(ངྷ་རམ་སཱ་ལ་ནས་གསུམ་བཅུའི་དུས་དྲན་ཐེངས ༥༢འདུ་འཛོམས་ལ་བྲིས།)
ཡཱན་ཧོང་བྷེན།
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
༼མི་ནི་དོན་སྙིང་འཚོལ་སྒྲུབ་བྱེད་ཀྱིན་པའི་སྲོག་ཆགས་ཤིག་ཡིན།༽ དཔའ་བོའི་རྟོགས་བརྗོད་སྙན་རྩོམ་ནི་ཚེ་སྲོག་གི་དོན་སྙིང་མཚོན་མདོག་ཏུ་ཤར་བའི་ཤོག་ལྷེ་ཞིག་ཅིས་མ་ཡིན། དུས་རབས་འདི་བཞིན་སེམས་ཁམས་ནོར་སྲེད་ཀྱིས་རུལ་བཞིན་པ་ཞིག་ཡིན་ནའང་། བོད་མི་ཚོས་འཛད་མཐའ་མེད་པའི་ཁྲག་གི་མིག་ཆུ་བཀོལ་ནས་རང་དབང་འཚོལ་སྙེག་གི་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་རིང་མོ་ཞིག་འབྲི་བཞིན་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་མཇུག་ཏུ་རྒྱ་དམར་དྲག་པོའི་གཞུང་གིས་སྤེལ་བའི་རིག་གནས་རང་བཞིན་གྱི་མི་རིགས་རྨེག་མེད་གཏོང་བའི་སྲིད་ཇུས་ལ་འགོག་རྒོལ་བྱེད་སླད་བོད་མི་ཁྱོན་ཡོངས་ནས་ཡར་ལངས་བྱེད་དགོས་ཐུག་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཁྲི ༨ལྷག་གི་དབུ་ཁྲིད་ནས་གླག་རྒོད་ཀྱང་འཕུར་བསྐྱོད་བྱེད་དཀའ་བའི་ཧི་མ་ལ་ཡ་བརྒལ་ནས་ཡིད་སྐྱོ་བའི་བཙན་བྱོལ་གྱི་ལམ་ཁ་བདམས་དགོས་ཐུག་ཡོད།
རྒྱ་དམར་དྲག་པོའི་གཞུང་གིས་སྐབས་དེའི་བོད་མི་དམངས་ཀྱི་ཡར་ལངས་ལ་དྲག་གནོན་གྱིས་ཁྲག་གི་འཁོར་ལོ་བསྐོར་ཡོད་པར་མ་ཟད། དེའི་རྗེས་ཀྱི་དུས་རབས་ཕྱེད་ཀའི་རིང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དྲག་པོའི་གཞུང་གི་སྲིད་དོན་གྱི་གནོད་འཚེ་དང་དམག་དོན་གྱི་དམར་གསོད་ཁྲོད་རྐྱེན་ལམ་དུ་བཏང་ཡོད་ལ། ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་འཛིན་གནང་བའི་བོད་རིག་པ་སྔར་འཕྲད་མ་མྱོང་བའི་གོད་ཆག་ནང་དེད་འདུག་མོད། དྲག་པོའི་དབང་ཤུགས་འོག་སེམས་ཁམས་ཀྱི་དད་འདུན་དང་ཐུན་མོང་མ་ཡིན་པའི་བོད་རིག་པའི་མཛེས་སྡུག་སྲུང་འཛིན་བྱེད་སླད་བོད་མི་ཚོས་འགོག་རྒོལ་འཐབ་རྩོད་ལ་མཚམས་འཇོག་གནང་མྱོང་མེད། བོད་མི་རིགས་ཀྱིས་ལུས་སེམས་གཉིས་ཀྱི་ཆ་ནས་མྱོང་བཞིན་པའི་བཙན་བྱོལ་གྱི་ལམ་ཁ་འདི་བཞིན་དཀའ་སྡུག་དང་ཀྱག་ཀྱོག་མང་པོ་ཞིག་བརྒྱུད་ནས་དེ་རིང་བར་ཡུན་བསྲིངས་ཡོད་ཅིང་། ཁྲག་དམར་དང་ཀེང་རུས་ཀྱིས་བསྐྲུན་པའི་བཙན་བྱོལ་གྱི་ལམ་ཁ་འདི་ནི་རྒྱ་དམར་དྲག་པོའི་གཞུང་གི་སྲིད་དོན་དང་ཁྲིམས་ལུགས་ཀྱིས་བརྩིགས་པའི་ལྕགས་ཀྱི་བཙོན་ར་བརྟོལ་བའི་ལམ་ཁ་ཞིག་ཡིན་པར་མ་ཟད། རང་དབང་དང་ལ་རྒྱ་སླར་གསོ་བྱེད་པའི་ལམ་ཁ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དཀྱིལ་དབུས་སུ་བསྲིངས་པའི་བགྲོད་ལམ་ཞིག་ཀྱང་ཡིན།
རང་དབང་ནི་དཀའ་སྡུག་ཡིན། འོན་ཀྱང་། རྒྱ་དམར་དྲག་པོའི་གཞུང་གི་སྲིད་དོན་བྲན་གཡོག་ཏུ་མི་འགྱུར་བའི་སླད་དུ་བོད་མི་རིགས་ཀྱིས་རང་དབང་གི་མི་ལ་གཏོགས་པའི་དཀའ་སྡུག་ཡོད་ཚད་ཕྲག་ཏུ་ཁུར་ཡོད་པའི་ཁར། ཕྱི་བཤོལ་གནང་མྱོང་མེད། ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན། སྟོན་པ་ཤཀྱཱ་ཐུབ་པས་རྒྱལ་སྲིད་སྤང་ནས་རི་ཁྲོད་འགྲིམས་ཤིང་། མཆོག་ཏུ་གྱུར་བའི་ནང་བསྟན་གྱི་བདེན་དོན་ཁྲོད་ཞུགས་ཡོད། དེང་དུས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་དམར་དྲག་པོའི་གཞུང་གིས་སྔར་ཁོང་ལ་དམིགས་འཛུགས་བྱས་པའི་གོ་ཐོབ་དོར་ནས་བོད་མིའི་དབུ་ཁྲིད་དེ་བཙན་བྱོལ་གྱི་ལམ་ཁར་ཞུགས་ཡོད་ལ། དེ་ནི་གཟི་བརྗིད་ལྡན་པའི་ལས་དབང་གི་ལམ་ནང་ཞུགས་པ་ཞིག་ཡིན་པའི་ཁར། ཏཱ་ལའི་བླ་མ་མཆོག་གིས་སྒོ་འབྱེད་པའི་བཙན་བྱོལ་གྱི་ལམ་ཁ་འདི་ནི་བོད་མི་རིགས་ཀྱིས་རང་དབང་འཚོལ་སྙེག་གི་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་དུ་གྲུབ་ཡོད་ཅིང་། འགྲོ་བ་མིའི་རིགས་ཀྱིས་རང་དབང་རྩོད་ལེན་གྱི་མིག་དཔེར་གྱུར་ཡོད།
རྒྱ་དམར་དྲག་པོའི་གཞུང་ནི་རང་དབང་མེད་པའི་འབྱུང་རྩ་ཡིན་ལ། བོད་མི་རིགས་དཀའ་སྡུག་ཁྲོད་ལྷུང་བའི་འབྱུང་ཁུངས་ཀྱང་ཡིན། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས༼ཡིག་འབྲུ་ཁྲི་བདུན་མའི་ཞུ་ཡིག༽ནང་བསྟན་དོན། ༼དམར་གསོད་ཀྱི་འོག་ནས་བོད་ཁུལ་གྱི་རུ་གྲོང་མང་པོའི་ནང་དུ་རྒན་རྒོན་དང་བུད་མེད། ཕྲུ་གུ་ལས་ལྷག་མེད།༽ ད་དུང་སློབ་དཔོན་ཆེན་མོས་དོན་དངོས་ཀྱི་བྱུང་བ་ཞིག་བརྗོད་ཡོད་དེ། ༼རྒྱ་དམར་དམག་མིས་བོད་མི་མང་པོ་སྡེབ་གསོད་ཀྱིས་ཕུང་པོ་ཡོངས་རྫོགས་ས་དོང་ནང་བཅུག་རྗེས། བཙན་ཤེད་ཀྱིས་དམར་གསོད་བཏང་བའི་ནང་མིར་དུར་ཐོག་ཏུ་གླུ་ལེན་བྲོ་འཁྲབ་བྱེད་དུ་བཅུག༽ནས་དྲག་པོའི་གཞུང་གི་རྒྱལ་ཁར་དགའ་སྟོན་བྱས་ཡོད། འདི་ལྟ་བུའི་གདུག་རྩུབ་ཀྱི་རྩེ་མོར་སོན་པའི་དྲག་པོའི་གཞུང་གིས་བོད་མི་དམངས་ལ་རང་དབང་སྤྲད་སྲིད་ཀྱི་མ་རེད། རྒྱུ་མཚན་ནི་དྲག་པོའི་གཞུང་གི་ཁྲིམས་སྒྲིག་གི་འོག་ཏུ་བྲན་གཡོག་ལས་རང་དབང་ཞེས་པ་ཞིག་མེད།
མི་ལ་ལས་རྒྱ་དམར་ད་ལྟ་བཟང་ཕྱོགས་སུ་འགྱུར་བཞིན་པར་བཤད་ཀྱི་ཡོད། དེ་ནི་རྫུན་གཏམ་ཞིག་རེད། སྤྱིར་ལོ་རྒྱུས་ནི་འགྱུར་འགྲོས་ཀྱི་ཁྲོད་དུ་བསྐྱོད་ཀྱིན་པས། རྒྱ་དམར་གཞུང་ལའང་ཕྱོགས་ཁ་ཤས་ནས་འགྱུར་བ་བྱུང་ཡོད་སྲིད་མོད། སྲིད་དབང་སྒེར་གཅོད་ཀྱི་ངོ་བོའི་ཆ་དང་། བོད་ཐོག་བཟུང་བའི་རིག་གནས་རང་བཞིན་གྱི་མི་རིགས་རྨེག་མེད་གཏོང་བའི་སྲིད་ཇུས་འགྱུར་བ་གང་ཡང་བྱུང་མེད། བརྟུལ་ཕོད་ལྡན་ཞིང་རང་དབང་ལ་དུང་བའི་བོད་མི་རིགས་ཀྱིས་ད་དུང་རྒྱ་དམར་དྲག་པོའི་གཞུང་གི་མནར་གཅོད་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། ཕྱི་ལོ ༢༠༠༨ལོའི་ཟླ ༣ནང་། བོད་ཁུལ་ཡོངས་ནས་རྒྱ་དམར་དྲག་པོའི་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ཡང་བསྐྱར་བྱུང་ཡོད་ཅིང་། རྒྱ་དམར་དྲག་པོའི་གཞུང་གིས་ཡང་བསྐྱར་དམར་གསོད་ཀྱིས་ཞི་བའི་ལས་འགུལ་དེ་དྲག་གནོན་བྱས་ཡོད། ལྷ་སའི་ཁྲོམ་གཞུང་ནས་ཁམས་པའི་ཕོ་རྒོད་ཅིག་གིས་མགོ་བོ་དགྱེ་ཞིང་གོམ་ཁ་བསྒྱུར་ནས་རྒྱ་དམར་དམག་མི་དང་ཉེན་རྟོག་པའི་མེ་མདའི་ཁར་བཅར་ཞིང་། ཁོང་གིས་ཉི་མ་ལ་སྐེ་འཇུ་བྱེད་པ་ནང་བཞིན་ལག་ཟུང་ནམ་མཁའི་མཐོངས་སུ་བརྐྱངས་ཤིང་། འོད་སྟོང་འཕྲོ་བའི་འཛུམ་དམུལ་དང་བཅས་སྐད་ཤུགས་ཆེན་པོས་བརྗོད་དོན། ༼ང་རང་ནི་ཁྱོད་ཚོས་ལོ་ངོ ༥༠ཡར་སྔོན་བསད་ཟིན་པའི་བོད་མི་ཞིག་ཡིན་ཞིང་། ང་རང་སྐྱེས་ནས་སླར་ཡང་སླེབས་ཡོད།༽ སྐབས་དེར་དམག་མིའི་མེ་མདའི་ཁ་ནས་མེ་སྟག་མཆེད་པ་དང་ཁམས་པའི་ཕོ་རྒོད་དེ་ས་ལ་འགྱེལ་སོང་། ཡིན་ནའང་། ང་རང་ལ་ཡིད་ཆེས་ཡོད་པ་ནི་དཔའ་སྤོབས་དང་གཟི་བརྗིད་ལྡན་པའི་རྣམ་ཤེས་འདི་བཞིན་ཡང་ནས་བསྐྱར་དུ་མི་ལུས་འཕོས་ནས་བོད་ལ་རང་དབང་ཐོབ་རེག་བར་དུ་རྒྱུན་སྐྱོང་གནང་ངེས།
མི་ལ་ལས་རྒྱུས་མེད་བཞིན་དུ་མི་མང་པོར་ཧུའུ་ཅིན་ཐའོ་ནི་བོད་མིར་བཟང་སེམས་ཡོད་པའི་ཞི་བདེ་རིང་ལུགས་པ་ཞིག་ཡིན་ཚུལ་བཤད་ཀྱི་འདུག འོན་ཀྱང་། དེའང་རྫུན་གཏམ་གཞན་ཞིག་ཡིན། དོན་ལ་ཧུའུ་ཅིན་ཐའོ་ནི་བོད་མིའི་ཁྲག་དང་ཀེང་རུས་རྡོག་བརྫིས་ཀྱིས་རྒྱ་དམར་དབང་ཤུགས་ཀྱི་རྩེ་མོར་སླེབས་མཁན་ཞིག་ཡིན། ཕྱི་ལོ ༡༩༨༩ལོའི་ཟླ ༣ནང་ཧུའུ་ཅིན་ཐའོ་ཡིས་ལྕགས་ཞྭ་གྱོན་ཞིང་མེ་མདའ་ཐོགས་ནས་ལྷ་སའི་ཁྲོམ་གཞུང་ནས་དམག་མི་དང་ཉེན་རྟོག་པར་བཀོད་འདོམས་ཀྱིས་དགེ་འདུན་པའི་སྣེ་ཁྲིད་པའི་ཞི་བའི་ཡར་ལངས་གནང་མཁན་རྣམས་དམར་གསོད་བཏང་ཡོད། འདི་ནི་མི་ཚང་མས་ཤེས་ཟིན་པའི་དོན་དངོས་ཤིག་ཡིན།
ད་དུང་ཉེས་པ་ནམ་མཁར་མི་ཤོང་ཞིང་ཡོངས་གྲགས་མ་ཡིན་པའི་གནད་དོན་གཞན་ཞིག་དབང་ཆ་གཅིག་སྡུད་སྲིད་དབང་གི་རྒྱབ་ལོགས་སུ་སྦས་ཡོད་པ་ནི། ཧུའུ་ཅིན་ཐའོ་ཡིས་སྔར་སངས་རྒྱས་སམ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཀྲོངས་པ་དེ་ཡིན།
ཕྱི་ལོ ༡༩༨༩ལོའི་ཟླ ༡ནང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གློ་བུར་དུ་ཞི་དབྱིངས་སུ་འཐིམས་ཚུལ་བསྟན་ཡོད། རྒྱུས་ལོན་ཡོད་མཁན་ཚོས་གསུངས་པ་ལྟར་ན། ཁོང་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་སྤྱན་མིག་ནམ་མཁར་བགྲད་ཅིང་། འཇིགས་བྱེད་ཆེན་པོའི་བཟོ་ལྟ་ཐོན་ཡོད་པ་དང་། སྐུ་མདོག་མེ་ལ་བསྲེག་པ་ནང་བཞིན་ནག་པོ་ཆགས་ཡོད་པའི་ཁར། ཞལ་གདོག་དམར་ནག་དང་ཤངས་ཁྲག་བརྡོལ་ཡོད་པས། དུག་དྲངས་ནས་བཀྲོངས་པ་གསལ་བོ་ཆགས་ཡོད། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་བཞིན་པའི་ཧུའུ་ཅིན་ཐའོ་ནི་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལྐོག་གསོད་གཏོང་མཁན་གྱི་གཙོ་སྐྱོང་བ་ཡིན། རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལྐོག་གསོད་གཏོང་རྐྱེན་གཙོ་བོ་ནི་ཁོང་གིས་ཏཱ་ལའི་བླ་མ་མཆོག་ཕྱིར་བོད་ལ་ཕེབས་པར་དགའ་བསུ་ཡོད་པའི་སེམས་འདུན་བསྟན་ཡོད་པས་རེད། ཧུའུ་ཅིན་ཐའོ་ཡིས་སངས་རྒྱས་བཀྲོངས་པའི་ཉེས་པའི་སྐོར། བདག་གིས་པར་བསྐྲུན་བྱེད་ལ་ཉེ་བའི་བོད་དོན་བརྩམས་དེབ༼ནམ་མཁའི་མཐོངས་སུ་བསྲིངས་པའི་བགྲོད་ལམ། ཧི་མ་ལ་ཡ་བརྒལ་བ།༽ ནང་ཐོག་མའི་གསལ་འགྲེལ་བརྒྱབ་ཡོད།
གྲོགས་པོ་ལྷན་རྒྱས། བདག་གིས་འདི་ནས་ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་ར་སྤྲོད་བྱས་ཟིན་པའི་བདེན་དོན་ཞིག་བཤད་ན་བསམ་སོང་། རང་དབང་ནི་ག་དུས་ཀྱང་དབང་ཆ་གཅིག་སྡུད་དྲག་པོའི་གཞུང་དང་སྲིད་དབང་སྒེར་གཅོད་པའི་སྙིང་རྗེ་ཡི་འོག་ནས་གསོལ་རས་རེག་ཐབས་མེད་པ་དང་། མི་མང་གིས་དྲག་པོའི་གཞུང་ལ་ངོ་རྒོལ་བྱེད་པ་ནི་རང་དབང་གི་འབྱུང་ཁུངས་ཡིན། གལ་ཏེ་དབང་ཆ་གཅིག་སྡུད་ལམ་ལུགས་འོག་གི་མི་རིགས་ཤིག་གིས་ངོ་རྒོལ་སྤང་བ་ཡིན་ན། རང་དབང་གི་རེ་བ་ཡོད་ཚད་བློས་གཏོང་བྱས་པ་དང་གཅིག་མཚུངས་ཡིན།
ཉེ་སྔོན་གྱི་ཐུའུ་ཉི་ཟིའི་མེ་ཏོག་མ་ལི་ཀའི་གསར་བརྗེ་དང་ཨེ་ཇིབ་ཀྱི་གསར་བརྗེ། ད་ལྟའི་ལི་བྷི་ཡའི་གསར་བརྗེ་སོགས་ཀྱིས་ཡང་བསྐྱར་འཛམ་གླིང་ལ་གསལ་སྟོན་གནང་བཞིན་པ་ནི་རང་དབང་དང་དམངས་གཙོ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་དར་སོ་ཡིན་པ་དེ་རེད། དེང་གི་ཆར་རྒྱ་ནག་གི་སྤྱི་ཚོགས་ནང་དུ་འགལ་བ་རིམ་འཕར་གྱིས་ཡང་རྩེར་སླེབས་ཡོད་པ་དེས་ཀྱང་མ་འོངས་ལུང་བསྟན་ཞིག་གནང་གི་ཡོད་དེ། མི་དམངས་ཀྱིས་ཁྱོན་ཡོངས་ནས་ངོ་རྒོལ་གྱི་ལས་འགུལ་གསར་བ་ཞིག་འབྱུང་འགྱུར་གྱི་ལོ་འགའི་ནང་སྤེལ་ངེས་པར་མ་ཟད། རཱ་ཤི་ཡ་དམར་པོའི་རྒྱལ་ཁབ་སྐད་ཅིག་ནང་འཐོར་ཞིག་ཏུ་སོང་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་རྒྱ་ནག་ནང་ཁུལ་དུ་ཡོངས་འགྲུབ་བྱེད་ཀྱིན་པ་དང་། རྒྱ་དམར་དྲག་པོའི་གཞུང་འདི་བཞིན་གུང་ཁྲན་རིང་ལུགས་ཀྱི་གཞུང་ལུགས་སྟེང་བཙུགས་པའི་ཤར་ཕྱོགས་ཀྱི་དམྱལ་ཁམས་ཡིན་སྟབས། མི་དམངས་ཀྱི་ཡར་ལངས་ཆེན་མོའི་ཁྲོད་འཐོར་ཞིག་ཏུ་འགྲོ་ངེས་ཡིན་ལ། ཨེ་ཤི་ཡ་ཤར་མའི་སྐམ་ས་ཆེན་མོར་རང་དབང་མངོན་འགྱུར་གྱི་ཉིན་མོ་དེ་མཐའ་མཇུག་སླེབས་ངེས་ཡིན།
གྲོགས་པོ་ལྷན་རྒྱས། ང་ཚོས་མངོན་སུམ་དུ་ལོ་རྒྱུས་གོ་སྐབས་ཀྱི་དུང་བརྡ་སྔ་མོ་ནས་ཐོས་སོང་། ཡིན་ནའང་། ལོ་རྒྱུས་ཀྱི་གོ་སྐབས་ནི་གྲ་སྒྲིག་ཨང་གསར་ཡོད་པའི་མི་རྣམས་ལ་ཁ་ལས་རླུང་རྟ་ཁུར་ཡོང་མཁན་ཞིག་ཡིན། དེ་ལྟར་ཡིན་པའི་དབང་གིས་ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་འདི་མ་ཤོར་བའི་སླད་དུ་དུས་སུ་བབས་པའི་གྲ་སྒྲིག་ཨང་གསར་བྱེད་དགོས་ཀྱི་ཡོད།
ལོ་ངོ ༥༢ཡར་སྔོན། བོད་མི་རིགས་ཀྱིས་གནམ་གྱིས་བསྩལ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་སླད་རྒྱ་དམར་དྲག་པོའི་གཞུང་གི་གདོང་དུ་གྱེན་ལངས་གནང་ཡོད་པས། བཙན་རྒོལ་གསུམ་བཅུའི་དུས་དྲན་ནི་རང་དབང་བརྩོན་ལེན་གྱི་མ་དཔེར་གྱུར་ནས་ལོ་རྒྱུས་ཀྱི་ཟིན་བྲིས་སུ་བཀོད་ཟིན། དུས་རབས་ཕྱེད་ཀའི་རིང་། བོད་མི་རིགས་ཀྱིས་རང་དབང་སླད་དྲག་ཏུ་བསྐོལ་བའི་ཁྲག་དམར་གྱི་ཐིགས་པ་རེ་རེ་ཡིས་བོད་སྒང་བའི་རི་ལུང་རེ་རེ་ཡི་བྲག་རྡོ་རེ་རེ་འཚིག་ཐུབ་ཀྱི་ཡོད་ལ། བོད་མི་རིགས་རང་དབང་ལ་དུང་བའི་བརྩེ་བ་གསོན་པོས་གནམ་ས་གཉིས་ལའང་ཡིད་འགུལ་ཐེབས་སུ་བཅུག་ཡོད། བོད་རང་དབང་། ཆེས་མང་པོའི་ཀེང་རུས་དང་ཁྲག་དམར་གྱིས་བཏེགས་པའི་དཀའ་སྡུག་གི་ཕུགས་བསམ་འདི་བཞིན་མངོན་འགྱུར་ཡོང་བར་གསོལ་བ་སྙིང་ནས་འདེབས། བོད་མི་གནམ་གྱིས་སྲུང་བོད་ལ་རང་དབང་ཤོག
ཕྱི་ལོ ༢༠༡༡ལོའི་ཟླ ༣ཚེས ༡༠ཉིན་ངྷ་རམ་སཱ་ལ།
བསྒྱུར་མཆན།
༡ མེ་ཏོག་མ་ལི་ཀ་ནི་རྒྱ་གར་གྱི་སྐད་ཡིན་པ་དང་། བོད་རྒྱའི་ཚིག་མཛོད་ཁ་ཤས་ནང་བ་སྤུ་མེ་ཏོག་དང་བ་སྤྲུ་མེ་ཏོག་སོགས་འབོད་ཀྱི་འདུག ཡིན་ནའང་། ཚིག་སྦྱོར་གྱི་ཆ་ནས་མ་ལི་ཀ་ཅུང་ཡག་པོ་ཡོད་པའི་ཁར། རྒྱ་ཡིག་ནང་མའོ་ལི་ཧྭ་ཞེས་པའང་མ་ལི་ཀ་ནས་སྒྲ་བསྒྱུར་བྱས་པ་ཞིག་ཏུ་སྣང་བས། མ་ལི་ཀ་བཀོལ་བ་ཡིན།
༢ མཁས་དབང་ཡཱན་ཧོང་བྷེན་ནི་ནང་སོག་རྩྭ་ཐང་དུ་སྐུ་འཁྲུངས་པ་དང་རྒྱ་དམར་གཞུང་གིས་སྤེལ་བའི་སྲིད་དོན་ལས་འགུལ་སྣ་ཚོགས་མིག་མཐོང་ལག་ཟིན་གྱིས་འཚར་ལོངས་བྱུང་བ་ཞིག་ཡིན་པར་མ་ཟད། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་བརྒྱུད་ཀྱིས་པེ་ཅིན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ཏུ་ཁྲིམས་དོན་འབུམ་རམས་པའམ་ལྷ་རམས་པའི་དམ་བཅའ་གྲུབ་མཚམས་སླར་ཡང་སྡེ་ཁག་དེའི་དགེ་རྒན་དང་རིམ་གྱིས་དགེ་རྒན་ཆེན་མོའི་ཕྱག་ལས་གནང་ཡོད་ཅིང་། དེང་སྐབས་རྒྱ་ནག་ཕྱི་ནང་གི་མཁས་པ་མང་པོས་རྒྱ་དམར་གཞུང་གི་སྐབས ༡༨དབུ་ཁྲིད་ལ་ཡོང་སྲིད་པར་འདོད་ཀྱིན་པའི་ཞིས་ཅིན་ཕེན་སྐབས་དེར་གྲོགས་པོ་ཡིན་པ་དང་། ལིས་ཁུ་ཆྰང་ནི་ཁོང་གི་སློབ་གྲོགས་ཡིན་འདུག
རྒྱ་ནག་སློབ་མས་སྤེལ་བའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་གྱི་བསམ་བློར་ཤུགས་རྐྱེན་བསྐྲུན་མཁན་ཁྲོད་ཀྱི་གཅིག་ཡིན་པ་དང་ལས་འགུལ་དེའི་རྒྱབ་དཔུང་གཞོགས་འདེགས་པའི་ཁྲོད་ཀྱི་གཅིག་ཀྱང་ཡིན་པས། པེ་ཅིན་སྲིད་གཞུང་གིས་ལྟ་རྟོག་འོག་ཀོས་ཀྲུའུ་ཞིང་ཆེན་ནང་རྒྱང་འཕུད་ལ་བཏང་འདུག དུས་ཡུན་དེའི་ནང་ཁོང་གིས་གསང་བའི་ལམ་ནས་ནང་སོག་བརྗོད་གཞིར་བཟུང་བའི་བརྩམས་སྒྲུང་གཅིག་དང་རྒྱ་ནག་བརྗོད་གཞིར་བཟུང་བའི་བརྩམས་སྒྲུང་གཅིག་བཅས་བརྩམས་ཡོད་པར་མ་ཟད། བོད་བརྗོད་གཞིར་བཟུང་བའི་བརྩམས་སྒྲུང༼ གསེར་མདོག་གི་གནས་རི༽ནི་བོད་ནང་སྔ་རྗེས་སུ་ཐེངས་བདུན་ལ་བསྐྱོད་ནས་ལེགས་འགྲུབ་གནང་བ་ཞིག་རེད་ལ། གངས་རིན་པོ་ཆེར་དམིགས་བསལ་གྱི་བརྩེ་བ་ཡོད་མཁན་གྲས་ཀྱི་གཅིག་རེད། ཕྱི་ལོ ༢༠༠༤ལོར་ཁོང་ཨོ་སི་ཁྲི་ཡར་སྲིད་དོན་སྐྱབས་བཅོལ་ལ་ཕེབས་རྗེས། བརྩམས་ཆོས་དེ་དག་ཧོང་ཀོང་དང་ཐའེ་ཝན་གཉིས་སུ་པར་བསྐྲུན་དང་། ཁོང་ལ་གཞན་རྩོམ་རིག་དང་ཁྲིམས་ལུགས་ཐད་ཀྱི་བརྩམས་ཆོས་ཀྱང་མང་པོ་ཡོད།
ན་ནིང་ཐའེ་ཝན་བརྗོད་གཞིར་བཟུང་བའི༼ཐའེ་ཝན་གྱི་གོད་ཆག་ཆེན་མོ༽དང༼ ཐའེ་ཝན་རྒྱལ་ཇུས༽གཉིས་དཔར་བསྐྲུན་གནང་རྗེས། བདུན་ཕྲག་ཁ་ཤས་ནང་དེབ་འབུམ་ཕྲག་ཁ་ཤས་བླུ་ཉོ་གནང་མཁན་བྱུང་ཡོད་པ་དང་། དེང་སྐབས་ཉི་ཧོང་། ཧྥ་རན་སི། དབྱིན་ཡིག་བཅས་ལ་བསྒྱུར་ཡོད་པའི་ཁར། རྒྱལ་སྤྱིའི་སྒང་སད་རྟོགས་ཆེན་མོའི་བརྩམས་ཆོས་ཞེས་གདེངས་འཇོག་མཐོན་པོ་གནང་ཡོད། ད་ལོར་ཁོང་གིས་བོད་བརྗོད་གཞིར་བཟུང་བའི་བརྩམས་ཆོས༼ནམ་མཁའི་མཐོངས་སུ་བསྲིངས་པའི་བགྲོད་ལམ། ཧི་མ་ལ་ཡ་བརྒལ་བ༽པར་བསྐྲུན་གྱིས་ཕྱི་ཚེས ༡༡ཉིན་རྒྱལ་བ་རིན་པོ་ཆེ་མཆོག་བརྒྱུད་ནས་བོད་ལ་ཕུལ་རྩིས་ཡོད་འདུག
འབྲི་མཁན་དང་བསྒྱུར་མཁན་གཉིས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།ཧ་ཅང་རིན་ཐང་ཅན་གྱི་རྩོམ་ཡིག་ཅིག་རེད།
་་་་། ཧུའུ་ཅིན་ཐའོ་ཡིས་སྔར་སངས་རྒྱས་སམ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཀྲོངས་པ་དེ་ཡིན། ་་་
ཞེས་དང་།
་་་་སྐབས་དེར་བོད་རང་སྐྱོང་ ལྗོངས་ཀྱི་དྲུང་ཡིག་ཆེན་མོའི་འགན་འཁུར་བཞིན་པའི་ཧུའུ་ཅིན་ཐའོ་ནི་སློབ་དཔོན་ ཆེན་མོ་པཎ་ཆེན་མཆོག་ལྐོག་གསོད་གཏོང་མཁན་གྱི་གཙོ་སྐྱོང་བ་ཡིན། ་་་་་
ཞེས་སོགས་གནས་ཚུལ་འདི་ཚོའི་་རིགས་ལ་པཎ་ཆེན་ཞབས་ཞུ་བ་ཚོས། ཁ་གསལ་ཙམ་གཏོང་བའི་དུས་ལ་མ་བབས་སམ། ཨ་ཁ། སུ་ལ་ཡིད་ཆེས་བྱ་འོས་སམ། ང་ནི་དམར་འཐོམས་རྒྱག་བགྱིད་འདུག
མཁས་དབང་མཆོག་ལ་འཚམས་འདྲི་ཡོད། ད་ཧུའུ་ཅིན་ཐོ་ཡིས་པཎ་ཆེན་རིན་པོ་ཆེ་ལྐོག་གསོད་བཏང་བ་གསལ་ཁ་བཏོད་འདུག བོད་མི་ཚོས་ག་རེ་བྱ་དགོས་སམ། ཁ་རོག་གེ་འདུག་གི་ཡིན་ནམ། ལས་ཀ་ཞིག་ལ་འགོ་འཛུགས་བྱེད་ཀྱི་ཡིན།
གངས་ཅན་བོད་ལ་དུངས་པ་ཟབ་པའི་རླབས་ཆེན་མཁས་དབང་ཡོན་ཧོང་པེན་ལ་ཕྱག་འཚལ།
ཧུའུ་ཅིན་ཐའོ་ཡིས་༧པཎ་ཆེན་རིན་པོ་ཆེ་བཀྲོངས་བ་རེད་ཅེས་བཤད་ཚུལ་ཞིག་སྔ་མོ་ནས་ཡོད་པ་རེད། ཡིན་ནའང་བདེན་པ་རྭ་སྤྲོད་བྱེད་པའི་རྒྱུ་མཚན་ཞིག་ཨེ་ཡོད་ད། སྐབས་དེ་དུས་ཧུའུ་ཅིན་ཐའོ་༧པཎ་ཆེན་དང་མཉམ་དུ་ཡོད་པའི་པར་ད་དུང་ཡང་མཐོང་རྒྱུ་འདུག དེ་མིན་རྒྱུ་མཚན་ཁ་གསལ་ཞིག་ཅི་ཡིན་མི་ཤེས།
ཧུའུ་ཅིན་ཐའོ་ཡིས་༧པཎ་ཆེན་རིན་པོ་ཆེ་བཀྲོངས་བ་རེད་ཅེས་བཤད་ཚུལ་ཞིག་སྔ་མོ་ནས་ཡོད་པ་རེད། ཡིན་ནའང་བདེན་པ་རྭ་སྤྲོད་བྱེད་པའི་རྒྱུ་མཚན་ཞིག་ཨེ་ཡོད་ད། སྐབས་དེ་དུས་ཧུའུ་ཅིན་ཐའོ་༧པཎ་ཆེན་དང་མཉམ་དུ་ཡོད་པའི་པར་ད་དུང་ཡང་མཐོང་རྒྱུ་འདུག དེ་མིན་རྒྱུ་མཚན་ཁ་གསལ་ཞིག་ཅི་ཡིན་མི་ཤེས།
མཁས་དབང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།ཁོང་ནི་ངེས་པ་དོན་གྱི་བོད་དོན་རྒྱབ་སྐྱོར་བ་རེད།
བོད་མི་གནམ་གྱིས་སྲུང་ཞེས་པར།
བོད་མི་ཚོ་སྤྱིར་སྟང་གནམ་ལ་དགའ་རབས་ཤིག་ཡོད་ཀྱང།
འོན་ཀྱང་གནམ་གྱིས་སྲུང་ཞེས་བརྗོད་དུས་གནམ་སྐོས་གོང་མ་ཆེན་མོ་ཞེས་པ་ནི་རྒྱ་ནག་གོང་མ་ལ་གོ་བ་སྔར་ནས་བཤད་སྲོལ་ཡོད་འདུག
འགོ་བརྗོད་དེ་ཅུང་ལེགས་པར་མ་མཐོང་ངོ།
ང་རང་ལ་ཡིད་ཆེས་ཡོད་པ་ནི་དཔའ་སྤོབས་དང་གཟི་བརྗིད་ལྡན་པའི་རྣམ་ཤེས་འདི་བཞིན་ཡང་ནས་བསྐྱར་དུ་མི་ལུས་འཕོས་ནས་བོད་ལ་རང་དབང་ཐོབ་རེག་བར་དུ་རྒྱུན་སྐྱོང་གནང་ངེས།
དངོས་གནས་རེད། མི་འདི་ཚོའི་གྲས་ནི་གསོན་པ་རླབ་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ་ཞེས་པ་དེ་རང་རེད། རྒྱུ་མཚན་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་གི་ཆེད་དུ་ཡིན་པས་སོ། མ་གཞི་མིའི་སྲོག་ཞེས་པ་དེ་ཤིན་ཏུ་རྩ་ཆེན་པོ་ཡིན་ཡང་། འོན་ཀྱང་མི་རིགས་ཤིག་གི་རང་དབང་དང་། འཛམ་གླིང་སྤྱི་ལ་ཕན་པའི་ཆོས་དང་རིག་གཞུང་ཞིག་དང་བསྡུར་ན་དེ་ཙམ་མ་རེད། དེས་ན་བོད་ནང་གི་བོད་མི་ཚོས་སྲོག་བློས་བཏང་བ་དེ་ནི་དོན་སྙིང་ལྡན་པ་ཞིག་རེད་མདོད།
ལྷན་རྒྱས་ཕེབས་ནས་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ།
༡ རྩོམ་པ་པོ་ཁོང་རྒྱ་ནག་གི་ཁྲིམས་དོན་མཁས་དབང་ཞིག་ཡིན་པའི་ཆ་ནས་པཎ་ཆེན་རིན་པོ་ཆེ་གློ་བར་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་རྒྱབ་ལྗོངས་བོད་མི་ཚོར་ཐོག་མར་ངོ་སྤྲོད་གནང་ཡོད་པས། བོད་མིས་འཆར་གཞི་ཇི་འདྲ་ཞིག་བཏང་ནས་གནད་དོན་འདིར་གདོང་ལེན་བྱས་ན་ཡག་ས་རེད།
༢ ཁ་བྱང་གི༼གནམ་གྱིས་སྲུང༽ཞེས་པ་འདིར་རྒྱ་ནག་གོང་མའམ། ཡང་ན། གནམ་བསྐོས་དགའ་ལྡན་ཕོ་བྲང་ལྟ་བུའི་གོ་དོན་མེད་པར་བོད་མིའི་གོམས་སྲོལ་ཁྲོད་ཁྱབ་ཡོད་པའི༼གནམ་རྒན་མ༽ཞེས་ནམ་མཁའ་ལ་གསོལ་བ་འདེབས་སྟངས་ཤིག་ཡོད་པ་དེ་རེད། ཡང་ཅིག་བཤད་ན། ༼གནམ་རྒན་མ༽ཞེས་པའི་ཚིག་འདི་ཨ་མདོའི་ལུང་སྐད་ནང་རྒྱུན་འབྱམས་སུ་སོང་ཡོད་པ་ཞིག་ཡིན།
པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་དུས་ཧུའི་ཅིང་ཐོ་གཞིས་རྩེར་ཡོད། ཀུན་གཟིགས་མཆོག་གི་སྐུ་གདུང་ནག་པོ་ཆགས་ཡོད་པར་མ་ཟད། གསོལ་གྲོད་ཀྱི་འགྲམ་དུ་ཨེ་ཁུང་ཆེན་པོ་ཞིག་ཀྱང་ཡོད་པའི་གནས་ཚུལ་བྱུང་ཡོད། དངོས་གཞི་དགོངས་པ་རྫོགས་དུས་ཞབས་གྲལ་རྣམས་ཕྱི་ལ་བཏང་ནས་རྒྱ་མིའི་སྨན་པས་བརྟག་དཔྱད་བྱས་པ་དང་དགོངས་པ་རྫོགས་རྗེས་ཞེ་དགུའི་བར་་རྒྱ་དམར་གྱི་དམག་མིས་སྲུང་སྐྱོབས་བྱས་ཡོད། དགོངས་པ་རྫོགས་པའི་ཉིན་གསུམ་གྱི་རྗེས་ལ་ང་ཚོ་མཇལ་ཁར་བཅར་སྐབས་ཞལ་རས་དར་གྱིས་གཏུམས་འདུག ཟླ་བ་དྲུག་གི་རྗེས་སུ་སྐུ་གདུང་ལ་ཞལ་གསེར་སྒྲོན་སྐབས་གསེར་དང་པོ་དེ་ནག་པོ་ཆགས་སྐོར་གནས་ཚུལ་ཁྱབ་ཡོད། ཞལ་རས་ནག་པོ་ཆགས་པའི་གནས་ཚུལ་དེ་ཐོས་མ་ཐག་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ནས་སྐུ་གདུང་ལ་བརྟགས་དཔྱད་བྱ་མཁན་རྒྱལ་སྤྱིའི་མི་སྣ་གཏོང་དགོས་པའི་རེ་འདུན་སྟོན་ཡོད་ཀྱང་རྒྱ་དམར་ནས་དང་ལེན་བྱས་མེད།
དོགས་གཞི་བྱེད་དགོས་པའི་གནས་ཚུལ་གཅིག་ལ་ཞལ་རས་ནག་པོ་ཆགས་པ་དེ་སྐུ་སྙིང་གི་ཁྲག་རྩ་དགག་ནས་སྐུ་ཁྲག་སྐུ་སྟོད་དུ་ལུས་སྐོར་འགྲེལ་བཤད་བྱས་སོང་། དུག་ཕུལ་ནས་སྐུ་བཀྲོངས་པ་ནི་གསལ་པོ་ཆགས་ཡོད།
སྤང་སྤོས་ལགས་ཕེབས་ནས་བོད་མིའི་ངོས་ནས་མཐོང་ཐོས་གསུངས་པར་ཐུགས་རྗེ་ཤིན་ཏུ་ཆེ།
ཕྲན་ནས་མཁས་དབང་གིས་བརྩམས་པའི་དེབ་ཀློག་ཡོད་ལ། དེའི་ནང་ཧ་ལམ་ཁྱེད་རང་དང་གཅིག་མཚུངས་ཀྱི་འགྲེལ་བཤད་བརྒྱབ་ཡོད་པར་མ་ཟད། ཁོང་གིས་སྐབས་དེར་པཎ་ཆེན་རིན་པོ་ཆེ་ཡི་ཞབས་གྲལ་བ་གཙོ་བོ་ཁག་ཚང་མ་ད་ལྟ་གྲོངས་ཚར་ཡོད་པར་མ་ཟད། སྐབས་དེར་པཎ་ཆེན་རིན་པོ་ཆེ་ནས་ཁོང་གི་ཚ་བོ་ཞིག་ཡོད་པའི་ལག་ཏུ་ཁ་བཏགས་ཤིག་གིས་ཤངས་ཁྲག་ཕྱིད་རྗེས་སྤྲད་ཡོད་མོད། ཚ་བོ་དེ་ད་ལྟ་བོར་བརླག་ཕྱིན་འདུག་ཅེས་བཀོད་འདུག འདི་དག་ཐད་ཁྱེད་རང་ལ་ཁ་གསབ་ཡོད་དམ།
ལྷ་སྡེ་གནམ་ལོ་ཡག་ལགས། ཁྱེད་ནས་ང་མི་ཉམས་ཐག་ནུས་མེད་གཅིག་ལ་བརྩེ་མཐོང་གནང་བ་ཐུགས་རྗེ་ཆེ།
ཀུན་གཟིག་མཆོག་དགོངས་པ་རྫོགས་པའི་སྔ་རྗེས་ཀུན་ཏུ་ང་ས་ཆ་དེར་ཡོད། ཞབས་གྲལ་གཙོ་བོ་དོན་གྲུབ་ལགས་སྡུག་གསོད་བཏང་བ་དང་། ཆོས་ཚེ་རིང་གཞིས་རྩེའི་སྤྱི་བདེའི་མི་སྣར་་བཀོད་པ། སྐུ་ཞབས་སྤེན་པ་ལགས་བཙན་དབང་གིས་བསད་པ། དེ་ཚོ་དངོས་ཡོད་རེད། ངས་ཀུན་གཟིགས་མཆོག་མཇལ་བའི་མཐའ་མ་ནི་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་གྱི་དབུ་འབྱེད་མཛད་པའི་ཉི་མོ་དེ་ཡིན། མཆོད་ཁང་གི་རྩེ་མོ་ནས་ཕྱོགས་མཐའི་མི་མང་ཀུན་ལ་ཕྱག་དབྱུག་གནང་བཞིན་རྒྱུན་རིང་གཟིགས་སོང་། བློ་བུར་དུ་ང་ལ་སྐྱོ་གདུང་གི་འཚོར་བ་ཞིག་སྐྱེས་སོང་ངས་ངུ་བཞིན་དུ་ཀུན་གཟིགས་མཆོག་གི་བརྟན་བཞུགས་གསོལ་འདེབས་དེ་སྐྱོར་བ་ཡིན། དེ་རྗེས་ངས་གཏམ་ངན་དེ་ཐོས་སོང་ད་ལྟ་ཡང་དེ་སྐོར་ཕྱི་དྲན་བྱེད་དུས་ང་སེམས་སྡུག་གིས་མནར་ནས་སྐད་ཆ་ཤོད་འདོད་མི་འདུག དགོངས་དག་ངའི་མིག་ཟུང་མཆི་མས་གང་སོང་།
ཀུན་གཟིགས་མཆོག་དགོངས་པ་རྫོགས་དུས་ཁོང་གི་སྐུ་དྲུང་དུ་ཚ་བོ་གཅིག་རང་ཡོད་པ་ནི་མཆོད་བརྟེན་ལགས་རེད། ཁོང་ད་ལྟ་གང་བཞུགས་མིན་ཤེས་ཀྱི་མེད་ཀྱང་ཁོང་མི་གཟི་བརྗིད་ཆེན་པོ་ཞིག་རེད།
སྤང་སྤོས་ལགས།
ཁྱེད་རང་ཡང་བསྐྱར་ཕེབས་ནས་ལྐོག་གསོད་དོན་རྐྱེན་འདིར་གསལ་ཁ་བཏོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལྟ་ང་ཚོ་ཚང་མར་བབས་ཡོད་པའི་འགན་འཁྲི་ནི་དོན་རྐྱེན་འདི༼གསོན་པ་གཞན་གྱིས་མ་ཤེས་ཤིང་། ཤི་བ་རང་གིས་མ་ཤེས་པ༽ཞེས་པའི་རྗེས་སུ་འགྲོ་རྒྱུགས་བྱེད་དུ་མི་འཇོག་པར་ས་རིས་ཐང་གསལ་བཟོ་རྒྱུ་དེ་རེད་བསམ། དེ་བས། བོད་རྒྱ་མཉམ་རུབ་ཀྱིས་དོན་ལྐོག་གསོད་དོན་རྐྱེན་འདི་གསལ་ཁ་བཏོད་བཞིན་པ་ནི་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཞི་དབྱིངས་ནས་ང་ཚོར་མགོན་སྐྱབས་གནང་བཞིན་པའང་ཡིན་པས། དེ་མིན་གྱི་སྐབས་དེའི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་འདིར་འགོད་པར་ཡང་བསྐྱར་རེ་བ་རྒྱག་གི་ཡིན།
འགྱུར་འདི་ལ་བོད་ཀྱི་ཕལ་སྐད་ལུང་སྟོན་པའི་རྣམ་བཞག་དང་མཐུན་པའི་ཁྱད་ཆོས་མ་འདྲ་བ་ཞིག་འདུག མཐོ་དམན་ཀུན་གྱིས་གོ་ཐུབ་ལ། རྒྱུགས་ཆེ་བའི་ཕ་སྐད་ཀྱི་ཉམས་ཐོན་པ་ཞིག་བསྒྱུར་འདུག་པས་ཡི་རངས་ཞུ་བཞིན་ཡོད།
༧ཀུན་གཟིགས་མཆོག་གི་སྐོར་དེ། ན་ནིང་༧རྒྱལ་བ་རིན་པོ་ཆེས་རྗེས་དྲན་མཛད་སྒོའི་སྐབས་གཤེགས་རྐྱེན་ལ་དོགས་པ་ཡོད་པའི་བཀའ་སློབ་ཞིག་གནང་ཡོད་པ་རེད། མཁྱེན་ལྡན་ཚོས་དེ་དབུས་སུ་བཞག་ནས་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་མེད་འགྲོ དེ་བཙལ་རྙེད་བྱུང་མཚམས་བཀའ་སློབ་ངོ་མ་བཀོད་ཀྱི་ཡིན། འདིར་ཡིན་ལ་མིན་ལ་གཅིག་བྲིས་མེད།
དེ་དུས་ཁོང་གི་སྐུ་དྲུང་དུ་ཡོད་པ་རེ་ད་ལྟ་ཡོད་ན་གནས་ཚུལ་ཇེ་གསལ་དུ་བཏང་ན་རེད། གོང་གི་སྤང་སྤོས་ལགས་ལ་ཐུགས་རྗེ་ཆེ་ཞུ།
ཆོས་ཚེ་རིང་གཞིས་རྩེའི་སྤྱི་བདེའི་མི་སྣར་་བཀོད་པ་ལ་བརྟག་ན་མི་ངན་འདི་དོན་རྐྱེན་དེའི་ནང་དུ་ལག་འབྲེལ་ཡོད་པ་འདྲ།
པཎ་ཆེན་རིན་པོ་ཆེ་དྲན་ཐེངས་རེ་རེ་ཁྲ་ཆུང་མིག་མཐར་མཆིལ་མ་འཁྱིལ་བཞིན་ངག་་འཁྲོལ་གྱིན་མི་འདུག་་རྒྱ་རིགས་རྩོམ་པ་པོ་གྲགས་ཆེན་ཡོན་ཧོང་པེན་མཆོག་ནས་གསལ་བརྗོད་རྩོམ་ཡིག་སྤེལ་པར་དགའ་བསུ་ཞུ།ཁོང་ནི་བོད་རིགས་སྤུན་ཟླ་ཡོངས་ནས་ནམ་ཡང་བརྗེད་མེད་རྟག་བརྟན་གྱི་བླ་རི་ལྟ་བུ་ཡིན།་ཡོན་ཧོང་པེན་ལ་འཇལ་དུ་འགྲོ་་་་་་་་་་་
གངས་སེང་དཀར་མོ་གངས་ཀྱི་གཞི་འཛིན་ཡིན།།
ཡོན་ཧོང་མཁས་པ་བོད་ལ་དུངས་སེམས་ཆེ།།
བོད་རྒྱ་གླེང་མོལ་དབུ་མའི་ཐབས་ལམ་མཆོག།
ད་ལྟ་ཉིད་དུ་བདེ་ལམ་རྙེད་པར་སྨོན།།
བལ་ཡུལ་ནས་།
ཀུན་གཟིགས་མཆོག་དགོངས་པ་ཇི་ལྟར་རྫོགས་སྟངས་སྐོར་རང་གིས་གང་ཤེས་ཉམས་ཞིབ་ཀྱི་རིང་མིན་གྲ་རྒྱའི་སྟོན་རྩིས་ཡོད།
ལྷན་རྒྱས་ཕེབས་ནས་མུ་མཐུད་དུ་བགྲོ་གླེང་དང་ཁ་གསབ་རྒྱག་རོགས།
རྩོམ་པོར་ཐུགས་རྗེ་ཆེ་ཞུ།
ཀུན་གཟིགས་པཎ་ཆེན་མཆོག་གི་གྲོངས་རྐྱེན་བརྩད་གཅོད་ཐུབ་སོང་བ་དེ་དངོས་གནས་རྩ་ཆེན་རེད། འོན་ཀྱང་། ནམ་རྒྱུན་དྲ་བ་འདིའི་སྟེང་ན་ཁྱོད་བཟང་ང་བཟང་ཟེར་མཁན་ཚོས་ཁ་གྲགས་མི་ཕོད་དོན་ཅི་ཞིག་ཡིན་ནམ།
པཎ་ཆེན་རིན་པོ་ཆེ་ཡི་ཇི་ལྟར་སྐུ་གཤེགས་པ་དང་སྐབས་དེར་ཁོང་གི་ཞབས་འབྲངས་བ་ཚོ་ཇི་ལྟར་ཡིན་པ་གསལ་བོ་ཆགས་ཀྱི་འདུག ད་དུང་སྲུང་འཛིན་ཞེས་པའི་ལོ་ཆུང་ཞིག་ཀྱང་ཁོང་གི་སྐུ་འགྲམ་ན་ཡོད་ཚུལ་འདུག བཤད་སྟངས་གཅིག་ལ་མི་དེ་ཁོང་གི་ཚ་བོ་རེད་ཟེར། ཡང་ལ་ལས་གསོས་ཕྲུག་རེད་ཟེར། གང་ལྟར་སྲུང་འཛིན་ཡང་བོར་བརླག་ཏུ་སོང་བ་ནི་དོན་དངོས་རེད།
སྲུང་འཛིན་ཞེས་པ་དེ་འདྲ་ཁོང་གི་སྐུ་དྲུང་ན་ཡོད་མ་རེད། སྐབས་དེདུས་ཁོང་གི་སྐུ་དྲུང་ན་ཡོད་པ་ནི། ཆོས་ཚེ་རིང་། དོན་གྲུབ་རྒྱའུ་ལགས། མ་ཆེན་མོ་སྤེན་ཆུང་ལགས། སྤེན་པ་ལགས། བཀྲ་ཤིས་སྟོབས་རྒྱས། སྤྲེ་ཧོར་ལམ་སྦྲགས་སྤྲུལ་སྐུ། བཅས་ཡོད།
སྤང་སྤོས་ལགས། སྲུང་འཛིན་ཟེར་བའི་ཕྲུ་གུ་ལོ་ཆུང་ཞིག་ཧ་ལམ་ཡོད་ས་རེད་ད། གང་ལྟར་གངས་རྒྱན་ཀུང་ཟིའི་སྤྱི་ཁྱབ་པ་ཆབ་འགག་བསམ་གྲུབ་སྐབས་དེར་ཁོང་གི་མདུན་ན་ཡོད་དམ།
སྲུང་འཛིན་ཟེར་བ་གོ་མྱོང་མི་འདུག གངས་རྒྱན་ཀུང་སིའི་སྤྱི་ཁྱབ་བསམ་གྲུབ་ལགས་ཞེས་པ་མང་པོ་གོ་མྱོང་ཡང་དགོངས་པ་རྫོགས་དུས་སྐུ་ཁྲིད་ལ་ཡོད་མེད་ཤོད་རྒྱུ་མེད། དངོས་གཞི་དགོངས་པ་རྫོགས་ས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་རེད། གཟིམ་ཆུ་མདོ་སྦུག་གཉིས་བྱས་པའི་སྦུག་མ་དེ་རེད། མདོ་དེ་ཆེན་པོ་ཞིག་ཡོད། མདོ་དེར་ཞབས་གྲབས་རྣམས་རེས་མོས་བྱས་ནས་བཞུགས་ཀྱི་ཡོད། དགོངས་པ་རྫོགས་པའི་མཚན་དེར་ཕོ་བྲང་གི་ཕྱིའི་ཐང་ཆེན་དུ་གཞིས་རྩེའི་གལ་ཆེའི་མི་སྣ་སོགས་ལྷན་དུ་ཕྱི་བོ་བར་བཞུགས། མཚན་དེར་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་རྣམ་པ་ཕར་བཅར་ནས་བརྟན་བཞུགས་ཕུལ་སྐབས་དགོངས་པ་རྫོགས་ཚར་ཡོད་འདུག སྐབས་དེར་ཞལ་རས་རྗེན་པ་མཇལ་མཁན་ཁག་གཅིག་ནས་ཞལ་རས་ནག་པོ་ཆགས་ཡོད་པ་གཟིགས་ཡོད།
སྐུ་ཞབས་སྤང་སྤོས་ལགས།
ཡང་དང་བསྐྱར་དུ་ཕེབས་ནས་དོན་རྐྱེན་གསལ་བོ་བཟོས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཉིད་ཀྱིས༼ཞབས་གྲལ་གཙོ་བོ་དོན་གྲུབ་ལགས་སྡུག་གསོད་བཏང་བ་དང་། ཆོས་ཚེ་རིང་གཞིས་རྩེའི་སྤྱི་བདེའི་མི་སྣར་་བཀོད་པ། སྐུ་ཞབས་སྤེན་པ་ལགས་བཙན་དབང་གིས་བསད་པ། དེ་ཚོ་དངོས་ཡོད་རེད༽ཅེས་གསུངས་ཡོད། དེ་མིན༼སྐབས་དེ་དུས་ཁོང་གི་སྐུ་དྲུང་ན་ཡོད་པ་ནི། ཆོས་ཚེ་རིང་། དོན་གྲུབ་རྒྱའུ་ལགས། མ་ཆེན་མོ་སྤེན་ཆུང་ལགས། སྤེན་པ་ལགས། བཀྲ་ཤིས་སྟོབས་རྒྱས། སྤྲེ་ཧོར་ལམ་སྦྲགས་སྤྲུལ་སྐུ། བཅས་ཡོད།༽ དེ་བས། མ་ཆེན་མོ་སྤེན་ཆུང་ལགས། བཀྲ་ཤིས་སྟོབས་རྒྱས། སྤྲེ་ཧོར་ལམ་སྦྲགས་སྤྲུལ་སྐུ་སོགས་ད་ལྟ་གང་དུ་བཞུགས་ཡོད་མིན་གྱི་གསལ་ཁ་ཡོད་དམ།
གནམ་སྡེ་ལགས་ཁྱེད་རང་ནས་ང་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། ལམ་བྲག་རིན་པོ་ཆེ་ཕལ་ཁམས་ཁུལ་དུ་བཞུགས་ཡོད་ཀྱི་རེད། ཀུན་གཟིགས་མཆོག་དགོངས་པ་རྫོགས་ནས་ཉིན་ཁ་ཤས་ཀྱི་རྗེས་ལ་ཁོང་གཞིས་རྩེ་ཐོན་པ་རེད། དོན་གྲུབ་རྒྱའུ་ལགས་ཀུན་གཟིགས་མཆོག་གི་དངུལ་གཉེར་དང་དྲུང་ཡིག་རེད། ཁོང་ཕལ་ཆེར་ཕྱི་ལོ་༡༩༩༦ ནང་ལ་དགོངས་པ་རྫོགས་པ་རེད། དེ་ཡང་ཁོང་གིས་ཨ་རིའི་རླུང་འཕྲིན་ཉན་པར་བརྟེན་རྒྱ་དམར་ལས་བྱེད་ནས་དགོན་པའི་ཡིག་ཚང་ནང་བསྐོངས་ནས་སྐད་ཆ་བྲི་སྐབས་ཁོང་་ས་ཆ་དེ་རང་དུ་་རིལ་བ་ཁྱར་ཁྱོར་ངང་གཟིམ་ཁང་དུ་ཕེབས་སྐབས་དགོངས་པ་རྫོགས་པ་དེ། ཁོང་གིས་ཡང་སྲིད་བརྫུས་མའི་ཞབས་ཞུ་དང་ལེན་མ་གནང་བར་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་གནང་ཡོད། སྤེན་པ་ལགས་ཀུན་གཟིགས་མཆོག་གི་གསོལ་དཔོན་ཆེན་མོ་རེད། ༡༩༩༥་ལོར་ཡང་སྲིད་བརྫུས་མའི་ཞབས་ཕྱིར་ཡོང་དགོས་སྐོར་བཙན་བཀའ་བཏང་དང་ལེན་མ་གནང་བར་བརྟེན་རྒྱ་དམར་ནས་བཙོན་བཅུག་གིས་འཐབ་འཛིངས་རིམ་པར་བཏང་རྗེས་གློ་བུར་དུ་དགོངས་པ་རྫོགས་པ་རེད། སྤེན་ཆུང་ལགས་སྐབས་དེ་དུས་དགོངས་ལོ་༨༠་ལྷག་རེད་དགོངས་པ་རྫོགས་ཚར་བ་རེད། ཆོས་ཚེ་རིང་དེ་སྔོན་གཞིས་རྩེའི་ཉེན་རྟོགས་པའི་ལས་ཀ་བྱེད་ཀྱི་ཡོད་ཚུལ་གོ་ཐོས་ད་ལྟ་གང་ཡོད་ཤེས་ཀྱི་མེད། བཀྲས་སྟོབས་དེ་སྔོན་བཀྲ་ཤིས་ལྷུན་པོའི་དགོན་པའི་ནང་ཡོད་སྐོར་གོ་ཐོས་བྱུང་ད་ཆ་གང་བཞུགས་མི་ཤེས་ཀུན་གཟིགས་དགོངས་པ་རྫོགས་དུས་ཁོང་ལོ་ཆུང་ཆུང་རེད།
ཐུགས་རྗེ་ཆེ། གངས་ལྷ་མེ་ཏོག་དང་སྤངས་སྤོས་ནི་མི་གཅིག་ཡིན་ནམ།
མི་སྲིད་པའི་ཡག་པོ་རེད། རིང་མིན་ཁྱེད་རང་གི་མཐོང་ཐོས་ཆ་ཚང་སྤེལ་བར་རེ་སྒུག་བྱེད་ཀྱི་ཡིན།
གནམ་སྡེ་ལགས་ཁྱེད་རང་ནས་ཀུན་གཟིགས་མཆོག་གི་སྐོར་ལ་དོ་སྣང་དེ་འདྲ་གནང་བ་ཐུགས་རྗེ་ཆེ།
ད་ལྟའི་པཎ་ཆེན་རྫུན་མ་འདིས་གནས་ཚུལ་འདི་དག་མཐོང་ན་ཁོ་ལ་བསླབ་བྱ་ཐེངས་གཅིག་ཐེབས་རྒྱུ་རེད།
ད་ལྟ་ང་ཚོས་རྒྱ་ནག་གི་གསར་ལམ་ཁག་ལ་ཕྱིར་ལྟ་ཞིག་བྱས་པ་ཡིན་ན། སྐབས་དེའི་གསར་འགྱུར་ཁག་གི་མདོ་དོན་གཤམ་གསལ།
༡༽ ཕྱི་ལོ ༡༩༨༩ལོའི་ཟླ ༡ཚེས ༡༣ཉིན། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྷ་སར་ཁ་གྱེས་ནས་གཞིས་རྩེ་བསྐྱོད་ནས་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བ་བར་གྱི་སྐུ་གདུང་མཆོད་རྟེན་སྒོ་འབྱེད་གཙོ་སྐྱོང་གནང་ཡོད། ཕྱི་ཟླ ༡ཚེས ༢༢ཉིན། གདུང་རྟེན་མཆོད་རྟེན་སྒོ་འབྱེད་མཛད་སྒོ་རྒྱ་ཆེན་པོ་ཞིག་སློབ་དཔོན་ཆེན་མོ་པཎ་ཆེན་གྱི་གཙོ་སྐྱོང་འོག་བསྡུས་ཡོད། མཛད་སྒོ་མཇུག་བསྡུས་རྗེས། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་བཀའ་ཆོས་མང་པོ་ཞིག་རྒྱུན་མཐུད་ནས་གསུང་ཡོད་པས། ངལ་དུབ་ཀྱི་དབང་གིས་གློ་བུར་དུ་སྙིང་གི་ན་ཚར་རྐྱེན་བྱས་དགོངས་པ་རྫོགས་ཡོད། སྐབས་དེར་དབུས་སྲིད་གཞུང་ནས་ཤེས་རྟོགས་བྱུང་འཕྲལ་ཆེད་ལས་སྨན་པའི་རུ་ཁ་ཅིག་གི་སྣེ་ཁྲིད་པའི་མི་སྣ་གལ་ཆེན་ཆེད་གཏོང་གིས་མྱུར་སྐྱོབ་སྨན་བཅོས་བྱས་ཀྱང་ཕན་མེད་ཀྱིས་ཕྱི་ཟླ ༡ཚེས ༢༨ཉིན་གྱི་མཚན་མོ་ཆུ་ཚོད ༨དང་སྐར་མ ༡༦སྟེང་གཟིམ་ཁང་བདེ་ཆེན་སྐལ་བཟང་ཕོ་བྲང་གི་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་རྫོགས་སོང་།
༢༽ རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་སྲིད་ངོས་འཛིན་དང་མྱ་ངན་འདུ་ཚོགས་བསྐོང་བའི་བཀའ་རྒྱ་འདི་རེད། 国务院于1989年1月30日,即大师圆寂后第三天,就作出了《关于第十世班禅大师治丧和转世问题的决定》。决定中说:
“根据扎什伦布寺民主管理委员会和僧众的请求,并参照历史惯例,国务院特就治丧和转世问题决定如下:
一、在日喀则市扎什伦布寺修建第十世班禅额尔德尼•确吉坚赞法体灵塔和祀殿,供后人瞻仰朝拜,缅怀他爱国爱教的业绩。修建灵塔和祀殿事宜,责成西藏自治区人民政府和扎什伦布寺民主管理委员会共同办理。经费由国家拨专款。
二、由扎什伦布寺民主管理委员会按照藏传佛教的仪轨,举行宗教悼念活动,办理遗体保存等事宜,经费由国家拨专款。
三、由扎什伦布寺民主管理委员会负责,并视必要请中国佛教协会、佛协西藏分会协助,办理第十世班禅额尔德尼•确吉坚赞转世灵童的寻访、认定等事宜,报国务院批准。”
《决定》由国务院总理李鹏签发。
ངས་ངེས་པ་ཞིག་ལ་ཉིན་ཞིག་ཀུན་གཟིགས་མཆོག་ནས་ང་ཚོ་ཆུང་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་དུ་མཇལ་ཁ་གནང་ནས་ངས་ཁྱེད་རང་ཚོ་ལ་བྱམས་པོ་བྱེད་ཀྱི་ཡིན་དེ་བྱེ་རིལ་སྤྲད་ནས་མིན་པར་དབྱུག་པ་ཞུས་ནས་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་བྱ་དགོས་བསླབ་བྱ་རྒྱག་གི་གསུངས་སོང་། རང་ཉིད་ལོ་ན་ཆུང་ཡང་བཀའ་སློབ་དེ་ད་ལྟ་ཡང་མི་རྗེད་པར་སེམས་ལ་གནས་འདུག ཚོང་པ་རྒྱག་པ་ལགས། ཁྱོད་གང་དུ་བཞུགས་ཡོད།
གནམ་སྡེ་ལགས་ཁྱེད་ནས་སྐུ་ངལ་སྐྱོན་ནས་གནས་ཚུལ་འགྲེལ་སྤེལ་གནང་བར་ཐུགས་རྗེ་ཆེ།
ཀུན་གཟིགས་གདན་ས་བཀྲ་ཤིས་ལྷུན་པོར་མ་ཕེབས་སྔོན་དུ་བཀའ་སློབ་གནང་དོན་གདན་ས་བཀྲ་ཤིས་ལྷུན་པོར་སྔ་སྲོལ་གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང་། བདེ་ཆེན་སྐལ་བཟང་ཕོ་བྲང་གི་ཐ་བ་བརྩི་ཙམ་མ་བརྗེ་བར་ར་འཇགས་འཇོགས་དགོས་པའི་བཀའ་ཕེབས་ཡོད།
ཨ་ཀྱཱ་རིན་པོ་ཆེ་ནས་རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་ལ་རྒྱལ་མཚན་ནོར་བུ་ངོས་འཛིན་བྱེད་སྐབས་མགོ་བསྐོར་བཏང་བའི་སྐོར་བྷི་བྷི་སི་གསར་ཁང་ལ་འགྲེལ་བརྗོད་གནང་བའི་འབྲེལ་ཐག་གཤམ་གསལ།
http://www.bbc.co.uk/zhongwen/simp/china/2010/10/101018_arjia_golden_urn.shtml
ཀུན་གཟིགས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐོར་ལ་རྩོམ་པ་པོ་མཆོག་དང་ཁོང་གིས་བརྩོམས་གནང་བའི་དོན་གནད་རྣམས་བསྒྱུར་མཁན་དང་གནས་ཚུལ་མཁོ་འདོན་གནང་མཁན་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་ཡིན་ང་ནི་ལོ་གྲངས་བདུན་ཅུ་ལྷག་གི་མི་རྒན་ཡིན་པས་ང་ཚོའི་བོད་མི་མང་གི་སྐྱབས་མགོན་ཆེན་པོ་མཆོག་གློ་བུར་དུ་སྐུ་ཞིང་གཤེགས
ཀྱི་གནས་ཚུལ་ངོ་མ་ཤེས་འདོད་ཧ་ཅང་ཆེན་པོ་འདུག་པས་འབྲེལ་ཡོད་ཞབས་ཞུ་བའི་གྲས་དང་མཁྱེན་མཁན་རྣམ་པས་ཐུགས་འཁུར་ཆེ་བཞེས་ཡོང་བ་མཁྱེན་ཞུ་རྒྱུ་ཡིན་གློ་བུར་གྱི་གནས་ཚུལ་དེ་ལ་ཨ་ཡ་མཚན་ཆེན་པོ་འདུག་སྐབས་དེ་དུས་ང་རང་གི་སེམས་ནང་དོགས་འཆར་ཆེན་པོ་བྱུང་ཡང་སྡུག་གོམ་རྒྱབ་ནས་སྡོད་རྒྱུ་ལས་གཞན་གྱི་བྱ་ཐབས་དབེན་ཚང་མར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་།
གངས་ལྷ་མེ་ཏོག་ལགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་ཞི་དབྱིངས་སུ་འཐིམས་ཚུལ་བསྟན་པའི་དོན་རྐྱེན་དེའི་སྔ་རྗེས་ལ་ཕྱིར་དྲན་གྱིས་སྤེལ་བར་བཀའ་དྲིན་ཤིན་ཏུ་ཆེ།
རེད་ལགས། ཚོང་བ་རྒྱགས་པ་དང་རྒྱལ་ཚོང་བ་སོགས་ཀྱང་བོད་མི་རེ་འགས་ཁོང་གི་ཐུགས་དགོངས་མ་རྟོགས་པར་ཕར་བཙན་བཏགས་བྱས་པ་ཞིག་ཡིན་མོད། ཁོང་གིས་དེ་རིགས་ལ་ཐུགས་ཕམ་གནང་མི་སྲིད་པ་ནི་སྐབས་དེར་ཁོང་གི་གནང་སྟངས་ཁག་ལས་ཧ་གོ་ཐུབ་ཀྱི་ཡོད།
དཔེར་ན། ཕྱི་ལོ ༡༩༨༨ལོ་ནས་འགོ་བཙུགས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོ་ཨུ་ཡོན་ལྷན་ཚོགས་འཛུགས་པའི་སྔོན་འགྲོར་གྲ་སྒྲིག་ཨུ་ཡོན་པ་དམིགས་འཛུགས་དང་། དཔལ་འབྱོར་གྱི་ཡོངས་ཁུངས་ཀྱང་རྒྱ་གཞུང་ནས་མ་ཡིན་པར་ཁོང་གིས་གཉེར་བཞིན་པའི་བོད་གངས་རྒྱན་སྤྱི་བསྡོམས་མཐུན་གཉེར་ཁང་དང་སྲོང་བཙན་གསོལ་མགྲོན་ཁང་གཉིས་ཡིན་པ་རེད། གལ་སྲིད་ཁོང་གི་མཛད་པ་དེ་དག་ལེགས་འགྲུབ་བྱུང་ཡོད་པ་ཡིན་ན། ཉུང་མཐར་ཆོས་ལུགས་དང་རིག་གཞུང་ལ་རང་སྐྱོང་རེག་ཚར་ཡོད་པ་སྨྲས་མེད་རེད།
གནམ་སྡེ་ལགས་ཀུན་གཟིགས་མཆོག་དགོངས་པ་རྫོགས་དུས་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་ལྷན་དུ་བཞུགས་ཡོད།
རེད་ལགས། ཐུགས་རྗེ་ཆེ། ཁ་སང་ཕྲན་ནས་ཁ་སང་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་བྷི་བྷི་སི་གསར་ཁང་ལ་རྒྱལ་མཚན་ནོར་བུ་པཎ་ཆེན་ཡང་སྲིད་ལ་འཇོག་དུས་རྒྱ་གཞུང་གིས་མགོ་བསྐོར་བཏང་ཚུལ་གསུངས་པར་ཉན་པ་ཡིན་ལ། དེའི་ནང་དུ་རོབ་ཙམ་གསུངས་སོང་། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་ནས་གསུངས་དོན། པཎ་ཆེན་རིན་པོ་ཆེར་སྐུ་ངལ་ཕོག་ཡོད་ཀྱང་གློ་བུར་དུ་གྲོངས་དགོས་པའི་སྐུ་ངལ་དེ་འདྲ་མ་རེད་ཅེས་གསུངས་འདུག དེ་ཙམ་ལས་ཞིབ་ཕྲ་མི་འདུག
སྐབས་དེ་དུས་སྐུ་སྲུང་བ་གཙོ་བོ་གཉིས་ཡོད་གཅིག་ནི་ལམ་སྦྲག་རིན་པོ་ཆེ་དང་། གཞན་པ་དེའི་མིང་མི་ཤེས་ཨམ་བདོ་བ་ཞིག་རེད་ཅེས་ཟེར་གྱི་འདུག་གོ་ཐོས་ལ་དམག་དཔོན་ཆེན་པོ་ཞིག་ཡིན་པ་འདྲ། ལམ་སྦྲག་རིན་པོ་ཆེ་ལམ་སེང་ཁམས་སུ་ཕེབས་པ་རེད། ཨམ་མདོ་བ་ཁོང་ཞེ་དགུ་མ་རྫོགས་བར་དུ་བཞུགས་སོང་། གུས་ཀྱི་དྲན་པ་ཞིག་ལ་ཉིན་ལྟར་ཤུམས་ཀྱི་འདུག་ལ་གདོང་པ་ཡང་མི་བཀྲུ་བ་དང་། ཁ་སྤུ་ཡང་རིང་པོ་ཆགས་སོང་། ཞེ་དགུའི་རྗེས་ལ་ཁོང་མཐོང་མ་བྱུང་། གོང་གསལ་ཁོང་གཉིས་ནས་ནང་མའི་གནས་ཚུལ་མཁྱེན་ངེས་དང་། དེ་མིན་ཆོས་ཚེ་རིང་ནས་གསལ་པོ་ཤེས་ངེས་རེད།
གནམ་སྡེ་ལགས་ཁྱེད་རང་ནས་རྒྱ་ནག་གི་སྐབས་དེའི་གསར་འགྱུར་བཀོད་གནང་བ་ཐུགས་རྗེ་ཆེ། ཕལ་ཆེར་དགོངས་པ་རྫོགས་དུས་ནམ་དཀྱིལ་ཙམ་ལ་ཡིན་པ་ཡོད། སྐུ་གདུང་གི་མཛད་སྒོ་གྲུབ་རྗེས་མི་མང་ལ་མཇལ་ཁ་གནང་བ་དང་། བདོ་དབུས་ཁམས་གསུམ་གྱི་འབྲེལ་ཡོད་མི་སྣར་མཇལ་སྤྲད་གནང་ཡོད། བདེ་ཆེན་སྐལ་བཟང་ཕོ་བྲང་འཚོམས་ཆེན་དུ་དང་པོར་སྲིད་དོན་མི་སྣར་མཇལ་སྤྲད་གནང་སོང་། དེ་དུས་ང་ཚོ་མོག་མོག་བཟོ་མཁན་ཡིན་དགོན་པར་མོག་མོམ་བཟོས་ནས་བཙོས་གྲུབ་པ་དང་མོ་གྲར་འགྱངས་ནས་ཕོ་བྲང་དུ་བསྐྱལ་དུ་འགྲོ་ཡི་ཡོད།
སྤངས་སྤོས་ལགས།
ཐུགས་རྗེ་ཆེ། བཀའ་འདྲི་ཞུ་ཡ་ཁ་ཤས་ཤིག་འདུག
༡ ཟླ་དྲུག་གི་རྗེས་སུ་སྐུ་གདུང་ལ་གསེར་རྩི་གཏོང་སྐབས་རྩི་དང་པོ་དེ་བཞིན་བྱུག་ཀྱང་སྐུ་གདུང་ནག་པོ་ཆགས་པར་བརྟེན་ནས་བཀྲ་ཤིས་ལྷུན་པོ་དགོན་གྱིས་རྒྱལ་སྤྱིའི་བརྟག་དཔྱད་ཅིག་ཡོང་དགོས་ཀྱི་འདུག་ཅེས་པ་དེ་ནི་ཡིག་ཐོག་ནས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བར་ཕུལ་བ་རེད་དམ། ངག་ཐོག་ནས་ཞུས་པ་རེད། སྐབས་དེར་འགོ་ཁྲིད་མཁན་སུ་རེད། ད་ལྟ་བཞུགས་ཡོད་དམ།
༢ གོང་དུ་གླེང་སློང་བྱས་པ་བཞིན་མཆོད་རྟེན་ཟེར་མཁན་དེ་དང་གཞན་ཕྱག་མཛོད་བསྟན་པ་ཟེར་བའི་ཨ་མདོ་བ་ཁ་ཤས་ཡོད་པ་དེ་དག་སྐབས་དེར་སྐུ་བཅར་གྱི་གྲས་སུ་ཡོད་དམ།
༣ སྐབས་དེར་ཧུའུ་ཅིན་ཐོ་མ་གཏོགས་གཞན་པ་སུ་ཡོད་མེད་ཤེས་ཀྱི་ཡོད་དམ།
ཕལ་ཆེར་ཁྱེད་རང་ནས་གསན་ཕྱོགས་ནོར་བ་ཡིན་པ་འདྲ། གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ནས་ཀུན་གཟིགས་མཆོག་དགོངས་པ་རྫོགས་པའི་ཉིན་དེ་ནས་སྐུ་གདུང་ནག་པོ་ཡིན་པ་ཤེས་ཡོད་ལ་སྐབས་དེ་རང་རུ་རྒྱལ་སྤྱིའི་བརྟགས་ཞིབ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་ལ་གཏོན་མཁན་གྲས་སུ་ང་ཡང་ཡོད།
བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བསམ་གཏན་ཕྱོགས་ནས་གུས་ལ་གསལ་པོར་གསུངས་པ་ཞིག་ལ་སྐུ་གདུང་ནག་པོ་ཆགས་པའི་སྐོར་དེ་ཡིན།
ཐུགས་རྗེ་ཆེ། རྒྱལ་སྤྱིའི་སྒང་ནས་བརྟག་དཔྱད་ཚོགས་པ་ཞིག་གཏོང་དགོས་ཞེས་འབོད་སྐུལ་ཞུས་པ་དེའི་བརྒྱུད་རིམ་མདོར་བསྡུས་ཤིག་གསུང་པར་རེ་བ་རྒྱག་གི་ཡོད།
སྐབས་དེ་དུས་རྫ་དྲག་གནས་ཚུལ་རེད་དྲང་པོར་བཤད་ན་སྐད་ཆ་ལབ་སྟངས་མི་འདྲ་བའི་དབང་གིས་བཙོན་དུ་བཅུག་ཡོད། ཉིན་ཞིག་ཀུན་གཟིགས་ཉིན་འོད་སློབ་གྲྭར་ཚོགས་འདུ་ཆེན་པོ་ཞིག་འཚོགས་སོང་། ཞེ་སྣང་གིས་སྙིང་དབྱུག་གི་འདུག ཡིན་ན་ཡང་ང་ཚོ་ཚོགས་འདུ་དེ་མི་འགྲོ་ཐབས་མེད།
དྲང་པོར་བཤད་ན་ང་ཚོའི་སེམས་སུ་རྒྱལ་སྤྱི་ཞེས་པ་དེ་སྟོབས་ཤུགས་ཆེན་པོ་དང་གང་ཡང་བྱ་ཐུབས་མཁན་ཞིག་ཡིན་པ་བསམ་ཡོད། དེ་དུས་ང་ཚོར་སེམས་ཤུགས་ཡོད་གང་ལགས་ཞེས་ང་ཚོའི་རྒྱབ་ཏུ་རྒྱལ་སྤྱི་ཡོད་བསམ་པའི་སྟོངས་གཏོང་བསམ་དེ་ཡིན་ད་ཆ་གཞི་ནས་བསམ་ན་བརྫུས་ན་ཡིན་པ་ཤེས་དུས་ངས་གང་ལབ་དགོས་མིན་ཤེས་མ་སོང་།
སྐབས་དེ་དུས་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ནས་ངོ་བསྣོངས་མི་དགོས་པའི་ཕྱག་ལས་གནང་ཡོད་ད་ལྟ་་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱ་མཁན་ཡོད་དམ་ནོར་འཕྲུལ་ཚང་མ་ཁོ་ཚོའི་རེད། འོ་ན་ཁོང་ཚོས་གང་ནོར་ཡོད་དམ
ཐུགས་ཁག་མི་འདུག་ཏེ། ད་ལྟ་ང་ཚོར་མིག་དཔེ་ལྟ་ས་གཅིག་ཡོད་པ་རེད། ལོ་གཉིས་ཀྱི་སྔོན་ལ་རྒྱ་ནག་གི་རྩ་རླུང་བསྒོམ་སྒྲུབ་ཚོགས་པས་ཚོགས་པ་དེ་དྲག་གནོན་བྱེད་མཁན་གཙོ་བོ་ཅང་ཙེ་མིན་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་ཀྱིས་འཛམ་གླིང་ནང་ཁོ་རང་ཉེས་ཅན་ཞིག་ཡིན་པ་ངོ་འཕྲོད་དུ་བཅུག་ཡོད། དེ་བས། ང་ཚོས་ངོས་ནས་ཀྱང་ལས་ཀ་དེ་ལས་ཐུབ་ཀྱི་རེད་ལ། མི་ཐུབ་པ་ཞིག་ཀྱང་མ་རེད་སྙམ། ཁྱེད་ཀྱིས་གང་འདྲ་བསམ་གྱི་འདུག
ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ཞིག་མངོན་ཐབས་ལ་ཁ་བརྡ་བྱེད་པ་མཐོང་བས་གློ་བ་དགའ། འདིའི་སྐོར་དེའི་སྐབས་ཀྱི་གནས་ཚུལ་དངོས་ཤེས་མཁན་ཚོས་གང་མང་མང་ཞིག་བཤད་ཐུབ་ན་བཟང་། དབྱིན་དེབ་ HOSTAGE OF BEIJING
THE ABDUCTION OF THE PANCHEN LAMA ཞེས་པ་དང་། The Search For the Panchen Lama ལའང་། ཁོམ་ལོང་རེ་ཡོད་ན་སྤྱན་ཞགས་རེ་འཕེན་རྒྱུ་མ་བརྗེད།
དེབ་རྗེས་མ་དེའི་ནང་། པན་ཆེན་རིན་པོ་ཆེའི་ཞབས་ཞུ་བ་བློ་བཟང་ཚུལ་ཁྲིམས་ཟེར་བ་ཞིག་ལ་ཁོང་མ་གྲོངས་པའི་སྔ་ཕྱིའི་གནས་ཚུལ་མང་པོ་དྲིས་འདུག
གྲོངས་དུས་ནི། ཟླ་དང་པོའི་ཚེས་༢༨ ཞོགས་པ། དུས་ཚོད་བརྒྱད་པ་ནས་བརྒྱད་དང་ཕྱེད་ཀའི་བར་ཡིན་པ་དང་གྲོངས་པ་ནས་སྒོ་བརྒྱབ་པ་རེད་བརྗོད་འདུག གྲོངས་པའི་རྗེས། རྒྱ་མིའི་སྨན་པ་གསུམ་བཞི་ཞིག་ཡོང་ནས་ཉིན་གང་སྐུ་ཕུང་ཐོག་དུས་ཚོད་བཏང་སོང་། གྲོངས་མེད་ན་མྱུར་སྐྱོབས་བྱེད་དགོས་མོད། གྲོངས་ཚར་བ་ཞིག་གི་སྒང་ག་རེ་བྱས་ནས་དུས་ཚོད་དེ་འདྲ་མང་པོ་བཏང་བ་རེད། སྒོ་ག་རེ་བྱས་ནས་རྒྱག་དགོས་པ་རེད་གསུངས་འདུག
མ་གྲོངས་པའི་སྔ་དགོང་དེར། པཎ་ཆེན་རིན་པོ་ཆེས་ཞབས་ཞུ་བ་དེར་ཀམ་པ་ལི་ཞིག་འཁྱེར་ཤོག་གསུངས་པ་ལྟར་དེ་ཁྱེར་ཕྱིན་པའི་སྐབས། བདེ་སྲུང་མི་སྣ་གསར་པ་རྐྱང་སླེབས་འདུག ཁོང་ཚོ་བདེ་སྲུང་མི་སྣ་རྒན་པ་ཞིག་འདུག་པ་དེའི་བཀའ་བཀོད་འོག་ཡོད་པ་འདྲ་ཞིག་འདུག རྒན་པ་དེ་དེ་སྔོན་རྩ་ནས་མཐོང་མ་མྱོང་ཚུལ་བཤད་འདུག དེ་སྐབས་ཞབས་ཞུ་བ་དེ་ནང་དུ་བཏང་མི་འདུག
ཡུན་རིང་མ་མཇལ་བའི་མདའ་ཚན་པ་ཕེབས་ནས་ཁ་སྣོན་དགོངས་ཚུལ་གསུང་བར་བཀའ་དྲིན་ཆེ།
རེད་ཡ། བདེ་སྲུང་མི་སྣ་དེ་ཧ་ལམ་སྐབས་དེ་ལྗོངས་སྤྱི་བདེ་ཐིང་གི་འགོ་གཙོ་གཞོན་པ་དེ་མིན་ནམ་བསམ་པ་ཞིག་འདུག འོན་ཀྱང་། ད་ལྟ་གསལ་ཁ་རེག་མ་སོང་།
པཎ་ཆེན་༸སྐུ་གོང་མ་བཀྲོང་ཡོད་ན། ང་ཚོ་གསོན་ལུས་བོད་མི་རྣམས་ཀྱིས། ཁོང་བཀྲོང་མཁན་ངོས་འཛིན་མ་ཐུབ་པ་ནི། བོད་མི་རིགས་ཀྱི་ལོ་རྒྱས་ནང་ཞབས་འདྲེན་ཆགས་པར་ངེས་པས།
དུག་གཏོང་མཁན་དངོས་དང་། རྒྱབ་ལོགས་ཀྱི་ལག་དམར་གཉིས་ཀར་གསལ་སྟོན་ཐུབ་ན། རྒྱ་རིགས་མི་མང་ངོས་ནས་ང་ཚོའི་སྤྱི་དོན་ལ། རྒྱབ་སྐྱོར་ཚད་མེད་པ་ཅིག་ཐོབ་པར་ངེས་པས། དེ་དོན་འབྲེལ་ཡོད་ཚང་མས་ཉམས་ཞིབ་མཐར་ཕྱིན་གནོངས་རོགས་ཞུ།
ཀརྡོ་རབ་འབྱམས་པ་ལགས་ཕེབས་པ་བཟང་།
མ་རྩོམ་ནང་ལག་དམར་དམར་འདོན་གནང་ཡོད་པས། བོད་མི་ཚོར་རུས་པའི་གསེང་ན་ཞག་རྩི་མེད་ན་མ་གཏོགས་ལས་ཀ་ལག་པར་སྤྲད་ཚར་ཡོད་པ་རེད། དེ་བས། རེ་བ་ཡིན་ན་ཚང་མ་མཉམ་རུབ་ཀྱིས་སྐབས་དེའི་མགོ་རྔ་ཆ་ཚང་ཞིག་བསྡུ་རུབ་ལ་བརྩོན་ལེན་བྱེད་གལ་ཤིན་ཏུ་ཆེ་སྙམ།
མདའ་ཚན་པའི་མཁོ་འདོན་བྱས་པའིThe Search For the Panchen Lama དེབ་དེའི་ངོ་བཤུས་གཤམ་གྱི་དྲ་ཐག་སྟེང་རྡེག་གནོན་བྱས་ན་ཀློག་ཐུབ།
http://www.amazon.com/Search-Panchen-Lama-Isabel-Hilton/dp/0393321673#reader_0393321673
ལྷ་སྡེ་གནམ་ལོ་ཡག་ལགས། དེབ་དེ་རྩོམ་པ་པོས་མ་ཟིན་བཀོད་དུས་གུས་པར་བྲིས་པ་ལན་མང་བཀོད་སོང་། ངས་༡༩༨༩་ལོའི་མཐོང་ཐོས་དང་། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ཆ་ཚང་ཞུས་པ་ཡིན།
རྒན་སྤངས་སྤོས་ལགས། ཐུགས་རྗེ་ཤིན་ཏུ་ཆེ། ང་རང་ཁྱེད་ལ་མཇལ་ཐུབ་པར་ཡིད་ཆེས་དང་རེ་སྒུག་བྱེད་རྒྱུ་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཚོན་ན། གཅིག་དེ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགེ་འདུན་པའི་སྡེ་ཁོང་གི་རྗེས་འཇུག་པ་དང་བོད་ལ་བཞག་པའི་ལག་སྐྱེས་ཡིན་་པ་དང་། གཉིས་ནས་ཁོང་སྐུ་བཞུགས་རིང་བོད་ནང་མཐོ་སློབ་བཞི་དང་སློབ་འབྲིང་གཉིས་གསར་འཛུགས་ཀྱིས་དེང་སྐབས་དེ་དག་ནས་ཐོན་པའི་ཤེས་ཡོན་པའམ། མཐོ་སློབ་པ་ཁྲི་ཁྲག་ཤ་ཤས་བོད་ཕྱི་ནང་གཉིས་སུ་བཀྲམས་ནས་ཡོད་པའི་ཁར། བོད་ལ་བཞག་པའི་ལག་སྐྱེས་གཉིས་པ་དེ་ཡིན་པས། ཁོང་གི་གཤེགས་རྐྱེན་འཛམ་གླིང་མི་དམངས་ལ་ངོ་འཕྲོད་དུ་འཇོག་རྒྱུ་ལས་འགན་ལྡོག་ཏུ་མེད་པ་ཞིག་ཀྱང་ཡིན་འདོད།
གནམ་སྡེ་ལོ་ཡག་ལགས། ཀུན་གཟིགས་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ཉི་ཤུ་ལྷག་ཕྱིན་པ་རེད་གུས་པ་ལྟ་བུར་མཚོན་ན་གོ་སྐབས་གང་བྱུང་ལ་ཀུན་གཟིགས་མཆོག་རྒྱ་དམར་ནས་སྐུ་བཀྲོངས་པའི་དོགས་གཞི་ཡོད་པའི་སྐོར་རང་གི་མཐོང་ཐོས་རྣམས་འབྲེལ་བཤད་གང་ཐུབ་ཞུ་གི་ཡོད། ཁྱེད་རང་ནས་དེའི་ཐོག་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་གནས་ཚུལ་དེ་གསལ་པོ་བཟོ་རྒྱུའིཐུགས་འགན་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ། དེང་རབས་བོད་ནས་ཕེབས་པའི་གཞོན་སྐྱེས་མང་ཆེ་བ་སོ་སོའི་མི་རིགས་ཀྱི་རིག་གཞུང་ཐོག་ལ་མཁྱེན་རྒྱ་ཡངས་པ་དེ་ཡང་ཀུན་གཟིགས་མཆོག་གི་མཛད་པ་དང་འབྲེལ་བ་ཡོད་པ་ཁྱེད་རང་གིས་གསུངས་པ་དངོས་ཡོད་རེད།
བཀྲ་ཤིས་བདེ་ལེགས། སྤངས་སྤོས་ལགས། ཁྱེད་རང་གིས་པཎ་ཆེན་རིན་པོ་ཆེ་བཀྲོངས་པའང་གྲོངས་པའི་སྔ་ཕྱིའི་གནས་ཚུལ་གང་འཚམས་ཤེས་ཀྱི་ཡོད་པ་འདྲ། དེའི་སྐོར་སྔ་ཕྱི་ཆ་ཚང་ཞིག་དྲ་ཐོག་འདིར་མི་མང་ལ་ངོ་སྤྲོད་ཅིག་གནང་ན་ཅི་འདྲ་འདུག
༄། །གླེང་མོལ་འདི་འདྲ་ལ་དགའ་བསུ་ཡོད། སྤངས་སྤོས་ལགས་ཀྱིས་གསུངས་པའི་སྐུ་སྲུང་ཨ་མདོ་བ་དེ་ནི་གཅན་ཚ་ནས་ཡིན་པ་ཚེ་རིང་མཁར་ཞུ་བ་ཡིན་ན། དང་ཐོག་རེབ་གོང་རྫོང་དྲག་ཆས་པུའུ་ཡི་པུའུ་ཀྲང་བྱས་མྱོང་། མི་ཕོ་རྒོད་ཕོ་ཡག་ཚད་ལོངས་ཞིག་རེད། ༧ ཀུན་གཟིགས་མཆོག་གི་སྐུ་སྲུང་བྱས་སྟབས་ཐུགས་འདྲིས་ཡོད་མཁན་ཞིག་རེད་འདུག འདི་བའི་ནང་གཏམ་ལ། ༧ ཀུན་གཟིགས་མཆོག་ལ་མི་བདེ་བའི་ཐུགས་ཚོར་བྱུང་རྗེས་རིན་ཆེན་རིལ་བུ་ཁྱེར་ཤོག་གསུངས་ནས་མང་སྦྱོར་ཆེ་མོ་ཞིག་མཆོད་སོང་ཟེར་སྐད། ནང་གཏམ་མང་པོ་ཁ་བརྡ་བྱས་མྱོང་མཁན་ད་དུང་ཡོད་པ་འདྲ། ཕྱིས་སུ་རེབ་གོང་ནས་མང་པོ་མཐོང་སྐབས་མྱ་ངན་གྱི་རྣམ་པ་ཆེ་ཞིང་ཁ་སྤུ་རིང་པོ་སྐྱེས་པའང་བཞར་མི་འདུག ཡར་མར་ལ་འགྲོ་སྐབས་ཀྱང་རྒྱུན་དུ་ལག་ལ་ཕྲེང་བ་བཟུང་ནས་ཞལ་འདོན་གསུང་གི་འདུག མི་དཔའ་བོ་བརྟན་པོ་ཞིག་ཡིན་སྐད། ཕལ་ཆེར་༢༠༠༢ཙམ་ལ་ན་གཞི་ལྕི་མོ་ཞིག་གིས་ཟིན་ཏེ་སྨན་བཅོས་ཆེད་རྒྱ་ནག་པེ་ཅིན་ལ་སོང་ཞིང་། ཕྱིར་ལོག་རྗེས་ཅང་མ་འགོར་བར་ཕ་ཡུལ་ནས་འདས་གྲོངས་ཕྱིན་འདུག
༧ ཀུན་གཟིགས་མཆོག་སྔོན་མ་ཁམས་ཕྱོགས་སུ་འཚམས་གཟིགས་ལ་ཆིབས་སྒྱུར་གནང་བཞིན་པའི་སྐབས་ཀྱི་མཚན་མོ་ཞིག་ལ་གཟིམས་ཁ་ཆུ་ཚོད་༡༡ཡས་མས་ཤིག་ལ། ཆིབས་ཞབས་སུ་ཕེབས་བཞུགས་བླ་མ་ག་གེ་མོ་ལ་སྐད་བཏང་ནས། ད་ལྟ་རང་ངའི་སར་ཤོག་ཅེས་བཀའ་གནང་འདུག་པ་བཞིན་བླ་མ་འདི་བ་སྐུ་མདུན་དུ་བཅར་སྐབས། རིན་པོ་ཆེ་གཟིམས་ཁང་ནང་ན་ཕར་ཕེབས་ཚུར་ཕེབས་གནང་བཞིན་འདུག་པ་མཇལ་སྐབས། ཞལ་བསྟན་ནས་ངས་བོད་མི་མང་ལ་ཕན་ཞིག་མ་ཐོགས་ན་ང་ཤི་མི་ཐུབ་ཀི་ཞེས་གསུངས་བྱུང་བའི་ཞལ་མཐོང་སྐབས་སྤྱན་ཟུང་གདངས་བཞིན་དུ་སྤྱན་ཆབ་ཤར་ཤར་འབབ་བཞིན་པ་མཐོང་བྱུང་། སྐབས་དེར་མདུན་ནས་ཅི་ཞིག་ཞུ་འོས་ཀྱང་མ་ཤེས་པར་སྡོད་དགོས་བྱུང་ཞེས་ཕྱིས་སུ་གསུངས་བྱུང་། དེ་རིང་བརྗེད་དུ་ཕངས་ནས་འདིར་བཀོད་པ་ཡིན།
མདའ་ཚན་པ་ལགས། ཁྱེད་ནས་གུས་པར་རེ་བཀུལ་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་གུས་ནས་གང་ཐོས་པ་མང་ཆེ་བ་གོང་དུ་ཞུས་ཟིན་པ་ཡིན། འོན་ཀྱང་གནས་ཚུལ་དེ་གལ་ཆེན་པོ་སོང་ཙང་འདི་མུར་འཇོག་ཐབས་མེད་པར་བརྟེན་ང་ཚོ་ཚང་མས་གང་ཤེས་གང་ཐོས་རྣམས་གསལ་སྟོན་གནང་དགོས།
༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གྲོངས་རྐྱེན་སྐོར་གྱི་གསར་འགོད་གསལ་བསྒྲགས། E-mail
ཕྱི་ཚེས་༡༦ཉིན་གྱི་ཆུ་ཚོད་༡༡ཐོག་སློབ་དཔོན་ཆེན་མོ་ཡོན་ཧོང་པེན་གྱིས་རྡ་སའི་ཞི་བདེ་ཟ་ཁང་དུ་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གསར་འགོད་མཐུན་ཚོགས་གཉིས་ཀྱི་བཀོད་སྒྲིག་འོག་རྒྱ་གར་དང་བོད་མི་གཙོས་པའི་གསར་འགོད་པ་དང་། གཞོན་སྐྱེས་དོ་སྣང་ཅན་སྐོར་ཞིག་གིས་མཚོན་པའི་མི་གྲངས་ལྔ་བཅུ་ལྷག་ཙམ་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གྲོངས་རྐྱེན་རྒྱ་ནག་དམར་ཕྱོགས་ཚོགས་པའི་འགོ་གཙོ་ཧོ་ཅན་ཐོ་དང་འབྲེལ་བ་ཡོད་ཚུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།
དེ་ཡང་ཐོག་མར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་ཆོས་ལགས་ནས་སློབ་དཔོན་ཆེན་མོ་ཡན་ཧོང་པེན་ལགས་ངོ་སྤྲོད་གནང་རྗེས། གཏམ་བཤད་དངོས་སུ་འགོ་བརྩམས་སོང་།
སློབ་དཔོན་ཆེན་མོ་ཡོན་ཧོང་པེན་གྱིས་གསུང་དོན། དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་ནི་ཧོ་ཅན་ཐོ་ཡི་ཉེས་པ་ཕྱི་བསྒྲགས་བྱེད་པའི་གསར་འགོད་གསལ་བསྒྲགས་ཤིག་ཡིན། མི་རིགས་ཤིག་གི་ངོ་བོ་དང་སྙིང་སྟོབས་མཚོན་པའི་རིག་གཞུང་དེ་ནི་མི་རིགས་དེའི་རྣམ་ཤེས་ལྟ་བུ་རེད་ལ། རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་གཏོར་གཏོང་བའི་སྲིད་ཇུས་ད་དུང་སྔར་མུས་ལྟར་རེད། ང་རང་སྐྱེས་ས་སོག་པོའི་མཐོ་སྒང་ཡིན། དེ་བས་རྒྱ་ནག་གཞུང་གིས་སོག་པོའི་རིག་གཞུང་ཇི་ལྟར་རྩ་གཏོར་བཏང་བ་ངས་དངོས་སུ་མཐོང་མྱོང་ཡོད། ༡༩༥༩ལོར་བོད་མི་རིགས་ཀྱིས་སོ་སོའི་རིག་གཞུང་ཆེད་སྒེར་ལངས་ངོ་རྒོལ་གནང་བ་རེད་ལ། དེ་བཞིན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བགྲོད་པར་དཀའ་བའི་རི་བོ་ཧི་མ་ལ་ཡ་བརྒྱུད་ནས་རིག་གཞུང་སྐྱབས་བཅོལ་གྱི་ལམ་ཁ་འདི་བསྙེགས་པ་རེད། ཆབ་སྲིད་ཀྱི་བྲན་གཡོག་མི་བྱེད་པའི་ལམ་ཁ་འདི་བསྙེགས་པ་རེད།
དེ་བཞིན་དུ་བོད་ནང་གི་བོད་མི་ཚོས་ཀྱང་སོ་སོའི་རིག་གཞུང་ལ་ཞུམ་པ་མེད་པའི་སྲུང་སྐྱོབས་བླ་མེད་གནང་ཡོད། དེའི་དཔེ་མཚོན་མི་སྣ་ནི་༧པཎ་ཆེན་རིན་པོ་ཆེ་མཆོག་རེད། ཁོང་གིས་བྲིས་པའི་ཡིག་འབྲི་ཁྲི་བདུན་ནི་རྒྱ་གཞུང་གིས་བོད་ལ་གཉའ་གནོན་བྱས་པ་ངོ་སྤྲོད་བྱེད་ཀྱི་གསལ་བསྒྲགས་ལྟ་བུ་རེད། པཎ་ཆེན་རིན་པོ་ཆེ་གྲོངས་རྐྱེན་དེ་ནི་༧པཎ་ཆེན་སྐུ་སྒེར་གྱི་གནད་དོན་ཙམ་མ་ཡིན་པར་མི་རིགས་ཤིག་གི་རིག་གཞུང་གི་ཉམས་ཉེས་ལ་འབྲེལ་བ་ཡོད་པས། ཁོང་གི་སྐུ་ཚེ་མ་བརྟན་ནའང་༧པཎ་ཆེན་མཆོག་གི་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་དཔེ་མཚོན་ངོ་མ་དེ་ད་དུང་གནས་ཡོད་པ་སོགས་ཀྱི་གཏམ་བཤད་གལ་ཆེན་གནང་སོང་བ་མ་ཟད། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཐད་ནས་ཀྱང་རྒྱ་ནག་དམར་ཕྱོགས་ཚོགས་པས་བཀྲོངས་དགོས་པའི་ཆབ་སྲིད་རྒྱབ་ལྗོངས་དང་བཀྲོངས་མཁན་དང་དངོས་སུ་ལག་བསྟར་བྱེད་མཁན་གྱི་མི་སྣ་ངོ་སྤྲོད། གཞན་གསལ་བཤད་སླ་མོའི་སྒོ་ནས་གནས་ཚུལ་ཁུངས་བདེན་སོགས་དོན་ཚན་གསུམ་གྱི་སྟེང་ནས་རྒྱས་བཤད་གནང་དེ་བརྗོད་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་ཡང་མང་དུ་གནང་སོང་།
གསར་འགོད་པ་གཟུངས་ཕྱུག་སྐྱིད། འབྱུང་ཁུངས་འོད་དཀར་དྲ་ཚིགས།
རིན་པོ་ཆེ་ཞེས་པ་འདིར་ཚོད་ཐིག་ཡས་རྩ་བ་ནས་མི་འདུག སྐབས་རེ་ཀེ་ཏ་ཀ་ཞེས་པ་འདི་ཀླུ་འབྱམས་རེད་ཟེར་གྱི་འདུག ཡང་སྐབས་རེ་ཀེ་ཏ་ཀ་འདི་གནམ་ལོ་ཡག་རེད་ཟེར་གྱི་འདུག དོན་དངོས་གང་ཡིན་གསལ་པོར་ཤོད། ཡང་སང་ཉིན་ཀེ་ཏ་ཀ་སུ་རེད་ཟེར་ཡོང་། ད་ཡིད་བརྟན་རྩ་བ་ནས་མི་འདུག
ཁྱེད་ཀྱིས་བཤད་པ་ལྟར། གང་ལྟར་ཀླུ་གནམ་གཉིས་པོ་མི་ཡག་པ་མ་རེད། འདིའི་ནང་ནས་ཀྱང་ཀླུ་འབྱམས་ཞེས་པ་འདི་མི་ཐ་ཤལ་ཞིག་རེད།
༸པཎ་ཆེན་རིན་པོ་ཆེ་ ༸སྐུ་གྲོངས་སྟངས་ རྩོད་པ་ཅན་དེ་ ཁ་གསལ་ཇེ་གསལ་དུ་ མུ་མཐུད་གཏོང་ཐུབ་ན་ ཅི་མ་རུང་སྙམས་སོ། །
ངའི་བསམ་ཚུལ་མང་པོ་ཞིག་སྔོན་དུ་བཤད་ཡོད་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཕྱོགས་ཚང་མས་ཉམས་ཞིབ་གནང་དགོས། སྐབས་དེ་དུས་སྐུ་མདུན་དུ་ཡོད་པའི་མི་ཁ་ཤས་བོད་ནང་བཞུགས་པ་ཁོང་ཚོས་གསལ་ཁ་སྟོན་ཐུབ་ངེས་རེད། ༡༩༨༩་ལོར་ངས་ཚོ་ནང་ཁུལ་གླེང་མོལ་སྐབས་སུ་བདུད་རྒན་ཧུ་ཅིང་ཐོ་དང་། ཇའོ་ཧྲེ། (མི་མང་མཐུན་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱི)་ངན་བྱུས་ཡིན་པའི་ཤོད་སྲོལ་ཡོད། སྐུ་གདུང་ནག་པོ་ཆགས་པ་དང་། གསོལ་གྲོད་ཀྱི་གཡས་གཡོན་དུ་ཨེ་ཁུང་ཡོད་པ་ནི་དངོས་ཡོད་རེད། གདན་ས་བཀྲ་ཤིས་ལྷུན་པོའི་དགོན་ནང་སྐུ་བཀྲོངས་པའི་གླེང་མོལ་མང་དུ་བྱུང་སྐབས་གནད་ཡོད་མི་སྣ་ཞིག་ནས་དགོངས་པ་རྫོགས་སྐབས་ཞབས་གྲས་རྣམས་སྐུ་དྲུང་དུ་བཏང་མེད་སྐོར་གསུངས་པ་ཞིག་དྲན་གྱི་འདུག
བོད་པ་ཚང་འདི་ཐབས་སྐྱོ་བ་ལ། པཎ་ཆེན་ཚང་གི་སྐོར་ཤོད་སྐབས་ཁོ་མི་ཡག་ག་མ་རེད་སྡུག་ག་རེད་ཁོ་སྐྱག་གཟན་རེད་རྩམ་གཟན་མ་རེད་ལབ་ན་ཨ་ཞང་རྒྱ་མི་ཚང་ལ་གང་ལབ་དགོས་རེད།
ཡང་བསྐྱར་ཕེབས་མཁན་ཚང་མར་དགའ་བསུ་ཡོད།
འདིར་གསལ་ཁ་བཏོད་ཀྱིན་པ་པཎ་ཆེན་རིན་པོ་ཆེ་ཡི་གྲོངས་རྐྱེན་ཡིན་པ་ལས་གནམ་ལོ་ཡག་དང་ཀླུ་མཁར་བྱམས་གཉིས་ཀེ་ཏ་ཀ་ཡིན་མིན་སྐོར་མིན་ལ། རིན་པོ་ཆེ་དང་རྡོར་དབང་གཉིས་མི་གཅིག་ཡིན་མིན་དང་རིན་པོ་ཆེ་ཡིས་སྐུ་དངོས་སུ་ཕྱི་ལ་མ་མངོན་བར་དུ༼ང་མཁས་དབང༽སུའི་མིང་ལ་ཐོགས་མིན་གྱི་སྐོར་མིན།
རུས་པ་སྲ་མོ་ཡོད་མཁན་ཚོས་སྐུའི་གྲོངས་རྐྱེན་གསལ་ཁ་བཏོད་ཟིན་པའི་དེ་རིང་དེང་ཕྱིན་གང་དགའ་ཇི་དྲག་ཐད་བགྲོ་གླེང་ཡོང་བའི་རེ་བ་ཤིན་ཏུ་ཆེ།
རྣམ་སྡེ་་ལགས་དྲང་པོར་བཤད་ན་ངས་ཁྱེད་མི་ཤེས་ལ་ཁྱོད་ཀྱིས་ང་མི་ཤེས་ཡིན་ན་ཡང་བདེན་དོན་གཅིག་གི་ཐོག་ནས་ང་ཚོ་ཚང་མ་ངོ་ཤེས་གྲོགས་པོར་གྱུར་བ་ཡིན་མིས་་གང་ལབ་ཀྱང་རུང་མ་ལབ་ཀྱང་རུང་བདེན་དོན་ནི་བདེན་དོན་རང་རེད། ཀུན་གཟིགས་དགོངས་པ་ཇི་ལྟར་རྫོགས་སྐོར་གསལ་པོར་ཤེས་རྟོགས་བྱ་རྒྱུ་ནི་ང་ཚོའི་ལས་འགན་རེད། ལས་དོན་དེའི་ཐོགས་ན་ལྷ་ལ་གནོད་ཀྱང་རུང་ཀླུ་ལ་གནོད་ཀྱང་ང་ལ་འགྱོད་པ་མེད།
རྒན་སྤངས་སྤོས་ལགས། ཐུགས་རྗེ་ཆེ། ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཕྱི་ལ་བརྟོལ་བ་ནས་བཟུང་། དོན་དག་འདྲ་མིན་ཞིག་བྱུང་བཞིན་འདུག མཁས་དབང་ཡཱན་ཧོང་བྷེན་ལགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་བཞིན་པའི་རྒྱ་ཡིག་གི་དྲ་རྒྱ༼རང་དབང་གི་དཔལ་འབར༽ལ་པེ་ཅིན་སྲིད་གཞུང་གིས་ཚུར་རྒོལ་བྱས་ནས་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པས། ད་ལྟ་བསྐྱར་བཟོ་མི་གནང་ཀ་མེད་ཆགས་ཡོད་འདུག གཞན་དོན་རྐྱེན་འདིས་སྲིད་དོན་པ་སྐོར་ཞིག་ལའང་ཐད་ཀར་རམ། བརྒྱུད་ནས་ཤུགས་རྐྱེན་ཐེབས་ཀྱིན་པས། གྲོག་མ་སླ་ང་ཚ་བོའི་སྟེང་ལ་ལྷུང་བ་ནང་བཞིན་འགུལ་ལྕོག་རྒྱག་འགོ་བརྩམ་འདུག བདེན་དོན་འདི་བཞིན་བརྩད་ཆོད་པར་རྒྱང་ཐག་རིང་བོ་མི་འདུག སྐབས་དེར་ང་ཚོ་མཉམ་དུ་དམྱལ་བ་འགྲོ་དགོས་ཀྱང་འགྱོད་པ་སྤུ་ཙམ་མེད།
ངས་ཀྱང་པེ་ཅིང་ལ་བཞེད་ནས་མི་སྣ་མང་པོ་ཞིག་གི་མིང་སྨྲ་འདོད་མི་འདུག
ཏྲེ་ཧོར་ལམ་གྲགས་སྤྲུལ་སྐུ་ཡིན་ནམ་དེ་པཎ་ཆེན་ཡོད་དུས་གོ་ས་ཐོབ་ཐང་ཆེན་པོ་ཞིག་རེད། པཎ་ཆེན་གྱི་གྲོགས་པོ་ནང་མ་ཞིག་ཡིན་པ་འདྲ། པཎ་ཆེན་གྲོངས་རྗེས་མི་དཀྱུས་མ་འདྲ་བོར་གྱུར་འདུག ཁོང་སྒེར་གྱི་བོད་སྨན་ཁང་ཞིག་འདུག དཀར་མཛེ་རྫོང་ཐོག་ན་བསྡད་ཡོད་རེད། ཁོའི་བུ་གཅིག་བོད་ཁྱིམ་སློབ་གྲྭ་ན་ཡོད་སྙམ། བུ་དེ་ཁོང་གི་སྐུ་ཟླ་སྔོན་མ་དེའི་བུ་རེད། མིང་ལ་གཡུལ་རྒྱལ་ཡིན་ནམ་ཅིག་ཟེར་བ་རེད། དེང་སང་ཡོད་མིན་མི་ཤེས། པཎ་ཆེན་ཡང་སྲིད་ངོས་ལེན་བྱེད་དགོས་སྐོར་གྱི་ཚོགས་འདུ་དེར་མ་ཞུགས་པ་རེད་ཟེར། ང་རྒད་པོ་ཆང་རྐྱལ། རྟ་རྒྱུགས་རྒྱུར་དགའ་བོ། སྐྱེ་དམན་ལ་དགའ་མཁན། ང་འདྲ་བ་ཞིག་གིས་པཎ་ཆེན་གྱི་ཡང་སྲིད་སུ་ཡིན་ཚོ་ཤེས་གི་མ་རེད་ཟེར་ནས་བཀྱེད་པ་རེད་ཟེར།
རྒད་པོ་གནམ་ལོ་ཡག ཁ་སྔོན་ཁྱེད་དང་མཉམ་ཏུ་ཡིན་ལུགས་ཚུལ་མཐུན་གྱིས་མང་གཙོའི་སྐོར་ལ་བསམ་ཚུལ་བརྗེ་རེས་བྱས་པ་ཡིན། ཡིན་ནའང་། གོང་དུ་རིན་པོ་ཆེས་བཤད་པ་ལྟར། དོལ་རྒྱལ་སྐོར་དེ་གསལ་ཁ་མ་བཟོས་ཚེ་བདེ་སྲུང་ལས་ཁུངས་ལ་འབྲེལ་ཡོད་ཅིག་ཡིན་ན་ཡག་པོ་མི་འདུག དེ་གལ་ཆེན་རེད་བསམ་གྱི་འདུག སྐད་ཆ་ཟེར་བ་འདི་ཁྱབ་སོང་དུས་གསལ་བཤད་བྱས་ནས་ལ་མ་དག་པ་ཞིག་ཡོང་གི་རེད།
ངའི་སྙིང་གཏམ་ཞིག་ནི། ཀླུ་མཁར་ཁྱེད་གཉིས་འཐབ་གྲོགས་ཡིན་ཡང་། ཁྱེད་ནས་ཀླུ་མཁར་ལ་སྒྲ་ཇི་བཞིན་པར་གོ་བ་བླངས་ན། མཇུག་འབྲས་ཁྱེད་ཀྱི་མིག་ལམ་ཏུ་ཤར་རྒྱུ་རེད། དེང་སང་རྡ་ས་ནས་མཆེད་པའི་སྐད་ཆ་འདི་ཚོ། གཞིས་ཆགས་ཁག་དང་དགོན་སྡེ་ཁག བལ་ཡུལ། ཐ་ན་བོད་ནང་དུ་ཁྱབ་འདུག་ལ། དེས་སྒང་ལ་གཞུང་གིས་གཙིག་ཆེན་གྱིས་སྐྱོན་བརྗོད་དང་སྐུར་འདེབས་གསལ་ཁ་འབྱེད་རྒྱུ་ནན་སྐུལ་བྱས་འདུག་པ་སོགས་ཀྱིས། ཁྱེད་ནས་རང་གི་སྔ་མཐོང་ཕྱི་རུ་མ་བརླག་པར། རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་སྔར་ལས་རང་སོར་བགྱིས་ན་དེ་གས་རང་གཞན་རོགས་གསུམ་ལ་ལོས་ཕན་བསམས་སོང་།
གང་ལྟར་ཡུལ་མདོ་སྨད་པ་ཚོས། ཐ་མལ་པ་ཀླུ་བྱམས་ལས་ཁྱེད་ཀྱི་མི་སྤུས་ལ་ད་བར་ངོས་འཛིན་ཡག་པོ་བྱས་ཡོད་ནི་རེད།
གཡག་རྐུན་ངོ་ན་ཤིག་ཞིག་འདུག་ཅེས་པ་ལྟར། མི་ཁག་ཅིག་གིས་རང་ཉིད་ཀྱི་གདོང་ངོར་སྤར་འདྲད་བྱེད་ཀྱིན་པ་འདི་ཡག་པོ་རེད།
གོང་དུ་བཤད་ཟིན་པ་ལྟར་ཡིན། གཟུགས་མེད་ཅིག་ལ་ལན་རྒྱག་དགོས་དོན་མི་འདུག་ལ། ལན་རྒྱག་པའི་དུས་ཚོད་ཀྱང་མེད། གལ་སྲིད་ཀུན་གཟིགས་པཎ་ཆེན་མཆོག་གི་གྲོངས་རྐྱེན་བརྩད་གཅོད་ལ་གནོད་སྐྱེལ་བའམ། ཁ་བསྒྱུར་བསམ་མཁན་ཡོད་ན་འཁྲུལ་སྣང་ཡིན།
གལ་སྲིད་བོད་པ་ཞིག་ཡིན་ན། གཟུགས་མེད་ཀྱང་ཀུན་གཟིགས་མཆོག་གྲོངས་རྐྱེན་བརྩད་ཆོད་ཟིན་པའི་སྐོར་ལ་བསམ་ཚུལ་གང་མང་གནང་བར་དགའ་བསུ་ཡོད།
ཨ་ལེ། ཁྱོད་རང་གིས་ང་མི་ཤེས་ཟེར་བཞིན་དུ་ཅི་འདྲའི་གསལ་བོ་ཞིག་ཤེས་ཀྱིན་འདུག
གལ་སྲིད་ཁྱོད་རང་དངོས་སུ་མི་འདི་ཡིན་སུ་ཟེར་མཁན་ཞིག་མ་ཐོན་པ་ཡིན་ན། རིན་པོ་ཆེ་ཟེར་བའི་མིང་འདི་བཞིན་རྡོར་དབང་ལགས་ཀྱི་མགོར་ལྷུང་ཡོད་པར་མ་ཟད། ༼ང་མཁས་དབང༽གི་མིང་འཆལ་འདི་ཡང་ཁུར་ཉེན་ལ་ཐུག་ཡོད་པས། ཁྱོད་རང་དོན་ངོ་མར་རྡོར་དབང་ལ་ཤ་ཚ་ཡོད་ན། མཆན་འདྲ་མིན་སྤེལ་བ་ལས་མི་ཡིན་ཟེར་མཁན་ཞིག་གི་ངོས་ནས་རྩོམ་ཡིག་ཅིག་སྤེལ་དང་། དེ་ནས་ཁྱོད་རང་གི་བསམ་ཚུལ་དེ་དག་ལས་རིན་ཐང་ཡོད་རིགས་ལ་བགྲོ་གླེང་བྱེད་ཆོག
དེ་མ་གཏོགས་གཟུགས་མེད་ནི་ནམ་ནམ་ཞར་ཞར་གཟུགས་མེད་རང་ཡིན་པས། མི་གཤིས་ཕར་ཞོག་འདྲེ་གཤིས་ཀྱང་ཡོད་མི་འདུག་པའི་གྲས་རེད།
རྩོད་པ་བྱེད་མཁན་རྣམས་ཀྱི་རང་རྣམ་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ན་འདོད་ཀི་་་་་་་་་དངོས་ཡིན་ད།་
ང་ཚོས་ཀུན་གཟིགས་མཆོག་དགོངས་པ་རྫོགས་པའི་་བྱུང་རྐྱེན་ངན་པ་དེའི་ཐོག་ལ་བགྲོ་གླེང་བྱེད་བཞིན་་པའི་གོ་སྐབས་དེ་མི་སྒེར་གྱི་སྐྱོན་འཚོལ་དང་། འཁོན་གནད་རྩོད་པར་བཀོལ་སྤྱོད་བྱེད་པ་དེ་བློ་ཕམ་ཡོད། ངས་ལྷག་བསམ་བཟང་པོས་དུས་ནམ་འཁོམས་ལ་འདིར་ཡོང་ནས་གོང་གསལ་གནད་དོན་སྐོར་རང་གི་མཐོང་ཐོས་རྣམས་གསལ་ཁ་བཏོད་ཐུབ་པ་གང་ཐུབ་བྱ་མུས་ཡིན། གུས་ཀྱི་རེ་བ་ལ་བོད་མི་ས་ཡ་དྲུག་གིས་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུ་ནི་ཚེ་རབས་ཀུན་གྱི་གཞི་རྩ་ཡིན།
ང་ཚོས་ད་ལྟ་གནད་དོན་གལ་ཆེ་་ཞིག་ལ་བགྲོ་གླེང་བྱེད་པའི་གོ་སྐབས་དེ་མི་སྒེར་གྱི་སྙིང་ནད་རྩོད་པར་བཀོལ་སྤྱོད་བྱེད་པར་བློ་ཕམ་ཡོད།
ད་ལྟ་ང་ཚོས་ཀུན་གཟིགས་མཆོག་དགོངས་་པ་རྫོགས་རྐྱེན་ངན་པ་དེའི་འབྱུང་རྩ་ཇི་ཡིན་མཐའ་གསལ་ཡོང་ཐབས་ཆེད་བགྲོ་གླེང་བྱེད་པའི་གོ་སྐབས་དེ་མི་སྒེར་གྱི་ཞེ་འཁོན་རྩོད་པར་བཀོལ་བཞིན་པར་བློ་ཕམ་ཡོད།
རྩོམ་འདིའི་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmai.com