བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བ།
རྩོམ་སྒྲིག་པའི་གཏམ་གླེང་འདིའི་ཁྲོད་ང་ཚོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གསུངས་པའི་སྲིད་ཇུས་ཀྱི་ཆ་གཙོ་བོ་དག་ལ་དབྱེ་ཞིབ་བྱས་ཡོད། དེ་ནི་བོད་དོན་འཐབ་རྩོད་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་པས། འོས་འདེམས་བྱེད་མཁན་མི་དམངས་ཚོ་དང་འབྲེལ་བའི་གནད་དོན་གལ་ཆེ་ཤོས་དེ་རེད། འདི་ནི་གོང་དང་མཚུངས་པའི་གནད་དོན་ཐད་བློ་བཟང་སེང་གེ་ཀྱིས་གསུངས་པའི་སྲིད་ཇུས་དང་དབྱེ་བསྡུར་འཚམ་པོ་ཡོང་ཆེད་ཡིན་ལ། དགོངས་ཚུལ་མི་མཐུན་པའི་ཆ་རྣམས་ལ་གསལ་ཁ་ཡོང་ཆེད་ང་ཚོས་ཁོང་རྣམ་པར་བཀའ་འདྲི་བྱས་ཡོད། གཤམ་ཏུ་འགྲེལ་བརྗོད་བྱས་ཡོད་པ་ལྟར། བཀྲས་མཐོང་གིས་གསུངས་པའི་རང་ཐག་རང་གཅོད་ཀྱི་སྲིད་ཇུས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། འོན་ཀྱང་ཁོང་གིས་གསུངས་པ་དེར་ཞིབ་གསལ་གྱི་ཆ་ནས་མི་འདང་བའི་ཞན་ཆ་ཅུང་ཡོད་པར་མཐོང་།
རང་ཐག་རང་གཅོད་ཁྲིམས་ལུགས་ཀྱི་ནང་དོན་སྙིང་བསྡུས།
རང་ཐག་རང་གཅོད་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་འཁོད་པའི་རྒྱལ་སྤྱིའི་རྩ་ཁྲིམས་ཀྱི་གཞི་རྩའི་རྩ་འཛིན་སྒྲིག་གཞི་ཞིག་ཡིན་པ་དང་། དེ་(རྒྱ་ནག་གིས་མོས་མཐུན་བྱས་ཡོད)ནི་རྒྱལ་སྤྱིའི་ཐོག་གྲོས་མཐུན་བྱུང་བའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐོབ་ཐང་སྐོར་གྱི་ཆིངས་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ནི་དངོས་སུ་ལག་ལེན་ལ་འཁེལ་བ་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་ཞིག་ཡིན། རྒྱལ་ཚོགས་ཀྱི་ཐག་གཅོད་༡༥༡༤ཡི་སྐབས་”དེ་ནི་མི་ཚང་མར་གཅིག་མཚུངས་སུ་ཡོད་པའི་ཐོབ་ཐང་ཞིག་སྟེ། འདི་ལ་གཞིགས་ཏེ་མི་ཚང་མས་རང་དབང་གིས་རང་ཉིད་ཀྱི་སྲིད་དོན་གནས་བབ་ཐག་གཅོད་བྱེད་ཆོག་ལ། རང་ཉིད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ལེགས་བྱང་སོགས་གོང་འཕེལ་གཏོང་བར་འབད་འབུངས་བྱ་ཆོག”ཞེས་འགྲེལ་བརྗོད་བྱས་ཡོད།
དེ་ལ་ཆེད་དུ་དྲི་བ་ཞིག་ཡོད་པ་ནི། རང་ཐག་རང་གཅོད་ཀྱི་དམིགས་འབེན་ཏུ་བཟུང་བའི་”མི་དམངས”སུ་ཡིན་ནམ་ཞེས་པ་དེ་རེད། སྐབས་འདིར་ང་ཚོར་བློ་བདེ་བག་ཕེབས་ཀྱིས་ཁ་གཡར་ས་ཞིག་ཡོད་པ་ནི་རྒྱལ་ཚོགས་ཀྱི་ཐག་གཅོད་༡༧༢༣སྐབས་དམིགས་སུ་བཀར་ནས་”བོད་མི་དམངས”་ནི་”རང་ཐག་རང་གཅོད་ཀྱི་ཐོབ་ཐང”་དང་འབྲེལ་བ་ཡོད་ས་དེ་ཡིན་སྐོར་གསལ་བསྒྲགས་བསྐྱངས་བ་དེ་ཡིན།
རྒྱལ་ཚོགས་ཀྱི་ཐག་གཅོད་༡༥༤༡སྐབས་རང་ཐག་རང་གཅོད་ཀྱི་བརྒྱུད་རིམ་དུ་རང་བཙན་གྱི་ངོ་བོར་བསྐྱོད་ཆོག་ལ། རང་དབང་ལྡན་པའི་ཚོགས་སྡེའི་ངོ་བོར་བསྒྱུར་ཆོག་པའམ། ཡང་ན་མངའ་སྡེའམ་སྲིད་གཞུང་གཞན་(རང་སྐྱོང་ཚུད་པའི)དང་ཟླ་སྦྲེལ་བྱ་ཆོག་པའི་གསལ་བཤད་བྱས་ཡོད། རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ལག་ལེན་ཏུ་འགེལ་བར་སྔར་ཡོད་སྲིད་གཞུང་ཁག་གིས་གཏན་འབེབས་བྱས་པའི་ཐོབ་ཐང་དང་གཅིག་སྡུད་ས་ཁོངས་སོགས་ཀྱི་བར་འགལ་ཟླ་ཡོང་རྒྱུ་ཡིན་པ་གསལ་བོ་རེད། བློ་མི་བདེ་བའི་རྩོད་ཉོག་འདིའི་ཐད་རྒྱལ་ཚོགས་ཀྱི་ཐག་གཅོད་༢༦༢༥སྐབས་”མི་དམངས་ཀྱི་རང་ཐག་རང་གཅོད་དང་འདྲ་མཉམ་ཐོབ་ཐང་གི་རྩ་འཛིན་སྒྲིག་གཞི་དེ་མི་དམངས་ཀྱིས་བསྲུང་བརྩི་བྱས་ཏེ་”རང་ཐག་རང་གཅོད་ཀྱིས་སྲིད་གཞུང་ཁག་གི་གཅིག་སྡུད་ས་ཁོངས་ལ་ཕོག་ཐུག་མི་གཏོང་ཚུལ་གསལ་བཤད་བྱས་ཡོད།
དེའི་སྙིང་དོན་ནི་རང་ཐག་རང་གཅོད་ཀྱི་བདག་དབང་ངམ་འདྲ་མཉམ་གྱི་ཐོབ་ཐང་ཐོབ་པའི་མི་དམངས་ཚོར་ཁ་བྲལ་གྱི་ཐོབ་ཐང་མེད་པ་དེ་རེད། (དེ་ནི་”རྒྱ་ནག་གི་ཨོ་བྷ་མ”ཞེས་བཤད་པ་ལྟ་བུའི་གནས་སྟངས་ཤིག་སྟེ་བོད་མི་ཚོར་རྒྱ་ནག་གི་མི་སེར་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད་པ་ཞིག་ཡིན།)
དེ་ལས་ལྡོག་སྟེ་བཤད་ན། ད་སྐབས་རྒྱ་ནག་གིས་བོད་མི་ཚོར་འཛིན་པའི་སྲིད་ཇུས་བཞིན་སྲིད་གཞུང་གིས་མི་དམངས་ཚོར་བདག་དབང་སྤྲོད་པའི་འགན་ལེན་མ་བྱས་ཚེ། ཁ་བྲལ་གྱི་ཐོབ་ཐང་ཡོད་སྲིད་པ་ཞིག་གམ(མ་མཐར་ཡང་ཁ་བྲལ་ལ་དགག་བྱ་མེད་པ་ཞིག་ཡིན)། འདི་ནི་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་གིས་བརྩད་ཞིབ་ཀྱིས་རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་ཁ་མེད་པའི་སྤྱི་ལོ་༢༠༡༠ལོའི་ཀོ་སོ་ཝོའི་གདམས་ཀའི་གནད་དོན་ཐག་གཅོད་ལ་གཡོལ་ཐབས་བྱས་ཡོད་ནའང། ཁ་ན་ཌའི་ཆེས་མཐོའི་ཁྲིམས་ཁང་གིས་སྤྱི་ལོ་༡༩༩༨ལོའི་ཁུ་བྷེག(Quebec)གི་ཁ་བྲལ་གྱི་གྱོད་དོན་ཐད་བཏོན་པའི་དགོངས་ཚུལ་ཡིན་པ་རེད། -ཐག་གཅོད་ཀྱིས་བཤད་ཐུབ་པ་ཞིག་ནི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་འདྲ་མེད་ནའང་། རང་བཙན་གཙང་མ་ལས་གདམས་ཀ་གཞན་མེད་པར་གྱུར་ཚེ་ལམ་བུ་དེ་འདེམས་པའི་ཐོབ་ཐང་ཡོད་པ་ཞིག་རེད། གང་ལྟར་རང་ཐག་རང་གཅོད་ཀྱི་ཁྱབ་ཁོངས་ཆུང་ཤོས་ཀྱི་ཚད་ནས་བལྟས་ཀྱང་མི་དམངས་ལ་རང་སྐྱོང་ལྟ་བུའི་ཐག་གཅོད་ཀྱི་འདེམས་ཀའི་ཐོབ་ཐང་ཡོད་པ་ཞིག་རེད།
བཀྲས་མཐོང་གིས་རང་ཐག་རང་གཅོད་སྐོར་ལ་གསུངས་པའི་གཏམ་བཤད་དེ་ནི་ཁྲིམས་སྲོལ་དང་མཐུན་པ་ཞིག་ཡིན་མོད་དེ་ཙམ་གྱིས་གསལ་ཁ་མེད་པ་ཞིག་རེེད། བཀྲས་མཐོང་ལགས་ནི་བོད་ཀྱི་སྲིད་དོན་བསྐྱར་ཞིབ་སྡེ་ཚན་གྱིས་ཀློག་པ་པོ་ཚོའི་དྲི་བ་ཕྱོགས་བསྡུས་བྱས་པ་མང་པོ་ཞིག་ལ་ལན་འདེབས་གནང་མཁན་གྱི་བཀའ་ཁྲིའི་འོས་མི་གཅིག་པུ་དེ་ཡིན་པས། ང་ཚོས་འདིར་ཀློག་མཁན་ཡོངས་ཀྱི་ཚབ་བྱས་ཏེ་ཁོང་གིས་ངང་རྒྱུད་རིང་པོ་དང་། ཕྱི་གསལ་ནང་གསལ། འོས་འདེམས་བྱེད་མཁན་མི་དམངས་ཚོར་བརྩི་འཇོག་སོགས་ཡོད་པའི་སྒོ་ནས་འབྲེལ་ཡོད་གནས་ཚུལ་ཀུན་ལ་གསལ་བཤད་ཞིབ་རྒྱས་གནང་ཐབས་གང་དགེ་བྱས་པར་ཐུགས་རྗེ་ཆེ་ཞུ། ཁོང་གིས་ལན་འདེབས་གནང་བ་ཁག་གི་ནང་ནས་བོད་ཀྱི་མ་འོངས་པའི་གནས་བབ་དང་འབྲེལ་བའི་སྲིད་ཇུས་ཐད་འགྲེལ་བརྗོད་གནང་བ་གཤམ་གསལ། “རྒྱ་གཞུང་གིས་དབུ་མའི་ལམ་གྱི་དགོངས་དོན་མིང་དོན་མཚུངས་པའི་རང་སྐྱོང་ལ་མོས་མཐུན་མ་བྱས་པས། བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་རེད།” དེར་བརྟེན་ང་ཚོ་དྲང་བདེན་གྱི་ཕྱོགས་སུ་ཐེ་ཚོམ་མེད་པར་ཞུགས་རྒྱུར་དཀའ་སྤྱད་འབད་བརྩོན་བྱས་ཏེ། གཟབ་ནན་གྱིས་རང་ཉིད་ཀྱི་གདམས་ཀ་དག་ལ་ཆ་འཇོག་བྱ་དགོས་པ་དང་། གདམས་ཀ་གསར་པའི་རིགས་ཡོང་བར་ཡང་ཆ་འཇོག་བྱ་དགོས། “ངས་བསམ་པར་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མ་བྱས་པས། ང་ཚོས་ཀྱང་སྔར་གྱི་ཐག་གཅོད་བྱེད་པའི་གནས་བབ་དེ་འདོར་མི་ཆོག་པ་དེ་འདྲ་ཡོད་རྒྱུ་མ་རེད་སྙམ། རྒྱུ་མཚན་ནི་རྒྱ་ནག་གི་དཔོན་རིགས་ཚོ་འགྱུར་བ་ཅི་ཡང་མེད་པར་མ་འོངས་པའི་གྲོས་མོལ་རིགས་གང་འདྲ་ཞིག་ཡིན་ཡང་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནས་ཚུལ་དང་འབྲེལ་བའི་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། ང་ཚོས་རྒྱ་ནག་གཞུང་ལ་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་ཆོག་པའི་དབང་ཆ་མེད་པའིརྒྱུ་མཚན་གཞིར་བཟུང་སྟེ། བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་འཚོལ་དགོས། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ང་ཚོ་ནི་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་ཀྱི་ཐོབ་ཐང་ཡོད་པའི་མི་དམངས་ཤིག་ཡིན་པ་ལྟར་རེད། འདི་ནི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་པ་རེད། དེ་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་པ་མཉམ་སྦྲེལ་རྒྱལ་ཚོགས་གྲུབ་པའི་རྒྱལ་ཁབ་ཚང་མས་ངོས་ལེན་གྱིས་རྒྱལ་ཚོགས་ཀྱི་གཏན་འབེབས་ནང་འཁོད་ཡོད་པས། རྒྱ་ནག་གཞུང་ལ་འདིའི་ཐད་དམིགས་བསལ་གང་ཡང་མེད།”
བཀྲས་མཐོང་གི་ངོས་ནས་བཤད་ན་བོད་ཀྱི་ཕྱོགས་ནས་རྒྱ་ནག་ལ་སྔར་བཞིན་བསྟུན་ཐབས་གང་ཡོང་བྱ་རྒྱུ་དེར་གྲུབ་འབྲས་མེད་པ་གསལ་པོ་ཆགས་ཡོད། འདིའི་ཐད་ནས་ང་ཚོས་བསྐྱར་ཏུ་གསལ་ཁ་ཕྱེས་པ་ཞིག་མཐོང་ཐུབ། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་དགའ་ཕྱོགས་རང་ཐག་རང་གཅོད་སྐོར་གླེང་མོལ་བྱེད་དུས། ཁོང་གི་དགའ་ཕྱོགས་ཀྱི་གྲུབ་འབྲས་ཐད་ལ་ཅུང་ཙམ་གསལ་ཁ་མེད་པའི་ཆ་འདུག གོང་དུ་འགྲེལ་བརྗོད་བྱས་པ་ལྟར། རང་ཐག་རང་གཅོད་ནི་བརྒྱུད་རིམ་ཞིག་ལས་དམིགས་ཡུལ་ཞིག་མ་རེད། དེའི་དོན་ནི་དེ་ལ་བརྟེན་ནས་མི་དམངས་ཀྱིས་རང་ཉིད་ལ་འཚམ་པའི་མ་འོངས་པའི་དམིགས་ཡུལ་འཚོལ་བ་ལས་དེ་ནི་གདམས་ཀའི་དམིགས་ཡུལ་མ་རེད། གལ་ཆེ་བ་ཞིག་ནི་བཀྲས་མཐོང་གིས་ཁོང་གིས་བོད་མི་དམངས་རང་ངོས་ནས་ཐག་གཅོད་བྱེད་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་གསུང་བ་དེ་རེད། བློ་བཟང་སེངྒེས་རང་བཙན་དང་དབུ་མའི་ལམ་གཉིས་སོ་སོར་རྒྱབ་སྐྱོར་བྱེད་མཁན་བར་”ཆིག་སྒྲིལ”དགོས་སྐོར་མདོར་བསྡུས་ཤིག་བཤད་པ་བཞིན། རང་ཐག་རང་གཅོད་ཀྱི་རྩ་འཛིན་འདིས་ཐ་དད་པའི་རྣམ་པ་དེ་གཉིས་ཟུང་འབྲེལ་ཡོང་བའི་བྱེད་ཐབས་ཤིག་མཚོན་ཐུབ། དཀའ་ངལ་ནི་འགོ་ཁྲིད་ཀྱིས་མངའ་འོག་གི་མི་དམངས་ཚོར་”ཁྱེད་ཚོས་ཐག་གཅོད་བྱོས”ཞེས་བཤད་རྐྱང་བྱེད་ཐབས་མེད་པ་དེ་རེད། དེ་ལས་འགོ་ཁྲིད་ཀྱིས་བསམ་ཚུལསྣ་ཚོགས་ལ་བརྩི་འཇོག་བྱེད་དགོས་པ་དང་། མི་དམངས་ཚོས་རང་ཉིད་ཀྱི་ཕུགས་བསམ་མངོན་པར་བྱ་དགོས། བཀྲས་མཐོང་སྒེར་གྱི་ཐེངས་འདིའི་བཀའ་ཁྲིའི་འགྲན་སྡུར་ནང་གི་རང་ཉིད་ཀྱི་ལངས་ཕྱོགས་མཚོན་པའི་འབོད་ཚིག་ནི་”ཉམས་མྱོང་། ལྷགས་བསམ། ཕུགས་འདུན།”བཅས་རེད། ང་ཚོས་གཤམ་ཏུ་ཕུགས་འདུན་སྐོར་ལ་ལྟ་ཆོག།
བཀྲས་མཐོང་གིས་བོད་ཀྱི་སྤྱི་ཚོགས་ནང་རང་ཐག་རང་གཅོད་ཀྱི་གནས་བབ་འགྲེལ་བརྗོད་ཀྱིས། མང་མོས་ཐག་གཅོད་བྱེད་ཐབས་སྤྱད་དེ་བོད་འདི་རང་བཙན་གཙང་མའི་ངོ་བོར་ཐག་གཅོད་བྱའམ་ཡང་ན་རང་སྲིད་རང་སྐྱོང་གི་ངོ་བོར་ཐག་གཅོད་བྱས་ཏེ་རྒྱ་ནག་དང་མཉམ་གནས་བྱ་དགོས་མིན་གང་ལེགས་ལྟ་ཆོག གལ་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདམས་ཀ་དེ་གཉིས་ལས་གཅིག་འདེམས་པ་ཡིན་ན། བོད་མི་དམངས་ཀྱིས་རང་ཉིད་ལ་ཡིད་ཆེས་བྱས་ཏེ་རང་ཉིད་ཀྱི་འདོད་མོས་ལྟར་འོས་ཤོག་འཕེན་ནམ་ཡང་ན་༸གོང་ས་མཆོག་གི་དགོངས་ཚུལ་ལ་བརྩི་བཀུར་དང་། དད་གུས། ཆ་འཇོག་བཅས་བྱས་ཏེ་ཁོང་གི་དགོངས་ཚུལ་དང་ལེན་བྱ་ངེས། བཀྲས་མཐོང་གིས་རང་ཉིད་དགའ་མོས་བྱེད་སའི་མཇུག་འབྲས་ཞིབ་བརྗོད་བྱས་མེད་པའི་ཁར། ཁོང་གིས་གྲུབ་འབྲས་ལེན་པར་སྤྱོད་པའི་ཐབས་ལམ་སྐོར་ལའང་གསལ་ཁ་དེ་ཙམ་བཟོས་མེད། ཁོང་གིས་”ཕྱོགས་ཚང་མ་ཡར་རྒྱས་གཏོང་རྒྱུ་འམ། ཡང་ན་ད་ལྟ་འབད་བརྩོན་བྱེད་པ་སྤྱིའི་ཐད་ནས་གོང་འཕེལ་གཏོང་རྒྱུ་དང་། དེ་མིན་ད་དུང་བྱ་འགུལ་གསར་པ་དང་ཇུས་གཞི་གསར་པའི་རིགས་ལག་བསྟར་བྱ་རྒྱུ་སོགས་’གང་ཡོང་ཅི་ཡོང’་བྱ་ཆོག འདས་མ་ཐག་པའི་ལོ་ངོ་ཁ་ཤས་རིང་ང་ཚོས་གྲོས་མོལ་གྱི་ལམ་ནས་བསྟུན་ཐབས་ཅི་དགེ་བྱས་པ་རེད། ངའི་བསམ་པར་ང་ཚོས་བྱ་གཞག་འདི་རྒྱུན་འཁྱོང་བྱེད་པ་དང་ལྷན་ཏུ་རང་རེའི་འཐབ་རྩོད་དང་ནུས་ཤུགས་གོང་མཐོར་ཡོང་བ་བྱ་ཆོག་ལ། ང་ཚོས་ཚམ་ཚོམ་ཅི་ཡང་མེད་པར་དྲང་བདེན་རྩོད་པར་ངེས་པར་ཏུ་ཧུར་བརྩོན་བྱེད་དགོས།”གསུངས།
བཀྲས་མཐོང་གིས་དོན་དངོས་སུ་བྱ་གཞག་ཅི་ཞིག་ལག་ལེན་ཏུ་བསྟར་འདོད་ཡོད་མེད་ཐད་ང་ཚོའི་ཡིད་ངོར་རབ་རིབ་ཅིག་ལས་མངོན་རྒྱུ་མེད་པར་གྱུར། ཁོང་གིས་བཤད་པ་དེ་གུ་ཡངས་པོ་ཡོད་པ་གང་ཞིག་གསལ་ཁ་དེ་ཙམ་མེད་པ་ཞིག་རེད། སུའི་ངོས་ནས་ཀྱང་”དྲང་བདེན་ཆེད་ཧུར་བརྩོན་བྱེད་པར”བཀག་འགོག་བྱ་མི་སྲིད། དཀའ་གནད་ཅིག་ཡོད་པ་ནི། ལག་ལེན་གྱི་ཁྲོད་དུ་དེ་ལ་དགེ་མཚན་ཅི་ཞིག་ཡོད་དམ། ཐབས་ལམ་གཞན་དག་འཐེན་ཞོར་ཏུ་གྲོས་མོལ་ཡོང་བར་འབད་བརྩོན་བྱེད་པའི་རྒྱུན་མུ་མཐུད་སྐྱོང་ཐབས་བྱས་ན་དེའི་རྣམ་པ་ཅི་འདྲ་ཞིག་ཡིན་ནམ། བློ་མི་ཚིམས་པ་ཞིག་ཡོད་པ་ནི་འདིའི་ཐད་ཁོང་གིས་གསལ་བོ་གསུངས་མེད་པ་དེ་རེད། པར་སྒྲོམ་ཞིག་གི་ནང་དུ་པར་མ་བཅུག་ཚེ་དེ་སྟོང་བ་ཡིན་པ་བཞིན། རང་ཐག་རང་གཅོད་ཀྱི་སྒྲོམ་གཞིའི་ནང་དུ་གྲུབ་འབྲས་འཐོབ་པའི་འཆར་གཞི་མེད་ཚེ་དེ་སྟོང་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་གཅིག་པུས་རྒྱ་ནག་ལ་ཁ་གཏད་བཅག་སྟེ་རྒྱལ་ཁ་ལེན་མི་ཐུབ། རྒྱལ་སྤྱིའི་ཁྲིམས་ལུགས་གྱིས་བོད་ཀྱི་གནད་དོན་འདི་ཁྲིམས་མཐུན་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ། ཁྲིམས་ལུགས་དང་མཐུན་པ་ཡོང་རྒྱུ་དེ་གལ་ཆེན་པོ་རེད། འོན་ཀྱང་དོན་དངོས་ཀྱི་འཛམ་གླིང་ནང་ཁྲིམས་མཐུན་ཡིན་པ་དེ་གྲུབ་འབྲས་ལྡན་པ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་བྱ་རྒྱུ་དེ་ནི་བོད་མི་དམངས་ལ་རག་ལས་ཡོད།
འཆར་གཞི་ཞིག་གི་འགོ་བརྩམས་པ་ཡིན་ནམ།
གཤམ་ཏུ་འཁོད་པ་ནི་བཀྲས་མཐོང་གི་འཆར་གཞི་དང་འབྲེལ་བ་ཟབ་མོ་ཡོད་པའི་གསུངས་བཤད་ཅིག་རེད།
“དང་པོ། དོན་དངོས་སུ་ཕུགས་རྒྱང་རིང་བའི་གནད་དོན་སེལ་རྒྱུ་དེ་ནི། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཡུལ་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་པ་ནི་ནོར་འཁྲུལ་དངོས་ཤིག་ཡིན་པ་ར་འཕྲོད་ནས། ལོ་ངོ་ལྔ་བཅུའི་རིང་ལག་བསྟར་བྱས་པའི་སྲིད་ཇུས་ངན་པ་དེའི་རིགས་ནི་རྒྱ་བོད་གཉིས་ལ་མི་ཕན་པ་ཞིག་ཡིན་པ་དང་། ད་ནི་བོད་མི་རིགས་ཀྱི་རེ་འདོད་དང་དམིགས་ཡུལ་གཙོ་བོར་བཟུང་བའི་སྲིད་ཇུས་ཤིག་བསྐྱར་བཟོ་བྱ་རྒྱུ་སྙིང་བོར་འཛིན་རྒྱུ་དེ་ཡིན། གཉིས་པ། ནང་གི་དཀའ་ངལ་དང་ཕྱིའི་གནས་སྟངས་སོགས་གང་རུང་གི་རྐྱེན་གྱིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་འདི་རྒྱུན་གནས་ཡོང་རྒྱུར་དཀའ་ངལ་འཕྲད་པའི་སྐབས་སུ། ཕྱི་ནང་གི་གནད་དོན་འདི་རིགས་གང་ཡིན་ཡང་། གཙོ་བོ་རང་དབང་ཐོབ་པ་བྱ་རྒྱུ་དེ་བོད་མི་དམངས་རང་གི་འབད་བརྩོན་ལ་ཐུག་ཡོད།” ང་ཚོས་ཐོག་མའི་རྩ་འཛིན་ལ་ངོས་ལེན་བྱ་ཐབས་མེད། ཁ་ཤས་ཀྱིས་མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིནXi Jinpingགྱིས་གནད་དོན་འདི་རྟོགས་ནས་བོད་ལ་འཛིན་པའི་སྲིད་ཇུས་བསྐྱར་བཅོས་བྱ་ངེས་སྙམ་པའི་རེ་བ་ཡག་ཕྱོགས་ནས་རྒྱག་གི་ཡོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོ་ཉེན་ཁ་བརྒྱུད་རྒྱུར་འཛེམ་དོགས་ཆེ་བ་དང་། སྒེར་གྱི་ཁེ་ཕན་སྲུང་སྐྱོབ་ཆེད་དམག་དཔུང་གི་སྟོབས་ཤུགས་ཆེ་བ། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྲིད་གཞུང་གི་ལམ་ལུགས་སྣ་ཚོགས་ཡོད་པ་བཅས་ཀྱིས་ང་ཚོའི་སེམས་སུ་སྔར་ལས་ལྷག་པའི་དོགས་གཞི་སྐྱེ་འཇུག་གི་ཡོད།
རྩ་འཛིན་གཉིས་བ་ནི་དེ་བས་ཀྱང་བློ་མགུ་ནུས་པ་ཞིག་རེད།ཁོང་གི་གཏམ་བཤད་ལ་གལ་གནད་གྱི་སྒོ་ནས་དཔྱད་ཞིབ་ཅིག་བཏང་བ་ཡིན་ན།དམག་དཔུང་གི་སྟོབས་ཤུགས་དེ་ནི་དབང་ཡོད་ཀྱི་སྲིད་ཇུས་ཤིག་ཏུ་ངོས་འཛིན་བྱེད་པའི་ལྟ་ཕྱོགས་ལ་ཁ་གཏད་དུ་ལངས་ཀྱི་ཡོད་པར་མངོན་ཐུབ།རང་ཉིད་ཀྱི་ཁ་གཏད་ལ་བདེན་པར་ཡིད་ཆེས་སུ་འཇུག་པའམ་བྱེད་ཐབས་ཀྱི་སྒོ་ནས་རང་ཉིད་ཀྱི་འདུན་པ་དག་བསྒྲུབ་པར་འཇུག་པ་གཉིས་ཀྱི་ཁྱད་པར་ནི་ཞི་དྲག་གཉིས་ལ་འཇུག་པར་མ་ཟད། རང་ཉིད་ཁ་གཏད་ཀྱི་གོ་གནས་དང་། ཁེ་ཕན། དཀའ་སྡུག ཡང་ན་གྱོང་གུད་ཁ་གསབ་བྱེད་པའི་སྒོ་ནས་ཁོང་ཚོར་རང་ཉིད་ཀྱི་འདོད་པ་བཞིན་དུ་བསྒྲུབ་འཇུག་རྒྱུ་དེ་རེད། ང་ཚོའི་རེ་བ་ལ་བཀྲས་མཐོང་གིས་བོད་འདི་རྒྱ་ནག་གི་དབང་བསྒྱུར་འོག་ལས་བསྒྲོལ་བར་བྱེད་པའི་ཐབས་བྱུས་ཅི་ཞིག་ཡིན་པ་ཁ་གསལ་གནང་བའི་རེ་བ་བྱེད་ཀྱི་ཡོད། གཏམ་བཤད་འདི་ནི་ཡིད་མགུ་ཐེབས་པ་ཞིག་ཡིན་མོད་ཡང་སྙིང་ཁ་གསལ་མི་འདུག གལ་སྲིད་གཏམ་བཤད་འདི་ཁ་གསལ་ཞིག་བཟོ་ཐུབ་ན་ད་གཟོད་རང་ཐག་རང་གཅོད་ཀྱི་རྨང་གཞིའི་འདྲ་བརྙན་གྱི་པར་སྒྲོམ་ཆ་ཚང་ཞིག་བཞེངས་ཐུབ་བོ།
གསལ་འདེབས་ཁ་ཚ་མ།
འཛམ་གླིང་ས་ཕྱོགས་གང་སར་གནས་བའི་བོད་མི་བྱིངས་ལ། སང་ཉིན་ནི་ང་ཚོའི་ཕ་ཡུལ་གངས་ལྗོངས་དགྲ་ལག་ཏུ་ཤོར་ཏེ་མི་ལོ་༥༢ ཕྱིན་པའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཡིན་ལ། སྐུ་ཉིད་ཀྱིས་ཐེངས་འདིའི་གསུམ་བཅུའི་དུས་དྲན་བརྗེད་མེད་པར་ལས་འགུལ་ཁྲོད་ཞུགས་རྒྱུའི་སྟ་གོན་སྔ་མོ་ནས་གནང་ཡོད་པའི་ཡིད་ཆེས་ཡོད་ལ། འདི་ནས་བསྐྱར་ཏུ་གསལ་འདེབས་ཞུ་དགོས་བ་ཁ་ཤས་ཡོད་པ་གཤམ་གསལ།
ལས་ཀ་ཡོད་མཁན་ཚོའི་ཉིན་མོ་འདི་ལ་ངེས་བར་དགོངས་པ་ཞུ་དགོས་བའི་འབོད་སྐུལ་དང་། རང་ཉིད་ཀྱི་ཚབ་ལ་མི་གཞན་གཏོང་བ་དང་། ནང་མིའི་ཚབ་ཡིན་ཟེར་ཏེ་མི་གཅིག་ལས་མི་ཡོང་བ། ངའི་ཚབ་ལ་སྐད་འབོད་གནང་དང་གླ་ཆ་སྤྲོད་ཆོག་ཅེས་རེག་དུག་ན་ཚ་ལྟ་བུའི་ཚབ་མཚོན་རང་བཞིན་གསུམ་དོར་དགོས་ལ། དུས་དྲན་ལ་གཟབ་འཆོས་སྤྲས་ཏེ་འོང་བ་དང་། ལས་འགུལ་སྐབས་གད་མོ་དབང་མེད་དུ་དགོད་པ། གསར་འབྱོར་དེ་ཚོའི་ངོ་གདོང་ཡོངས་སུ་བཏུམས་ཏེ་ཨ་རབ་བུད་མེད་ལྟར་ངོ་གདོང་བསྟན་མི་ཕོད་པ། སྐད་འབོད་སྐབས་རྒྱང་རིང་ཤིང་སྡོང་འོག་ཡིབ་སྟེ་སྐད་འབོད་ཐན་ཐུན་སྒྲོགས་པ།
སྐད་འབོད་རྗེས་ཟ་ཁང་ནང་འཛོམས་ཏེ་ཐུགས་སྤྲོ་གཏོང་བ་སོགས་བྱ་མི་རུང་བ་ལྔ་དང་།
གཞན་སྐད་འབོད་ལ་དུས་ཚོད་ཏག་ཏག་ཐོག་འབྱོར་ཐུབ་པ་གནང་རྒྱུ་དང་། སྐད་འབོད་ཀྱི་ལམ་བར་ནས་བྲོས་བྱོལ་ཏུ་མི་འགྲོ་བར་ལས་འགུལ་མཐར་སྐྱེལ་དགོས་བ། ཉིན་མོ་འདིར་བོད་ཆས་ངེས་བར་ཏུ་གྱོན་པ། བོད་མི་རེ་རེའི་ལག་ཏུ་གངས་སེང་རྒྱལ་དར་ངེས་བར་ཏུ་འཛིན་དགོས་བ། འཕྲེད་དར་དང་འབོད་ཚིག་སྣ་ཚོགས་སྦྱར་ཡིག་བཅས་ཀྱི་སྟེང་སོ་སོ་གནས་སྡོད་རྒྱལ་ཁབ་ཀྱི་ཡི་གེ་གཙོས་ཡིག་རིགས་འདྲ་མིན་བྲིས་ཏེ་སྔ་ས་ནས་གྲ་སྒྲིག་གནང་དགོས་བ་བཅས་དོ་སྣང་བྱ་དགོས་བ་གསུམ་བཅས་ཚང་མ་ཐུགས་ལ་འཇགས་པར་འཚལ།
བོད་རྒྱལ་ལོ།
སྐུ་ཁམས་བཟང་།
ཆབ་སྲིད་ཉམས་ཞིབ་པས་དཔྱད་པ་གང་ལེགས་གནང་འདུག་པ་དང་།གསང་གྲོལ་ལགས་ཀྱིས་བོད་ཀྱི་རྩ་དོན་ལ་དགོངས་ནས་འབོད་སྐུལ་གང་ལེགས་གནང་བར་ཡི་རངས་དང་རྒྱབ་སྐྱོར་ཞུ།ཐུགས་རྗེ་ཆེ་ཞུ།
རིང་བོང་ཅལ་སྒྲོགས་མ་ཡིན་པར་བབས་ལྷིང་སྙིང་སྟོབས་ལྡན་པའི་བཀའ་ཁྲི་ཞིག་ནི་ངེས་པར་དགོས། ཕོ་གསར་ཁྲ་ཆིར་འབར་ཆིར་བུ་མོའི་ལྐུབ་ལ་རྒྱུག་མཁན་ལས་གང་ཡོང་། གངས་རིའི་མགོན་པོ་སྐུ་ན་མཐོ་བོར་ཕེབས། །འོད་མཚན་མགོན་པོ་ཀླ་ཀློའི་བཙོན་དུ་བཅུག །རྒྱལ་དབང་ཀརྨ་རྒྱ་གར་བཟང་བཙོན་ཆུད། །པུར་རྒྱལ་ལྗོངས་ཀྱི་མགོན་༧སྐྱབས་སུ་ཡིས་བྱེད། །ཕུ་རྒོད་སྙིང་ལ་རུས་པ་ཡོད་ངེས་ན། །ཆོལ་ཁ་ཆོས་ལུགས་ཐེན་ཁྱེར་མི་བྱེད་པར། །ས་ཡ་དྲུག་གི་བདེ་དོན་ལ་བསམ་ནས། །སྤྱི་དོན་གཡོ་ལྷད་མེད་པར་སྒྲུབས་ཤིང་ཨང་།
སྐུལ་མ་གནང་བར་ཐུགས་རྗེ་ཆེ།
བོད་མིའི་བསམ་དོན་འགྲུབ་པར་སྨོན།
མདོར་བསྡུས་ཏེ་བཤད་ན་ཇི་སྲིད་རྟོག་པའི་འཆིང་བ་ལས་མ་གྲོལ་དེ་སྲིད་དུ་ཆོལ་ཁའི་ཞེན་པ་ཞེས་པ་འདི་ལས་ཐར་དཀའ། བསམ་བློ་བཏང་སྙོམས་ལ་གནས་པའི་མདོ་སྟོད་ཀྱི་མི་རྣམས་ཀྱི་སེམས་ངོ་ན་བློ་སེང་གི་སྐྱོན་ལས་དགེ་མཚན་མང་བ་དང་། བསམ་བློ་བཏང་སྙོམས་ལ་གནས་པའི་དབུས་གཙང་གི་མི་རྣམས་ཀྱི་སེམས་ངོ་ན་བཀྲས་མཐོང་གི་དགེ་མ་གཏོགས་སྐྱོན་ལས་དགེ་མཚན་མང་བ་འཆར་བཞིན་ཡོད། ཁོང་གཉིས་བསྡུར་སྐབས་རང་ཕྱོགས་ཀྱི་མི་དེ་ལེགས་པ་ཞིག་ཏུ་འཆར་གྱི་ཡོད། དེ་འདྲ་སོང་ཙང་ཁོང་གཉིས་ལ་དཔྱོད་དགོས་ན་ཕྱོགས་གསུམ་པ་ཞིག་ཏུ་བསྡད་ནས་བལྟས་ན་ཤེས་ནུས་སོ། །
PÅ-z¿eÅ-m-z=Å-¤fôP-GÛ-¿e-±ß¾-D-Gž-ŸÛP-hôm-ljÛP-GbÛP-¸z-»ôh-q-mÛü h-z¼-ºƒï¾-¤ô¾-fïPÅ-hGÝ-‚Å-ˆP-hôm-ljÛP-¤-Åôm-q-mÛ-M-¤Û¼-fÞGÅ-»ôh-q-¾Å-zôh-¤Û¼-¾m-q-¤ïhü G¾-bï-M-¤ÛÅ-zôh-¤ÛºÛ-ºhôh-hôm-zOæz-qºÛ-hzP-hÝ-zbP-m-h-»ôh-zôh-mP-M-¤ÛºÛ-ŸÛ-iG-¾Å-‚ïh-ºzÞ¾-¾-Zï-z-hï-hG-GÛ-Dï-wm-hP-hzP-V-Áô¼-Mã-»Ûm-qÅ-DôP-±ôÅ-Gmh-hGG-hï-±ô¼-zŤ-ŸÛz-‚ïh-Ç+zÅ-zôh-¤ÛºÛ-zŤ-ºhÝm-zOæz-ÆÛh-h¤ü ¼P-ZÛh-ˆÛ-h-»ôh-D-ïwm-„ÀôÅ-zbP-¤-fÞz-m-h-¤ÞÅ-zŸÛm-GŸÛ-¤ïh-Bôm-º²âGÅ-‚Å-bï-¤FïGÅ-ÆâP-‚-Mã-¾Å-¤-ºhÅü hïÅ-m-z;º-FÛ-ÅÞ-hP-Ç+Ý-±z-ÅÞ-wïzÅ-ˆP-¤WâG-ºƒÅ-GTÛG-q-¼ïhü ºhÅ-qºÛ-¾ô-MãÅ-mP-hP-qô-IôÅ-¤fÞm-hôm-±m- 17 mP-&GôP-Å-¤VôG-GÛ-Ç+Ý-hzP-hP-zôh-ˆÛ-ÇS¼-»ôh-¾¤-¾ÞGÅ-¼P-Åô¼-GmÅ-Mã-ÅôGÅ-zXôh-±ÛG-ºDôh-q-z¯Û-¤ïh-lôG-¼ô¾-zbP-»ôh-q-hP-ü 1979 ¾ô¼-bÛP-Ÿºô-wÛP-GÛÅ-¼P-z®m-¤-zÁh-m-G-¼ï-zÁh-ˆP-IôÅ-¤ô¾-‚-Mã-hï-»P-h-V-z¯ÛÅ-¤ïh-lôG-¼ô¾-zbP-¸Ûm-ÇezÅü M¾-uÛºÛ-xÛ-ºƒï¾-ÆÛh-‚ãÅ-ˆÛ-ºIô-ÇePÅ-hP-¼P-fG-¼P-GTôh-ˆÛ-¾¤-mÅ-h-¿e-ºIô-zŸÛm-qºÛ-ºƒï¾-¤ô¾-¤Þ-¤fÞh-¤WâG-BôP-fôG-xôGÅ-GŸm-ŸÛG-mÅ-hôm-Åôm-»ôP-ÇÀh-fzÅ-¾¤-GŸm-ŸÛG-º±ô¾-zOæz-ˆÛÅ-hGôÅ-G¾-‚ãP-±ï-ºhôm-VôG-hGôÅ-q-hïºÛ-zŤ-„Àô-GbôP-ÇePÅ-ºIÛGÅ-q-ŸÛG-¾Å-ºƒï¾-¤ô¾-HÛ-Iâz-ºƒÅ-»ôP-Mã¼-¾Å-;-‚ïh-zŸÛm-q¼-fzÅ-¾¤-GŸm-ŸÛG-GP-»Ûm-qºÛ-JÀô-z-hP-ljÛP-GP-»Ûm-»Ûm-Gž-Çeôm-‚ïh-¤Û-hGôÅ-q-¾Å-;-‚ïh-¥ôP-¤Dm-±ôÅ-zŤ-„Àô-GbôP-z-®¤-HÛÅ-ÁïÅ-fÞz-qÅ-hq¼-Oô¤-mP-GÛ-q¼-GP-»Ûm-¤Ûm-h-¿e-DïzÅ-¼Å-G»ôGÅ-mÅ-zŸG-m-¾ïGÅ-q-¤-GbôGÅ-hÝÅ-hïP-ÅP-hI-¤Û-zÅh-qºÛ-Gô-¾G-„ÀP-¤Dm-»ôh-hÝÅ-xÛ-mP-GÅP-GÅÞ¤-‚ïh-hGôÅ-q-Gbm-qô-¼ïhü
2ü zôh-ˆÛ-¼P-hzP-ÇÀ¼-GÅô-‚-MÝ-mÛ-zôh-¤Û-¼P-GÛ-hôm-hG-»Ûm-qÅ-¼P-hôm-¼P-GTïÅ-‚-Mã-¾Å-¤Û-GŸm-HÛ-¼ôGÅ-¤Gôm-»ôP-fzÅ-‚-Mã-hï-wm-mÝÅ-hï-®¤-¤ïh-q-ºhÅ-qºÛ-¾ô-¤P-GÛ-¥ôP-zºÛ-V-mÅ-ÁïÅ-fÞz-¾ü Í-¼ÛÅ-G®ôÅ-M¾-Dz-ÅÞ-ŸÛG-GÛÅ-ˆP-¼P-hôm-ºƒï¾-zºÛ-Dï-wm-¤ïh-m-zôh-¾-MG-GTÛG-¤VôPÅ-GTÛG-GÛÅ-zôh-hôm-¾-Mz-Bô¼-‚ïh-¤Dm-h-z¼-È-¾¤-¤-‚ãP-z-Gž-qô-¼ïhü hï¼-zdïm-z=Å-¤fôP-GÛÅ-¿e-±ß¾-mÛ-zôh-ˆÛ-¼P-hzP-zôh-¤ÛÅ-ºzh-Oæz-‚Å-qºÛ-©P-GŸÛºÛ-fôG-¤Û-GŸm-m¤-M¾-uÛºÛ-uÛ-±ôGÅ-ˆÛ-Mz-Bô¼-mÝÅ-¿km-º±ô¾-Oæz-‚-Mã-hï-»P-zŤ-±ß¾-hP-¾Å-ºV¼-hôm-hPôÅ-ÅÞ-zOæz-fÞz-q-ŸÛG-»Ûm-hÝÅ-DôP-GÛ-h-wm-‚Å-qºÛ-Gb¤-zÁh-hP-¿ËG-hôm-Zï-V¼-Í-¼ÛºÛ-zôh-Ç+h-½ÀâP-ºyÛm-HÛ-ºôÅ-¤Û-GÅÞ¤-HÛ-ºIm-¯ôh-Gb¤-zÁh-Çtï¾-Ç+zÅ-z=Å-¤fôP-GÛ-Gb¤-zÁh-Eôm-»ôPÅ-mÅ-Gô-¼Û¤-¿km-qü ¾Å-ºV¼-I-OÛG-qôü „Àô-¾-PïÅ-zhï-z-hP-¾G-zÇe¼-‚Å-m-ºƒÅ-zÞ-ǨÛm-Mã-»ôh-q-¥ôP-z-zhG-qôºÛ-Z¤Å-z¸P-GP-¾ïGÅ-¤Pôm-fÞz-ÅôP-ŸïÅ-„Àô-G¸Þ-zô¼-GmÅ-q-n¤Å-ˆÛÅ-hï-¿e¼-zÇSGÅ-zXôh-ˆÛ-¤ï-bôG-ºyïP-z-wÞ¾-mÅ-fïPÅ-ºhÛºÛ-z;º-FÛ-ºôÅ-ÁôÅ-DôP-¼P-»Ûm-q¼-Åô-ÅôºÛ-ºôÅ-ÁôG-IPÅ-GTÛG-»ôh-q-hï-mô¼-zÞ-ºôh-ºz¼-ÇeïP-¤-mô¼-z¼-dGÅ-ºwïm-HÛ-»Ûm-ŸïÅ-zXôh-q-¿e¼-hPôÅ-GŸÛºÛ-ºôÅ-zÇkݺÛ-Ç+zÅ-ÇSôm-ºIôºÛ-¤WâG-¤-hï-ÇSôm-¾-ÇÀïz-Mã-hôm-¤Û-¸-z-¼ïh-TïÅ-¤-ºôP-¾ÞP-zÇem-‚Å-»ôh-hôü ¾ÞP-zÇem-¤-ºwôGÅ-m-¼Ûm-qô-Vï-µâm-¤-¼ïh-¸ï¼-m-VôGü
PÅ-z¿eÅ-m-z=Å-¤fôP-GÛ-¿e-±ß¾-D-Gž-ŸÛP-hôm-ljÛP-GbÛP-¸z-»ôh-q-mÛü h-z¼-ºƒï¾-¤ô¾-fïPÅ-hGÝ-‚Å-ˆP-hôm-ljÛP-¤-Åôm-q-mÛ-M-¤Û¼-fÞGÅ-»ôh-q-¾Å-zôh-¤Û¼-¾m-q-¤ïhü G¾-bï-M-¤ÛÅ-zôh-¤ÛºÛ-ºhôh-hôm-zOæz-qºÛ-hzP-hÝ-zbP-m-h-»ôh-zôh-mP-M-¤ÛºÛ-ŸÛ-iG-¾Å-‚ïh-ºzÞ¾-¾-Zï-z-hï-hG-GÛ-Dï-wm-hP-hzP-V-Áô¼-Mã-»Ûm-qÅ-DôP-±ôÅ-Gmh-hGG-hï-±ô¼-zŤ-ŸÛz-‚ïh-Ç+zÅ-zôh-¤ÛºÛ-zŤ-ºhÝm-zOæz-ÆÛh-h¤ü ¼P-ZÛh-ˆÛ-h-»ôh-D-ïwm-„ÀôÅ-zbP-¤-fÞz-m-h-¤ÞÅ-zŸÛm-GŸÛ-¤ïh-Bôm-º²âGÅ-‚Å-bï-¤FïGÅ-ÆâP-‚-Mã-¾Å-¤-ºhÅü hïÅ-m-z;º-FÛ-ÅÞ-hP-Ç+Ý-±z-ÅÞ-wïzÅ-ˆP-¤WâG-ºƒÅ-GTÛG-q-¼ïhü ºhÅ-qºÛ-¾ô-MãÅ-mP-hP-qô-IôÅ-¤fÞm-hôm-±m- 17 mP-&GôP-Å-¤VôG-GÛ-Ç+Ý-hzP-hP-zôh-ˆÛ-ÇS¼-»ôh-¾¤-¾ÞGÅ-¼P-Åô¼-GmÅ-Mã-ÅôGÅ-zXôh-±ÛG-ºDôh-q-z¯Û-¤ïh-lôG-¼ô¾-zbP-»ôh-q-hP-ü 1979 ¾ô¼-bÛP-Ÿºô-wÛP-GÛÅ-¼P-z®m-¤-zÁh-m-G-¼ï-zÁh-ˆP-IôÅ-¤ô¾-‚-Mã-hï-»P-h-V-z¯ÛÅ-¤ïh-lôG-¼ô¾-zbP-¸Ûm-ÇezÅü M¾-uÛºÛ-xÛ-ºƒï¾-ÆÛh-‚ãÅ-ˆÛ-ºIô-ÇePÅ-hP-¼P-fG-¼P-GTôh-ˆÛ-¾¤-mÅ-h-¿e-ºIô-zŸÛm-qºÛ-ºƒï¾-¤ô¾-¤Þ-¤fÞh-¤WâG-BôP-fôG-xôGÅ-GŸm-ŸÛG-mÅ-hôm-Åôm-»ôP-ÇÀh-fzÅ-¾¤-GŸm-ŸÛG-º±ô¾-zOæz-ˆÛÅ-hGôÅ-G¾-‚ãP-±ï-ºhôm-VôG-hGôÅ-q-hïºÛ-zŤ-„Àô-GbôP-ÇePÅ-ºIÛGÅ-q-ŸÛG-¾Å-ºƒï¾-¤ô¾-HÛ-Iâz-ºƒÅ-»ôP-Mã¼-¾Å-;-‚ïh-zŸÛm-q¼-fzÅ-¾¤-GŸm-ŸÛG-GP-»Ûm-qºÛ-JÀô-z-hP-ljÛP-GP-»Ûm-»Ûm-Gž-Çeôm-‚ïh-¤Û-hGôÅ-q-¾Å-;-‚ïh-¥ôP-¤Dm-±ôÅ-zŤ-„Àô-GbôP-z-®¤-HÛÅ-ÁïÅ-fÞz-qÅ-hq¼-Oô¤-mP-GÛ-q¼-GP-»Ûm-¤Ûm-h-¿e-DïzÅ-¼Å-G»ôGÅ-mÅ-zŸG-m-¾ïGÅ-q-¤-GbôGÅ-hÝÅ-hïP-ÅP-hI-¤Û-zÅh-qºÛ-Gô-¾G-„ÀP-¤Dm-»ôh-hÝÅ-xÛ-mP-GÅP-GÅÞ¤-‚ïh-hGôÅ-q-Gbm-qô-¼ïhü
2ü zôh-ˆÛ-¼P-hzP-ÇÀ¼-GÅô-‚-MÝ-mÛ-zôh-¤Û-¼P-GÛ-hôm-hG-»Ûm-qÅ-¼P-hôm-¼P-GTïÅ-‚-Mã-¾Å-¤Û-GŸm-HÛ-¼ôGÅ-¤Gôm-»ôP-fzÅ-‚-Mã-hï-wm-mÝÅ-hï-®¤-¤ïh-q-ºhÅ-qºÛ-¾ô-¤P-GÛ-¥ôP-zºÛ-V-mÅ-ÁïÅ-fÞz-¾ü Í-¼ÛÅ-G®ôÅ-M¾-Dz-ÅÞ-ŸÛG-GÛÅ-ˆP-¼P-hôm-ºƒï¾-zºÛ-Dï-wm-¤ïh-m-zôh-¾-MG-GTÛG-¤VôPÅ-GTÛG-GÛÅ-zôh-hôm-¾-Mz-Bô¼-‚ïh-¤Dm-h-z¼-È-¾¤-¤-‚ãP-z-Gž-qô-¼ïhü hï¼-zdïm-z=Å-¤fôP-GÛÅ-¿e-±ß¾-mÛ-zôh-ˆÛ-¼P-hzP-zôh-¤ÛÅ-ºzh-Oæz-‚Å-qºÛ-©P-GŸÛºÛ-fôG-¤Û-GŸm-m¤-M¾-uÛºÛ-uÛ-±ôGÅ-ˆÛ-Mz-Bô¼-mÝÅ-¿km-º±ô¾-Oæz-‚-Mã-hï-»P-zŤ-±ß¾-hP-¾Å-ºV¼-hôm-hPôÅ-ÅÞ-zOæz-fÞz-q-ŸÛG-»Ûm-hÝÅ-DôP-GÛ-h-wm-‚Å-qºÛ-Gb¤-zÁh-hP-¿ËG-hôm-Zï-V¼-Í-¼ÛºÛ-zôh-Ç+h-½ÀâP-ºyÛm-HÛ-ºôÅ-¤Û-GÅÞ¤-HÛ-ºIm-¯ôh-Gb¤-zÁh-Çtï¾-Ç+zÅ-z=Å-¤fôP-GÛ-Gb¤-zÁh-Eôm-»ôPÅ-mÅ-Gô-¼Û¤-¿km-qü ¾Å-ºV¼-I-OÛG-qôü „Àô-¾-PïÅ-zhï-z-hP-¾G-zÇe¼-‚Å-m-ºƒÅ-zÞ-ǨÛm-Mã-»ôh-q-¥ôP-z-zhG-qôºÛ-Z¤Å-z¸P-GP-¾ïGÅ-¤Pôm-fÞz-ÅôP-ŸïÅ-„Àô-G¸Þ-zô¼-GmÅ-q-n¤Å-ˆÛÅ-hï-¿e¼-zÇSGÅ-zXôh-ˆÛ-¤ï-bôG-ºyïP-z-wÞ¾-mÅ-fïPÅ-ºhÛºÛ-z;º-FÛ-ºôÅ-ÁôÅ-DôP-¼P-»Ûm-q¼-Åô-ÅôºÛ-ºôÅ-ÁôG-IPÅ-GTÛG-»ôh-q-hï-mô¼-zÞ-ºôh-ºz¼-ÇeïP-¤-mô¼-z¼-dGÅ-ºwïm-HÛ-»Ûm-ŸïÅ-zXôh-q-¿e¼-hPôÅ-GŸÛºÛ-ºôÅ-zÇkݺÛ-Ç+zÅ-ÇSôm-ºIôºÛ-¤WâG-¤-hï-ÇSôm-¾-ÇÀïz-Mã-hôm-¤Û-¸-z-¼ïh-TïÅ-¤-ºôP-¾ÞP-zÇem-‚Å-»ôh-hôü ¾ÞP-zÇem-¤-ºwôGÅ-m-¼Ûm-qô-Vï-µâm-¤-¼ïh-¸ï¼-m-VôGü