀྱང་། དེབ་དེ་ཡིན་པ་མ་ཚོར། ངས་དེབ་དེ་ཐོལ་བྱུང་གིས་ཁ་ཕྱེས་པ་དང་ད་གཟོད་མིག་གཉིས་ཕྱེས་པ་ཡིན། དེ་ནས་དུས་ཚོད་གཅིག་རིང་ལ་དེབ་དེ་བཀླགས་པས་བརྒྱུད་རིམ་ཁྲོད། ཅི་ཙམ་བཀླགས་ན་དེ་ཙམ་གྱིས་འཛམ་གླིང་འདི་ཆགས་འཇིག་གི་གཉན་འཕྲང་ཁྲོད་དུ་གནས་ཡོད་པ་གཞི་ནས་ངས་གསལ་བོ་རྟོགས་བྱུང་། ཆགས་འཇིག་གི་གཉན་འཕྲང་དེ་ནི་ཉམས་རྒུད་ཀྱི་ལམ་འཕྲང་ཁྲོད་དུ་རྒྱུན་བསྲིང་བའི་ཤེས་ཡོན་གྱི་ལམ་ཁ་དེ་རེད། ལོ་རྒྱུས་ཀྱི་ཤོག་སྣེ་ཡོད་ཚད་ནང་དུ་འགྲོ་བ་མི་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་། རིམས་ནད་ཚབས་ཆེན། དབུལ་ཕོངས་མགོན་མེད། ལྟོགས་ཤི་མེད་མུག་དང་ཡིད་སྐྱོ་བའི་འཐབ་འཛིང་གི་གནས་ཚུལ་མང་པོ་བྱུང་མྱོང་། དུས་ཚོད་གཅིག་གི་རིང་ལ་ལོ་རྒྱུས་ཀྱི་དེབ་བཀླགས་པའི་རྗེས་སུ། ད་ལྟ་འདི་འདྲའི་ཡ་ང་བའི་གནས་སྟངས་ལྡན་པ་བདག་ལ་ད་བཟོད་གོ་རྟོགས་རྙེད། ད་དུང་། ཁོ་ཚོའི་ལྷད་མེད་པའི་གཟུགས་བརྙན་ཁྲོད་དུ་ངའི་ད་ལྟའི་དཀའ་ངལ་རྣམས་མཐོང་ཐུབ་ལ། དེ་བཞིན་འཛམ་གླིང་ཡོངས་རྫོགས་རྒྱུན་དུ་བཟང་ཕྱོགས་སུ་འགྱུར་བའང་རྟོགས་ངེས།
འདིར་ཆ་ཚང་བའི་ལེའུ་ཁྲོད་དུ་ཐབས་ཤེས་བཟང་བོ་ཞིག་ཡོད་པ་ནི། ལོ་རྒྱུས་ཀྱི་དེབ་ཀློགས་ཅིག ལོ་ངོ་སྟོང་ཕྲག་བཅུའི་གནས་ཚུལ་རེག་པར་འབད་རྩོལ་བྱོས་དང་། མུ་མཐའ་མེད་པའི་དུས་ཡུན་ཁྲོད་དུ་རང་ཉིད་ཀྱི་དཀའ་ངལ་རྣམས་ཇི་འདྲའི་ཆུང་ཚགས་ཤིག་ཡིན་པ་མཐོང་ངེས།
འཛམ་གླིང་འདིར་མི་ཡིས་བཟོས་པའི་དཀའ་ངལ།
མི་འབོར་བཀག་འགོག་གིས། མུ་གེ་སེལ་ཐུབ།
འདོད་རྔམས་འཕྲུལ་ཆས་བཀག་འགོག་གིས། གོ་ལ་ཚ་དྲོད་འགོག་ཐུབ།
ས་མཚམས་རྩིས་མེད་གུ་ཡངས་ཀྱིས། དམག་འཁྲུགས་ཀྱི་འཆི་སྐྱོན་བཟློག་ཐུབ།
རིན་མེད་སྨན་བཅོས་དང་། སྤྱོད་འཆལ་བཀག་པས། ནད་གདོན་ལས་གྲོལ་ཐུབ།
སྤྱི་སྙོམས་ཞི་བདེ་བག་ཕེབས་ཀྱིས། འཁོར་ཡུག་སྲུང་ཐུབ།
རེ་བཟང་ཕུགས་ཀྱི་བཅོལ་གྱི་འབོད་
དེ་ནོར་ཡོད་ས་རེད
ཝེ
རེད་ཡ།གོང་གི་ཁ་བྱང་དེ་ནོར་ཡོད་པས།དེ་ལ་རེ་བཟང་ཕུགས་བཅོལ་གྱི་འབོད་སྒྲ་ཟེར།