ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག ཝི་སི་ཀོན་སིན་མངའ་སྡེར་གནས་འཁོད་བོད་མི་སྐྱ་སེར་རྒན་གཞོན་བར་གསུམ་ཚང་མ་དང་ཕྱི་མི་མང་པོ་ཞིག་རིམ་བཞིན་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་དཔེ་མཛོད་ཐང་ཆེན་དུ་འདུ་འཛོམས་ཀྱིས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་དང་ཁ་གཡང་འབོད་ཚིག་ལག་ཏུ་བཟུང་སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས ༥༢ བ་སྲུང་བརྩི་བྱས་འདུག
པར་པ། འཆི་མེད་དབང་འདུས།
གྲང་རླུང་འུར་འུར་དང་བོདཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་བསྐྱོད་པའི་འོག ཝི་སིན་ཀོན་སིན་བོད་མི་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་བོད་ཡིག་ནང་ཡོད་པའི་ ༧ གོང་ས་མཆོག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་དང་ན་གཞོན་སློབ་ཕྲུག་ཅིག་གིས་དབྱིན་ཇིའི་གསུང་འཕྲིན་ཀློག་འདོན་བྱས།
པར་པ། འཆི་མེད་དབང་འདུས།
ཝི་སི་ཀོན་སིན་མངའ་སྡེ་བློན་ཆེན་སི་ཀོ་ཊི་ ཝོལ་ཁེར་དང་མལ་ཌི་སིན་གྲོང་ཁྱེར་སྤྱི་དཔོན་ཌལ་ཝི་ཌི་ ཞལ་ལེ་ཝི་ཁི་རྣམ་གཉིས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རི་གྲོས་ཚོགས་ཀྱིས་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ ༧ གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་དང་ཁོང་གི་དབུ་འཁྲིད་པའི་གཞུང་ནི་བོད་མིའི་སྐུ་ཚབ་ངོ་མ་ཡིན་པ། རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་སྡུག་སྦྱོང་མནར་གཅོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རལ་ནི་ཞི་བདེར་དགའ་བའི་འཛམ་གླིང་མི་དམངས་ཡོངས་ཀྱི་སེམས་ཁུར་ཞིག་ཡིན་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རང་དབང་སྒེར་ལངས་ཐེངས་ ༥༢ བ་སྲུང་བརྩི་བྱེད་བཞིན་ཡོད་པར་བརྟེན། འདི་ག་ས་གནས་ཝི་སིན་ཀོན་སིན་མངའ་སྡེ་སྤྱི་དང་མལ་ཌི་སིན་གྲོང་ཁྱེར་གྱི་ཉིན་འདི་བོད་ཀྱི་ཉིན་མོར་ངོས་འཛིན་སྲུང་བརྩི་བྱ་རྒྱུ་ཡིན། ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད།
མངའ་སྡེ་བློན་ཆེན་གྱི་ཡོངས་ཁྱབ་བསྒྲགས་གཏམ།
མལ་ཌི་སིན་གྲོང་ཁྱེར་སྤྱི་དཔོན་གྱི་ཡོངས་ཁྱབ་བསྒྲགས་གཏམ།
གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ཊམ་མེ་ སྦོ་ཌི་ཝིན་གྱིས་ཕྱི་ཟླ་ ༣ ཚེས་ ༡༠ འདི་བོད་མི་ཚོར་མཚོན་ན་བཟོད་མི་ཐུབ་པའི་ན་ཟུག་ཅིག་རེད། ཡིན་ནའང་རང་དབང་སྒེར་ལངས་ཀྱི་དུས་དྲན་འདི་རྒྱ་ནག་གིས་བོད་ས་བཙན་བཟུང་དང་སྡུག་སྦྱོང་མནར་གཅོད། གཏམ་བརྗོད་རང་དབང་འཕྲོག་ལེན་བྱེད་བཞིན་ཡོད་པར་དྲན་གསོ་གཏོང་བའི་དུས་ཆེན་ཞིག་ཆགས་ཡོད་པ་དང། བོད་རྒྱའི་དཀའ་ངལ་སེལ་བར་ངོས་ནས་ ༧ གོང་ས་མཆོག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་པའི་གསུང་འཕྲིན་གནང་ཡོད་འདུག།
ཝི་སི་ཀོན་སིན་མངའ་སྡེ་བློན་ཆེན་རྣམས་གཉིས་ཀྱི་གཙོས་མི་མང་ཡོངས་ལ་བོད་དོན་བདེན་པའི་ཐབས་བརྩོད་ཐོག་རྒྱུན་དུ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱབས་སྐྱོར་འདི་དག་གནང་ལེ་ལ་བཀའ་དྲིན་གྱི་ཚོར་བ་ཤུགས་ཆེའི་ངང་ནས་ཐུགས་རྗེ་ཆེ་ཞུ་ལེ་ཡིན་།།
དེ་ཝེ་སི་ཀུན་སིའི་ནང་་ལ་བཞུགས་པའི་བོད་པ་ཚོས་འབྱོན་པ་རེད། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པ་ཚང་མས་སོ་སོའི་ས་གནས་གཞུངས་ལ་འབོད་བསྐུལ་བྱས་ན་རྒྱ་དམར་དེ་སླ་བརྡར་བ་བཟོ་དགོས།