གཅན་བཟོད་རྒྱམ།
“ལོ་སར་”པའི་དུས་ཚོད་འདི་ཉེ་ནས་ཉེ་རུ་བཅར་ཡོང་དུས། བཙན་བྱོལ་དུ་ལས་ཀ་མེད་པར། སེམས་ཁྲེལ་མེད་པར། འདང་རྒྱག་མེད་པར། ཚོར་བ་མེད་པར་འདུག་མཁན་ཚོས་(ལོ་སར་ལ་བཀྲ་ཤིས་བདེ་ལེགས་) ཞུ་འགོ་བཙུགས་སོང་།
དྲ་རྒྱ་དང་ངོ་དེབ་སོགས་སུ་ལུས་གཏན་སྣ་ཚོགས་བཤད་པའི་བོད་མི་མང་པོས་ལོ་སར་བསུས་སོང་ལ། ལོ་མི་གསར་མཁན་ཚོར་ངོ་རྒོལ་དགག་ལན་གཏོང་འགོ་ཡང་བཙུགས་སོང་།
“ལོ་མ་གསར་ན་བོད་ལ་ཅི་ཕན་གི་རེད།” དང་ཡང་ན་”ལོ་མ་གསར་བ་དེ་རང་གི་གྱོང་རེད།”ཅེས་དང་། “ལོ་མ་གསར་ན་བོད་ནང་གི་བོད་མི་ཚོར་ཅི་ཕན་གི་རེད།”ཅེས་དང་། “བོད་ནང་གི་བོད་མི་ཚོའི་སྡུག་བསྔལ་དེ་ང་ཚོས་འདི་ནས་ལོ་གསར་མ་བཏང་བས་ཅི་ཡང་ཕན་གི་མ་རེད།” ཅེས་སོགས་དགག་ཚིག་དང་དྲི་བ་ལྟ་བུའི་སྐད་ཅ་གང་མང་བཤད་ཡོང་གི་འདུག
སྤྱིར་བོད་ནང་གི་བོད་མི་ཚོས་དེང་གི་དུས་འདིར་འཛམ་གླིང་ཤར་ནུབ་གང་དུ་གནས་འཆའ་བཞིན་པའི་བོད་མི་རིགས་སོ་ཅོག བོད་ས་ཁྱོན་ལ་གནས་འཆའ་བཞིན་བོད་མི་རིགས་སོ་ཅོག་གིས་དུས་ཆེན་དང་མཛད་སྒོ་སོགས་ནས་འགོ་བཙུགས་ཏེ་(གཅིག་གྱུར་)ཞེས་པའི་དོན་དུ་འབད་འབུངས་བྱས་དང་བྱེད་བཞིན་པ་མིག་ལྡན་ཀུན་པོས་མཐོང་གསལ་རེད་པས། ང་ཚོས་ནམ་རྒྱུན་བོད་ནང་གི་བོད་མི་ཚོས་མེ་མདའི་ཁ་ནས་ལས་འགུལ་ཞིག་སྤེལ་ན། མེ་མདའི་ཁ་ནས་སྐད་འབོད་ཁྲོམ་སྐོར་རེ་བྱས་ན། “ཁྱོད་ཚོའི་རྒྱབ་ན་ང་ཚོ་ཡོད།”ཅེས་སྐྲག་མི་དགོས་ས་ནས་ངར་ངར་རྫིག་གིས་སྐད་འབོད་དང་གནམ་ལྡིང་ས་ལྡིང་རེ་བྱས་ཏེ་སྐད་བརྡ་ཙམ་རེ་གཏོང་གི་ཡོད་པ་སུས་མི་ཤེས།
༢༠༠༨ ལོ་ཙམ་ནས་བོད་ཕྱི་ནང་གཉིས་ཐད་ནས་ལས་འགུལ་སྤེལ་བ་དང་རྒྱབ་ལངས་བྱེད་པའི་ཚོར་ཤུགས་ཇེ་ཆེ་དང་། གཅིག་རྒྱབ་གཅིག་ལངས་ཀྱི་རྣམ་པ་དེའང་མངོན་གསལ་དོད་པོར་གྱུར་ཡོད། ༢༠༠༨ ལོར་བོད་ནང་དུ་བོད་མི་སྤྱི་བྱིངས་ཀྱིས་ལོ་གསར་བཏང་མེད་ལ། ལོ་དེ་ནི་བོད་མི་སྤྱིའི་བོད་ཁམས་གཅིག་གྱུར་ལ་འབད་པ་བྱས་ཏེ་མཛད་རྗེས་འབུར་ཐོན་བྱས་ཡོད་པའི་ལོ་དེ་ཡིན་པར་མངོན། དེ་ནས་བཟུང་བསྟུད་མར་ལོ་དང་པོ་ནས་གཉིས་པ་སྟེ་ད་ལོ་རེད།
ད་ལོ་ཡང་བོད་ཡུལ་གཅན་ཚ་གཙོ་བྱས་ཏེ་ཡུལ་ལུང་མང་པོས་(ཨ་མདོའི་ལོ་སར་)བཏང་མེད་པ་རེད། དེ་ཡང་བློས་གཏོང་ཆེན་པོ་ཞིག་བྱས་ཏེ་(བོད་ཁམས་ཁྱོན་ཡོངས་གཅིག་གྱུར་འབྱུང་ཆེད་)ལོ་སར་གཏོང་བའི་དུས་ཆེན་འདི་ཙམ་ཡང་བོད་མི་རིགས་སོ་ཅོག་གིས་ཉིན་བརྒྱ་དུས་གཅིག་ལ་རོལ་ན་སྙམ་པ་ཁོ་ན་ཙམ་རེད། ཁོང་ཚོས་བློས་གཏོང་ག་རེ་བྱས་འདུག་གམ། གོང་ཞུས་ལས་འགུལ་འདིའི་མཇུག་འབྲས་སུ་དེང་སྐབས་གཅན་ཚའི་ཕྱོགས་སོགས་ན་ལས་བྱེད་མི་སྣ་དང་གནད་ཡོད་དག་ལ་མཛད་དཀའ་འཕྲད་བཞིན་པའི་གནས་ཚུལ་ཡང་འདུག ཐ་ན་(བོད་ཀྱི་ལོ་སར་)བཏང་མི་ཆོག་པའི་བརྡ་ལན་ཡང་སྤྲད་ཟིན་ཡོད་སྐད།
བོད་ནང་དུ་འདི་ལྟར་རླབས་ཆེ་བའི་ལས་འགུལ་རབས་དང་རིམ་པར་སྤེལ་དང་སྤེལ་བཞིན་པ་མཐོང་གིན་མཐོང་གིན། ཡང་འདི་ཕྱོགས་ནས་སྐྱིད་རྒྱག་ན་འདོད་མཁན་སྐོར་ཞིག་གིས་འགོ་བཙུགས་ཏེ། དབུ་བསླངས་ཏེ། (ལོ་སར་ལ་རྟེན་འབྲེལ་ཞུ་)འགོ་བཙུགས་སོང་། ད་ལོ་ཡང་བོད་ནང་དུ་ས་འགུལ་དང་ཆུ་ལོག་གིས་(བོད་རིགས་)སྤུན་ཟླ་སྟོང་ཕྲག་གི་ཚེ་སྲོག་ཁྱེར་སོང་བ་རེད་ལ། དེ་དག་གི་ནང་མི་སྟོང་ཕྲག་གི་སེམས་པ་སྡུག་སྡུག་ནག་ལ་སྦྱར་ཡོད་པའང་ཀུན་ལ་གསལ། བོད་ཕྱི་ནང་གཉིས་ནི་གཟུགས་པོ་གཅིག་གི་ཡན་ལག་དང་ལག་པ་གཅིག་གི་མཛུབ་མོ་ནང་བཞིན་གཅིག་གཅིག་ལ་འགྲེལ་ནས་ཡོད་པ་ཡང་བཤད་ཅི་ལ་དགོས་ཏེ། ཁྱོད་དང་ཁྱོད་ཀྱི་(ཕ་མ་སྤུན་མཆེད། ནང་མི་གཉེན་ཉེ་དུ་)སོགས་བོད་ནང་དུ་ཡོད་པ་མ་ཡིན་ནམ། རང་གི་ནང་མིརའི་མགོ་ཐོག་ཏུ་སྡུག་ཐོག་སྡུག་གིས་མནན་ཀྱང་ཚོར་བ་ཙམ་ཡང་མེད་པར་ལོ་གསར་ཇི་ལྟར་གཏོང་གི་ཡིན་ནམ། བོད་ནང་དུ་འདི་ཁོ་ན་ལ་བསམས་ནས་ཡང་བསྐྱར་མེ་མདའི་ཁར་ལངས་ཏེ་(ལོ་སར་གཏོང་གི་མིན།)དང་(བོད་ལ་ལོ་སར་མེད།)སོགས་ཀྱང་སྐད་ཆ་བཤད་པ་དང་རྩོམ་ཡིག་བྲིས་པ་དྲ་ངོས་དག་ཏུ་གང་དུ་མཐོང་རྒྱུ་འདུག་པ་མིག་ལྡན་སུས་མ་མཐོང་།
འདི་ལྟར་མིག་གིས་མཐོང་བཞིན་དུ། རྣ་བས་ཐོས་བཞིན་དུ། བོད་ནང་གི་སྡུག་ཐོག་སྡུག་གིས་མནན་པའི་(བོད་རིགས་སྤུན་ཟླ་)དེ་དག་གིས་”མགོ་ཐོག་གི་སྡུག་དེ་ངས་ཀྱང་མཉམ་དུ་ཁུར་ཡོད”ཅེས་པའི་བརྡ་ཙམ་སྟོན་ཕྱིར། (ཁྱོད་ཚོའི་རྒྱབ་ཏུ་ང་ཚོ་ཡོད་)པའི་བརྡ་ཙམ་སྟོན་པའི་ཕྱིར་དུ། “ཁྱོད་ཀྱི་སྡུག་བསྔལ་ཡོད་ཚད་ངའི་སྡུག་བསྔལ་ཡང་ཡིན་”ཅེས་པའི་བརྡ་ཙམ་སྟོན་ཕྱིར། ངས་ད་ལོ་ལོ་གསར་མི་གཏོང། ཁྱོད་ཀྱིས་ལོ་གསར་གཏོང་མིན་ཁྱོད་ཀྱི་རང་དབང་གྱིས།
ང་ནམ་ཡང་བོད་ནང་ལ་ཁ་ཕྱོགས་ནས་ཡོད། བོད་ནང་ནས་ལས་འགུལ་ཅི་ཞིག་སྤེལ་ན། ཁ་ཕྱོགས་གང་ཞིག་བཟུང་ན། ང་ཡང་དེ་ལྟར་དུ་འགྲོ་གི་ཡིན།
ད་དུང་ཉེ་ཆར་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་སྐུ་སྲས་མཇིགས་མེད་ནོར་བུར་མྱ་ངན་མཚོན་ཆེན། བོད་ནང་གི་ཆབ་སྲིད་བཙོན་པ་སྟོང་ཕྲག་གིས་མནར་གཅོད་མྱོང་བཞིན་པའི་སྡུག་བསྔལ་མཉམ་ཁུར་བྱེད་ཆེད། ཉེ་ཆར་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་བླ་བྲང་སངས་རྒྱས་གྲུབ་ཆེན་ལ་མྱ་ངན་མཚོན་ཆེད། འདི་དང་འདི་ལྟ་བུ་མང་པོའི་ཆེད་དུ་ང་ལ་ད་ལོ་ལོ་སར་མེད། ངས་ལོ་སར་སྤྲོ་སྐྱིད་གཏོང་མ་ནུས།
༢༠༡༠།༠༣།༠༣ ཞོགས་པར་རང་ཁྱིམ་ནས་ཤར་མར་བྲིས་པས་ཡིག་གཏགས་ནོར་སྐྱོན་སོགས་ལ་སྙིང་ནས་དགོངས་དག་ཞུ།
ཡག་པོ་བྲིས་འདུག
ཤ་ཁྲག་གཅིག་པའི་སྤུན་གྲོགས་གཅན་བཟོད་རྒྱམ་ལགས། ཁྱེད་བདེན། ངས་ཡང་ལོ་གསར་བཏང་གི་མེད། བོད་མི་རང་བཙན་པ་དཔའ་པོ་འཇིགས་མེད་ནོར་བུ་བསད་ནས་བདུན་བདུན་བཞི་ཅུ་ཞེ་དགུ་འཁོར་ཚར་མེད་པས་སེམས་སྡུག་ཆེན་པོ་འདུག
སྲས་འཇིགས་མེད་ཁོང་ནི་ངའི་སེམས་ཁུངས་ཀྱི་སྤོབས་པ་སྐྱེས་སར་ཞིག་དང་རེ་བ་བྱས་ས་ཞིག་ཡིན། ཁོང་སྐུ་ཚེ་མ་བཞུགས་པ་འདི་ང་རང་ཚོ་ལ་གྱོང་ཆེན་པོ་རག་སོང་།
ལོ་གསར་ནང་དུ་ཁྱེད་ཉིད་སྐུ་ཚེ་བརྟན་པ་ཤོག
ང་རང་ཡང་ཁྱེད་དང་གཅིག་པ་ཡིན།
ཉིས་ སྟོང་བརྒྱད་ལོ་ནས་བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་འབྲི་ཤེས་དང་མི་ཤེས་མཁན་ཚང་ མས། སེམས་ཤུགས་ཡོད་མེད་ཚང་མས། འབྲེལ་བ་ཡོད་མེད་ཚང་མས། ཁ་ནས་བཤད་པ་དང་ལག་གིས་བྲིས་བ་ཚང་མ་(ཁྱོད་ཚོའི་རྒྱབ་ཏུ་ང་ཚོ་ཡོད་)ཅེས་པ་འདི་ ཡིན་ལ་ར་རིས་ཐང་གསལ་རེད། ལྷག་པར་ཏུ་བཙན་བྱོལ་དུ་ཡོད་པའི་རྩོམ་འབྲི་བ་དང་ཟིན་བྲིས་པ། ངོ་དེབ་སྟེང་གི་ཡིག་འབྲི་བ་ཚོས་འདི་ལྟར་བཤད་མྱོང་། བོད་ནང་གི་མི་དེ་ཚོའི་སྡུག་བསྔལ་ནི་ད་དུང་ཡལ་མེད་པར་གསོན་པོ་གསོན་རྐྱང་དུ་ གནས་ཡོད་པ་ད་ལོའི་སྐྱེ་དགུའི་ས་ཡོམ་དང་འབྲུག་ཆུའི་ཆུ་ལོག་སོགས་ལས་གསལ་བོ་ ཤེས་ནུས་པ། འདས་པོ་སྟོང་ཕྲག་མང་པོའི་མི་བདག་དེ་ཚོར་ང་ཚོས་ཁ་ཤོམ་རི་འདྲ་རེ་བཤད་ཅིང་ བྲིས་ཡོད་པ་རྣམས་ད་དུང་དྲ་རྒྱ་སྣ་ཚོགས་སུ་གསལ་ཏང་ངེར་ཡོད། དེས་ན། རང་གིས་བཤད་ཟིན་པའི་སྐད་ཆ་དག རང་གིས་བྲིས་ཟིན་པའི་རྩོམ་ཡིག་དག་ལ་ཅི་མི་སྙམ་པར་རྒྱ་འགལ་དུ་བྱིན་དེ་ཉིན་ གཉིས་གསུམ་ཞིག་ལ་བཟའ་བཏུང་རེ་བྱས།་སྟོང་ལབ་རེ་བརྒྱབས་ཏེ་ཧ་ཧ་ཧོ་ཧོ་བྱས་ཀྱང་ ན་དོན་སྙིང་ཅི་ཞིག་འདུག་གམ།
རང་ཉིད་ཀྱིས་རང་ཉིད་ལ་རྡོག་རྫིས་བཏང་བ་མ་ཡིན་ནམ། ཚིག་ཐོག་ནས་མི་འདུག་པའི་ཁྲམ་པར་གྱུར་བ་མ་ཡིན་ནམ།
དངོས་ གནས་(ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱབ་ཏུ་ཡོད་)པ་དང་(ང་ཚོ་ནམ་ཡང་ཁྱོད་ཚོ་དང་མཉམ་ དུ་ཡོད་)ན། འདི་ལྟར་སྐྱིད་རྒྱག་གི་ཉི་མ་གཉིས་གསུམ་པོ་འདི་ལ་ལུགས་མཐུན་དང་སྡོད་ཤེས་རེ་ བྱས་ན་ཅིས་མི་ཆོག “ཁ་ཏན་ཚིག་ལ་གནས་ཕྱིར་”ཁོ་ནའི་ཆེད་དུ་ཡིན་རུང་།
ད་ཅིག་མི་ཤོད་ན་ཁ་རོག་བསྡད་བཞག་ན། བཀྲ་ཤིས་བདེ་ལེགས་ཞུས་དང་ན། ཟ་མ་འོས་མོ་རེ་ཟོས་དང་ན་མ་ཚོར་མ་ཤེས་པའི་ཆ་མེད་པ་མ་ཟད། མྱ་ངན་མ་ཞུས་པའང་ནམ་ཞར་དུ་མིན་མོད།
སྐད་ཆ་བཤད་ཆོག་གི་རེད། བཤད་ཆོག་གི་རེད།
པད་མ་མཚོས་དགོངས་དང་འབྲེལ་དང་བཀའ་བཀྱོན་པར་བཀའ་དྲིན་ཆེ།
ངས་འདི་ལྟར་ནམ་རྒྱུན་སྐད་ཆ་རེ་བཤད་དང་ཤོད་བཞིན་ཡོད་ལ། ད་དུང་ཡང་རང་གིས་གང་བཤད་འདོད་པ་དེ་འདི་ལྟར་ཨེ་ཤོད་པ་འདད་ཀི་ཡིན།
ཁྱོད་ཀྱང་རང་གི་དགོངས་ཚུལ་ལྷུག་པོར་གསུང་རོགས་ཞུ།
བསམ་ཚུལ་ཤོད་གཞི་ཞིག་བྲིས་མེད་པས། ངས་ཤོད་ཀྱི་མི་འདུག་ཅེས་གོང་ནས་ཞུས་ཟིན། བཀྲ་ཤིས་བདེ་ལེགས་ཞུས་པ་ཙམ་གྱིས་ཚོར་བ་མེད་པར་ཟེར་བ་སོགས་དང་། མ་གཞི་ནས་བཀྲ་ཤིས་བདེ་ལེགས་དང་ཁ་གཡང་གིས་ཚོར་བ་མེད་པ་དང་མྱ་ངན་མ་ཞུས་པ་ཞིག་མཚོན་མི་ཐུབ་ནའང་།
གཞན་ཁྱེད་ཀྱིས་མཐོང་པའི་བསམ་ཚུལ་དེ་དག་ཀྱང་གལ་སྲིད་ངོ་དེབ་རེ་འགའ་ན་ཡོད་དུ་ཆུགས་ཀྱང་། རྒྱས་སྤྲོད་བྱས་མ་དང་། གར་དང་གླུ་ལ་རོལ་མ་རོལ་ཅིག་མ་གཏོགས་ལོ་སར་རོལ་པས་སྐྱོན་གང་ཡང་ལྷག་གི་མ་རེད།
བོད་ནང་གི་ལས་འགུལ་གྱི་རྗེས་སུ་འགྲོ་རྒྱུ་ནི་གལ་ཆེན་ལོས་ཡིན་སྟེ། ལས་འགུལ་དེ་དག་གི་དོན་དག་ཀྱང་འགོ་ཚོས་དགོས་པ་མ་ཟད། ལས་འགུལ་ཞེས་པ་འདི་ཅི་ཞིག་ཡིན་མིན་དང་། གང་ལ་དམིགས་གཟས་བྱེད་དགོས་མིན་སོགས་ཀྱང་གསལ་དགོས་མོད་ཀྱང་། སང་ཉིན་ནས་ཁྱེད་ཀྱིས་བསྟན་བརྩོན་ལྟར་མགོ་ལ་རས་དམར་དེ་འདྲ་ཞིག་བཏགས་ནས་བྱེད་རྒྱུ་རེ་ཡོད་ན་ལས། བོད་ཕྱི་ནང་གི་ལས་འགུལ་ལ་ཧེ་བག་ཡོད་ཚུལ་ང་ཚོས་མཐོང་གི་མེད།
ངས་ཞོར་དུ་བསམ་ཚུལ་རེ་འདིར་བྲིས་པ་ཡིན། དེའང་དངོས་གནས་རང་ཁྱེད་ནས་ཅིག་ཤོད་སོང་ན་བསམ་ནས་བྲིས་པ་ཡིན།
བསམ་ཚུལ་ཤོད་གཞི་ཞིག་བྲིས་མེད་པས། ངས་ཤོད་ཀྱི་མི་འདུག་ཅེས་གོང་ནས་ཞུས་ཟིན། བཀྲ་ཤིས་བདེ་ལེགས་ཞུས་པ་ཙམ་གྱིས་ཚོར་བ་མེད་པར་ཟེར་བ་སོགས་དང་། མ་གཞི་ནས་བཀྲ་ཤིས་བདེ་ལེགས་དང་ཁ་གཡང་གིས་ཚོར་བ་མེད་པ་དང་མྱ་ངན་མ་ཞུས་པ་ཞིག་མཚོན་མི་ཐུབ་ནའང་།
གཞན་ཁྱེད་ཀྱིས་མཐོང་པའི་བསམ་ཚུལ་དེ་དག་ཀྱང་གལ་སྲིད་ངོ་དེབ་རེ་འགའ་ན་ཡོད་དུ་ཆུགས་ཀྱང་། རྒྱས་སྤྲོད་བྱས་མ་དང་། གར་དང་གླུ་ལ་རོལ་མ་རོལ་ཅིག་མ་གཏོགས་ལོ་སར་རོལ་པས་སྐྱོན་གང་ཡང་ལྷག་གི་མ་རེད།
བོད་ནང་གི་ལས་འགུལ་གྱི་རྗེས་སུ་འགྲོ་རྒྱུ་ནི་གལ་ཆེན་ལོས་ཡིན་སྟེ། ལས་འགུལ་དེ་དག་གི་དོན་དག་ཀྱང་འགོ་ཚོས་དགོས་པ་མ་ཟད། ལས་འགུལ་ཞེས་པ་འདི་ཅི་ཞིག་ཡིན་མིན་དང་། གང་ལ་དམིགས་གཟས་བྱེད་དགོས་མིན་སོགས་ཀྱང་གསལ་དགོས་མོད་ཀྱང་། སང་ཉིན་ནས་ཁྱེད་ཀྱིས་བསྟན་བརྩོན་ལྟར་མགོ་ལ་རས་དམར་དེ་འདྲ་ཞིག་བཏགས་ནས་བྱེད་རྒྱུ་རེ་ཡོད་ན་ལས། བོད་ཕྱི་ནང་གི་ལས་འགུལ་ལ་ཧེ་བག་ཡོད་ཚུལ་ང་ཚོས་མཐོང་གི་མེད།
ངས་ཞོར་དུ་བསམ་ཚུལ་རེ་འདིར་བྲིས་པ་ཡིན། དེའང་དངོས་གནས་རང་ཁྱེད་ནས་ཅིག་ཤོད་སོང་ན་བསམ་ནས་བྲིས་པ་ཡིན།
སྤྱིར་དགོངས་ཚུལ་གསུངས་པ་ཙམ་གྱིས་དགའ་བསུ་ཞུ་བཞིན་ཡོད། བསྟན་བརྩོན་ནང་བཞིན་མགོ་ལ་རས་དམར་དཀྲིས་ཟེར་བ་འདི་བསྟན་བརྩོན་གྱིས་བྱ་བྱེད་ལ་ཟུར་ཟ་བ་ཡིན་ནམ་ཡང་སྙམ། གང་ལྟར་དེར་ཁྱད་མི་འདུག བོད་ཕྱི་ནང་གི་ལས་འགུལ་ལ་ཧེ་བག་ཡོད་ཡོད་ཚུལ་མི་ཤེས་ཚུལ་བཤད། དེ་ལྟར་ད་ཨེ་ཡིན་ནམ། བོད་ཕྱི་ནང་གི་ལས་འགུལ་ལ་ཧེ་བག་ཆེན་པོ་འདུག གཅུག་ནི་དོན་དངོས་སེམས་གཏིང་གི་ལས་འགུལ་ཞིག་རེད། གཅིག་དེ་ནི་ཕྱིའི་རྣམ་པ་ཙམ་དང་ཡང་ན་ཁྱབ་སྒྲོག་ཙམ་རེད་ཟེར་འདོད། དེ་གཉིས་ཁྱད་པར་རམ་ཧེ་བགེ་དུ་འདོད། གཞན་ངས་ཀྱང་ཅིག་བཤད་འདོད་ཀྱང་མ་ཤོད་པ་རེ་ཡིན་ན་ཁྱོད་དང་ཁྱོད་ལྟ་བུ་ཚོས་བཤད་ཀྱང་ཆོག་མོད། རང་གིས་གང་བསམ་དེ་ལྷུར་པོར་མི་བརྗོད་པར་གཞན་གྱིས་བསམ་ཚུལ་རེ་བཤད་པར་ནམ་རྒྱུན་དུ་ལྟ་བ་དེ་ཡང་ཡག་པོ་རང་དུ་མཐོང་མ་སོང་།
ངས་གོང་དུ་བཤད་ཡོད། (ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱུབ་ཏུ་ཡོད་)སོགས་ཀྱི་ཁ་གཡང་འདི་ང་ཚོ་ཕྱི་སྡོད་པ་ཚོས་ཁ་ནས་བཤད་པའི་སྐད་ཆ་ཞིག་རེད། དེ་ལྟར་ན་གོང་དུ་བཤད་པ་བཞིན་གཞིས་བཞུགས་ཚོའི་མགོ་ཐོག་གི་སྡུག་བསྔལ་དེ་ད་དུང་ཡང་ཡལ་མེད་ལ། དེ་ལྟར་དོན་མེད་དུ་ཡལ་ཡང་མི་སྲིད་པ་ཞིག་རེད། དེ་ནི་ད་ལོའི་ལོ་སར་མ་ཐོན་སྔོན་དུ་བོད་བཞུགས་རྩོམ་པ་པོ་མང་པོས་རྩོམ་ཡིག་བྲིས་ཡོད་པ་བོད་ཕྱི་ནང་གི་དྲ་རྒྱ་གང་སར་བཀོད་པ་ཉིད་ཀྱིས་མཐོང་ཡོད་ཤག དེ་དོན་ཐུགས་ལ་རྡོག་ན་ངས་བཤད་པ་འདི་དག་ལ་སྙིང་བོ་ཅི་ཡང་མེད་པ་ཞིག་མ་ཡིན་སྙམ།
ཁྱོད་ཀྱིས་དགོངས་ཚུལ་གསུངས་པར་སླར་ཡང་བཀའ་དྲིན་ཆེ་ཞུ།
དངོས་གནས་བཟོད་པས་ཅིག་ཤོད་ཀྱི་འདུག་ཡ། ད་གླེང་ཡང་མཆོད་མི་འདུག
སྐད་ཆ་ཀླད་ལོག་བཤད་ཀི་ཡ། ངོ་མ་མི་ཀླད་མེད་ཅིག་ཡིན་ས་རེད།
བོད་པ་ཚོས་ལོ་སར་བཏང་ནས་དགའ་སྤྲོའི་ཉམས་སྟོན་པའི་དུས་ཤིག་གཏན་ནས་མརེད།