ལར་རྒྱའི་བདག་པོས།
༡༽ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཕྱི་ལོ་༡༩༦༠ལོར་མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་གནང་རིང་།སློབ་ཞོར་ལ་རང་ལས་དམའ་བའི་སློབ་མར་སློབ་ཁྲིད་གནང་།དུས་དེ་ནས་བཟུང་ཁོང་གིས་མི་རིགས་འདིའི་སྐྱིད་སྡུག་གི་ཁུར་བོ་མཉམ་ཁུར་གནང་རྒྱུའི་སེམས་ཐག་བཅད།དེ་དུས་དགུང་ལོ་༡༢
༢༽ ཕྱི་ལོ་༡༩༦༧ལོར་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དབྱིན་ཡིག་ཤེས་མཁན་དཀོན་པའི་སྐབས་དེར།ཁོང་གིས་སློབ་སྦྱོང་གི་མཐའ་བསྐྱལ་རྒྱུ་ལས་གཞུང་ལ་དགོས་མཁོ་ཆེ་བའི་སྐད་བསྒྱུར་དང་དབྱིན་དྲུང་གནང་ན་དགེ་མཚན་ཆེ་བར་གཟིགས་ནས་ཉག་ཕྲ་བའི་བོད་གཞུང་ལ་སྲི་ཞུའི་ལས་བཅར་ཞུས།དགུང་ལོ་༡༨།
༣༽ ཕྱི་ལོ་༡༩༦༨ལོར་ཁོང་དང་ཁྲི་ཟུར་བསོད་སྟོབས་ལགས།ཁོང་གི་སྐུ་མཆེད་བགྲེས་པ་བསྟན་འཛིན་དགེ་བྱེད་ལགས་བཅས་ཀྱིས་སྐབས་དེའི་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་སྤྱི་ཚོགས་གནས་ཚུལ་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་མེད་པའི་དངོས་ཡོད་དཀའ་ངལ་ལ་གཟིགས་ནས་བཙན་བྱོལ་བོད་མིའི་དུས་དེབ་དང་པོ་ཤེས་བྱ་གསར་གཏོད་འདོན་སྤེལ་ཞུས།དགུང་ལོ་༢༠།
༤༽ ཕྱི་ལོ་༡༩༧༠ལོར་ཁོང་དང་།ཁྲི་ཟུར་བསོད་སྟོབས།བསྟན་འཛིན་དགེ་བྱེད།ཁྲི་ཟུར་རྒྱ་རི་བློ་རྒྱན་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་གི་གཞོན་ནུའི་ཚོགས་ཆེན་ཐེངས་པོ་བསྐོང་འཚོགས་གནང་ཞིང་།ཚོགས་ཆེན་གྱི་མཇུག་བསྡོམས་གྲུབ་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་སྦྲགས་བཀྲས་མཐོང་མཆོག་སྐབས་དང་པོའི་དབུས་སྤྱི་ཁབ་རྒྱུན་ལས་སུ་འདེམས་ཐོན་བྱུང་། ད་ལྟའི་གཞོན་ལྷན་དེ་རང་ཡིན། དགུང་ལོ་༢༡།
༥༽ དེ་བཞིན་དབྱིན་ཡིག་གི་གསར་འཕྲིན་༼བོད་གནས་བསྐྱར་ཞིབ་༽(Tibetan Review) རྩོམ་སྒྲིག་པ་དཀོན་པའི་སྐབས་ཁོང་གིས་རྩོམ་སྒྲིག་པ་གནང་རྒྱུའི་བརྩིས་བཞེས་ནས་ད་ལྟའང་འདོན་མུས།
༦༽ ཕྱི་ལོ་༡༩༧༣ལོར་བོད་ཀྱི་རྩ་དོན་སླད་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་བསྡུ་བསྐོང་གནང་སྐབས།ཁོང་ཡང་གཞོན་ལྷན་གྱི་སྐུ་ཚབ་གནང་ནས་ཚོགས་ཞུགས་གནང་ཞིང་སྐབས་དེའི་ཚོགས་ཐོག་ནས་ནང་དང་བླང་དཔྱ་ཁྲལ་ལག་དེབ་གསར་གཏོད་གནང་ཐུབ་ཡོད།ད་ལྟའི་རང་བཙན་ཚོགས་ཆུང་དེ་རང་ཡིན།དགུང་ལོ་༢༤།
༧༽ ཕྱི་ལོ་༡༩༧༣ནས་༡༩༨༦བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་བཞེས་རིང་བོད་ཀྱི་ཐེབས་རྩ་ཁང་དང་།པོ་ཏཱ་ལ་པར་སྐྲུན་ཁང་།བྱང་ཨ་རིའི་བོད་དོན་རྒྱབ་སྐྱོར་ཚོགས་པ།ཨ་རིའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་གསར་འཛུགས་གནང་ཐུབ་པ་བྱུང་།དགུང་ལོ་༢༤།༣༧བར།གོང་གསལ་ཚོགས་པ་དེ་དག་ད་ལྟའང་ཡོད་མུས།
༨༽ ཕྱི་ལོ་༡༩༧༥ལོར་ཁོང་གིས་རོགས་རམ་དང་འབད་རྩོལ་གནང་རྒྱུད་བོད་གཞུང་ཟློས་གར་ཚོགས་པས་ཐེངས་དང་པོའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་བསྐོར་བསྐྱོད་ལ་ཕེབས་ཐུབ་ཡོད།དེའི་རྗེས་སུ་གོ་སྐབས་མུ་མཐུད་ཐོབ་ཡོད།དགུང་ལོ་༢༧།
༩༽ ཕྱི་ལོ་༡༩༧༩ལོར་ཁོང་ཨ་རིར་དོན་གཅོད་ཀྱི་ལས་འཁུར་བཞེས་དུས་ཨ་རིའི་གཞུང་ལ་ཞུ་བསྐུལ་གྱིས་༸གོང་ས་མཆོག་ཐེངས་དང་པོ་ཨ་རིར་གདན་དྲངས་ནས་མཛད་འཆར་ཁག་བདེ་ལག་ངང་ལེགས་གྲུབ་བྱུང་། དགུང་ལོ་༣༡།
༡༠༽ ཕྱི་ལོ་༡༩༨༧ལོར་ཁོང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་འཁུར་བཞེས་སྐབས་༼རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་༽ (International Campaign For Tibet) གསར་འཛུགས་མཛད་པ་དང་།དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་འཕེལ།དགུང་ལོ་༣༩
༡༡༽ ཕྱི་ལོ་༡༩༨༧ལོ་ནས་ཁོང་གིས་དམིགས་བསལ་སྐུ་ཚབ་གནང་རིང་ཨ་རིའི་གཞུང་ལ་ཞུ་བསྐུལ་གནང་བ་རྒྱུད་ནས་བོད་མི་༡༠༠༠ཨ་རིར་གཞིས་ཆགས་སུ་གཏོང་བཞེས་ཐུབ་པ་བྱུང་བ་དེས་བཙན་བྱོལ་བོད་གཞུང་དམངས་ཀྱི་འཚོ་བའི་འཁོས་འབྱོར་དངོས་གསལ་དོད་པོ་འཕེལ་རྒྱས་ཕྱིན་ཡོད།དེ་ནས་ད་བར་སུས་ཀྱང་གཏོང་ཐུབ་མེད།དགུང་ལོ་༣༩།
༡༢༽ དེ་བཞིན་ཁོང་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞུགས་རིང་ཨ་རིའི་གཞུང་དང་གྲོས་ཚོགས་ལ་ཞུ་བསྐུལ་དང་འབད་རྩོལ་གནང་ནས་བོད་སྐད་རླུང་འཕྲིན་ཁང་ཁག་གཉིས་ (Voice of America and Radio Free Asia) རིམ་པས་གསར་འཛུགས་ཐུབ་པ་དེ་ནི་གཞིས་བྱེས་བོད་མི་མཛའ་གཅུགས་ཀྱི་གསེར་ཟམ་ལྟ་བུ་དང་།བོད་དོན་དྲིལ་བསྒྲགས་ཀྱི་མིག་དང་རྣ་བ་ལྟ་བུ།བཙན་བྱོལ་བོད་མིའི་མགྲིན་ཚབ་པ་ལྟ་བུར་གྱུར་ཡོད།དེ་དུས་དགུང་ལོ་༤༠ཙམ།
༡༣༽ ཡང་ཨ་རིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གནང་རིང་ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་།ཤེས་ཡོན་འཕེལ་རྒྱས་ལས་འཆར་ཐོག་མ་དངུལ་ཞུས་ཐོབ་བྱུང་སྟེ་ད་བར་རོགས་རམ་ཐོབ་མུས།དགུང་ལོ༣༨།
༡༤༽ ཕྱི་ལོ་༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་འགན་བཞེས་ཐོག་བོད་དུ་ཕེབས། པེ་ཅིང་གི་མགོ་ཁྲིད་མི་སྣ་ཁག་དང་། ལྷགས་པར་༸པཎ་ཆེན་སྐུ་གོང་མར་འཇལ་འཕྲད་གནང་། བོད་ཀྱི་ས་གནས་ཁག་གང་མང་ཞིག་ལ་གཞིས་ལུས་བོད་རིགས་སྤུན་ཟླ་མི་དམངས་ལ་ཐུགས་འཕྲད་དང་། ཁོང་ཚོའི་སེམས་ནང་གི་དཀའ་སྡུག་ལ་རྒྱུས་ལོན་དང་འཚམས་འདྲི་གནང་།དགུང་ལོ་༣༡།
༡༥༽ ཕྱི་ལོ་༡༩༩༠ལོར་གྲོས་ཚོགས་དང་བཀའ་ཤག་དགོས་དབང་གིས་ཕྱིར་བསྡུ་གནང་རྗེས།བོད་གཞུང་མང་གི་དམིགས་བསལ་ཆེན་ཚོགས་ཆེན་རྒྱས་འཛོམས་ཀྱི་ཐོག་ནས་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་གསུམ་བཀའ་བློན་དུ་འདེམས་ཐོན་བྱུང་བའི་ཁོངས་ནས་་གཅིག་ནི་བཀྲས་མཐོང་བསྟན་རྣམ་མཆོག་ཡིན་ཞིང་།ལོ་བཞིའི་རིང་དཔལ་འབྱོར་དང་།ནང་སྲིད།ཕྱི་དྲིལ་བཅས་ཀྱི་བཀའ་བློན་གནང་།དགུང་ལོ ་༤༢
༡༦༽ ཕྱི་ལོ་༡༩༩༤ནས་༡༩༩༥བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་འདེམས་བསྐོ་བྱུང་། འོན་ཀྱང་སྟབས་མ་ལེགས་པར་ཆོས་ཟབ་སར་མདུད་ཟབ་ཅེས་པའི་དཔེ་ལྟར་སྐབས་དེར་ལྡི་ལི་ཆུ་སྒང་གི་གནས་རྙོག་དེ་ཛ་དྲག་ཆེ་སྒང་ལ་གདོང་ལེན་གནང་དུས་ཁོང་ལ་གཞི་མེད་ཀྱི་སྐྱོན་འཛུགས་རིམ་བསྟུད་བྱུང་བ་དང་གཅིགཕྱག་རོགས་བཀའ་བློན་ཚང་མ་དགུང་ལོ་བགྲེས་པ་རྐྱང་ཡིན་པས་ཆེར་རློམས་ཀྱི་རྣམ་པས་ཁོང་གི་ལས་དོན་དང་སྲིད་བྱུས་ལ་གཡོ་ཟོལ་གྱི་ཞོག་འདེགས་ཚུལ་བཞིན་མ་ག ནང་བ་དང་གཉིས། ཁོང་གི་བུ་ཕྲུག་ཆུང་ཆུང་ལ་བརྟེན་ཁྱིམ་ཚང་གི་དཀའ་ངལ་ཆེ་བ་གསུམ་སོགས་ཁོང་ལ་གདོང་ལེན་དཀའ་བའི་སྐུ་ངལ་མང་དག་ཅིག་འཕྲད་སྟབས་ལོ་གཅིག་རིང་བཀའ་ཁྲིའི་མཛད་འཁུར་འཐུས་ཚང་བཞེས་ནས་ལུགས་མཐུན་གྱི་དགོངས་ཞུ་གནང་སྟེ་ཁྱིམ་ཚང་གི་ཕ བཟང་ཞིག་བྱེད་པར་ཕེབས།
༡༧༽ དེ་ལྟར་ཡང་ཁོང་གི་མི་ཚེ་དང་བོད་མིའི་སྐྱིད་སྡུག་ཁ་བྲལ་ཐབས་མེད་པས་ཁོང་ཨ་རིར་ཕེབས་ཀྱང་བོད་དོན་གྱི་ཕྱག་ལས་མུ་མཐུད་གནང་བའི་ཁྲོད་ནས། གཅིག་ཕྱི་ལོ་༡༩༩༥ལོར་༼བོད་ནང་ལོ་བདུན་༽ཞེས་པའི་བོད་སྐོར་གྱི་གྲགས་ཅན་གློག་བརྙན་དེ་བཟོ་སྒྲིག་གི་ལམ་སྟོན་པ་གནང་།
༡༨༽ གཉིས་པ། དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང་།ད་ཆ་ཚོགས་པ་དེའི་འགན་འཛིན་གནང་མུས།
༡༩༽ གསུམ་པ། ཡང་བོད་དོན་བརྒྱ་ཚོགས་(Committee of 100 for Tib)ཞེས་པའི་ཨ་རིའི་ནང་བོད་དོན་ལས་འགུལ་གྱི་སྒྲིག་འཛུགས་གསར་གཏོད་དང་དེའི་ཚོགས་གཙོའི་མཚན་གནས་ཀྱི་ཐོག་ནས་བོད་དོན་གྱི་ཕྱག་ལས་གནང་མུས།
༢༠༽ བཞི་པ། གཞན་ཡང་བོད་ཀྱི་འཐབ་རྩོད་ཀྱི་རྩོད་ཐབས་ཐད་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གསར་གཏོད་མཛད་དང་ཁྱབ་སྤེལ་གནང་གི་ཡོད།ད་ལྟའི་དུས་སྐབས་འདིར་ལྟ་གྲུབ་དེ་ནི་དགོས་མཁོ་ཆེན་པོ་ཡོད།དཔེར་ན་སྔ་ལོ་ལྷོ་སུད་ཏན་དེ་རང་ཐག་རང་གཅོད་ཀྱི་ཐབས་ལམ་ཐོག་ནས་རང་བཙན་ཐོབ་ཡོད།ང་ཚོར་ཡང་མ་འོངས་པར་ཐབས་ལམ་དེ་བརྒྱུད་ནས་རང་བཙན་ཐོབ་རྒྱུའི་རེ་བ་ཡོད།
༢༡༽ ལྔ་པ། ད་ཆ་ཨ་རིའི་སྙན་གྲགས་ཆེ་བའི་སུ་ཌན་ཕོ་ཌི་ (Stanford University) གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་འགན་བཞེས་ཐོག་སློབ་གཉེར་ཁང་དེར་བོད་ཀྱི་རྒྱལ་རབས་དང་།ཆབ་སྲིད།ནང་ཆོས་བཅས་ཀྱི་ཞིབ་འཇུག་གི་ལས་གཞི་གསར་འཛུགས་དང་འབྲེལ།བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སྐོར་སློབ་ཁྲིད་གནང་རྒྱུའི་སྲོལ་གཏོད་གནང་ཡོད།
༢༢༽ དྲུག་པ། དེ་མིན་གཙུག་ལག་སློབ་གཉེར་ཁང་དེའི་སྤྱི་ནོར་༸གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་གནང་བའི་མཛད་འཆར་དང་འབྲེལ།ཁོང་གིས་ཀྱང་སློབ་དེའི་ནང་གི་ཚན་རིག་མཁས་པ་དང་མཉམ་དུ་ཀླད་ཁམས་ཞིབ་འཇུག་དང་བགྲོ་གླེང་ལས་གཞིར་མཉམ་ཞུགས་དང་ཞོག་འདེགས་གནང་བཞིན་ཡོད།
༢༣༽ བདུན་པ། ཕྱི་ལོ་༡༩༩༥ལོར་ཨ་རིར་ཕེབས་པ་ནས་བཟུང་རྒྱལ་སྤྱིའི་ནང་བོད་དོན་གྱི་ཚོགས་འདུ་དང་།ཟབ་སྦྱོང་།བགྲོ་གླེང་།ཁྱབ་བསྒྲགས།དཔྱད་གླེང་།ཉམས་ཞིབ།བློ་བསྡུར་བཅས་ཀྱི་གླེང་སྟེགས་གང་མང་ཞིག་ལ་ལོ་ལྟར་ཁོང་གི་བོད་དོན་གྱི་གཏམ་བཤད་དང་།དཔྱད་བརྗོད་སྤེལ་གནང་གི་ཡོད།
མདོར་ན། བཀྲས་མཐོང་མཆོག་གིས་བརྩམས་པའི་ལས་གཞི་དེ་དག་བོད་ཀྱི་རྩ་དོན་དང་ཐད་ཀར་འབྲེལ་བའི་གསར་གཏོད་དང་།ཡར་རྒྱས།ཕུགས་ཕན་གྱི་ལས་གཞི་གལ་ཆེན་རྐྱང་ཡིན་པས་དེ་དག་བརྩམས་དུས་ཁོང་ནི་ད་ལྟའི་བློ་བཟང་སེང་གེ་ལགས་ལས་དགུང་ལོ་ཆུང་བ་ཡོད། ལྷག་པར་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་།འཇོན་ཐང་།ཉམས་མྱོང་།ལྷག་བསམ།ཆབ་སྲིད་ཀྱི་ལྟ་བ།མི་གཤིས།གསར་གཏོད།འཛིན་སྐྱོང་གི་ནུས་པ་བཅས་རྨ་མེད་པ་ཚང་བའི་དཀྱེལ་ཡངས་སྒམ་རླིང་ལྡན་པའི་དཔོན་བཟང་ཞིག་རེད།
མཐའ་དོན། འོན་ཏེ་ང་ཚོས་བརྒྱ་བཤད་སྟོང་བཤད་བྱས་པ་ལས་ཁོང་དང་ལོ་མང་ལས་དོན་མཉམ་སྒྲུབ་གནང་མྱོང་མཁན་ཞིག་གི་སྙིང་གཏམ་དེ་རིན་ཐང་ཆེ།དེ་ཡང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱས་མཆོག་གིས་ཁོང་ལ་གདེང་མཆོག་དེ་འདྲ་ཞིག་ཡོད་པ་སྟེ། ༼བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ངེད་གཉིས་ནི་ལོ་མང་རིང་བོད་ཀྱི་ལས་དོན་ཐོག་སྡུག་མཉམ་འཁུར་དང་།ལྷག་བསམ་མཉམ་སྐྱེད།དཀའ་ལས་མཉམ་བརྒྱབ་བྱས་ཡོད་པས། ཁོང་ལ་མཚོན་ན་མི་མཐོ་དམའ་བར་གསུམ་ལ་འདྲིས་ཐུབ་མཁན་དང་། མཐུན་སྒྲིལ་ཡོད་པ།སྤོབས་པ་དང་མཁྱེན་ཡོན་ལྡན་པ། མི་བརྟན་པོ་དང་ཆབ་སྲིད་ཀྱི་བྱང་ཚད་ཧ་ཅང་ཚད་མཐོན་པོ།ཤེས་ཡོན་དང་རྒྱལ་སྤྱིའི་གནས་ཚུལ་ཆ་ཚང་ཤེས་མཁན་བཅས་ངེད་གཉིས་གཉམ་གཤིབ་ཀྱི་གོ་རིམ་ལས་ང་རང་གི་ངོས་ནས་ཁོང་ནི་༢༠༡༡ལོའི་བཀའ་བློན་ཁྲི་པར་འོས་ཤིང་འཚམས་པ་རེད་བསམ་གྱི་ཡོད་༽ཅེས་པའི་ཆོད་བསྡོམས་ཆེན་པོ་ཞིག་གནང་བ་ནི་རིན་ཐང་ཆེན་པོ་ཡིན་པར་སྙམ།།
བཀྲས་མཐོང་ཡོན་ཏན་མེད་ཀྱང་བསྟོད་བསྔགས་འུར་སྒྲ་སྒྲོགས་ སྐྱོན་ཡོད་ཀྱང་ཐམས་ཅད་གསང་བ་བྱས་ཡག་ འདི་བོད་མི་དམངས་ལ་ཤ་ཚ་ཡོད་པའི་རྟགས་ཡིན་པ་འདྲ།
ཐོག་མར་བོད་མི་ཡོངས་ལ་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ། དེ་རིང་ལོ་གསར་ཡིན་ཙང་ང་ལ་དུས་ཚོད་ཁོམ་པ་ཡོད། དེ་འདྲ་སོང་ཙང་ངས་སླར་ཡང་རང་གི་བསམ་ཚུལ་ཞུ་རྒྱུ་ཡིན། ད་བར་ང་ཚོས་རང་གི་བསམ་བློའི་འཆར་སྒོ་དང་བསྟུན་ཏེ་སོ་སོས་གདམ་འདོད་པའི་བཀའ་བློན་དེའི་དགེ་ཚན་གང་མང་བརྗོད་པ་དང་། གཞན་ཕྱོགས་དེའི་ཞན་ཆ་མང་པོ་བཙལ་ཡོད། དོན་དངོས་ཐོག་གདེངས་འཇོག་བྱེད་སྟངས་ལ་རིགས་གཉིས་སུ་གྱེས་འདུག རིགས་དང་པོ་དེས་བཀའ་ཁྲིའི་འོས་མི་དེ་དང་དེའི་འདས་པའི་བྱ་གཞག་ལ་རྟོག་ཞིབ་ཀྱིས་གྲུབ་འབྲས་ཇི་བྱུང་དང་། ལས་དོན་ཇི་ཙམ་བརྩམས་པ་སོགས་གཞི་ལ་བཅོལ་ཏེ་ཕྱོགས་བསྡོམས་བྱས་ཡོད་པ་དང་། རིགས་གཉིས་པ་དེས་བཀའ་ཁྲིའི་འོས་མི་དེ་དང་དེའི་སྨྲ་རྩལ་དང་ཤེས་ཡོན་གྱི་ཆུ་ཚད། ད་དུང་སེམས་ནང་གི་འཆར་གཞི་སོགས་ལ་གཙོ་བོར་གཞི་བཅོལ་ཏེ་ཕྱོགས་བསྡོམས་བྱས་ཡོད། འོན་ཀྱང་ཕྱོགས་བསྡོམས་ཀྱི་ཁ་ཕྱོགས་འཛོལ་བའི་རྐྱེན་གྱིས་གྲུབ་འབྲས་ལ་ནོར་འཛོལ་མང་པོ་བྱུང་ཡོད། དཔེར་ན། བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོས་བློ་སེང་ལགས་བོད་མིའི་ཁྲོད་ནས་ཤེས་ཚད་མཐོ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད། དོན་དངོས་ལ་བལྟས་ན། བོད་མི་ཤེས་ཡོན་པ་བྱིངས་ཕར་ཞོག མིག་མདུན་གྱི་བཀའ་ཁྲིའི་འོས་མི་བསྟན་རྣམ་རྒྱལ་དང་། བློ་སེང་བསྡུར་ན་ཁྲིམས་ཀྱི་སྐོར་ལ་བློ་སེང་ལ་བཤད་རྒྱུ་མང་བའི་དབང་དུ་བཏང་ཀྱང་། དབྱིན་སྐད་ཀྱི་སྨྲ་རྩལ་དང་། དབྱིན་ཡིག་གི་རྩོམ་རྩལ། བོད་སྐྱད་ཀྱི་སྨྲ་རྩལ་དང་། བོད་ཡིག་གི་རྩོམ་རྩལ་ལྟ་བུ་ལ་ཆ་མཚོན་ན། ཁོང་གཉིས་བསྡུར་ཐབས་རྩ་བ་ནས་མེད་པ་ཞིག་རེད་འདུག བོད་ཀྱི་སྐད་ཡིག་སྐོར་ལ་ང་ཚོས་ཚང་མས་ཚོད་བགམ་བྱེད་ཐུབ་ཀྱང་། དབྱིན་ཇིའི་ཡིག་ངག་གཉིས་ཀྱི་ཐད་ཆུ་ཚད་ཇི་ཡོད་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཕལ་མོ་ཆེས་མཁྱེན་དཀའ་བའི་རང་བཞིན་ཞིག་རེད། གང་ཡིན་ཞེ་ན་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་རྣམས་ཤེས་ཡོན་དེ་ཙམ་མེད་པའི་སྐྱེ་བོའི་ཚོགས་ལས་གྲུབ་པ་ཞིག་རེད། འདི་འདྲ་ཡིན་དུས་ཁོ་ཚོས་བློ་སེང་གི་དོན་དམ་པའི་དབྱིན་སྐད་ཀྱི་ཆུ་ཚད་ངོ་མ་དེ་ཤེས་ཀྱི་མེད། འདི་ཤེས་པ་ལ་ཐབས་ལམ་ལེགས་ཤོས་ནི་བློ་གཟུ་བོར་གནས་པའི་ཕྱི་རྒྱལ་གྱི་སྐད་ཡིག་མཁས་པར་དྲི་རྒྱུ་དེ་རེད། འོ་ན་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོར་ཤེས་ཡོན་དེ་ཙམ་མེད་པ་གང་ལས་ཤེས་སྙམ་ན། ཁོ་ཚོས་བློ་སེང་ལ་གདེངས་འཇོག་གནང་སྟངས་དང་། ཧ་ཝ་ཌིའི་སློབ་གྲྭའི་མིང་གོ་བ་ཙམ་གྱིས་བླ་འཁུམས་པ། བོད་མིའི་ཁྲོད་ན་ཁོང་ལྟ་བུ་མེད་པ་ཙམ་མ་ཟད། ཧ་ལམ་ཨེ་ཤ་ཡའི་གླིང་ཆེན་ནང་ཁོང་ལྟ་བུ་དཀོན་པར་སེམས་པའི་འདུ་ཤེས་ལས་ཤེས་ནུས། མི་རིགས་ཤིག་ལ་མཚོན་ན་འདི་ལྟ་བུའི་འདུ་ཤེས་འདི་ཧ་ཅང་གི་ཉེན་ཁ་ཅན་ཞིག་རེད།
དངོས་པོའི་གནས་ལུགས་དང་མཐུན་པའི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་དཔྱད་པ་བྱས་པ་ཡིན་ན་ཕྱོགས་དང་པོའི་བསམ་ཚུལ་རྣམས་ཅུང་ཉེན་ཁ་ཆུང་བ་དང་། གྲུབ་འབྲས་སོན་རྒྱུར་གདེང་ཚོད་ཆེ་བ་ཡོད་པར་ངོས་འཛིན་བྱས་ཆོག འོན་ཀྱང་དེ་སྔོན་གྱི་བྱས་རྗེས་ཆེན་པོ་ཡོད་པ་ཙམ་གྱིས་མ་འོངས་པར་ཡང་གྲུབ་འབྲས་ཆེན་པོ་ཡོང་གི་རེད་ཅེས་ཐག་གཅོད་བྱས་ན་སྔ་དྲག་པ་མ་ཟད། གནས་ལུགས་དང་ཡང་མཐུན་གྱི་མེད། དཔེར་ན། སྐད་ཅིག་གཉིས་པར་ས་བོན་བྱ་རོག་གིས་འདོན་པར་ངེས་པའི་ཞིང་སྐྱེ་རུང་ཡིན་ཀྱང་སྐྱེ་ངེས་མིན་པ་ལྟར་རེད། དེ་བཞིན་ཉམས་མྱོང་མེད་པ་ཙམ་གྱིས་མ་འོངས་པའི་ལས་དོན་ལ་གྲུབ་འབྲས་ཐོབ་དཀའ་ཞེས་པའི་ལྟ་བ་འདི་ཡང་ཕྱོགས་སུ་ལྷུངས་ཡོད། ཉམས་མྱོང་ཞེས་པ་འདི་ལག་ལེན་གྱི་ཁྲོད་ནས་རྙེད་དགོས་པ་ལས་དེ་མིན་གྱི་ལམ་བུ་གཞན་ཞིག་མེད་པས་བྱས་པ་རེད། དེ་འདྲ་སོང་ཙང་བཀྲས་མཐོང་དང་བློ་སེང་གཉིས་ཀའི་ཐད་དགེ་མཚན་ཡོད་ལ་ཞན་ཆ་ཡོད་པ་གཅིག་མཚུངས་རེད། འོན་ཀྱང་ཁོང་རྣམ་གཉིས་ཀྱི་ཁྲོད་ནས་ང་ཚོས་བཀྲས་མཐོང་ལ་རེ་བ་རྒྱག་པ་དང་། བློ་སེང་ལ་རེ་ལ་བརླགས་པའི་རྒྱུ་མཚན་ནི་ཉམས་མྱོང་ཡོད་མེད་དང་། ཤེས་ཚད་མཐོ་དམན། གྲུབ་འབྲས་ཆེ་ཆུང་སོགས་ལ་གཙོ་བོ་མགོ་བསྟུན་པ་མ་ཡིན་པར། ཁོང་རྣམ་གཉིས་ཀྱི་མི་གཤིས་དང་བསམ་པའི་ཀུན་སློང་སོགས་ལ་དཔྱད་པ་བྱས་ནས་གདམ་ཀ་བྱས་ཡོད། དེ་ཡང་གཙོ་བོ་བྱ་དངོས་ཐམས་ཅད་ལ་བརྒྱུད་རིམ་ཡོད་དགོས་པ་དང་། བརྒྱུད་རིམ་དེ་ཡང་དངོས་པོའི་གནས་ལུགས་ཀྱི་གྲུབ་ཆ་ཞིག་རེད། དཔེར་ན། མེ་ཏོག་ལ་ཆ་བཞག་ན་ས་བོན་གྱི་གནས་སྐབས་དང། ས་བོན་ལ་མཆེ་བ་གཏོང་བའི་གནས་སྐབས། དེ་ནས་རིམ་བཞིན་ལྗང་པ་དང་། ཡལ་ག ལོ་མ། ཐེའུ། དེ་ནས་མེ་ཏོག དེ་ནས་སླར་ཡང་ས་བོན་ཕྱི་མ་སྐྱེད་པ་སོགས་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་འདི་དངོས་པོའི་གཤིས་སུ་གྲུབ་འདུག དེ་བཞིན་སྤྱིར་བཏང་བྱས་པ་ཡིན་ན་སྐས་ཀ་འཛེགས་པར་ཡང་སྐས་རིམ་དང་པོ་ནས་གཉིས་པ་དང་། དེ་ནས་གསུམ་པ་སོགས་རིམ་གྱིས་བགྲོད་དེ་ད་གཟོད་ཐོག་ཁར་སླེབས་པ་སེམས་གཙོ་གཟུགས་འདས་རིག་པའི་འཆར་སྒོ་ཞིག་མ་ཡིན་པར་དངོས་གཙོ་སྨྲ་བའི་ལྟ་བའི་རྨང་གཞི་ཞིག་ཡིན། ཚུལ་འདི་ལྟར་བལྟས་པ་ཡིན་ན། ང་ཚོས་ད་གཟོད་བཀའ་ཁྲིའི་འོས་མི་ཞིག་གི་ངོས་ནས་ངེས་པར་དུ་བརྒྱུད་དགོས་པའི་གནས་ལུགས་དེ་གསལ་པོར་མཐོང་ཐུབ། དེ་ལྟར་མིན་པར་ཐོད་རྒལ་གྱིས་རྒྱང་མཆོངས་བརྒྱབ་པ་ཡིན་ན། དེའི་རྒྱབ་ཀྱི་ཀུན་སློང་དང་། མི་གཤིས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནས་དོན་མི་ཉུང་བ་ཞིག་ཡོད་པ་གོར་མ་ཆགས། གནས་སྐབས་འདི་ལྟ་བུ་ཞིག་གི་འོག་སྔར་བཤད་ཕྱིས་འགལ་དང་། རང་མཆོག་གཞན་དམན་གྱི་འདུ་ཤེས། དུས་དང་སྐབས་མི་འདྲ་བ་རེ་ལ་སྐད་ཆ་མི་འདྲ་བ་རེ་ཤོད་དགོས་པ་སོགས་ཁྱི་སོ་ལྟར་གྲལ་ག་ཚོད་འགྲིགས་ཐབས་བྱས་ཀྱང་དེ་ཚོད་ཀྱིས་ཛོར་རྟགས་བཤམས་ཡོང་བ་དང་དོན་དངོས་མངོན་གྱུར་ཡོང་་བ་ཆོས་ཉིད་རེད། འདི་འདྲ་ཡིན་ཙང་ལས་དོན་ཆེ་ཕྲ་གང་ཞིག་བརྩམས་ཀྱང་དོན་དངོས་དང་། དངོས་པོའི་ཆོས་ཉིད་ལ་བསྟུན་དགོས་པ་ལས་འདི་ལས་གཡོལ་ཐབས་མེད་པའི་རང་བཞིན་ཡིད་ལ་བཅངས་རྒྱུ་གལ་ཆེན་པོ་ཡིན་པའི་གནས་ལུགས་མ་བརྗེད་པ་གནང་རོགས། །
རྐུན་མ་ཧམ་ཆེན་གྱིས་མི་བཟའ་ཟེར་ལེ་བཞིན་དབྱེན་དཀྲུགས་དང་རྫུན་གཏམ་སྤེལ་ལ་མཁས་ཞིང་མྱོས་པ་ཉུང་ཤས་ཀྱིས་ཐབས་དང་རྣམ་པ་འདྲ་མིན་ལམ་ནས་བློ་སེང་ལགས་མི་དཀར་ལ་ཞ་ནག་གཡོག་པའི་དཀྲུགས་ཤིང་གི་ཆུ་མདོང་དེ་ག་ཚོད་དཀྲུགས་ཀྱང་དེ་ནི་རང་ཉིད་ཀྱི་བླུན་རྟགས་དེ་ཁྲོམ་གཞུང་དུ་བསྟོན་པ་ལས་ཆ྄ུ་མདོང་དཀྲུགས་ན་མར་ནམ་ཡང་མཐོན་མི་སྲིད་ལ་ བོད་རྒྱ་ཆེས་མང་ཚོགས་ཀྱི་དགའ་འདེམས་བྱུང་བའི་བཀའ་ཁྲི་བློ་སེང་ལ་མཆོད་སེམས་རྟན་པོའི་མང་མོས་རྒྱབས་སྐྱོར་གྱི་དམ་ཆ་དེར་འགྱུར་འགྲོས་ཀྱི་གཡོ་འགུལ་ཡང་གཏོང་མི་ཐུབ་ མི་རིང་བར་ ཕྱི་ ༣ ཚེས་ ༢༠ ཉིན་མོ་འདིར་རང་གི་རྒྱལ་ཁབ་དང་ མི་རིགས་ བོད་མིའི་སྙིང་དུ་བརྣག་པའི་འཕྲལ་ཕུགས་གི་བདེན་དོན་ཐབས་བརྩོད་ལ་སེམས་འཁུར་དང་རྒྱལ་ཞེན་ཆེ་ཞིང་རྣམ་སྤྱོད་མཁས་པའི་བྱེས་འབྱོར་བོད་མི་བརྒྱ་ཆ་མཐོན་པོའི་མང་མོས་ཀྱི་མངོན་འདོད་དང་དགའ་འདེམས་ཡོད་པའི་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེངྒེ་མཆོག་སེང་ཁྲིའི་སྟེང་དུ་གཟི་བརྗིད་ལྡན་པའི་ངང་མཁོད་རྒྱུ་གདོན་མི་གཟའ་ལ་ མཁས་དབང་ཁོང་གི་རྒྱལ་ཁ་ནི་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཁ་དང་ བོད་མཆོལ་གསུམ་མི་རིགས་ཀྱི་རྒྱལ་ཁ་ བོད་དོན་བདེན་པའི་ཐབས་བརྩོད་ཀྱི་ནུས་ཤུགས་རྣོ་ངར་ཆེ་བའི་ངང་གྲུབས་འབྲས་མྱུར་དུ་སྨིན་ཐུབ་ལེའི་རྒྱལ་ཁ་ཞིག་ཀྱང་རེད་ལ་ བཀའ་ཁྲི་འདེམས་ནོར་མེད་པ་དེ་བོད་མི་མང་གི་རྣམ་སྤྱོད་མཁས་པའི་རྒྱལ་ཁ་ཞིག་ཀྱར་ཡིན་ལི་རེད་ བོད་རྒྱལ་ལོ་ བོད་མི་རིགས་རྒྱལ་ལོ་ སེངྒེའི་དབང་ཐང་རྒྱལ་ལོ་།།
དྲ་གྲོགས་རང་ལྡེའུ་ལགས།
ལོ་གསར་ལ་བཀྲིས་བདེ་ལེགས།
དངོས་གནས་བྱས་ནས་ལོ་གསར་ཚེས་གཅིག་ཉིན་ཆབ་སྲིད་ཀྱི་རྙོག་གླེང་མ་བཤད་འདོད་ཀྱང་།སྐུ་ཉིད་ཀྱིས་མཁས་མཛངས་ལྡན་པའི་བཀྲས་མཐོང་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཀྱིས་ཁྱེད་ཚོའི་ངན་བྱུས་ཚང་མ་ལམ་ལྷོང་མ་བྱུང་ན་ཅི་དྲག་སྙམ་པའི་གདུང་བའི་ཁུང་པོར་ཚུད་པའི་སྐད་ངན་ཞིག་བསྒྲགས་ཡོང་དུས་ང་ཡང་གཅིག་མ་བྲིས་ན་མི་འགྲིགས་པ་ཆགས་སོང་།
དོན་དངོས་ཐོག་བཀྲས་མཐོང་མཆོག་གི་རླབས་ཆེན་མཛད་རྗེས་དག་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་དཀར་པོའི་ངོས་སུ་བསྐོས་ཟིན་པས།ཁྱེད་ལྟ་བུའི་མིའུ་ཞིག་གིས་སྙོན་ཐུབ་ཐབས་མེད་ལ།ཁྱེད་ཚོའི་ཅོལ་གཏམ་དེར་བོད་མི་དམངས་ཀྱིས་ཀྱང་ཁས་ལེན་བྱེད་མི་སྲིད།
བཀྲས་མཐོང་ལོ་རྒྱུས་རྡོ་རིང་དཀར་པོ་དེ་ཁྱེད་ཀྱིས་བཙུགས་པ་ཡིན་ནམ?
༄། །སྙིང་ལ་རུས་པ་ཡོད་པའི་བསམ་ཚུལ་དུ་མཐོང་། རྒྱབ་སྐྱོར་ཡོད།
ལྷ་རྗེ་ལགས་སུ་ཆེད་ཞུ། ཁྱེད་རང་ནས་བསམ་ཚུལ་ཡག་པོ་འདུག རྒྱབ་སྐྱོར་ཡོད་གསུངས་འདུག་ཀྱང་། གོང་དུ་བསམ་ཚུལ་སྤེལ་མཁན་བྷི་བྷི་སི་ལགས་དང་། གོང་པ་རྡོ་རྗེ་ལགས། ལ་རྒྱའི་བདག་པོ་ལགས། རང་བཙན་ལྡེའུ་ལགས་བཅས་སུའི་བསམ་ཚུལ་ཡག་པོ་ཡོད་དང་། སུའི་བསམ་ཚུལ་ལ་རྒབ་སྐྱོར་བྱེད་ཀྱི་ཡོད་མེད་གསལ་ཁ་མེད་སྟབས་མི་རྣམས་མགོ་འཐོམ་གཞི་ཞིག་ཏུ་འགྱུར་བས་ན་ངེས་པར་དུ་གསལ་སྟོན་གནང་རྒྱུ་གལ་ཆེ་བར་སེམས།
ཅོ་རི་ཉི་མས་དུས་བབ་དྲ་སྟེང་ནས་གྲ་ས་ཁག་ལ་ཐེག་དཀའ་བའི་འགན་ལྕི་མོ་ཞིག་བསྐུར་འདུག འོན་ཀྱང་འགན་འདི་གྲ་ས་ཁག་གིས་ཁུར་ཐུབ་སྟབས་མེད། གྲ་ས་ཁག་ནས་བློ་སེང་ལ་འོས་ཕོན་ཆེ་ཐོབ་པ་དེ་ཆོལ་གའི་ཞེན་ཁོག་སྟེང་ནས་འཕངས་པ་ཡིན་སྟབས། འོས་སུས་འཕངས་མིན་གསལ་པོ་རེད་ལ། གལ་ཏེ་མ་འོངས་པར་འགན་ཁྱེར་དགོས་བྱུང་ན་ཡང་གདན་སའི་ཆོལ་ཁ་བྱེ་བྲག་པ་ཞིག་གི་གྲ་མང་ནས་ཁྱེར་དགོས་པ་ལས་གདན་སའི་གྲ་པ་ཡིན་ཚད་ཀྱིས་ཁུར་དགོས་དོན་མེད། ཅོ་རི་ཁྱེད་ཁམས་པ་ཡིན་ཙང་ཁམས་ཞེན་བྱེད་སྟངས་མཁས་པོ་བྱེད་དགོས།
BBCལགས། བློ་སེང་གི་རྒྱབ་སྐྱོར་བ་གྲྭ་བག་བྲོ་ཟེར་བ་དེ་ཁམས་པ་རེད་པས།
བརྒྱ་བཤད་སྟོང་བཤད་བྱས་ཀྱང་། མཁས་དབང་བློ་བཟང་སེངྒེར་རྒྱལ་ཁ་ཐོབ་པ་གདོན་མི་ཟ།
བཀྲས་མཐོང་ལ་ཆག་འཇོག་གང་ཡང་ཡོད་མ་རེད། གང་ལ་ཞེ་ན། ཁོང་ལ་བཀའ་བློན་ཁྲི་བའི་གོ་ས་ཐོབ་ཀྱང་།
ཉིན་གཅིག་ཡང་ཁོང་བཀའ་ཁྲིའི་ལས་འགན་མ་འཁྱོལ་བར་དགོངས་པ་ཞུ་སྲིད།
སྤུན་ཟླ་ཚོས་བསམ་གཞིགས་བྱེད་དགོས།
ཅོ་རི་ལགས། ཁྱེད་རང་ལ་དཔེ་འདི་ལས་ལེགས་ཙམ་ཞིག་རག་གི་མི་འདུག་གམ། དགའ་ལྡན་གྲ་བག་གྲོ་ལ་ཆ་བཞག་ཡས་ཡོད་པ་མ་རེད། ཁྱེད་རང་དང་ཁོ་པ་བསྡུར་ཐབས་མེད། མ་མཐར་ཡང་ཁྱེད་རང་བློ་གཟུ་བོར་གནས་པ་ཞིག་རེད། བག་གྲོ་ཁོ་པ་སྒེར་གྱི་གཏམ་དོན་ཆེད་གང་ཡང་བྱེད་ཕོད་མཁན་ཞིག་རེད། ཁོ་ལ་གཏམ་དོན་བྱུང་ན་བོད་འཚོང་མི་འཚོང་ལ་ཐེ་ཚོམ་མེད་དོ། །མ་ཟད་ཁོ་པ་རིག་གནས་གསར་བརྗེ་རོ་ལངས་རྒྱག་མཁན་གཏེ་པོ་ཞིག་རེད། ངས་ཁོ་པ་མི་གྲལ་ལ་འཇོག་གི་མེད། ད་ཧ་གོ་སོང་ངམ།
དབུས་གཙང་གི་ཀླད་མེད་ཚོས་སྔར་ནས་ད་ལྟ་བར་དུ་ཁམས་པའི་ཐོག་ཏུ་དགྲ་མཐོང་བཟོ་བསྡད་ཤིག་ཡིན་ན་འོས་སྤྲད་རྐྱང་བྱས་པའི་ཉེར་ལེན་ལ་བརྟེན་ནས་མཆོག་ཏུ་གྱུར་པའི་སྐུ་ངོ་བཀྲས་མཐོང་ལགས་སུ་སྔོན་འགྲོའི་སྐབས་སུ་འོས་མི་ཨང་དང་པོར་མ་ཆགས་པ་རེད།
བཙན་བྱོལ་སྤྱི་ཚོགས་ནང་དུ་མི་འབབ་བརྒྱ་ཆ་༦༥་དབུས་གཙང་རེད། ཁོ་ཚོའི་འོས་ཤོག་ཆུ་ནང་གཡུག་པ་རེད་དམ། སུ་ལ་སྤྲད་པ་རེད།
http://www.shambalapost.com/blog/viewpost/5645 འདི་ནང་དུ་བལྟས་མོ་བལྟ་མཁན་ཕེབས་ཤོག
ཅོ་རི་ལགས། འོས་ཤོག་ཆུ་ལ་བཤམས་མཁན་དབུས་གཙང་གི་མི་གཙང་མ་རྣམས་མ་རེད། འདི་རྣམས་དབུས་གཙང་གི་མིང་འཁུར་མཁན་ས་མཚམས་ཀྱི་མི་གླེན་རྨོངས་སྐྱིད་གྲོང་པ་དང་། འངའ་རིས་པ། སྟོད་པའི་འབྲོག་ནག་རྣམས་རེད། དཔེར་ན་མོན་གྷོའི་འབྲོག་པ་རྣམས་བཞིན་ནོ། ། འདི་ཚོ་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ངང་ཚུལ་ཅན་ཤ་སྟག་རེད། འོན་ཀྱང་ལུང་ཚན་འདི་དག་གི་མི་ཚང་མ་ལ་ཞུ་གི་མེད། གླེན་རྨོངས་རྣམས་ལ་ཟེར་གྱི་ཡོད། འདི་ཚོའི་རྒྱབ་ཀྱི་ལོ་རྒྱུས་བཤད་ན་མི་མང་པོ་ཞིག་དང་འབྲེལ་བ་ཡོད་པ་དང་། ཆོལ་ཁའི་དབར་ལ་ངཀྲུག་ཤིང་གི་རྒྱུ་རུ་ཡང་འགྲོ། དཔེར་ན། ཀརྨ་ཆོས་འཕེལ་ལ་བཀའ་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་དེ་ས་ཆ་གང་ཞིག་ནས་སྤྲད་པ་བརྩད་གཅོད་བྱས་ན་རྒྱུ་རྐྱེན་གསལ་པོ་དང་། ཁོ་ཚོའི་སེམས་ནང་བོད་རྒྱལ་ཁབ་དང་བོད་མི་རིགས་ཡོད་མེད་ཤེས་སླ་པོ་རེད།
BBC ལགས། མཆོག་ཏུ་གྱུར་པའི་དྲང་ཚུགས་ཅན་གྱི་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་ཨ་མ་དང་མནའ་མ་ནོར་མི་སྲིད་ལ་ཕྱི་དང་ནང་ནོར་མི་སྲིད་པས་དོགས་པ་རྣམ་རྟོག་གང་ཡང་མེད། མ་ཟད་ང་ཚོ་མདོ་ཁམས་མི་དམངས་དང་མཐུན་སྒྲིལ་ཆེ་ལ་ང་ཚོས་ཀྱང་རྒྱབ་སྐྱོར་བྱས་ཀྱི་ཡོད།
ཐུགས་རྗེ་གཟིགས་གཞི་མེད་སྐྱོན་བརྗོད་བྱས་ན་ཁས་ལེན་ཐུབ་ཀྱི་ཁག་པོ་རེད། ངས་ཁྱེད་ཀྱི་བསམ་བློའི་རྒྱབ་ལྗོངས་ཏོག་ཙམ་ཤེས་སོང་། དེ་འདྲ་མ་གསུངས། སྟོད་མངའ་རི་ནས་སྨད་མདོ་ཁམས་བར་དུ་ཤ་ཁྲག་གཅིག་པ་ཤ་དག་རེད་དོ། ང་ཅོ་རི་དྲང་བདེན་ལ་དགའ། དྲང་བདེན་ཅན་གྱི་མི་ལ་རྒྱབ་སྐྱོར་བྱས་ཀྱི་ཡོད།
སྐད་ཆ་གཞན་དག་རྣམས་བདེན་ནི་ཞུ་རྒྱུ་ལས་མེད།
ཁྱོད་ཚོས་མཐོང་བྱུང་ངམ། ད་ཆ་བློ་སེང་འུག་ཐུག་ཐབས་ཟད་ཆགས་ཏེ་ལོ་རྒན་བརྒྱད་ཅུ་བརྒལ་བའི་རྒྱན་འཁོགས་ཤིག་གི་མཚན་གཡར་ཏེ་དུས་བབ་དྲ་སྟེང་དོན་འདུག རྒན་འཁོགས་ཁོང་ནི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་རེད། བློ་སེང་ལགས་ཀྱིས་དང་པོ་གཞོན་སྐྱེས་རྒྱབ་རྩར་འཁྲིད་པ་དང་། བར་དུ་སེར་མོ་འཁྲིད་སླེབས་ཡོད། དེས་ཀྱང་ཕན་ནུས་ཆེར་མ་ཐོན་པར་བརྟེན། ད་ཆ་རྒན་འཁོགས་ཀྱང་འཁྲིད་ཡོང་གི་འདུག སྟག་སྣ་ཁོང་གི་མིང་གཡར་ཏེ་བྲིས་པའི་དཔྱད་བརྗོད་འདིའི་ནང་སྣང་བ་མ་འགོྲོ་ཤོས་དང། བློ་ཕམ་ཤོས་ཤིག་ལ་བོད་རྙིང་པ་དེ་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་ཡིན་རབས་ཀྱིས་ལོ་རབས་ལྔ་བཅུ་དྲུག་བཅུའི་རྒྱ་དམར་གཞུང་གི་ཕན་མེད་བསམ་བློ་རྙིང་པ་དེ་སླར་ཡང་རོ་ལངས་བརྒྱབ་འདུག འདི་སྟག་སྣའི་བསམ་བློ་མིན་པ་ཤེས་གསལ་རེད། འདིས་རྩོམ་ཡིག་འདི་སྟག་སྣའི་མིན་པ་གསལ་སྟོན་བྱས་པ་རེད། གལ་ཏེ་སྟག་སྣ་ལགས་ཀྱིས་རྒྱ་དམར་ལྟར་བསམ་བློ་གཏོང་གི་ཡོད་ན། ལོ་མང་རིང་བཙོན་ཁང་དུ་ཅིའི་ཕྱིར་བསྡད་པ་ཡིན། བོད་སླར་གསོ་བྱས་ན་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་འདོད་པ་མ་ཡིན་ནམ། ཞེས་སྟག་སྣ་ལགས་སུ་འདྲི་དགོས་པ་རེད། གང་ལྟར་འདི་བློ་སེང་གི་སྔ་ཕྱིའི་སྐད་ཆ་མང་པོ་དང་འབྲེལ་བ་འདུག ཁོ་པས་གཞོན་སྐྱེས་ལངས་དགོས་པ་དང་། གསར་གཏོད་བྱེད་དགོས་པ། སྲིད་དབང་གཞོན་པའི་ལག་ཏུ་འཇོག་དགོས་པ། ཁོ་རང་ཁྱིམ་ཚང་སྐྱོ་པོའི་ཁྱིམ་དུ་སྐྱེས་པ། ཡང་ཕྱི་རྒྱལ་ཞིག་ཏུ་གཏམ་བཤད་བྱེད་སྐབས་བོད་ཀྱི་ཆོས་དང་བླ་མ་གྲ་པ་ཚོ་ཡར་རྒྱས་ཀྱི་བཀག་རྡོ་ཡིན་པ་དང་བོད་ཕུང་བྱེད་ཀྱི་གཙོ་བོ་ཆོས་བྱེད་མི་སྣ་ཡིན་པ་སོགས་བཤད་པ་སོགས་ལ་ཕྱོགས་བསྡོམས་བརྒྱབ་ཡོང་དུས། བློ་སེང་གི་བསམ་བློ་གཏོང་སྟངས་འདི་ལོ་རབས་ལྔ་བཅུ་དྲུག་བཅུའི་སྐབས་ཀྱི་རྒྱ་ནག་དམར་པོའི་ཆབ་སྲིད་དྲིལ་བསྒྲགས་དང་གཅིག་མཚུངས་རེད། བསམ་བློ་འདི་ཚོ་རྒྱ་ནག་དམར་གཞུང་གིས་སྔ་ས་ནས་གད་སྙིགས་ནང་གཡུག་ཟིན་ཀྱང་། བློ་སེང་གིས་ཡར་བསྒྲུགས་ཏེ་གླེན་པ་རྣམས་མགོ་བསྐོར་བྱེད་ལ་བེད་སྤྲྱོད་བྱེད་བཞིན་ཡོད། ངས་ཁྱེད་རང་ཚོར་དྲི་རྒྱུུ་ཞིག་ཡོད། བོད་རྙིང་པ་དེ་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་ཡིན་ན། སྤྱི་ཚོགས་དེའི་བདག་པོ་༸གོང་ས་མཆོག་རྒྱ་དམར་གྱིས་བརྗོད་པའི་ཞིང་བྲན་བདག་པོར་མི་འགྱུར་རམ། གལ་ཏེ་སྤྱི་ཚོགས་དེ་འདོད་པ་མེད་ན་སྔོན་ལ་དེའི་བདག་པོ་མི་འདོད་པ་དེ་མཚོན་པ་མ་ཡིན་ནམ། དེ་འདྲ་སོང་ཙང་༸དམིགས་ས་གཙོ་བོ་དེ་༸གོང་ས་མཆོག་ལ་དམིགས་འདུགས་པས་འདི་ང་ཚོ་བོད་མི་ས་ཡ་དྲུག་གིས་ཁས་ལེན་ཐབས་མེད་པའི་གནད་དོན་ཞིག་རེད། མ་ཟད་བློ་སེང་གིས་བོད་མི་ས་ཡ་དྲུག་ལ་མཐོང་ཆུང་དང་ཚོད་དཔག་དམའ་དྲགས་རྒྱུ་མེད། ཁོ་པ་དང་ཁོ་པའི་རྗེས་འབྲངས་པ་དགའ་གྲ་བག་གྲོ དེ་བཞིན་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་རྩ་བ་ནས་མི་འདུག བོད་འདི་དུས་རབས་བཅུ་བཞི་པའི་ཡས་མས་ནས་ཕྱེད་བཀས་བཀོས་རྒྱུན་འཛིན་སྤྱི་ཚོགས་ནང་སླེབས་ཟིན་པས་ན། སླར་ཡང་དུས་རབས་ཉི་ཤུའི་ནང་ཇི་ལྟར་བྱས་ཏེ་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་ནང་བསྐྱར་ལོག་བྱས་པ་རས། དོན་དངོས་སུ་རྒྱ་དམར་གྱིས་བོད་ཟ་འདོད་ཀྱི་ཆབ་སྲིད་དྲིལ་བསྒྲགས་རྫུན་མ་དང་རྙིང་པ་གད་སྙིགས་ཁྲོད་གཡུག་ཚར་བ་རྣམས་ཡར་བསྒྲུགས་ཏེ་བོད་མི་རྣམས་མགོ་བོ་རྨོངས་སུ་བཅུག་སྟེ། རང་གི་གོ་གནས་ཐོབ་རྒྱུ་ཁོ་ནའི་ཆེད་དུ་ཡིན་པ་གསལ་པོ་རེད། བསམ་བློ་ཞིབ་མོར་བཏང་ན་ཆབ་སྲིད་དྲིལ་བསྒྲགསཀྱི་ཚིག་འདི་རྣམས་རྒྱ་དམར་ནས་སྔ་ས་ནས་དོར་ཟིན་ཀྱང་བོད་མི་ཞིག་ནས་གད་སྙིགས་ཁྲོད་ནས་ཡར་བསྒྲུགས་པ་འདི་ཡ་མཚན་དང་། རྗེས་ལུས་ཀྱི་བསམ་པ་མཚོན་ཐུབ། མ་ཟད་རྒྱུ་དང་སློབ་སྦྱོང་ཡོད་པ་ཚང་མར་སྐུ་དྲག་དང་། ཕྱུག་བདག་སོགས་མིང་བཏགས་ཏེ་འདི་རྣམས་ཉེས་པའི་དཔང་རྟགས་སུ་དྲངས་ཡོང་ན་འཚམ་པོ་ཅང་ཨེ་ཡོད་དམ། དོན་ལ་མི་ཚང་མ་དཀའ་ལས་རྒྱག་པ་འདི་རྒྱུ་དང་ཤེས་ཡོན་སོགས་ཀྱི་དོན་དུ་མིན་ནམ། ཁྱེད་ཚོས་དཀའ་ལས་ཁྲག་དྲི་ཁ་ཁ་རྒྱག་པ་འདི་ཡང་སྐུ་དྲག་བྱེད་འདོད་ཀྱི་ཆེད་དུ་རྒྱག་གི་ཡོད་དམ། ད་བོད་མི་རྣམས་གཉིད་སད་རན་ཤག །
དེ་རིང་ནས་ལོ་གསར་ཚར་བ་རེད། ལས་དོན་གསར་པ་འགོ་འཛུགས་དགོས་ལ་བཀའ་ཁྲི་གསར་པ་ཡང་གདམ་དགོས། ངའི་འོས་ཤོག་བསྟན་འཛིན་རྣམ་རྒྱལ་ལ་འབུལ་རྒྱུ་ཡིན།
BBC ལགས་རྟ་ནག་འཇིགས་མེད་བཟང་པོ་ཟེར་བ་འདིར་དབུས་པ་གཙང་མ་ཞིག་རེད་དམ། མདང་དགོང་ཁྱེད་ཀྱི་དཔེར་མཚན་གྲྭ་བག་སྤྲོ་དྲགས་པ་མེད་པས་ཞེས་གསུངས་ཀྱི་འདུག དེ་རིང་ཡང་དབུས་གཙང་གི་ཀླད་སྟོང་གཅིག་བསླེབས་འདུག་་་་་་་་་་་་ཧཧཧཧཧཧ ཀུ་རེ་ཡིན་ད།
ཅོ་རི་ལགས། དབུས་གཙང་གི་ཀླད་སྟོང་ཞེས་པ་དེ་གང་ཡིན། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་མིང་བཀོད་པའི་རྩོམ་ཡིག་ཞིག་འདུག་ཀྱང་། དེ་ཁོང་གིས་བྲིས་མིན་ལ་དོགས་པ་ཆེན་པོ་འདུག གལ་ཏེ་ཡིན་པའི་དབང་དུ་བཏང་ཀྱང་ཁོང་གི་རང་དབང་རེད། འོན་ཀྱང་ཁོང་གིས་དོན་དངོས་མ་མཁྱེན་པ་ཡིན་སྲིད་ལ། ད་ཆ་རྒན་འཁོགས་བྱུས་རིག་འཐོར་བའང་སྲིད་པ་རེད། གང་ལྟར་བོད་མི་དམངས་དང་རྒྱལ་ཁབ་ལ་ཕན་པའི་མི་ཡིན་ན་བཀའ་ཁྲི་སུས་བྱས་ཀྱང་ཁྱད་མེད་ཀྱང་བློ་སེང་ད་ལྟ་སྔ་ཐག་ཆོད་འདུག སྔ་དྲགས་པ་དེ་ལོ་ཚོད་ཀྱིས་མ་རེད། ཁོ་པས་སྤྱི་པའི་ཞབས་ཕྱི་མ་ཞུས་པས་རེད།
འོ་ཡ། ད་ཐེངས་BBC སྐད་ཆ་འདི་ངོ་མ་བོ་རེད།
ངའི་འོས་ཤོག་བློ་བཟང་སེང་གེ་ལ་འབུལ་རྒྱུ། ག་འདྲ་འདུག་ཁོ་རེ།
ཅོ་རི་ཉི་མ་ལགས། ཁྱེད་རང་གི་བཀའ་ཁྲིའི་འོས་ཤོག་སུ་ལ་འཕེན་ཀྱང་ཁྱེད་རང་གི་འདོད་པ་རེད། ཡིན་ན་ཆོལ་ཁ་ནང་ཁུལ་དཀྲུག་གཞིའི་བཀའ་མོལ་དེ་འདྲ་གསུང་རྒྱུ་ཨེ་ཡོད། དབུས་གཙང་གི་མི་རྣམས་ཀླད་མེད་དེ་འདྲ་རང་ད་ཨེ་ཡིན་ནམ། སོ་སོའི་ཀླད་པ་བཀོལ་སྤྱོད་ཡག་པོ་གཏོང་། དབུས་གཙང་ཆོལ་ཁར་དམའ་འབེབས་བྱ་དགོས་མ་རེད།
སྤང་སྤོས་ལགས། ངར་ངར་སིག་སིག་དེ་ཙམ་གནང་དགོས་དོན་མེད། ཅོ་རི་ལགས་ཀྱིས་གསུངས་པ་དེ་ཀུ་རེ་ཡིན་ཞེས་གསལ་པོར་བཤད་འདུག གཅིག་བྱས་ན་ཅོ་རིས་འཕྱིང་རྡོ་ལན་གཅིག་བཞུས་པ་ཡང་ཡིན་སྲིད། དེ་ལྟར་ཡིན་པའི་དབང་དུ་བཏང་ཀྱང་ང་ཚོས་དཀྱེལ་ཆེ་ཙམ་བྱས་ན་སྐྱོན་མེད། ཁྱེད་རང་གི་ཀུན་སློང་ཡག་པོ་འདུག ད་བདེ་མོ། །
དྲ་གྲོགས་ཚོ་སྐུ་ཁམས་བཟང་།
༡༽མུ་མཐུད་ནས་བཀྲས་མཐོང་གི་མཛད་རྗེས་ཕུགས་བསམ་དང་།གསར་གཏོད།རང་འགོ་རང་ཐོན།ཡར་རྒྱས།འགྱུར་བཅོས་བཅས་ཀྱི་ལས་གཞི་དེ་དག་གིས་སྐབས་དེ་དང་དེའི་དུས་ཀྱི་སྤྱི་ཚོགས་ནང་ཕན་གནོད་ཇི་བྱུང་གི་སྐོར་དང་།
༢༽བཀྲས་མཐོང་གི་མཛད་ཆེན་ལྔ་པོ་དེ་དག་བློ་སེང་གིས་བཤད་པའི་ཆིག་སྒྲིལ་དང་།གསར་གཏོད།རང་འགོ་རང་ཐོན་ཞེས་པའི་གཞི་རིམ་ལྟ་གྲུབ་མཚུངས་བསྡུར་གྱི་ཐད་ནས་གླེང་བ།
༣༽ལྷག་པར་བློ་སེང་གི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་དེ་དག་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ནང་༸གོང་ས་མཆོག་དང་།བོད་གཞུང་།གཞུང་འབྲེལ་མིན་བཅས་ནས་ལག་བསྟར་བྱས་མིན།
༤༽བློ་སེང་གི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོའི་ཐད་འབོད་སྒྲ་གསར་པ་ཞིག་ང་ཚོའི་སྤྱི་ཚོགས་ནང་དགོས་མཁོ་ཡོད་མེད་བཅས་ཀྱི་ཐད་ནས་གླེང་དང་།
༥༽དེ་བས་གལ་འགངས་ཆེ་བ་ཞིག་ལ་བློ་སེང་གིས་བཀའ་ཤག་ནང་ཆོལ་གསུམ་དང་།ཕོ་མོ།སྐྱ་སེར།རྒན་གཞོན་རིས་མེད་ཐོག་ནས་འདེམས་དགོས་ཚུལ་དང་།
བཀྲས་མཐོང་གིས་འཛིན་སྐྱོང་མིས་ནུས་ཤུགས་བཏོན་ས་ཞིག་ཡིན་པས་མི་འཇོན་ཐང་ཅན་དགོས་པ་ལས་ཆོལ་ཁ་སོགས་རིས་མེད་སྤྱི་འཐུས་ནང་ཡོད་པ་བཞིན་འཛིན་སྐྱོང་མི་དགོས་ཚུལ་བརྗོད་པའི་་བར་ལ་ཧེ་བག་ཆེ་བས་དེ་འདྲའི་ཕྱོགས་ནས་གླེང་དང་།
༦༽བློ་སེང་གིས་༸གོང་ས་མཆོག་གི་ཡང་སྲིད་མ་འདས་སྤྲུལ་སྐུ་ཞིག་དགོས་ཚུལ་གྱི་ལམ་ལུགས་དང་།
བཀྲས་མཐོང་གི་༸གོང་ས་མཆོག་གི་ཡང་སྲིད་དེ་སྔ་སྤྱི་ཚོགས་རྙིང་སྐབས་སུ་སྐུ་ཕྲེང་བཅུ་བཞི་བར་གདན་དྲངས་ཐུབ་པས་ང་ཚོ་མང་གཙོའི་གཞུང་ཞིག་གིས་ཏན་ཏན་གདན་དྲངས་ཐུབ་ཀྱི་རེད་ཅེས་སྔར་གྱི་ལམ་ལུགས་དེ་རང་སོར་གནས་བཞག་པའི་འདོད་ཚུལ་གཉིས་དགེ་སྐྱོན་གྱི་ཕྱོགས་ནས་གླེང་དང་།
ངས་ངས་ཚིག་གཅིག་སྣོན་ན་གོ་བདེ་བར་མཐོང་།
གོང་གི་དུམ་བུ་མཐའ་མ་དེའི་ནང་གི།(ང་ཚོ་མང་གཙོའི་གཞུང་ཞིག་གིས་ཏན་ཏན་༼བཅོ་ལྔ་པ་དེ་༽གདན་དྲངས་ཐུབ་ཀྱི་རེད་)ཅེས་པར་བཅོས་རོགས།
ངས་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་བྱས་དགོས་པའི་རྒྱབ་ལྗོངས་རྣམས་བཤམ་གསལ།
༡་་་བཀྲས་མཐོང་ལགས་བོད་ཡིག་དང་བོད་ཀྱི་རིག་གནས་ཐོག་ཏུ་ཤེས་ཚོད་འདང་ངེས་ཀྱི་མཁས་དབང་ཞིག་ཡིན་པས་ཡིན།
༢་་་བཀྲས་མཐོང་ལགས་དབྱིན་ཡིག་དང་ནུབ་ཕྱོགས་རིག་གནས་ཐོག་ཏུ་ཤེས་ཚོད་འདང་ངེས་ཀྱི་མཐོ་སློབ་ཀྱི་བློ་སྟོན་པ་ཞིག་ཡིན་པས་ཡིན།
༣་་་བཀྲས་མཐོང་ལགས་འདབ་གཤོག་གཉིས་ལྡན་གྱི་མཁས་དབང་ཉམས་མྱོང་ཅན་ཞིག་རེད་འདུག་པས་ཡིན།
༤་་་བཀྲས་མཐོང་ལགས་ནི་བོད་རྒྱ་ཆེན་མི་དམངས་ཀྱི་བསམ་ཚུལ་དང་དམིགས་ཡུལ་ལ་གུས་བཀུར་ཡོད་མཁན་ཞིག་རེད་པས་ཡིན།
༥་་་བཀྲས་མཐོང་ལགས་ནི་བོད་རྒྱ་ཆེ་མི་དམངས་ཀྱི་འཚོ་བའི་ལྟོ་གོས་སུ་བསམ་གཞིགས་ཡོད་མཁན་ཞིག་རེད་འདུག་པས་ཡིན།
༦་་་བཀྲས་མཐོང་ལགས་ནི་འུར་གཏམ་ཁོ་ན་མི་བཤད་པར་དོན་གྱི་གནད་ལུགས་ཐོག་ཏུ་ཕུངས་རྒྱང་རིང་པོར་བསམ་བློའི་རྒྱབ་ལྗོངས་ཡོད་མཁན་ཞིག་རེད་འདུག་པས་ཡིན།
༧་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་པ་ཡིན་ན་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ལས་མེད་རྣམས་ཨ་རི་ལ་ལེན་ཐུབ་པའི་རེ་བ་ཆེ་བས་ཡིན།
༨་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་པ་ཡིན་ན་བོད་ཀྱི་རྒྱལ་དར་དང་བོད་གཞུང་སྲུང་སྐྱོབ་ཡག་པོ་བྱེད་ངེས་འདུག་པས་ཡིན།
༩་་་བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་ཐུབ་པ་ཡིན་ན་བོད་ཀྱི་གཞོན་ནུ་ཚོགས་པ་དང་ཆུ་སྒང་གཉིས་ཀྱི་མགོ་ཐོག་ཏུ་ཉི་ཟེར་ཤར་བའི་རེ་བ་ཆེ་བས་ཡིན།
༡༠་་བཀྲས་མཐོང་ལགས་ནི་བོད་མི་སྟོང་ཕྲག་མང་པོའི་མདུན་ལམ་གྱི་ཆེད་དུ་བཀའ་དྲིན་ཆེ་བས་ཡིན།
༡༡་་མདོ་ཁམས་སྒང་དྲུག་ཡུལ་གྱི་སྐྱེ་བོ་མཆོག་ཏུ་གྱུར་པ་མི་རྗེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་བཀའ་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་རྣམ་གྱིས་ཀྱང་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་བྱས་ཡོད་པས་ཡིན།
ཅོ་རི་ལགས་ལོ་གསར་ལ་བཀྲིས་བདེ་ལེགས།
ཁྱེད་ཀྱིས་རྒྱུ་མཚན་མཐོང་པའི་སྒོ་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་བ་དེ་ཡག་པོ་ཞེ་དྲག་རེད།
ཅོ་རི་ལགས་དགོངས་དག
ཅོ་ཅོ་ལགས་ཀྱིས་དེ་རིང་ཡག་པོ་ཞིག་གསུངས་ཞག འོན་ཀྱང་ ༡༡ པ་བཀའ་ཟུར་ལ་མི་རྗེ་ཞུ་བ་དེ་ཅུང་མི་འཚམ་པ་ཙམ་འདུག
གང་ལྟར་ཚང་མ་ཆོལ་ཁའི་སྒང་ལ་འགྲོ་གི་འདུག། རྒྱལ་ཁབ་ཡར་འཐོན་པ་དེ་ཚོས་མི་གསར་པར་གོ་སྐབས་སྦྱིན་རྒྱུ་དེ་ལས་རྙིང་པའི་བྱས་རྗེས་བཤད་ནས་འདེམ་སྲོལ་མིན་འདུག། ཨ་རིཨོ་སྦ་མ་དང་ཁོང་གི་ཁ་གཏད་ཇོན་མི་ཁན་ཟེར་བ་དེ་གཉིས་ཉམས་མྱོང་བསྡུར་སྐབས་ཇོན་མི་ཁན་ཉམས་མྱོང་ཆེ་བ་ལོས་ཡོད། ཡིན་ནའི་རྣམ་དཔྱོད་ཅན་གྱི་ཨ་རིའི་མི་དམངས་ཀྱིས་ཨོ་སྦ་མར་བདམས་སོང་།
དབྱིན་ཇིའི་ད་ལྟའི་སྲིད་བློན་ཁེ་མོ་རོན་དང་ཁོང་གི་ཁ་གཏད་སྦོ་རོང་གཉིས་ལས་ཉམས་མྱོང་ནི་གནམ་ས་ལྟ་བུའི་སྦོ་རོང་ཆེ་བ་ཡོད་བཞིན་དུ་དབྱིན་ཇིའི་མི་དམངས་ནས་ཉམས་མྱོང་དབུལ་ཞིང་ན་གསོ་གཞོན་པའི་ཁེ་མོ་རོན་བདམས་སོང་། གཏན་གཏན་རྒྱུ་མཚན་ཞིག་ཡོད་ངེས།
ཉམས་མྱོང་ཁོ་ནར་བལྟས་ནས་སྲིད་འཛིན་དང་སྲིད་བློན་བདམས་མཁན་གྱི་རྒྱལ་ཁབ་ནི་རྒྱ་གར་དང་། ཨ་ཕི་རི་ཁའི་རྒྱལ་ཁབ་དེ་ཚོ་རེད། ཉམས་མྱོང་ཅན་ཁོ་ན་བདམས་དགོས་ན་བཀའ་བློན་ཇུ་ཆེན་དང་། བཀའ་བློན་བཀྲིས་དབང་འདུས། དེ་བཞིན་བཀའ་བློན་ཟུར་པ་རྒྱ་རི་རིན་པོ་ཆེ་རྣམས་འདེམས་ན་མ་
འགྲིག་པ་མིན་འདུག
ང་ཚོར་སྒྱུར་བ་ཞིག་གཏོང་དགོས་ཀྱི་འདུག།